ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བཞི་བའི་སྨྱུང་གནས།
སྤེལ་དུས།04-02  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་བཞི་བའི་སྨྱུང་གནས་ཀྱི་དུས་ཚིགས་དང་། དེ་ཉིད་དུས་ཆེན་སུམ་འཛོམས་ཅན་དུ་གྲགས་པའི་རྒྱུ་མཚན་ཅུང་ཟད་རྟོགས་དགོས།
      ཟླ་བཞི་བའི་ཚེས་གཅིག་ནས་བཅོ་ལྔར་བོད་དམངས་ཁྲོད་དུ་བཞི་བའི་སྨྱུང་གནས་ཞེས་པའི་དུས་ཆེན་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།ཉིན་དེ་ཚོར་རང་རེའི་བོད་ཀྱི་ནང་བའི་དགོན་སྡེ་རྣམས་ཀྱི་ལྷ་ཁང་གང་ཡོད་ཀྱི་སྒོ་གཅིག་ཀྱང་མ་ལུས་པར་ཕྱེ་བས།ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་དད་ལྡན་མཇལ་བསྐོར་བ་རྣམས་ཀྱིས་རྟེན་མཇལ་བྱས་ཏེ་ཡར་དཀོན་མཆོག་ལ་མཆོད་པ་དང་སྐྱབས་འཇུག མར་དབུལ་ཕོངས་ལ་སྦྱིན་པ་བཏང་སྟེ་སོད་ནམས་ཀྱི་ཚོགས་གསོག་པའི་སྲོལ་དར།
      བཞི་བའི་སྨྱུང་གནས་ནི་དུས་ཆེན་སུམ་འཛོམས་ཤིག་ཡིན་པས།སྔོན་ཆད་དགེ་སློང་མ་དཔལ་མོ་ཞེས་པ་ཞིག་གིས་སྨྱུང་གནས་ཀྱི་སྒྲུབ་པར་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་ཤིང་རྗེས་སུའང་བླ་མ་སྐྱེས་བུ་དམ་པ་མང་བོས་ཀྱང་དངོས་སུ་ལྷའི་ཞལ་གཟིགས་པ་སོགས་ཀྱི་རྟགས་དང་རྟེན་འབྲེལ་བྱུང༌།
      ཟླ་བཞི་བའི་ཚེས་བརྒྱད་ཀྱི་ཉིན་སྟོན་པ་ཤཱཀྱ་ཐུབ་པ་རབ་ཏུ་བྱུང་བའི་དུས་ཆེན་དང༌། ཚེས་བཅོ་ལྔའི་ཉིན་ཁོང་ཉིད་ལྷུམས་སུ་ཞུགས་པ་དང་སངས་རྒྱས་པ། ཡུལ་རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་པའི་དུས་ཆེན་སུམ་འཛོམས་ཀྱི་ཉིན་ཡིན་པས། གཅིག་ནས་ང་ཚོ་ནང་བ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རྣམས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པར་གུས་བཀུར་དང་ཁོང་གི་བླ་ན་འཕགས་པའི་མཛད་རྗེས་ལ་རྗེས་དྲན་ཞུ་བ་དང༌། གཉིས་ནས་རང་གིས་ཀྱང་དུས་ཆེན་ཁྱད་པར་བ་འདི་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་བཟང་བོ་ཞིག་བྱེད་འདོད་ཀྱི་བློ་ཤིན་ཏུ་བརྟན་པས། ཉིན་འདིར་རབ་བྱུང་་བ་དང་བོད་མི་ཁྱིམ་པ་ཕོ་མོ་རྣམས་ཐེག་ཆེན་གསོ་སྦྱོང་སྨྱུང་གནས་ལ་འདུག་པ་ཡིན།

img018.jpg

བསམ་གཞིག སྦྱང་གཞི།
གཤམ་གྱི་དྲི་བར་ལན་ཐོབས།
༡. བཞི་བའི་སྨྱུང་གནས་ནི་དུས་ནམ་ཞིག་ལ་ཡིན།
༢. བཞི་བའི་སྨྱུང་གནས་དུས་ཆེན་སུམ་འཛོམས་ཤིག་ཡིན་ཟེར་བ་ཨེ་བདེན། རྒྱུ་མཚན་ཅི།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号