ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། གསུམ་པ། མི་རིགས་མང་པོ་མཉམ་སྡོད་ཁུལ།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
17.jpg
སོགས་ཟུར་དུ་གཉེར་བ་མ་ཟད།རི་དྭགས་རྔོན་རྒྱུ་ནི་ཞོར་ལས་གཙོ་བོར་འཇོག་བཞིན་ཡོད། ཀློ་པ་རིགས་དང་བོད་རིགས་ཀྱི་གྱོན་པ་གཏན་ནས་མི་འདྲ་སྟེ། ལོ་མང་རིང་རི་དྭགས་རྔོན་པར་བརྟེན་ཀློ་པའི་སྐྱེས་པ་རྣམས་ཀྱི་སྐེད་པར་གྲི་ཁུག་བཏགས་ཤིང་ལུས་ལ་རི་དྭགས་ཀྱི་པགས་པ་ལས་བཟོས་པའི་གྱོན་པ་དང་མགོ་བོར་རི་དྭགས་ཀྱི་པགས་པ་མཉེད་པའི་ཞྭ་མོ་གྱོན་གྱི་ཡོད་ཅིང༌། བུད་མེད་རྣམས་ཀྱི་སྟོད་ལ་གོང་པ་ཟླུམ་པོའི་སྟོད་གོས། སྨད་ལ་ནང་གོས་དང་རས་ཀྱི་གོས་ཐུང་གྱོན་གྱི་ཡོད། ཀློ་པ་རིགས་ཀྱི་མི་དམངས་ལ་ཕྱི་ཡི་བཙན་འཛུལ་ལ་རྒོལ་ལན་སྤྲོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ཡོད་དེ། དུས་རབས་19པའི་དུས་མཇུག་དང་དུས་རབས་20པའི་དུས་འགོར། ཀློ་ཡུལ་ཁུལ་ལས་འཛུལ་ཡོང་བའི་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱེད་མྱོང་ཡོད།
18.jpg
ཀློ་པ་རིགས་ནི་གདོད་མའི་ཆོས་ལུགས་ལ་དད་མོས་བྱེད་ཅིང༌། རུས་རྒྱུད་མ།ཚོན་རིས་ཉི་མ་དང་ཟླ་བ། སྟགགཟིག དོམ། ཕག་པ། བ་ཕྱུགས།   ཁྱི། བྱ་གླག ལུག་སོགས་རིགས་30ཙམ་ཡོད་ལ། ད་དུང་གནམ་ལྷ་དང་བཙན(རི་ལྷ་)། ས་ལྷ། ཆུ་ལྷ།མེ་ལྷ་བཅས་རང་བྱུང་ཁམས་ཀྱི་དངོས་རིགས་ལ་དད་མོས་བྱེད་ཁར། རྣམ་ཤེས་དང་མེས་པོར་མཆོད་པ་སོགས་ཀྱང་བྱེད་ཀྱི་ཡོད། ཕྱོགས་ལ་ཐོན་པའམ་རི་དྭགས་རྔོན་པར་ཕྱིན་ཚེ་ག་དུས་ཡིན་རུང་བཙན་(རི་ལྷ་)ལ་མཆོད་པ་འབུལ་གྱི་ཡོད། དོགས་སེལ་གྱི་ཐབས་ཤེས་དར་སྲོལ་ཆེ་ཤོས་ནི་བྱ་དེ་བསད་ནས་མཆིན་པར་བརྟག་སྟེ་མོ་འདེབས་ཀྱི་ཡོད། སྐྱེ་བོ་ཕལ་མོ་ཆེས་རང་ཉིད་ལ་གེགས་བར་གང་འདྲ་ཡོང་མིན་བྱ་དེའི་མཆིན་པ་ལས་རྟོགས་པའི་ངོས་འཛིན་བྱེད་བཞིན་མཆིས། ཀློ་པའི་སྤྱི་ཚོགས་ཁྲོད་དུ་ལྷ་འབེབས་མཁན་ཁག་གཉིས་ཡོད་དེ།གཅིག་ནི་མཆེད་མངགས་བྱ་དེ་བསད་ནས་མཆིན་པར་དཔྱད་མཁན་ཡིན་པ་དང༌། གཅིག་ཤོས་ནི་ཕྱུགས་རིགས་བསད་ནས་ནད་འགོག་བྱུར་སེལ་གྱི་དམར་མཆོད་འབུལ་བ་གཉིས་ཡིན།དེར་བརྟེན་ཀློ་པ་རིགས་ཀྱི་དུད་ཁྱིམ་ཚང་མས་བྱ་དེ་མི་ཉུང་བ་གསོ་བཞིན་ཡོད།
19.jpg
ཀློ་པ་རིགས་ནི་སྨན་གླིང་ཁུལ་དུ་འཚོ་སྡོད་བྱེད་ཅིང༌། 1959ལོར་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས།རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་ཁོ་ཚོ་རི་སྟེང་ནས་ཀླུང་ཐང་དུ་སྤོས་པ་དང་གྲོང་གསར་བསྐྲུན། གདོད་མའི་ཐོན་སྐྱིད་ཡོ་བྱད་བསྒྱུར་བཅོས་བཏང་ཏེ། ཕལ་མོ་ཆེས་མཐོང་ཤོལ་དཔེ་གསར་དང་གསོན་འདེབས་འཕྲུལ་འཁོར། གློག་སྒུལ་འབྲུ་ལེན་འཕྲུལ་འཁོར་སོགས་པའི་སོ་ནམ་ཡོ་བྱད་བེད་སྤྱོད་ཀྱི་ཡོད། ཁོ་ཚོས་རང་རང་གི་མི་དམངས་འཐུས་མི་བདམས་ཏེ། རང་སྐྱོང་ལྗོངས་དང་རྫོང་རིམ་པའི་སྲིད་འཛིན་དབུ་ཁྲིད་ལས་དོན་ལ་བཞུགས་བཞིན་ཡོད། འདས་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号