ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། གསུམ་པ། མི་རིགས་མང་པོ་མཉམ་སྡོད་ཁུལ།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
15.jpg
སྐམ་འགེལ་བྱེད་ས་ཡིན་ཞིང༌།གཅིག་ནས་བཞའ་ཚན་སྔོན་འགོག་དང༌།གཉིས་ནས་བྱི་བ་འགོག་ཐུབ་ཀྱི་ཡོད།མོན་པ་རིགས་ནི་ཕལ་ཆེ་བ་མེ་ཏོག་རྫོང་གི་རི་མཐོ་གཡང་གཟར་ཁུལ་དུ་འཚོ་སྡོད་བྱེད་པ་མ་ཟད། མེ་ཏོག་རྫོང་ལ་ད་ལྟའང་འགྲོ་ལམ་བདེ་པོ་ཞིག་ མེད།དེར་བརྟེན་ཁུལ་དེར་ད་ལྟའི་ཆར་ཡང་གདོད་མའི་ཐོན་སྐྱེད་ཡོ་བྱད་དང་ཐབས་ཤེས་མི་ཉུང་བ་སྤྱོད་བཞིན་མཆིས། མེ་ཏོག་རྫོང་ནི་ཧེ་མ་ལ་ཡའི་ལྷོ་ཁུལ་དུ་གནས་ཤིང་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ཡོད་པར་བརྟེན། ཚ་བའི་ས་ཁུལ་དུ་འཚར་སྐྱེས་ཡོང་བའི་ཤིང་ཏོག་རིགས་དཔེར་ན། ངང་ལག་དང་ཆུ་ཤིང༌། ཚ་ལུ་མ། ཤིང་ཏོག་ཉིང་མེང་ཙམ་མ་ཟད། ཞི་ཀྭ་ཡང་སྐྱེ་ཐུབ་ལ།ད་དུང་ཚ་ཁུལ་གྱི་སྨན་རྩ་དང་མོག་རོ།ཤ་མོ་ལ་སོགས་པ་འཚར་སྐྱེད་ཡོང་གི་ཡོད། ས་བབ་དམིགས་བསལ་ཡིན་རྐྱེན།ས་ཆ་འགའ་ཤས་སུ་དེང་དུས་ཀྱང་གནའ་བོའི་ལྕགས་ཟམ་དང་འབྲེང་ཐག་སྤྱོད་བཞིན་ཡོད།
16.jpg
མོན་པ་རིགས་ཕལ་ཆེ་བས་བོད་བརྒྱུད་ནང་བསྟན་གྱི་རྙིང་མའི་གྲུབ་མཐའ་ལ་དད་མོས་བྱེད་ཀྱི་ཡོད་པ་རེད།
ཀློ་པ་རིགས་ནི་རང་རྒྱལ་གྱི་གྲང་ཉུང་མི་རིགས་ཤིག་ཡིན། (1965ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆོག་མཆན་གནང་བ་དང་ངོས་འཛིན་བྱས་)ཁོ་ཚོའི་ཕ་མེས་ཡང་མེས་རྣམས་ནི་བོད་ལྗོངས་ཀྱི་ལྷོ་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པས།“ཀློ་པ་”ཞེས་པར་“ལྷོ་ཕྱོགས་ཀྱི་མི་”ཞེས་པའི་དོན་ཡང་ཡོད། ཉིང་ཁྲི་ས་གནས་སུ་ཀློ་པ་མི་གྲངས་2200ལྷག་ཙམ་ཡོད་པ་དེས། ས་གནས་ཡོངས་ཀྱི་བརྒྱ་ཆ་1.6ཟིན་ཞིང༌། གཙོ་བོ་སྨན་གླིང་དང༌།རྫ་ཡུལ། མེ་ཏོག་སོགས་རྫོང་དང༌།རྒྱ་གར་དང་བལ་ཡུལ་གྱི་འབྲེལ་མཚམས་ས་ཁུལ་དུ་གནས་ཡོད། ཀློ་པ་རིགས་ལ་རང་གི་སྐད་བརྡ་ཡོད་པ་ཕུད། རྒྱ་བོད་སྐད་ཁོངས་ལས་བོད་དང་འབར་མའི་སྐད་རིགས་དང་ཉེ་བར་སྣང༌། ཡི་གེ་མེད་རུང་བོད་ཡིག་སྤྱོད་བཞིན་ཡོད། ཀློ་པ་རིགས་ནི་གཙོ་བོ་ནགས་ཁུལ་དུ་འཚོ་སྡོད་བྱེད་ཅིང་ཁོ་ཚོས་ཞིང་ལས་གཙོར་འཛིན་འོག ཕྱུགས་ལས་དང་འཐག་ལས།སྨྱུག་ལས་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号