ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་གཅིག། ཉིང་ཁྲིའི་ལྗོངས་རྒྱུའི་ལམ་བུ་གཉིས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ནི། “དགུན་འཁྱག་རོམས་དང་དབྱར་རྦ་རླབས་འཕྱུར་པའི་ཆུ་བོ་”དང༌།   “ རིག་བྱེད་སྨན་མཚོ།”“བརྒྱད་གཅིག་གྲོང་བརྡལ་གྱི་རྒྱ་ཤུག་ཆེན་པོ་”སོགས་ཡོད། དེ་དག་གི་ནང་ནས་སྐྱེ་བོ་རྣམས་ཀྱིས་ལྟ་འདོད་ཆེ་ཤོས་བྱེད་ས་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3240ཙམ་ཟིན་ཞིང་ཉིང་ཁྲི་རྫོང་བྲག་ཕྱི་ཤའང་གིས་སྲུང་སྐྱོབ་བྱས་པའི་སྤྱི་ཆིང་10ཙམ་ལྡན་པའི་རྩ་ཆེའི་བོད་ལྗོངས་ཀྱི་ཤུག་པ་ཆེན་པོ་དེ་ཡིན། དེའི་ཁུལ་ཤུག་པའི་ཆ་སྙོམས་ཀྱི་རིང་ཚད་ལ་སྨི་30དང༌།སྦོམ་ཚད་ལ་སྨི་1ཡིན་པ། ཤུག་སྡོང་རིང་བའི་ཚད་ལ་སྨི་50སྦོམ་ཚད་ལ་སྨི་5.8དང༌། ཤིང་དེའི་ལོ་ཚད་ནི་2500ཡས་མས་ཙམ་ཡིན་པས་ཀྲུང་གོའི་“ཤུག་སྡོང་རིགས་”ཆེས་ཆེ་ཤོས་ཡིན་ཟེར།
བུ་ཆུ་བླ་མ་གླིང་གི་མཛེས་ལྗོངས་ཁུལ། བུ་ཆུ་བླ་མ་དགོན་པ་ནི་ཉང་ཆུའི་ཆུ་སྨད་དུ་ཆགས་ཡོད། དེ་ནི་རྙིང་མའི་དགོན་པ་ཡིན་ལ། དགོན་སྡེའི་གཡབ་བརྐོས་ལེགས་ཤིང་གདུང་ཚོན་བཀྲ་བ་དང༌། གཟི་མདངས་རྣམ་པར་འཚེར་བ་བཅས་རྒྱ་བོད་མི་རིགས་ཀྱི་ཨར་ལས་ཁྱད་ཆོས་མི་འདྲ་བ་མཉམ་བསྲེས་བྱས་ཡོད།
65.jpg
དགོན་སྡེའི་མཐའ་སྐོར་གྱི་ཡུལ་ལྗོངས་མཛེས་ཤིང་སྐྱིད་པ་དང༌། ལྗོན་ཤིང་གི་བསྐོར་བའི་དགོན་སྡེའི་ཕྱིར་དྭངས་གཙང་ཆུ་མོ་དལ་གྱི་རྒྱུ་ལ་ས་དེ་ནས་རི་བོ་དང་ནགས་ཚལ་མཐོང་ཐུབ་པ་མ་ཟད། ཆུ་རིས་རྣམ་པར་མཛེས་པའི་ཉང་ཆུའི་ཟུར་གསུམ་གླིང་ཕྲན་ལའང་རྒྱང་བལྟ་བྱེད་ཐུབ།
ལྷ་རི་གསེར་སྐྱེམས་ལའི་མཛེས་ལྗོངས་ཁུལ། གསེར་སྐྱེམས་ལ་ནི་ཉིང༌ཁྲིའི་ཤར་རྒྱུད་དུ་གནས་ཡོད་ལ་གཉན་ཆེན་ཐང་ལྷའི་རི་རྒྱུད་ཞིག་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4728ཙམ་གྱི་རི་ཀླུང་ལ་སྤྲོ་འཆམ་བྱེད་དུས་ཉི་མ་ཤར་མཚམས་དང༌། མུ་མེད་ཀྱི་ནགས་ཚལ། གནམ་ལྕགས་འབར་བ་སོགས་ཀྱི་བརྗིད་ལྡན་གྱི་ཉམས་བཟང་མངོན་ཐུབ་ཀྱི་ཡོད། གསེར་སྐྱེམས་ལའི་ནུབ་རིའི་སྟག་རྩེ་གྲོང་འགྲམ་གྱི་བོན་རི་ནི་བོན་ཆོས་ཀྱི་གནས་མཆོག་ཡིན་ལ་བོད་ཀྱི་རི་རྒྱལ་བའི་ཡི་ཡ་གྱལ་ཞིག་ཀྱང་ཡིན།རི་བསྔོར་མཆོད་མཇལ་བྱེད་མཁན་ལོ་གཅིག་དུས་བའིར་ཕྱོགས་བཞི་མཚམས་བརྒྱད་ནས་འདི་གར་འདུ་བཞིན་ཡོད་པ་རེད། ལོ་ལྟར་བོད་ཟླ་8པའི་ཚེས་10ཉིན་ཁུལ་འདིར་ཧ་ཅང་རྒྱ་ཆེ་བའི་རི་སྐོར་བྱེད་སྒོ་སྤེལ་བཞིན་ཡོད་པ་དེ་ལ་“ཉང་པོ་ལ་གསོལ་”ཞེས་བརྗོད།
ཉིང་ཁྲིར་ཡུལ་སྐོར་དུ་ཕེབས་ན་ལམ་བུ་གཉིས་ཡོད་དེ། ལམ་བུ་གཅིག་ནི་ལྷ་ས་―བྲག་གསུམ་མཚོ་―བརྒྱད་གཅིག་གྲོང་བརྡལ་―ལྷ་ས་སྟེ། ལམ་བུ་དེ་རྣམས་བྲག་གསུམ་མཚོ་དང་བརྒྱད་གཅིག་གྲོང་བརྡལ། གསེར་སྐྱེམས་ལ། བུ་ཆུ་བླ་མ་གླིང་སོགས་འབྲེལ་ཡོད་པས་གཅིག་ནས་སྤྲོ་གསེང་གཏོང་ཁུལ་དང་གཉིས་ནས་ཚན་རིག་རྟོག་ཞིབ་བྱེད་ཁུལ་དུ་གྱུར་ཡོད། ལམ་གཞན་ཞིག་ནི།ལྷ་ས་―ཉིང་ཁྲི་―སྨན་གླིང་―ལྷོ་ཁ་ཡིན། ཤར་རྒྱུད་ཀྱི་ལམ་བུ་འདིར་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང༌།གནའ་ཤུལ་རིག་གནས། མི་རིགས་ཁྱད་ཆོས་བཅས་གཅིག་ཏུ་འདུས་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号