ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༡༨༥༽

གོས་འདི་བོར་ཏེ་ཞེས་པ་ལ་སོགས་པ་འོག་མ་བཞི་པོ་དེ་མ་བྱས་པ་ཡང་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་ཞིང་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ལན་གཉིས་ཉམས་སུ་མྱོང་བ་སྟེ་ཡན་ལག་གསུམ་ཚང་ན་མུ་སྟེགས་ཅན་ཞུགས་པ་ཡིན་ནོ། །འདིར་ལས་ལན་གཉིས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་པ་ཡིན་ཏེ། དཔེར་ན་རྐུ་ཐབས་སུ་གནས་པ་ལ་ལས་ལན་གཉིས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་པ་དང་འདྲའོ་ཞེས་པའོ། །དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་པ་འདི་ལ་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཡན་ལག་ཏུ་དགོས་པར་ཊཱི་ཀ་ལས་མ་བཤད་ཀྱང་དེ་ཡན་ལག་ཏུ་དགོས་པའི་གཞུང་ནི། གཞི་འགྲེལ་ལས། མུ་སྟེགས་ཅན་གང་གིས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་ཞིང་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའོ་ཞེས་བཤད་དོ།་་་་་ཞུ་འགྲེལ་ལས་ཀྱང་མུ་སྟེགས་ཅན་ཞུགས་པ་ནི་མུ་སྟེགས་པའི་ལྟ་བ་ཅན་ལས་བསྟན་པ་འདི་ལ་ཞུགས་ཏེ་དགེ་འདུན་དང་ལྷན་ཅིག་གསོལ་བ་ལ་སོགས་པའི་ལས་ལན་གཉིས་ཉམས་སུ་མྱོང་བ་གང་ཡིན་པའི་ཞེས་སོ། །མུ་སྟེགས་ཅན་ཞུགས་པ་འདི་ལ་ལས་ལན་གཉིས་ཉམས་སུ་མྱོང་བ་ཡན་ལག་ཏུ་དགོས་ན།་་་་་འོ་ན་འདི་དང་རྐུ་ཐབས་སུ་གནས་པ་ལ་ཁྱད་པར་ཅི་ཞེ་ན། འདི་ལ་ནི་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་དང་མུ་སྟེགས་ཀྱི་ལྟ་བ་དང་ལྡན་པ་ཡན་ལག་ཏུ་དགོས་ལ། རྐུ་ཐབས་སུ་གནས་པ་ལ་ནི་དེ་གཉིས་ཡན་ལག་ཏུ་མི་དགོས་ཏེ། རབ་ཏུ་བྱུང་བ་གཏན་མ་བླངས་པས་ལས་ལན་གཉིས་ཉམས་སུ་མྱོང་ན་ཡང་རྐུ་ཐབས་སུ་འགྱུར་བའི་ཕྱིར་དང་། རྣམ་འབྱེད་འགྲེལ་ལས། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་ལྡན་དུ་ཟིན་ཀྱང་ཞེས་གསུངས་སོ། །མ་བསད་པ་དང་ཞེས་པ་ལ་སོགས་པས་མཚམས་མེད་ལྔ་བསྟན་ཏོ། །འདིའི་སྤྱི་དོན་ལ་་་་་་བར་ཆད་ཀྱི་མཚན་ཉིད་དང་བྱེད་ལས་དང་། དགག་བྱ་དང་། མཚོན་པའི་དོན་དང་། བཞི་ལས། སྐབས་འདིའི།་་་་་བར་ཆད་ཀྱི་མཚན་ཉིད་ལ། མ་བསད་པའི་མཚམས་མེད་ཀྱི་མཚན་ཉིད་ནི། གསོད་བྱེད་རང་གི་ལུས་བསྐྱེད་པའི་ཟླ་མཚན་གང་ལས་བྱུང་བའི་མི་བསད་པའི་སྡིག་པའི་ལས་སྒྲིབ་ངོ་བོ་ཡོངས་སུ་རྫོགས་པའོ། །དེ་ལ་ཡན་ལག་བཞི་སྟེ་གཞི་དང་བསམ་སྦྱོར་མཐར་ཐུག་གོ །གཞི་ལ་གཉིས་ལས། གང་བསད་པའི་ཡུལ་

