ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དགུ་བའི་ཉེར་གཉིས།
སྤེལ་དུས།04-02  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་དགུ་བའི་ཉེར་གཉིས་ནི་དུས་ཆེན་ཞིག་ཏུ་གྱུར་ཚུལ་དང༌།དེར་རང་ཅག་བོད་མི་རྣམས་ཀྱིས་ཁྱད་པར་ཅན་གྱི་ལས་གང་འདྲ་བགྱི་བའི་སྐོར་རྟོགས་དགོས།
      བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཀྱི་ཉིན་ནི།སངས་རྒྱས་ལྷ་ཡུལ་ནས་བསྟན་པ་སངས་རྒྱས་ཀྱི་ཆོས་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་སླད་མི་ཡུལ་དུ་བབས་པའི་དུས་བཟང་ཡིན་པས་དགུ་བའི་ཉེར་གཉིས་ལ་ལྷ་བབས་དུས་ཆེན་ཞེས་ཀྱང་འབོད་སྲོལ་མཆིས།སངས་རྒྱས་ཤཱཀྱ་ཐུབ་པའི་ཡུམ་སྐུ་གཤེགས་ནས་ལྷའི་ཡུལ་དུ་སྐུ་འཁྲུངས་པ་དང༌།ལྷའི་ཡུལ་ཁམས་སུ་གནས་པའི་སྟོན་པའི་ཡུམ་དང་ལྷ་རྣམས་ལ་ཐོབ་དཀའ་བའི་ཆོས་གསུང་ཆེད།སྟོན་པ་སངས་རྒྱས་ལྷ་ཡུལ་དུ་ཕེབས་ནས་འགྲོ་དོན་ལེགས་པར་བསྐྱངས་པ་དང་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཀྱི་ཉིན་སླར་ཡང་མི་ཡུལ་དུ་ཕེབས་པའི་དུས་ཆེན་བཟང་བོ་ཡིན་པས།བོད་ཀྱི་ས་ཆ་མང་བོར་ཉིན་དེར་ལྷ་་ལ་མཆོད་པ་དང་རྟེན་ལ་མཇལ་ཁ།དབུལ་བོར་སྦྱིན་པ།དགེ་འདུན་ལ་བསྙེན་བཀུར་ཚད་མེད་བྱས་ཏེ་དཀར་བོའི་ཆོས་སྤེལ་ཞིང་སྡིག་པའི་ལས་ལ་འཛེམ་པའི་ཡུལ་སྲོལ་ཞིག་ཆགས་ལ།ཡང་བོད་ཀྱི་ཡུལ་སྡེ་འགའ་ཞིག་ཏུ་ལྷ་འབེབས་པའི་དུས་ཚིགས་བཟང་བོ་ཞིག་ཏུ་བརྩིས་ཏེ་དེ་དང་འབྲེལ་བའི་ལས་དང་ཆོ་ག་སྤེལ་བའི་སྲོལ་ཡང་འདུག

448389637900497790.jpg
བསམ་གཞིག སྦྱང་གཞི།
གཤམ་གྱི་དྲི་བར་ལན་ཐོབས།
དགུ་བའི་ཉེར་གཉིས་ལ་ཅིའི་ཕྱིར་ལྷ་བབས་དུས་ཆེན་ཟེར།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号