གངས་རི། མ་ཚེའུ། རི་གྲོང༌། གནའ་བོའི་དགོན་སྡེ།

སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སམ་རང་བྱུང་གི་ཡུལ་སྐོར་གང་གི་ཆ་ནས་ཀྱང་ཉིང་ཁྲི་འདིར་ཡུལ་གཞན་ལ་མེད་པའི་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་ཡོད། ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ལས་རིགས་ཉང་ཆུའི་ཁུལ་དུ་ཁྱབ་པ་དང༌། ཡུལ་སྐོར་ཞབས་ཞུའི་དྲ་བ་དང་མཚུངས་པའི་སྒྲིག་ཆས་འཛུགས་སྐྲུན་སྔར་ལས་ལྷག་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཉིང་ཁྲི་བས་འདིར་འཛམ་གླིང་རིམ་པ་གསུམ་པའི་རྒྱལ་སྤྱིའི་ནགས་ཚལ་སྤྱི་གླིང་ཞིག་དང༌། ཡུལ་སྐོར།རི་འཛེགས། བྲག་འཛེགས། མྱུལ་དཔྱད། འཕོ་ཉུལ། ཚན་རིག་རྟོག་ཞིབ་ལ་སོགས་འདུས་པའི་མཉམ་བསྡུས་ཀྱི་ཡུལ་སྐོར་མཛེས་ལྗོངཡ་གྲགས་ཅན་ཞིག་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་བྱེད་བའིན་ཡོད། ཡིན་ནའང་འདིར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གའིས་དང༌། གླུ་གར།ལུས་རྩལ་འགྲན་བསྡུར་བཅས་ཀྱི་ཉིང་ཁྲིའི་མཛེས་ལྡན་རི་གྲོང་སྔར་ལས་ཡིད་དབང་འཕྲོག་པར་སྣང༌། ཉིང་ཁྲིར་སྐད་གྲགས་ཡོད་པའི་མཛེས་ལྡན་ཡུལ་ལྗོངས་ཁུལ་8དང༌། མཛེས་ལྗོངས་ཡོད་ས་ཁག་35ཡོད།
|