ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། དྲུག་པ། གནས་རི་དང་བླ་མཚོ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གནས་རི་ནས་ཐག་མི་རིང་བའི་སར་“བླ་མཚོར་”འབོད་པའི་མ་ཕམ་གཡུ་མཚོ་ཡོད་ཅིང༌། མ་ཕམ་གཡུ་མཚོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་4588 ཡོད་པའི་སར་གནས་ཤིང༌། རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་4412དང་མཚོའི་གཏིང་ཟབ་ཚད་ལ་རྨིད་70བཅས་ཡོད་པ་རེད། གལ་ཏེ་གཏིང་རིང་ཚད་དང༌། ཆེ་ཆུང༌། མཛེས་སྡུག་བཅས་ཀྱི་སྐོར་གླེང་བ་ཡིན་ན།གངས་ཅན་ས་མཐོའི་སྟེང་གི་མཚོ་གང་འདྲ་ཞིག་གིས་ཀྱང་མ་ཕམ་གཡུ་མཚོར་བསྡུར་ཐབས་མེད་པས་དེ་ནི་བླ་མཚོ་ཞིག་ལ་འགྱུར་ཞིང༌། ཆོས་ལུགས་ཀྱི་དཔེ་ཆ་་དང་ཤོད་རྒྱུན་མང་པོའི་ནང་དུ་བླ་མཚོའི་སྐོར་བྲིས་ཡོད་པ་རེད། གནམ་སྔོན་སྤྲིན་དཀར་འོག་གི་མ་ཕམ་གཡུ་མཚོ་ནི་མཛེས་སྡུག་ཡིད་དུ་འོང་བ་དང༌། མཚོ་ཁར་རླབས་སྔོན་ཡོམ་ཡོམ་བྱེད་ཅིང༌།མཚོ་མཐའི་རྒྱང་རིང་གི་རི་བོ་རྣམས་ཀྱང་མཚོའི་ནང་ནས་གསལ་ལ་མི་གསལ་ངང་མཐོང་གི་ཡོད། ཤོད་སྲོལ་ལ་དེ་ནི་དུས་རབས་བཅུ་གཅིག་པའི་ནང་ནང་ཆོས་བོན་ཆོས་ལས་རྣམ་པར་རྒྱལ་བས་མིང་དེ་ལྟར་བཏགས་པར་བཤད་པ་དང༌། ནང་ཆོས་གསུང་འབུམ་ནང་དུ་གྲགས་པའི་“འཛམ་གླིང་ཆུ་བོ་ཀུན་གྱི་མ་”ཞེས་པའང་གནས་རི་དང་འདྲ་གཤིབ་ཀྱིས་མིང་བཏགས་པའི་“བླ་མཚོ་”―མ་ཕམ་གཡུ་མཚོ་འདི་ཡིན་ནོ།
བླ་མཚོའི་མཐའ་འཁོར་དུ་དགོན་པ་8 ཡོད་ཅིང༌། དེ་དག་ལས་བྱིའུ་དགོན་པ་དང༌། ཁྲུས་སྒོ་དགོན་གཉིས་གྲགས་ཆེ་ཞིང༌། ཁྲུས་སྒོ་དགོན་གྱི་ཉེ་འགྲམ་དུ་ཆུ་ཚན་ཡོད་ཅིང༌། ཆོས་དད་པ་རྣམས་ཀྱིས་གནས་ཆུ་འདིས་མི་རྣམས་ཀྱི་ཉོན་མོངས་དུག་གསུམ་དང༌།གཟུགས་པོའི་སྟེང་གི་རྡུལ་རྣམས་དག་པར་ངོས་འཛིན་གྱི་ཡོད། དེ་འདྲ་སོང་ཙང་ལོ་ལྟར་འདིར་གཟུགས་པོ་འཁྲུ་བར་ཡོང་མཁན་རྣམས་ཀྱིས་མང་ཉུང་ལ་མ་ལྟོས་པའི་ཆུ་ཕྲན་བུ་ལག་རྟགས་སམ་རྩ་ཆེའི་འབུལ་རྟེན་ལ་བརྩིས་ནས་ངལ་བར་མ་འཛེམས་པར་ཁྱིམ་དུ་འཁྱེར་འགྲོ་བ་དང་གྲོགས་པོར་སྤྲོད་པ་སོགས་བྱེད་ཀྱི་ཡོད་པ་རེད།
མཚོ་འདིར་ཆུ་ཚན་བཞི་དང་ཆུ་འགོ་བཞི་ཡོད་པ་དང་ཆུ་བོ་དེ་རྣམས་ཧིན་རྡུ་གཙང་པོ་དང་ཡར་ཀླུང་གཙང་པོ་སོགས་ཀྱི་ཆུ་འགོ་ཡིན་པས་འཛམ་གླིང་ཆུ་བོ་ཀུན་གྱི་མ་ཞེས་པའང་རྒྱུ་མཚན་དེ་ལ་བརྟེན་ནས་བཏགས་པ་འདྲ།
63.jpg
བོད་ལྗོངས་ས་ཕྱོགས་ཁག་དང་ཉེ་འབྲེལ་རྒྱལ་ཁབ་ཁག་གི་ཆོས་དད་པའི་ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་དུས་རབས་20 པའི་ལོ་རབས་50པ་ནས་བཟུང་འབྲེལ་ཡོད་ཀྱི་གཏན་འབེབས་བཟོས་ཤིང༌། ཧིན་རྡུ་དང་ནེ་པེ་ལ་སོགས་ཉེ་འབྲེལ་རྒྱལ་ཁབ་དང་ཡང་ཆོས་དད་པ་གནས་མཇལ་ལ་ཡོང༌།ཚོག་པའི་འབྲེལ་ཡོད་དོན་ཚན་འཇོག་གནང་མཛད་པ་རེད། 1997 ལོར་ཀྲུང་གོ་་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མངའ་རིས་ས་ཁུལ་དུ་གནས་མཇལ་བྱ་བ་སྒྲུབ་སྟངས་ཕྱི་ཕྱོགས་སུ་སྒོ་དབྱེའི་ཐད་གོམ་གང་མདུན་སྤོས་ཀྱིས་ཁ་གསལ་གཏན་འབེབས་བྱས་བས་འཛམ་གླིང་ས་ཆ་ཁག་ནས་ཡོང་བའི་ཆོས་དད་པའི་ཆོས་མཇལ་ལས་འགུལ་ལ་སྔར་བས་སྟབས་བདེ་བསྐྲུན་པ་རེད།
64.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号