ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། གསུམ་པ། མི་རིགས་མང་པོ་མཉམ་སྡོད་ཁུལ།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
པའི་ལོ་ཟླར་ཤིང་ལ་བརྐོས་དང་ཐག་མདུད་བརྒྱབ་ནས་གནད་དོན་ངེས་པའི་ཀློ་པ་མི་དམངས་ཚོར། ད་ཆ་རང་རང་གི་ལས་བྱེད་མི་སྣ་དང་སློབ་གྲྭ་ཆེ་མོ་བ།སྨན་པ། ཚན་རིག་ལག་རྩལ་པ་ཡོད་པས། སྔོན་དུས་ཀྱི་དམར་མཆོད་འབུལ་ཞིང་རྣམ་ཤེས་འདོན་པ་དང༌།དཔེ་ཆ་འདོན་ཞིང་གེགས་བར་སེལ་བའི་ལམ་ལུགས་ལ་ཡང་འགྱུར་བ་ཕྱིན་ཡོད།
སྟེང་པ་ནི་གཙོ་བོ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་ཤའང་གི་དངུལ་ཆུ་དང་རྫ་ཡུལ་ཆུ། དཀར་མདོ་ཆུ། དུད་ལྷ་ཆུ་བཅས་ རྒྱུགས་ཁུལ་དུ་གནས་ཤིང༌།སྟེང་པ་མི་གྲངས་1500ཡོད་པ་དེས་ས་གནས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་གཅིག་ཟིན་ཡོད།
སྟེང་པ་ལ་སྐད་བརྡ་ཡོད་དེ།བོད་དང་འབར་མའི་སྐད་རིགས་གཉིས་དང་ཉེ་བར་སྣང༌། སྟེང་པས་མ་རྨོས་ལོ་ཏོག་དང་བྱ་རྐང་འབྲུ་རྡོག་སོགས་པའི་ཞིང་ལས་སྐྱེ་དངོས་གཙོ་བོར་འཇོག་པ་མ་ཟད། སུར་པན་དང་ཞོག་ཁོག་ལ་སོགས་པའི་ཚལ་རིགས་ཀྱང་འདེབས་གསོ་བྱེད་ཁར། རི་དྭགས་རྔོན་པ་དང་ཁྱིམ་ཕྱུགས་གསོ་བ་སོགས་ནི་ཞོར་ལས་སུ་འཇོག་བཞིན་ཡོད། ཁོ་ཚོའི་གྱོན་པ་ནི་ཡུན་ནན་ཁུལ་གྱི་གྲངས་ཉུང་མི་རིགས་ཁ་ཤས་དང་ཧ་ཅང་འདྲ་པོ་ཡོད་དེ། བུད་མེད་ཀྱིས་ཕུ་རིང་གོས་དང་སྟོད་ཐུང་གྲན་ལ། མགོ་བོར་དངུལ་གྱི་རྒྱན་འདོགས་པ་དང༌། སྐྱེས་པས་ཕུ་མེད་ཀྱི་སྟོད་གོས་དང་དོར་ཐུང་གྱོན་ཁར་མགོ་ལ་རས་དཀྲིས་བཞིན་ཡོད། དེའི་རྒྱུ་ཆ་ནི་སྟེང་པའི་བུད་མེད་རང་ཉིད་ཀྱི་འཐག་པའི་རས་ཁོ་ན་ཡིན། འཚོ་བའི་ཐོན་སྐྱེད་ཀྱི་དགོས་མཁོ་དང་བསྟུན་དགོས་ རྐྱེན།སྟེང་པ་ཚོས་གཙབ་གྲི་རིང་པོ་འདོགས་ཀྱི་ཡོད།
སྟེང་པ་ཚོས་དངོས་པོ་ཐམས་ཅད་ལ་བླ་སྲོག་ལྡན་པ་དང་གདོན་འདྲེ་འབུད་སྐབས་དམར་མཆོད་བྱ་དགོས་པར་བཤད་ཀྱི་ཡོད་པ་དང༌། སྟེང་པ་ནི་སྐྱེས་ཕོ་མོ་ཚང་མས་དུ་བ་འཐེན་ཞིང་ཆང་འཐུང་རྒྱག་པ་དང༌།   དུས་ཡུན་རིང་པོར་སྒེ་ཁུང་མེད་པའི་ཁང་པའི་ནང་སྡོད་ཅིང༌། ཁང་པའི་ནང་ངོས་ཚང་མར་སྨྱུག་མ་ལྷས་པའམ་པང་ལེབ་དང་པང་གཅལ་བརྒྱབ་པ་ཤ་སྟག་རེད།སྟེང་པའི་གཉེན་སྡེབ་དང་དུར་མཆོད་བྱེད་སྟངས་ལ་རང་རང་གི་ཁྱད་ཆོས་དམིགས་བསལ་ལྡན་ཁར། འཛེམ་བྱའང་མང་པོ་ཡོད།
21.jpg
