ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་གཅིག། ཉིང་ཁྲིའི་ལྗོངས་རྒྱུའི་ལམ་བུ་གཉིས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ལ། ནགས་ཚལ་སྟུག་པོའི་ཁྲོད་དོམ་དང་སྟག ཤྭ་བ་ལ་སོགས་པ་རི་དྭགས་ཀྱི་རང་མོས་རྩེད་དགར་རོལ་བཞིན་ཡོད། བྲག་གསུམ་མཚོ་ཡི་དཀྱིལ་དུ་གླིང་ཕྲན་ཞིག་ཡོད་པ་ནི་གནའ་བོའི་འཁྱགས་རོམ་གྱི་ནུས་པས་ཆགས་པ་ཞིག་ཡིན་པས་“གཟུགས་དབྱིབས་ལུག་འདྲ་བའི་བྲག་རྡོ་”ཆེན་པོ་ཞིག་གྲུབ་ཡོད།སྔོན་གྱི་འཁྱགས་རོམ་འདྲེད་འགུལ་བྱེད་པའི་ཁ་ཕྱོགས་སུ་ལྟ་སྐབས་འཁྱགས་རོམ་བདར་བའི་ཤུལ་གསལ་པོ་མངོན་གྱི་འདུག མཚོ་དེའི་གླིང་ཕྲན་ཐོག་ལྟ་ཁང་ཞིག་ཡོད་པ་དེ་ནི་དགེ་ལུགས་པའི་གྲུབ་མཐའི་ཡིན་ཞིང་སྤྱི་ལོའི་དུས་རབས་17པའི་སྐབས་སུ་བཞེངས་པ་ཞིག་རེད།བྲག་གསུམ་མཚོ་ཡི་གཞུང་དེད་དེ་ཕྱིན་ཚེ་མ་ཆུ་དང་ཆུ་ལྷག་གི་ཆུ་འགོ་ཚང་མ་རི་ཁུག་དང་འཁྱགས་རོམ་ཡིན་པ་མཐོང་ཐུབ་ལ། མཚོ་འགྲམ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཁང་ཆུང་དེ་རྣམས་མཛེས་ཤིང་སྤྲོ་སྣང་དོད་པའི་སྤྲོ་སྐྱིད་གཏོང་ཁུལ་ཡིན། 1997ལོར་བྲག་གསུམ་མཚོ་འདི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་འཛམ་གླིང་ཡུལ་སྐོར་གྲས་སུ་བཅུག་པ་རེད།
ཉང་པོའི་མཛེས་ལྗོངས་ཁུལ།ཉང་པོ་ནི་ཀོང་པོ་རྒྱ་མདའ་རྫོང་གི་ནུབ་བྱང་ངོས་ལས་སྤྱི་ལེ་50སར་ཡོད་ལ་ཉང་ཆུའི་བྱང་རྒྱུད་ཀྱི་ཆུ་རྒྱུན་ཞིག་ཀྱང་ཡིན།ཆུ་བོའི་སྟོད་རྒྱུད་དུ་ཉང་འོག་ནང༌།རྒྱ་ཤིང་ནང༌། བུ་རུ་ནང་བཅས་འདུས་ཡོད། ཉང་པོ་ཤའང་དུ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4200ཡི་མཚམས་སུ་ཆུ་ཚན་གསུམ་ཡོད་དེ། སྟོད་དུ་“ཨ་ནེ་ཆུ་ཚན་”དང༌། བར་དུ་“བླ་མ་ཆུ་ཚན་”འོག་ཏུ་“བུ་རུ་ཆུ་ཚན་'བཅས་སོ།ཉང་པོ་ཤའང་བྱང་ངོས་ཀྱི་ཉང་འོག་རྫ་རིའི་གཤམ་འོག་ཏུ་རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་བཞེངས་པའི་“བྲག་དཀར་དགོན་པ་(རྡོ་དཀར་བྲག་དགོན་ཡང་ཟེར་)ཡོད། དགོན་པ་དེ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐར་འཛིན་ཁར།  