༼༡༨༦༽

ནི་གསོད་བྱེད་རང་གི་ལུས་བསྐྱེད་པའི་ཟླ་མཚན་གང་ལས་བྱུང་བའི་མི་ཡིན་པ་སྟེ། མཛོད་ལས། གང་གི་ཟླ་མཚན་ལས་བྱུང་མ་ཞེས་སོ། །གང་གིས་གསོད་པའི་རྟེན་ནི། ཟ་མ་དང་མ་ནིང་ལས་གཞན་པའི་མི་གང་ཞིག་ཤེས་པ་རང་བཞིན་དུ་གནས་པ་སྟེ། མཛོད་ལས། ཟ་མ་སོགས་ལ་མི་འདོད་དོ།་་་་་ཟ་མ་དང་མ་ནིང་དང་སྨྱོན་པས་བསད་ནའང་ལས་སྒྲིབ་མི་རྫོགས་སོ། །ཞེས་པ་ལ་སོགས་པ་བཤད་དོ། །བསམ་པ་ནི་འདུ་ཤེས་གཞི་དེ་དག་ལ་མ་འཁྲུལ་ཞིང་། ཀུན་སློང་རང་གི་མ་གསད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རང་གི་མ་གསོད་པར་ཞུགས་པའོ། །མཐར་ཐུག་ནི་མའི་སྲོག་གི་དབང་པོ་འགགས་པའོ། །ཕ་བསད་པའི་མཚམས་མེད་ཀྱི་མཚན་ཉིད་ནི། གསོད་བྱེད་རང་གི་ལུས་བསྐྱེད་པའི་ཁུ་བ་གང་ལས་བྱུང་བའི་མི་བསད་པའི་སྡིག་པའི་ལས་སྒྲིབ་ངོ་བོ་ཡོངས་སུ་རྫོགས་པའོ། །དེ་ཡང་ཕྲན་ཚེགས་འགྲེལ་ལས། ཕ་ནི་མངལ་འཛིན་པའི་ཚེ་ཕའི་ཁུ་བ་ལས་དེའི་ལུས་གྲུབ་པ་ཡིན་ཞེས་སོ།་་་་་འགྲེལ་ཆུང་ལས་ཀྱང་གང་གི་ཁུ་བ་ལས་སྐྱེས་པ་དེ་ཉིད་བསད་ན་མཚམས་མེད་པར་འགྱུར་ཞེས་བཤད་དོ། །གཞི་དང་བསམ་སྦྱོར་མཐར་ཐུག་ནི་མ་བསད་པ་བཞིན་ཏེ་སྐབས་ཀྱི་དོན་བསྒྱུར་ཏེ་སྦྱར་རོ། །དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་མཚན་ཉིད་ནི། ལས་སྒྲིབ་ངོ་བོ་ཡོངས་རྫོགས་གང་ཞིག་དགྲ་བཅོམ་འབྲས་གནས་བཀྲོངས་པའི་མཐར་ཐུག་གྲུབ་པ་ལས་གྱུར་པའོ། །དེ་ལ་ཡན་ལག་བཞི་ལས། གཞི་ལ་གཉིས་ཏེ། གང་བསད་པའི་ཡུལ་དང་། གང་གིས་གསོད་པའི་རྟེན་ནོ། །དང་པོ་ནི་སྦྱོར་བའི་དུས་ན་དགྲ་བཅོམ་པ་ཡིན་པ་སྟེ། མཛོད་ལས། བསྣུན་འོག་དགྲ་བཅོམ་པ་ལ་མིན་ཞེས་སོ།་་་་་གནས་སྐབས་གཞན་ཐོབ་པ་ནི་ཞེས་པའི་ཊཱི་ཀ་ལས་དགྲ་བཅོམ་པ་མིན་པའི་གནས་སྐབས་སུ་བསད་པའི་སྦྱོར་བ་བྱས་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་པ་ན་གསོད་པར་བྱེད་ན་དེ་ལ་ཕམ་པ་དང་མཚམས་མེད་གཉིས་ཀ་འབྱུང་ཞེས་པ་དང་འགལ་སྙམ་ན་སྔར་ཁད་རིང་བའི་སྦྱོར་བ་བྱས་ནས་གཟོད་དགྲ་བཅོམ་པ་གསོད་པར་བྱེད་ན་ཞེས་དགོངས་པའོ། །གང་གིས་གསོད་པའི་རྟེན་དང་བསམ་སྦྱོར་མཐར་ཐུག་ནི་མ་བསད་པ་བཞིན་ཏེ་སྐབས་ཀྱི་དོན་བསྒྱུར་ཏེ་སྦྱར་རོ། །དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་ཀྱི་མཚན་ཉིད་ནི། འཁོར་ལོའི་དབྱེན་བྱས་པའི་སྡིག་པའི་ལས་སྒྲིབ་ངོ་བོ་ཡོངས་སུ་རྫོགས་པའོ། །དེ་ཡང་ཡན་ལག་བཞི་ཡོངས་སུ་ཚང་བ་སྟེ། གཞི་དང་བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་པའི་ཡན་ལག་ཚང་བའོ། །གཞིའི་ཡན་ལག་ལ་ཕྱྭ་ལྔ་ལས། དང་པོ་གང་དུ་དབྱེ་བའི་གནས་ནི།

༼༡༨༧༽

ཛམྦུའི་གླིང་ཡིན་པ་དང་། མཚམས་གཅིག་གི་ནང་ཡིན་པ་དང་། སྟོན་པ་མངོན་སུམ་དུ་བཞུགས་པ་ལས་གཞན་ཡིན་པ་སྟེ། མཛོད་ལས། ཛམྦུའི་གླིང་ནའོ་ཞེས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་ཞེས་པ་དང་། གཞན་དུ་ཞེས་སོ།་་་་་གང་ན་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དེ་ལས་གཞན་དུ་ཞེས་མཛོད་འགྲེལ་ལས་གསུངས། །རིགས་པས་ཀྱང་གླིང་གཞན་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་དང་། མཚམས་ཐ་དད་ཡིན་ན་མཚམས་ཀྱི་སྒོ་ནས་རྟག་ཏུ་བྱེ་ཟིན་པའི་ཕྱིར་དང་། སྟོན་པ་མངོན་སུམ་དུ་བཞུགས་པ་ཉིད་དུ་ནི་སྟོན་པའི་གཟི་བརྗིད་ཀྱིས་དགེ་འདུན་བྱེ་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་གང་དག་དབྱེ་བའི་ཡུལ་ནི་སོ་སོའི་སྐྱེ་བོའི་དགེ་འདུན་ཡིན་པ་དང་། ཕས་བཞི་ཚུས་བཞི་བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། མཛོད་ལས། བྱིས་པ་རྣམས་ཞེས་པ་དང་། ཛམྦུའི་གླིང་ནའོ། །དགུ་སོགས་ཀྱི་ཞེས་དབྱེན་བྱེད་པ་པོ་དང་དགུར་གསུངས་པས། དབྱེན་བྱ་བའི་ཡུལ་བརྒྱད་ཡིན་པར་བསྟན་་་་་་དགེ་སློང་བརྒྱད་ནི་དགེ་འདུན་ཡིན་ན་དགུ་པ་ནི་དབྱེན་བྱེད་པ་པོ་ཡིན་ཏེ་ཞེས་མཛོད་འགྲེལ་ལས་བཤད། པ་དང་། དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ། །ཞེས་གསུངས་སོ། །རིགས་པས་ཀྱང་འཕགས་པ་ཡིན་ན་ཆོས་མ་ཡིན་པ་ལ་ཆོས་ཡིན་སྙམ་དུ་ལྟ་བ་ཕྱིན་ཅི་ལོག་མི་སྐྱེ་བའི་ཕྱིར་དང་། བརྒྱད་མ་ཚང་ན་ཕན་ཚུན་གཉིས་ཀ་དགེ་འདུན་དུ་ལོངས་པ་མི་ཚང་བའི་ཕྱིར་དང་། ལས་ཀྱི་ཁ་སྐོང་བར་མི་འོས་ན་ལས་མི་འཆགས་པ་བཞིན་དུ་དགེ་འདུན་གྱི་དབྱེན་མི་འཆགས་པའི་ཕྱིར་རོ། །གསུམ་པ་གང་གི་ཚེ་འབྱེད་པའི་དུས་ནི། བསྟན་པ་ལ་སྐྱོན་བྱུང་བའི་དུས་ཡིན་པ་དང་། མཆོག་ཟུང་གཅིག་བསྐོས་པའི་དུས་ཡིན་པ་དང་། སྟོན་པ་མྱ་ངན་ལས་འདའ་ཁའམ་འདས་ཟིན་མ་ཡིན་པ་སྟེ། མཛོད་ལས། དང་པོ་་་་་་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་བོ་མ་ལོན་པ་དང་། མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་་་་་་མྱ་ངན་ལས་འདས་པ་དེ། རྣམས་སུ་འཁོར་ལོའི་དབྱེན་མི་འབྱུང་ངོ་།་་་་་ནོངས་པ་དང་། །ཞེས་སོ། །རིགས་པས་ཀྱང་། བསྟན་པ་ལ་སྐྱོན་བྱུང་བའི་སྔ་རོལ་ཏུ་དགེ་འདུན་བྱེ་བ་མི་སྲིད་པའི་ཕྱིར་དང་། མཛོད་འགྲེལ་ལས་་་་་་ལུང་གཞི་ལས་དགེ་འདུན་བྱེ་བ་གདོན་མི་ཟ་བར་ཉན་ཐོས་ཟུང་གཅིག་གིས་བསྡུམ་པར་བྱེད་པས་སོ་ཞེས་གསུངས་སོ། ཉན་ཐོས་མཆོག་ཟུང་གཅིག་དེས་ཕྱིར་སྡུམ་པར་བྱེད་པའི་ཕྱིར་དང་། སྟོན་པ་མྱ་ངན་ལས་འདའ་ཀའི་ཚེ་ན་དགེ་འདུན་ཤ་གཅིག་

༼༡༨༨༽

པ་ཉིད་ཡིན་པའི་ཕྱིར་དང་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །བཞི་པ་གང་གིས་འབྱེད་པའི་རྟེན་ནི། ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། དགེ་འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་འབྲིམ་པ་མི་ཆགས་སོ། །ཞེས་པ་དང་། མཛོད་ལས། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་ཞེས་་་་་་གཞན་དུའོ་བྱིས་པ་རྣམས་ཡིན་པ་ཡན་ལག་ཏུ་དགོས། སོ། །ལྔ་པ་གང་ལས་དབྱེ་བའི་དོན་ནི། ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སྟེ། ཆོས་མ་ཡིན་པ་ལས་ཆོས་ཀྱི་ཕྱོགས་སུ་བསྡུམས་ན་ནི། ལུང་གཞི་ལས་དགེ་འདུན་བྱེ་བ་སླར་སྡུམ་བྱེད་ན་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་པ་བསྐྱེད་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ནི། འདུ་ཤེས་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་་་་་་སྟེ་ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་དེ་བཞིན་ཉིད་དུ་ཤེས་ན་མཚམས་མེད་པའོ་ཞེས་སོ། །གཞིའི་ཡན་ལག་ལ་འདུ་ཤེས་མ་འཁྲུལ་ན་གཞི་གཞན་ལ་འདུ་ཤེས་འཁྲུལ་ཡང་མཚམས་མེད་པར་འགྱུར་ཏེ་བྱེ་བ་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་ཞེས་བཤད་དེ། དང་། ཀུན་སློང་བསམ་པ་ཐག་པ་ནས་དགེ་འདུན