ཉིང་ཁྲི་ནི་བོད་རིགས་ཀྱིས་གཙོས་པའི་མི་རིགས་མང་བའི་ས་ཁུལ་ཞིག་རེད།ས་ཁུལ་ཡོངས་ལ་མི་འབོར་ཁྲི་4ཡོད་པ་དང་བོད་རིགས་ཕུད་པའི་མི་རིགས་མོན་པ་དང་ཀློ་པ། སྟེང་པ། ནུའུ་རིགས་སོགས་ཡོད།

བོད་རིགས་ནི་མེ་ཏོག་རྫོང་ཕུད་རྫོང་གཞན་པ་དྲུག་གི་གྲུབ་ཆ་གཙོ་བོ་ཡིན། བོད་རིགས་མི་གྲངས་ཁྲི༌11ཡོད༌པས་ས་ཁུལ་ཡོངས་ཀྱི་བརྒྱ་ཆ་90ཡན་ཟིན་གྱི་ཡོད། ཀོང་པོ་དྭགས་ཀོང་ནས་ཀོང་པོ་རྒྱ་ལྷའི་བར་གྱི་བོད་རིགས་ཀྱི་སྐད་ནི་ལྷ་ས་དང་ཁྱད་པར་མེད་ཀྱང་གྱོན་གོས་ཐད་ཁྱད་པར་ཆེན་པོ་ཡོད་དེ།སྐྱེས་ཕོ་མོ་ཚང་མས་དབྱར་ཁ་སྣམ་བུའི་མགོ་ཤུབས་དང་དགུན་ཁ་ལྤགས་ཚགས་ཀྱི་མགོ་ཤུབས་གྱོན་སྲོལ་ཡོད་ཅིང་ཚོས་གཞི་ནི་ནག་པོ་དང་སྨུག་པོ་ཡིན། དེང་སྐབས་གོས་ཆེན་གྱི་མཐའ་རྒྱན་བཏང་བས་ཤིན་ཏུ་མཛེས། ཀོང་ཞྭ་ནི་སྒོར་སྒོར་ཡིན་པ་དང་ཞྭ་མོའི་རྩེ་ལ་གོས་ཆེན་ལྗང་ཁུའི་མཐའ་རྒྱན་བརྒྱབ་ཡོད།
|