དགོན་པའི་སྟོད་ཀྱི་རང་བྱོན་བྲག་ཕུག་ནང་ནོར་ལྷའི་སྐུ་འདྲ་དང༌། བྲག་བརྐོས་རི་མོ་མཇལ་རྒྱུ་ཡོད་ལ། བྲག་དཀར་དགོན་པའི་གཤམ་དུ་ཆུ་མིག་ཞིག་ཡོད་པ་དེ་ཉིན་ལྟར་ཐེངས་དྲུག་ཙམ་ཕྱིར་འཕྱུར་བ་མ་ཟད། ལོ་གཅིག་དུས་བའི་ཚང་མར་མི་སྐམ་པ་དང་དར་ཆགས་ཀྱི་མེད།དགོན་པའི་འོག་གི་རི་སུལ་གྱི་འབབ་ཆུའི་འགྲམ་གྱི་སྡོང་ཕྲན་ནག་རྫོབ་འདི་སྟོན་དུས་ལོ་མ་ཟགས་རྗེས་ལྕུག་ཕྲན་དམར་མདངས་ལྡན་པའི་“དམར་འོད་འཕྲོ་བའི་ཡུལ་ལུང་”ཞིག་ཏུ་གྲུབ་ལ་ལུང་ཤུར་ནང་གི་རྡོ་གོང་ཆུ་ཕྲན་དང་མཉམ་དུ་འབྲེལ་ཏེ་མུ་ཏིག་གཅལ་དུ་བཀྲམ་པ་ལྟར་སྣང་བས་མི་རྣམས་ཀྱིས་“མུ་ཏིག་ཐང་”ཞེས་འབོད་ལ་དངོས་ནས་མཛེས་ལྗོངས་ཁྱད་འཕགས་དུ་ལྡན་རྐྱེན་རྗོད་ཚིག་གི་མཚོན་ཐབས་བྲལ།
ཡར་ཀླུང་གཙང་པོའི་ལྗོངས་ཁུལ།སྨན་གླིང་རྫོང་ཕྲེད་ལུང་ཤའང་ནས་ཕད་ཤའང་བར་གྱི་ཡར་ཀླུང་གཙང་པོའི་རིང་ཚད་ཡོངས་ལ་སྤྱི་ལེ་120ཡོད། གཡས་གཡོན་གཉིས་ནི་རི་བོ་སྤྲིན་ལ་ཟུག་འདྲ་ཞིང༌། ངོས་གཉིས་སུ་གདོད་མའི་ནགས་ཚལ་སྟུག་པ། ཁེར་ལངས་རི་བོ་གནམ་ལྕགས་འབར་བ་བརྗིད་ཉམས་ལྡན་པ། སྔོ་ལྗང་གི་བརྒྱན་པའི་གཙང་ཆུའི་དཀྱིལ་ངོས་ཀྱི་གྲམ་ཐང་གཡུ་མདངས་རྒྱས་པ་བཅས་དེ་ཚོ་རི་སྣུམ་མཚོན་རི་མོ་ཞིག་དང་མཚུངས།ངོགས་གཉིས་སུ་མེ་ཏོག་དང་ཤིང་འབྲས་ཀྱི་དྲི་ངད་འཐུལ་བའི་ལྡུམ་རྭ་དང༌། མཛེས་པ་ཀུན་བཏུས་ཀྱི་རི་ཀླུང༌། ཡར་ ཀླུང་གཙང་པོའི་གྲོག་རོང་ཆེན་པོ། གངས་ཆུ་ལས་གྲུབ་པའི་རྦབ་ཆུ་དྲག་པོ་མཆིས་རྐྱེན་སྐྱེས་བུའི་ཚོགས་ལ་རང་བྱུང་ཁམས་ཀྱི་ཡིད་དབང་ཡོངས་སུ་འཕྲོག་པའི་མྱོང་བ་འབྱིན།
བརྒྱད་གཅིག་གྲོང་བརྡལ་གྱི་མཛེས་ལྗོངས་ཁུལ། ལྷ་ས་ལེས་སྤྱི་ལེ་406གྱི་སར་གནས་པའི་བརྒྱད་གཅིག་གྲོང་བརྡལ་ནི་ཉིང་ཁྲི་ཨ་ས་གནས་ཀྱི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ཡིན། ཉེ་འཁོར་དུ་ཡུལ་སྐོར་རྩེད་དགར་རོལ་ཡུལམང་དག་ཞིག་ཡོད་ལ། སྐད་གྲགས་ལྡན་པ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号