ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། གསུམ་པ། མི་རིགས་མང་པོ་མཉམ་སྡོད་ཁུལ།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གནམ་ལྕགས་འབར་བའི་ནུབ་འདབས་སུ་གནས་པའི་རྐྱེན་གྱིས་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བར་གནམ་གཤིས་དྲོ་བས་རི་རྩེ་ནས་འདབས་བར་ས་བབ་མཐོ་དམའ་ཚང་མར་རྩི་ཤིང་སྐྱེ།གངས་ཀྱི་གཤམ་དུ་ཤིན་དུ་འདྲོང་བའི་ཐང་ཤིང་དང་ཤུག་པ་ཧ་ཅང་མང་བ་དང་ཡལ་གའི་ཐོག་སྤྲེའུ་དང་སྲོག་ཆགས་སྣ་ཚོགས་གང་དགར་གནས་པ་དང༌།རིའི་མཐོ་ཚད་སྨི་ཉིས་སྟོང་གསུམ་སྟོང་གི་ས་ན་གནམ་གཤིས་དྲོ་བས་གདོད་མའི་རྩི་ཤིང་གི་ཁེངས་ཡོད་ཅིང༌། ནགས་ཀྱི་གསེབ་ན་རྒྱུན་དུ་སྟག་ཀྱང་མཐོང་རྒྱུ་ཡོད།རི་འདབས་སུ་གྲོང་མི་སྡོད་པ་དང་འབྲས་ལ་སོགས་པའི་ལོ་ཏོག་ཀྱང་ལོ་རེར་ཐེངས་གཉིས་རེ་བསྡུ་རྒྱུ་ཡོད།
13.jpg
མོན་པའི་རྒན་རབས་ཚོའི་བཤད་སྲོལ་ལྟར་ན་ད་ལྟ་མེ་ཏོག་རྫོང་དུ་འཚོ་བ་སྐྱེལ་མཁན་གྱི་མོན་པ་ནི་ལོ་200སྔོན་དུ་ས་ཡོམ་ལ་སོགས་པའི་རང་བྱུང་གནོད་འཚེས་མ་བཟོད་པར་ཤར་རྒྱུད་ཀྱི་འབྲུག་པའི་ས་ཁུལ་ནས་སྤོས་ཡོང་བ་དང༌།ཐེངས་དང་པོར་དུད་ཚང་དྲུག་དང་མི་སུམ་ཅུ། ཐེངས་གཉིས་པར་དུད་ཚང་བརྒྱ་ལྷག་ཙམ་དང་མི་དྲུག་བརྒྱ་བདུན་བརྒྱ་བཅས་ཐེངས་གསུམ་བསྟུད་མར་སྤོས་ཡོང་ནས་ཁོང་ཚོ་མང་ཆེ་བ་མེ་ཏོག་རྫོང་དུ་བསྡད་པ་དང་ཉུང་ཤས་ཤིག་ལམ་འཛོལ་ཤོར་ནས་ཉིང་ཁྲི་རྫོང་གི་སྦས་ལུང་ཤའང་དུ་སླེབས་ནས་དེ་གར་རང་འཇགས་བསྡད་དེ་ཉིང་ཁྲི་རྫོང་གི་མོན་པ་ཆགས་པ་རེད་ཟེར།
14.jpg
མོན་པས་གཙོ་བོ་ཞིང་ལས་བྱེད་པ་དང་ཞོར་དུ་ནགས་ལས་དང་འབྲོག་ལས།རི་དྭགས་རྔོན་པ་སོགས་བྱེད་ཀྱི་ཡོད།ཁོང་ཚོར་རྡོ་ཁོག་བཟོ་བ་དང་སྨྱུག་མ་སླ་བ། རས་འཐག་པ་སོགས་ཀྱི་ལག་ཤེས་ཀྱང་ཡོད། མོན་པ་རིགས་ཀྱིས་མ་རྨོས་ལོ་ཏོག་དང༌། ཆུ་འབྲས་སོགས་ཞིང་ལས་སྐྱེ་དངོས་གཙོ་བོར་འཇོག་པ་དང་ཆབས་ཅིག་ནགས་ལས་དང་འབྲོག་ལས།རི་དྭགས་རྔོན་པ་སོགས་ཞོར་ལས་སུ་འཛིན་ཞིང༌། དེ་མིན་ཁོ་ཚོས་སྨྱུག་བསླས་རས་འཐག་རྡོ་ཁོག་བཟོ་བ་སོགས་ལག་ཤེས་བཟོ་ལས་སུ་འཇོག་བཞིན་ཡོད།མོན་པ་རིགས་ཀྱི་སྡོད་ཁང་ནི་གྲུབ་ཆ་དམིགས་བསལ་ཅན་གྱི་ཤིང་ཁང་ཡིན།དུད་ཚང་སོ་སོར་ཤིང་གི་ཀ་བ་དང་ཟླུམ་སྒོར་ལག་མཐིལ་དབྱིབས་ཅན་གྱི་མཛོད་ཁང་ཡོད་པ་དེ་ནི་འབྲུ་རིགས་བླུགས་ས་དང་ཤ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号