ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། དྲུག་པ། གནས་རི་དང་བླ་མཚོ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དར་ལྕོག་རྙིང་པ་རྣམས་བཀྲོལ་ནས་གསར་པ་བརྗེ་བ་དང་ཁ་བཏགས་སྒྲོན་ཚར་རྗེས་སྐྱེ་བོ་རྣམས་ཀྱིས་རང་རང་གིས་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་ཁ་བཏགས་དང་དར་ལྕོག་སོགས་དར་ཆེན་སྟེང་དུ་སྒྲོན་གྱི་ཡོད་པ་རེད། དེ་ནས་སྐྱེ་བོ་རྣམས་ཀྱིས་གཙོ་སྐྱོང་པའི་སྐུལ་སློང་འོག་དར་ཆེན་དེ་ཕྱེད་ཙམ་ཡར་བསླངས་རྗེས་རྒྱུག་པ་སོགས་ཀྱིས་བཀན་ནས་བཞག་སྲོལ་ཡོད་ཅིང་དེ་ནི་དར་ཆེན་གྱིས་དགོན་པ་དེར་དད་མོས་བྱ་ཕྱིར་ཡིན་ཞེས་ཤོད་ཀྱི་ཡོད་པ་རེད། དར་ཆེན་ཉིན་གཉིས་པའི་ཞོགས་པར་གཞི་ནས་ཡར་སློང་གི་ཡོད་ཅིང༌། དེ་དུས་དགོན་པ་གཉིས་ཀྱི་དགེ་འདུན་པ་རྣམས་བང་བསྒྲིགས་ནས་དར་ཆེན་ལ་སྐོར་བ་བརྒྱབ་རྗེས་མཛད་སྒོ་འཚུགས་ཀྱི་ཡོད། དར་ཆེན་དེ་མི་རྣམས་ཀྱི་སྐད་སྒྲ་དང་དགེ་འདུན་པའི་ཆོས་སྒྲ། བསང་དུད་བཅས་ཀྱི་ཁྲོད་དུ་བསླངས་ཚར་རྗེས་མི་རྣམས་ཀྱིས་“ལྷ་རྒྱལ་ལོ་”ཞེས་ལྷ་གསོལ་བ་དང་བསང་བཏང་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཆུ་རྟག་ཏུ་ལེགས་པ་ཡོང་བ་སོགས་ཀྱི་སྨོན་ལམ་རྒྱག་གི་ཡོད།མགོ་བོའི་སྐྲ་རྣམས་ཀྱང་དཀར་པོར་འགྱུར་པའི་རྒན་རྒོན་རྣམས་ཀྱིས་གནས་རི་གངས་རིན་པོ་ཆེ་དང་དར་ཆེན་ལ་ཁ་ཕྱོགས་ནས་ཐལ་མོ་སྦྱར་ཏེ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་པ་དང༌། གཉེར་རིས་ཀྱིས་ཁེངས་པའི་ངོ་གདོང་རེ་རེ་ནས་ཡིད་ཚིམ་པའི་རྣམ་པ་ཞིག་མངོན་ཡོང་གི་ཡོད་པ་རེད།
ཉིན་དེ་ནས་བཟུང་ལོ་གསར་པའི་རི་སྐོར་རྒྱག་པའི་འགོ་བརྩམས་ཤིང༌།རི་སྐོར་པ་རྣམས་ཀྱིས་ལམ་ཐག་སྤྱི་ལེ་57ཙམ་རིང་བ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་4800 ནས་5723 བར་ཡོད་པའི་རི་སྐོར་གྱི་ལམ་སྟེང་དུ་འགྲོ་བ་དང་རྐྱང་ཕྱག་འཚལ་ནས་བསྐྱོད་ཀྱི་ཡོད་ཅིང༌།མགྱོགས་པ་རྣམས་ཀྱིས་ཉིན་མཚན་གཅིག་ལ་སྐོར་ཚར་གྱི་ཡོད་རུང༌། སྤྱིར་བཏང་གི་མིས་ཉིན་གཉིས་ནས་གསུམ་བར་གཞི་ནས་སྐོར་བ་གཅིག་སྐོར་ཐུབ་ཀྱི་ཡོད། གནས་རིའི་མཐའ་སྐོར་སུ་དགོན་སྡེ་ཆུང་གྲས་བཞི་ཡོད་ཅིང༌། མ་གཞི་དགོན་པ་ཆུང་རུང་དགོན་པ་ཚང་་མར་བཤད་སྲོལ་མང་པོ་ཡོད་པ་དང༌།
61.jpg
རི་སྐོར་སྐབས་ངེས་པར་དུ་དགོན་པ་དེ་ཚོར་ཆོས་མཇལ་ཞུ་ཡི་ཡོད་ཅིང་དེ་ནི་རི་སྐོར་གྱི་ཆ་ཤས་ཤིག་ཡིན། རི་སྐོར་གྱི་ལམ་སྟེང༌། བོན་ཆོས་ཀྱི་ཆོས་དད་པ་དང་ནང་ཆོས་ཀྱི་ཆོས་དད་པའི་སྐོར་ལམ་ཀྱི་ཁ་ཕྱོགས་མི་འདྲ་སྟེ། ནང་ཆོས་ཀྱི་ཆོས་དད་པས་གཡས་སྐོར་དང་བོན་ཆོས་ཀྱི་ཆོས་དད་པས་གཡོན་སྐོར་རྒྱག་གི་ཡོད། བོན་ཆོས་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ཞིང༌། ཐོག་མར་མངའ་རིས་ཁུལ་ལ་དར་བ་དང༌། བོན་ཆོས་ཀྱིས་བརྩིབཀུར་བྱེད་ས་ནི་གནམ་ས་དང༌། རི། ནགས་ཚལ་སོགས་རང་བྱུང་གི་དངོས་པོ་རྣམས་ཡིན་པ་དང༌།འདས་མཆོད་བྱ་རྒྱུ་དང༌། ལྷ་འབེབས་པ།མོ་འདེབས་པ་སོགས་དོ་གལ་ཆེ་བར་བརྩི༌སྲོལ་ཡོད། ཐུ་བོད་རྒྱལ་རབས་ཀྱི་སྔོན༌དུ་བོན་ཆོས་ཀྱིས་དབང་བསྒྱུར་གོ་གནས༌བཟུང་ཡོད་པ་དང༌། ནང་ཆོས་བོད་ལ༌དར་རྗེས་བན་བོན་གཉིས་དབར་རྒྱུན་རིང་གི་འཐབ་རྩོད་བྱས་ཤིང༌། མཐར་སྤྱི་ལོའི་དུས་རབས་བརྒྱད་པ་ཙམ་ལ་བོན་ཆོས་ སྟོབས་ཤུགས་ཉམས་པ་དང༌།རྗེས་སུ་བོན་ཆོས་ཀྱིས་ནང་ཆོས་ཀྱི་ཆ་ཤས་ཁག་གཅིག་དང་ལེན་བྱས་ནས་རང་གཤིས་གཏན་འཁེལ་ཡོད་པའི་གྲུབ་མཐའ་ཞིག་ལ་འཕེལ་རྒྱས་ཕྱིན་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号