ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །ལོ་སར།
སྤེལ་དུས།04-02  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      འདིར་བོད་ཀྱི་ལོ་སར་དུས་ནམ་ཞིག་ལ་དར་བ་དང་མདོ་དབུས་ཁམས་གསུམ་གྱི་ལོ་སར་བའི་དུས་ཀྱི་ཆ་ནས་ཚུལ་ཇི་ལྟར་མི་འདྲ་བ་དང༌།དེ་དུས་ཟས་གོས་སོགས་ཀྱི་སྤྱོད་སྟངས་རགས་བསྡུས་ཤིག་ངེས་པར་བྱེད་དགོས།
      ལོ་སར་ནི་ང་ཚོ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་བའི་དུས་ཆེན་ཞིག་ཡིན་པ་མ་ཟད།ན་ཆུང་གྲོགས་པོ་རྣམས་ཀྱིས་ཀྱང་དངོས་སུ་རང་གི་ཕ་མ་དང་མིང་སྲིང༌།ཨ་མྱེས་དང་ཨ་ཕྱི་སོགས་དང་ལྷན་གཅིག་ཏུ་རོལ་མྱོང་བ་ཞིག་ཡིན་ནའང༌།ལོ་སར་ཇི་ལྟར་བྱུང་བ་ཁྱོད་ཀྱིས་ཤེས་སམ།
      སྟོད་དབུས་གཙང་གི་ཡུལ་དུ་དར་བའི་ལོ་སར་ནི། བོད་ཀྱི་རྒྱལ་བོ་པུ་དེ་གོང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་སྐར་གྱི་འཁོར་འགྲོས་དང་བསྟུན་ནས་ཟླ་ཚེས་བརྩིས་ཏེ་དུས་བཞིའི་དབྱེ་བ་དང་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ། ད་ལྟའི་ལྷ་སའི་ལྷོ་ཁ་ས་ཁུལ་གྱི་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་གི་མེ་ཏོག་བཞད་དུས། བོད་ཀྱི་ལོ་སར་གྱི་ཐོག་མ་རོལ་མགོ་བརྩམས་པའི་བཤད་སྲོལ་ཡོད།
      ཡང་རང་རེའི་བོད་ཀྱི་ཡུལ་སྲོལ་གོམས་དཤིས་དང་སོ་ནམ་གྱི་གཉེར་སྟངས་མི་འདྲ་བའི་དབང་གིས་ལོ་སར་རོལ་སྟངས་ཀྱང་མི་འདྲ་བ་བྱུང་བ་རེད། འདིར་ང་ཚོས་དཔེ་འཇོག་ཙམ་བྱས་ན་ཁྱོད་ཀྱིས་ལས་སླ་མོར་ཤེས་སྲིད། དཔེར་ན། ལྷ་སའི་ཀོང་བོའི་ཡུལ་དུ་བོད་ཟླ་བཅུ་བའི་ཚེས་གཅིག་གི་ཉིན་ལོ་གསར་དུ་ཚེས་གཅིག མངའ་རིས་སྤུ་ཧྲེང་སོགས་སུ་བོད་ཟླ་བཅུ་གཅིག་པར་ལོ་སར་རོལ་སྟངས་བཅས་དུས་ཀྱི་ཆ་ནས་མི་འདྲ།
      རང་རེའི་ཨ་མདོ་ལྟ་བུའི་ཡུལ་གྲུ་མང་པོར་ཆ་མཚོན་ན་ཧོར་ཟླ་དང་བོའི་ཚེས་གཅིག་གི་ཉིན་ལོ་གསར་དུ་ཚེས་པ་ཡིན་ལ། ལོ་སར་རོལ་བའི་དུས་ཚོད་ཀྱང་ཧ་ལམ་ལོ་སར་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཡིན།ལོ་སར་མ་ཐོན་གོང་དུ་ལོ་སར་ལ་གྲ་སྒྲིག་བཟང་བོ་བྱེད་དགོས་པས། ང་ཚོ་བོད་མི་རྣམས་ཀྱིས་སྡོད་ཁང་ཆེ་ཆུང་ཀུན་ལ་གཙང་སྦྲ་ལེགས་པོ་བྱས་ཏེ། རང་གི་ཆ་རྐྱེན་དང་བསྟུན་ནས་བཟའ་བ་ཟས་ཀྱི་སྐོར། དཔེར་ན། ཤ་དང་གྲོ་འབྲས། སྔོ་ཚོད། སིལ་ཏོག་དང་ཀ་ར་སྣ་ཚོགས། ཆང་དང་སིལ་ཁུ་སོགས་བཏུང་བའི་རིགས། གཞན་ཡང་བཟའ་མི་ཆེ་ཆུང་ཀུན་གྱི་ལུས་ཚོད་དང་མཐུན་པའི་གྱོན་གོས་གསར་བ་ཉོས་ཏེ། ལོ་སར་གྱི་ཉིན་ལྷ་བསང་གཏོང་ཞིང་།ཟས་རིགས་དང་སིལ་ཏོག་སྣོ་ཚོགས་ཀྱི་སྡེར་ཁ་བསྒྲིགས་རང་ཁྱིམ་དུ་བཟའ་མི་ལྷན་འཛོམས་ཀྱིས་ཤ་དང་འོ་ཇ། གྲོ་འབྲས།ཕྱེ་མར། ཐུད།ཆང་ཕུད།ཚལ་རིགས་སྣ་ཚོགས་ལ་ལོངས་སྤྱོད་པའི་སྲོལ་འདུག

བསམ་གཞིག སྦྱང་གཞི།
གཅིག གཤམ་གྱི་སྟོང་ཆ་སྐོང་བ།
      སྟོད་དབུས་གཙང་གི་ཡུལ་དུ་དར་བའི་ལོ་གསར་ནི། བོད་ཀྱི་རྒྱལ་བོ __ གྱི་དུས་སུ་རྒན་མོ __ ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་།རྒྱུ་སྐར་གྱི་འཁོར་འགྲོས་དང་བསྟུན་ནས __ རྩིས་ཏེ་དུས་བཞིའི་དབྱེ་བ་དང་ལོ་མཚམས་ཀྱི་དུས་རྟགས་དེ། ད་ལྟའི་ལྷ་སའི__ ས་ཁུལ་གྱི་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་གི་མེ་ཏོག་བཞད་དུས། བོད་ཀྱི __ ཐོག་མ་རོལ་མགོ་བརྩམས་པའི་བཤད་སྲོལ་ཡོད།
གཉིས། གཤམ་གྱི་དྲི་བར་ལན་ཐོབས།
བོད་ཀྱི་ཡུལ་གྲུ་ཁག་དུ་ལོ་གསར་རོལ་སྟངས་ཀྱི་དུས་ཀྱི་ཆ་ནས་མི་འདྲ་ས་གང་དག་ཡོད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号