ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་གཅིག། ཉིང་ཁྲིའི་ལྗོངས་རྒྱུའི་ལམ་བུ་གཉིས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དེ་ཁུལ་དུ་འཛམ་གླིང་ཐོག་ཡུལ་ལྗོངས་ཉམས་དགའ་ལྷུན་གྱིས་སྡུག་པ་གནམ་ལྕགས་འབར་བའི་མཛེས་ལྗོངས་ཁུལ། དགུང་སྔོན་ལ་བསྙེགས་པར་ནུས་པའི་བརྗིད་ཉམས་དང་རྔམ་བརྗིད་ལྡན་འིང༌། གཡང་གཟར་གྱི་རི་བོ་དང་གནམ་གཤིས་འགྱུར་བ་ངེས་མེད་ཡིན་པའི་སྟབས་ཀྱིས་1992ལོར་གའི་ནས་ཀྲུང་གོ་དང་རི་པིན་མཉམ་འབྲེལ་རི་འཛེགས་རུ་ཁག་གིས་བརྟུལ་ཏེ་ད་ཆའང་སྔར་བའིན་འཛམ་གླིང་རྒྱལ་ཁབ་ཁག་གི་རི་འཛེགས་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ཡུལ་ཁིག་ཏུ་གྱུར་ཡོད། ཉིང་ཁྲི་ས་ཁུལ་དུ་གནས་པའི་མེ་ཏོག་རྫོང་ནང་ཁོངས་ཀྱིཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དེནི་འཛམ་གླིང་ཐོག་གྲོག་རོང་ཆེ་ཤོས་ཤིགཡིན། རི་མཐོན་པོ་གཅིག་དང་གྲོག་རོང་གཅིག་གིས་གནམ་ལྕགས་འབར་བའི་ཡུལ་ལྗོངས་གྲུབ་པས་འདི་ནི་ཡུལ་སྐོར་དང༌། རི་འཛེགས། མྱུལ་དཔྱད། འཕོ་ཉུལ་བཅས་གསར་སྤེལ་བྱ་རྒྱུའི་ཕུགས་བསམ་ལྔན་པའི་ས་ཁོངས་དང་ས་ཞིབ་རིག་པར་རྟོག་ཞིབ་བྱ་ཡུལ་ཆེས་ལེགས་པའི་ཁུལ་ཞིག་ཡིན།
62.jpg
   བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ། བྲག་གསུམ་མཚོ་ནི་ཉང་ཆུའི་ཆུ་ལག་ཆེ་ཤོས་དང་པཱ་ཆུའི་སྟོད་རྒྱུད་ཀྱི་རི་མཐོའི་མཚོ་ཞིག་ཡིན་པ་དང༌། ཀོང་པོ་རྒྱ་མདའ་རྫོང་གི་ནུབ་རྒྱུད་ལས་སྤྱི་ལེ་90སར་ཡོད་པ་དང༌། མཚོ་དེའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3538དང༌། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་25.9 གཏིང་ཚད་རིང་ཤོས་སུ་སྨི་60ཙམ་ཡོད་ལ། མཚོ་དང་རི་བོའི་མཛེས་པ་སུའེ་ཙེར་གྱི་མཛེས་ལྗོངས་ལས༌།ཀྱང་ལྷག་པར་སྣང༌། དབྱར་སྟོན་གཉིས་ཀྱི་དུས་སུ་མེ་ཏོག་དྲི་ཞིམ་འཐུལ༌ཞིང་བུང་བ་དང་ཕྱེ་མ་ལེབ་ཀྱི་འཕུར་གར་ལ་རྩེན་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号