ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །གསུམ་པའི་སྒྲུབ་མཆོད།
སྤེལ་དུས།04-02  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་གསུམ་པའི་སྒྲུབ་མཆོད་དར་བའི་དུས་དང་།དེ་ཉིད་ཇི་ལྟར་ཁྱབ་གདལ་དུ་སོང་བའི་གནས་ཚུལ་རགས་ཙམ་རྟོགས་དགོས།
      བོད་ཀྱི་སྲོལ་རྒྱུན་ལྟར་ལོ་གཅིག་གི་ཁྲོད་དབྱར་ཆོས་དང་སྟོན་ཆོས།དགུན་ཆོས།དཔྱིད་ཆོས་བ།ཡོད་པ་ལས་གསུམ་པའི་སྒྲུབ་མཆོད་ནི་དཔྱིད་ཆོས་ཀྱི་གྲས་སུ་བརྩི་ལ།ཡོངས་གྲགས་སུ་ཟླ་གསུམ་པའི༌ཚེས་བཅོ་ལྔའི་ཉིན་སངས་རྒྱས་ཤཱཀྱ་ཐུབ་པས་རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་བའི་མཆོད་རྟེན་གྱི་མདུན་ནས་ཉན་མཁན་བྱང་ཕྱོགས་ཤམ་བྷ་ལའི་རྒྱལ་བོ་ཟླ་བ་བཟང་བོ་སོགས་སྣོད་ལྡན་གྱི་གདུལ་བྱ་མང་བོར་དུས་འཁོར་རྩ་རྒྱུད་གསུངས་ལ།རྟེན་འབྲེལ་དེའི་གནད་ཀྱིས་ཕྱིས་སུ་དགོན་སྡེ་ཁག་ཏུ་དུས་འཁོར་གྱི་འཆད་ཉན་བཙུགས་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་ཉིན་མང་བོར་དུས་འཁོར་གྱི་ཆོ་ག་སྤེལ་བ་རེད།
      བཤད་རྒྱུན་ལྟར་ན་ལྷ་སའི་ཡུལ་གྲུ་ཁག་ཏུ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔར་གསུམ་པའི་སྒྲུབ་མཆོད་འཛུགས་པ་དང༌།མདོ་སྨད་ཀྱི་ཡུལ་མང་བོར་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་སྒྲུབ་མཆོད་འཛུགས་པས།མདོ་དབུས་གཉིས་ཀ་སྟེས་དབང་གིས་སྒྲུབ་མཆོད་དུས་གཅིག་ཏུ་ཁེལ་ན་མ་གཏོགས་གཞན་རང་རང་གི་ལུགས་སྲོལ་ལྟར་གསུམ་པའི་སྒྲུབ་མཆོད་འཛུགས།
བསམ་གཞིག སྦྱང་གཞི།
གཅིག གཤམ་གྱི་སྟོང་ཆ་སྐོང་བ།
      བོད་ཀྱི་སྲོལ་རྒྱུན་ལྟར་ན་ལོ་གཅིག་གི་ཁྲོད་དབྱར་ཆོས་དང་སྟོན་ཆོས། དགུན་ཆོས། དཔྱིད་ཆོས་བཞི་ཡོད་པ་ལས་གསུམ་པའི་སྒྲུབ་མཆོད་ནི__ ཀྱི་གྲས་སུ་བརྩི།
གཉིས། གཤམ་གྱི་དྲི་བར་ལན་ཐོབས།
༡. གསུམ་པའི་སྒྲུབ་མཆོད་ནི་དུས་ནམ་ཞིག་ལ་ཡིན།
༢. མདོ་སྨད་དང་དབུས་གཙང་གི་གསུམ་པའི་སྒྲུབ་མཆོད་འཛུགས་དུས་གཅིག་ཡིན་ནམ།རྒྱུ་མཚན་ཅི།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号