1951ལོའི་སྔོན་དུ། སྟེང་པ་ཚང་མ་ཕྲེད་རྒྱུགས་རི་བོའི་ལྷོ་ངོས་དང་གསང་སྔགས་ཆུའི་ངོས་གཉིས་ཀྱི་གདོད་མའི་ནགས་ཚལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང༌། འགྲོ་ལམ་སྟབས་བདེ་མེད་རྐྱེན།ཕྱི་ཕྱོགས་དང་འབྲེལ་བ་ཉུང་ངུ་ཡིན་པས།སྟེང་པའི་དམངས་གཞས་ཤིག་གི་ནང་དུ་“ང་ཚོའི་འཚོ་བ་སྤྲེའུའི་འཚོ་བ་འདྲ།ནགས་ཚལ་སྟུག་པོའི་ཁྲོད་དང་བྲལ་ཐབས་མེད། དུས་བཞི་དབྱེར་མེད་འོད་ཟེར་མཐོང་བ་དཀའ་”ཞེས་པ་ལས་འཚོ་བ་དཀའ་ངལ་དང་ལྡན་པ་དེ་མཚོན་ཐུབ། ད་ལྟའི་དུས་སུ་སྟེང་པའི་འཚོ་བ་ལ་འགྱུར་ལྡོག་བླ་ན་མེད་པ་ཕྱིན་ཡོད་དེ། རྫ་ཆུའི་ངོས་གཉིས་སུ་གྲོང་གསར་མཛེས་ལ་ཤིང་སྣ་འཛོམས་པ། ཁང་གསར་གྲལ་སྟར་འགྲིག་པ་མ་ཟད།བསམ་བློའི་གོ་རྟོགས་ལའང་འགྱུར་བ་ཆེན་པོ་བྱུང་ཡོད་ལ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ། ཁོ་ཚོར་མི་རིགས་འདྲ་མཉམ་དང་རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་རྒྱུ་ཡོད་པ་རེད།
22.jpg
དེ་དག་ཕུད་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་ནང་དུ། ནུའུ་རིགས་(མི་གྲངས་400ལ་ཉེ་བ་) དང་ཏུའུ་ལུང་རིགས།ལི་སུའུ་རིགས།  འཇང་རིགས་སོགས་འཚོ་སྡོད་བྱེད་བཞིན་ཡོད། དེ་ཁུལ་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་ལ་སོགས་པ་གོང་དུ་སྤེལ་བ་དང༌། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་ལ་སྲུང་སྐྱོབ།དེ་མིན་མི་རིགས་མཐུན་སྒྲིལ་གོང་མཐོར་གཏོང་བ་བཅས་ཀྱི་ཆེད་དུ།1985ལོའི་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དང་《མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་》ཀྱི་གཏན་འབེབས་ལྟར། ཉིང་ཁྲི་ས་གནས་སུ་རིམ་པ་ལྟར་ཆགས་ཀྱི་སྨན་བླིང་རྫོང་ལྷོ་ངོས་ཀྱི་ཀློ་པ་རིགས་ཤའང་(1985ལོའི་ཟླ་བ་5པར་) དང༌། ཉིང་ཁྲི་རྫོང་སྦད་ལུང་དུ་མོན་པ་རིགས་ཤའང་(1988ལོའི་ཟླ་4པར་)། མེ་ཏོག་རྫོང་སྟག་མོ་རུ་ཀློ་པ་རིགས་ཤའང་(1988ལོའི་ཟླ་བཞི་4པར་)བཅས་གཏན་འབེབས་བྱས། ལོ་10ལྷག་རིང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ཉིང་ཁྲིའི་མཐའ་མཚམས་རྫོང་བཞི་དང་མི་རིགས་ཤའང་གསུམ་གྱི་མོན་པ་དང་ཀློ་པ། སྟེང་པ་སོགས་ཀྱིས་རང་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་གཏོད་བྱེད་པ་དང་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་གོམ་སྟབས་བསྒྱུར་བཞིན་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号