་འབྱེད་པར་འདོད་པ་རྒྱུན་མ་ཆད་་་་་་ཡན་ལག་ཏུ་དགོས་ཏེ་བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས། པའོ། །གསུམ་པ་སྦྱོར་བ་ནི་ལུས་ངག་གིས་དགེ་འདུན་འབྱེད་པར་ཞུགས་པའོ།་་་་་གསོལ་བས་སམ་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པའོ་ཞེས་སོ། །བཞི་པ་མཐར་ཐུག་ནི་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་ཕྱེད་པ་སྟེ། མཛོད་ལས། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་་་་་་དེ་ནི་མི་གནས་སོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་ཀྱི་མཚན་ཉིད་ནི། མཆོག་གི་སྤྲུལ་བའི་སྐུ་ལ་སྐུ་མཚལ་ཕྱུང་བའོ། །ཞེས་སྔ་མ་རྣམས་གསུང་ཡང་། སངས་རྒྱས་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུར་འདོད་པ་ནི་ཐེག་ཆེན་གྱི་ལུགས་ཡིན་གྱི། ཉན་ཐོས་ཀྱི་ལུགས་ལ་དེ་ལྟར་མིན་པར་རྟོག་གེ་འབར་བ་ལས་བཤད་དེ།་་་་་ལས་སྒྲིབ་ངོ་བོ་ཡོངས་རྫོགས་གང་ཞིག་རྫོགས་པའི་སངས་རྒྱས་ལ་གསོད་སེམས་ཀྱིས་སྐུ་མཚལ་ཕྱུང་བ་ལས་གྱུར་པའོ། །མཛོད་ལས། སངས་རྒྱས་བརྡེག་པར་སེམས་ལ་མིན་ཞེས་སོ། །བྱེད་ལས་དང་དགག་བྱ་ནི། རྐུ་ཐབས་སུ་གནས་པ་ལ་སྔར་བཤད་པ་བཞིན་ནོ། །མཚོན་པའི་དོན་ནི་ཉེ་བའི་མཚམས་མེད་ལྔ་སྟེ། མཛོད་ལས། མ་དགྲ་བཅོམ་མ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་་་་་་དེ་ནི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་བསྐལ་བ་བརྒྱ་ནས་འཚང་རྒྱ་བ་ཡན་ཆད་ཡིན་པར་མཛོད་ལས་བཤད། དང་། །སློབ་པ་བསད་དང་དགེ་འདུན་

༼༡༨༩༽

གྱི། །འདུ་བའི་སྒོ་ནི་འཕྲོག་པ་་་་་་སློབ་དཔོན་དབྱིག་བཤེས་ན་རེ་ནར་མར་འདུ་བའི་སྒོ་འཕྲོག་པ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་དབྱིག་གཉེན་གྱིས་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པའོ་ཞེས་ནང་མ་གཅིག་གི་འཚོ་བ་ཙམ་འཕྲོག་པ་ལ་བཤད་དེ་དེ་ལྟར་མཛོད་ཀྱི་འགྲེལ་བཤད་ལས་སོ། །དང་། །མཚམས་མེད་པ་དང་ཆ་འདྲ་བ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན་ཞེས་སོ། །འཕགས་པ་ཐོགས་མེད་ནི། ཉེ་བའི་མཚམས་མེད་འདི་ལ་ལྔའི་གྲངས་ངེས་མི་བཞེད་དེ་སའི་དངོས་གཞི་ལས།་་་་་ཚིག་ལྷུག་པར་གསུངས་པ་ཚིགས་བཅད་དུ་བྱས་ཏེ་དྲངས་པ་དགེ་སློང་མའམ་དགྲ་བཅོམ་མ་སུན་ཕྱུང་བ་ལྟ་བུ་ལ་དགོངས་ཞེས་རིགས་སོ། །དགྲ་བཅོམ་མའམ་མ་ཉིད་སུན་བྱས་དང་། །སྲིད་མཐའི་སེམས་དཔའ་ཆེ་ལ་མཚོན་བསྣུན་་་་་་པ་ཡིན་གྱི་དེས་འཆི་བ་ནི་མི་སྲིད་པར་མཛོད་ཀྱི་འགྲེལ་པ་ལས་གསུངས་སོ། དང་། རྒྱ་གར་གྱི་མཆན་ཡིག་ལས་འཇིག་རྟེན་པའི་ལྷ་རྟེན་བཙུགས་པ་ཟེར།་་་་་།ལྷ་ཡི་གནས་སམ་ལམ་གྱི་བཞི་མདོར་ནི། །དུད་་་་་་མུ་སྟེགས་བྱེད་ན་རེ་ལམ་གྱི་བཞི་མདོར་སྲོག་ཆགས་མང་པོ་བསད་ན་ལྷར་སྐྱེའོ་ཟེར་བར་རྒྱ་གར་གྱི་མཆན་ཡིག་ལས་བཤད་དོ། འགྲོ་མང་པོ་གསོད་དང་མཛའ་བཤེས་བསླུ། །སྡུག་ཅིང་མགོན་མེད་སྐྱབས་སུ་འོངས་རྣམས་ལ། །བསླུ་ཞིང་གནོད་པར་བྱེད་དང་དགེ་འདུན་གྱི། །འདུ་བའི་སྒོ་འཕྲོག་པ་དང་མཆོད་རྟེན་འཇིག །དེ་རྣམས་མཚམས་མེད་པ་དང་མཐུན་པ་ཡིན། །གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ལས་གཞན་རྣམས་ཀྱང་ཡིན་ནོ་ཞེས་གསུངས་སོ། །དགེ་སློང་མ་དགྲ་བཅོམ་མ་སུན་ཕྱུང་བ་ལ་སྡོམ་པ་མི་སྐྱེ་བར་་་་་་འདུལ་བ་ལས། དངོས་སུ་གསུངས་ཀྱང་་་་་་ཉེ་བའི་མཚམས་མེད་པ། གཞན་རྣམས་ནི་མཚམས་མེད་དང་སྡིག་པ་ཆ་འདྲ་བར་་་་་་མངོན་པ་ལས། བཤད་ཀྱི། མངོན་པ་དང་འདུལ་བ་ལས་སྡོམ་པ་མི་སྐྱེ་བར་དངོས་སུ་གསུངས་པ་ནི་མི་སྣང་ངོ་།་་་་་མདོ་སྡེ་པའི་སྙིང་པོ་འཁོར་ལོ་བཅུ་པ་ལས་མཚམས་མེད་པ་དང་ཉེ་བའི་ལས་གཅིག་ཙམ་བྱས་ན་ཡང་རབ་ཏུ་དབྱུང་ཞིང་། བསྙེན་པར་རྫོགས་པར་མི་གནང་སྟེ། བསྙེན་པར་རྫོགས་པར་བྱས་ན་ཡང་སྤྱོད་ལམ་དང་ཆ་ལུགས་དང་ལྡན་པ་ཙམ་ཞེས་གསུངས་ཏེ་དགེ་སློང་མ་དགྲ་བཅོམ་མ་སུན་དབྱུང་བ་ལྟ་བུ་ལ་དགོངས་ཞེས་རིགས་སོ། །མ་བསད་པ་དང་། ཞེས་པའི་ཊཱི་ཀ་ལས། མ་ལ་བསད་པའམ་མའི་བསད་པ་ཞེས་པ་ནི།་་་་་བྱེ་བྲག་སྨྲ་བ་ལྟར་ན་སྲོག་གི་དབང་པོ་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་ཡོད་པས། མ་ལ་ཡོད་པའི་སྲོག་གི་དབང་པོ་བཅད་པ་དང་། མ་དབང་བའི་སྲོག་གི་དབང་པོ་བཅད་པ་སྟེ། རྒྱན་གྱི་ཚུལ་དུ་ཡོད་པ་དང་། བདག་པོའི་ཚུལ་དུ་ཡོད་པ་སྟེ་གོ་རིམ་བཞིན་ནོ། །དགྲ་བཅོམ་པ་བསད་པ་དང་ཞེས་སྤྱིར་གསུངས་པའི་ཕྱིར་ན་མི་དགྲ་བཅོམ་པ་དང་ལྷ་དགྲ་བཅོམ་པ་གང་བསད་

༼༡༩༠༽

ཀྱང་མཚམས་མེད་པའོ།་་་་་སྐྱེ་གནས་ཀྱི་ཆ་ནས་མ་ཡིན་གྱི་ཡོན་ཏན་གྱི་ཆ་ནས་བསད་ན་སྡིག་པ་མཚམས་མེད་དུ་འགྱུར་བའི་ཕྱིར་རོ། །འོ་ན་རང་སངས་རྒྱས་བསད་ན་ཅིར་འགྱུར་སྙམ་ན། མཚམས་མེད་པར་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་བསད་པས་ཀྱང་མཚམས་མེད་འབྱུང་ན། དེ་བས་ཀྱང་སྡིག་ཆེ་བ་རང་སངས་རྒྱས་བསད་ན་ལྟ་ཅི་སྨོས་ཏེ། ལུང་གཅིག་ལས་འཕྲོས་པ་ལས། སྲོག་གཅོད་པའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་རང་སངས་རྒྱས་འཚོ་བ་དང་ཕྲལ་བ་གཅིག་ཏུ་ཉེས་པ་ཆེའོ་ཞེས་གསུངས་པ་དང་། རང་སངས་རྒྱས་ཀྱང་དགྲ་བཅོམ་པའི་བྱེ་བྲག་ཡིན་ཏེ། རང་སངས་རྒྱས་ཀྱིས་ལས། རང་བྱང་ཆུབ་ཏུ་སངས་རྒྱས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ་ཞེས་གསུངས་སོ།་་་་་མདོ་སྡེ་མའི་སྙིང་པོ་འཁོར་ལོ་བཅུ་པ་ལས་མཚམས་མེད་པའི་ལས་དང་ཉེ་བ་རྣམ་པ་བཞི་ཡོད་དེ་རང་སངས་རྒྱས་བསད་པ་དང་ཞེས་ཉེ་བའི་མཚམས་མེད་དུ་བཤད་ཀྱང་རྒྱ་ནག་འགྱུར་ཡིན་ཏེ་མ་དག་པར་སེམས་སོ། །དགེ་འདུན་གྱི་དབྱེན་ནི། བྱེ་བྲག་སྨྲ་བ་ལྟར་ན། མི་འཕྲོད་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ཡིན་ཏེ། དཔེར་ན་ཤིང་གཤེག་འཕྲོའི་བར་དུ་ཁྱེའུ་བཅུག་པ་ལྟར། དགེ་འདུན་ཕྱོགས་གཉིས་ཀྱི་བར་ན་ཕན་ཚུན་ཐུགས་རྩེ་མི་འཕྲོད་པའི་རྫས་ལུང་མ་བསྟན་ཡིན་ཏེ་མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལུང་དུ་མ་བསྟན་ཆོས། །ཞེས་བཤད་དོ། །དེ་ལྟར་ན་དགེ་འདུན་གྱི་དབྱེན་ནི་ལུང་མ་བསྟན་ཡིན་ལ། དབྱེན་བྱས་པའི་སྡིག་པ་ནི་མཚམས་མེད་པའི་ལས་ཡིན་ནོ། །དགེ་སློང་མ་སུན་ཕྱུང་བ་དང་ཞེས་པ་འདིའི་སྤྱི་དོན་ལ་བཞི་ལས། སྐབས་འདིའི།་་་་་བར་ཆད་ཀྱི་མཚན་ཉིད་ནི་མི་གང་ཞིག་གིས་དགེ་སློང་མ་ཕམ་པས་མ་གོས་པ་ལ་དེ་ལྟར་འདུ་ཤེས་ཏེ་ལོག་གཡེམ་བྱས་པའི་ལས་ཀྱི་དངོས་གཞི་ཡོངས་སུ་རྫོགས་པའོ།་་་་་སྨྱོན་པས་སུན་ཕྱུང་བ་ནི་དངོས་གཞི་མི་རྫོགས་སོ། །བྱེད་ལས་དང་དགག་བྱ་ནི་སྔ་མ་བཞིན་ནོ། །མཚོན་པའི་དོན་ནི་དགེ་སློང་དང་དགེ་ཚུལ་མ་སུན་ཕྱུང་བ་ལ་སོགས་པའོ། །ཕམ་པར་འགྱུར་བ་ཞེས་པ་འདིའི་སྤྱི་དོན་ལ་བཞི་ལས། བར་ཆད་ཀྱི་མཚན་ཉིད་ནི། ཕམ་པ་འཆབ་བཅས་བྱེད་པ་མ་ཉམས་པར་རང་རྒྱུད་ལ་ལྡན་པའོ།་་་་་ཐུན་མོང་མ་ཡིན་པའི་ཕམ་པ་འཆབ་བཅས་བྱུང་ནས་མཚན་གྱུར་ན་བྱེད་པ་ཉམས་ཏེ་སྡོམ་པ་སྐྱེ་བའི་གེགས་བྱེད་པར་གྱུར་པ་དེ་རྣམས་བར་བཅད་དོ། །འཆབ་མེད་ཀྱི་ཕམ་པ་རྒྱུད་ལ་ལྡན་ཡང་སྡོམ་པ་བླངས་ན་སྐྱེ་སྟེ། ཞུ་བ་ལས། བསླབ་པ་སྩལ་བས་བསླབ་པ་ཕུལ་ཏེ། བསྙེན་པར་རྫོགས་པར་བགྱི་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་

༼༡༩༡༽

ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །བྱེད་ལས་དང་དགག་བྱ་ནི་སྔ་མ་བཞིན་ནོ། །མཚོན་པའི་དོན་ནི། དགེ་ཚུལ་གྱི་ཕམ་པ་དང་འདྲ་བའི་ཉེས་བྱས་ཏེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་དང་། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད་ཅེས་གསུངས་སོ། །རྒྱུ་ལས་བཟློག་པའི་ཆད་པ་ཞེས་པ་འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ལ་བཞི་སྟེ་བར་ཆད་ཀྱི་རང་བཞིན་དང་། བར་ཆད་ཀྱི་བྱེད་ལས་དང་། དགག་བྱ་ཉེས་དམིགས་དང་། འགལ་བ་སྤང་བའོ། །དང་པོ་ནི།་་་་་ནན་ཏུར་བྱས་པ་སྟེ་བབས་ནས་སྡོམ་པ་ལེན་པ་ན། བསམ་པས་ནན་ཏུར་གྱི་རྒྱུ་གཏོང་ཡང་རྒྱུ་གཏོང་བར་ངག་གི་ཁས་མི་ལེན་པའོ། །གཉིས་པ་ནི་སྡོམ་པ་སྐྱེ་ཡང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །གསུམ་པ་ནི་ལང་དུ་ཡོལ་བར་འགྱུར་བའོ། །བཞི་པ་ནི། ཞུ་བའི་སྐབས་ལས་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ་ཞེས་པ་དང་། སྐབས་འདིའི་ཊཱི་ཀ་ལས། ད་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བཤད་ཅིང་། བསྙེན་པར་རྫོགས་ན་བཟོད་པ་གསོལ་ཟིན་པ་ཡིན་ནོ། །ཞེས་གསུངས་ཏེ། བསྙེན་པར་རྫོགས་ན་ཞེས་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ་་་་་་ནན་ཏུར་བྱས་པ་བབས་ནས་སྡོམ་པ་ལེན་པ་ན། དེ་གཉིས་ཀ་ནན་ཏུར་གྱི་རྒྱུ་གཏོང་བར་ཁས་མི་ལེན་པར་འདྲ་བ་ལ་སྡོམ་པ་མི་སྐྱེ་བར་བཤད་པ་དང་སྐྱེ་བར་བཤད་པ་འགལ་ལོ། ཞེ་ན། འགལ་བ་སྤང་བ་འདི་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི་ཁ་་་་་་ཉང་མཚམས་པ། ཅིག་ན་རེ་ནན་ཏུར་བྱས་པ་བབས་ནས་་་་་་ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཁས་མི་ལེན་པས། སྡོམ་པ་ལེན་ན་སྡོམ་པ་སྐྱེ་བར་གཞིའི་སྐབས་འདིར་བཤད་པ་ནི། དགེ་སློང་ནན་ཏུར་བྱས་པ་བབས་པ་ལྟ་བུ་སྟེ་རྟེན་སྐྱེས་པའི་དབང་དུ་བྱས་པ་ཡིན་ལ། སྡོམ་པ་མི་སྐྱེ་བར་ཞུ་བའི་སྐབས་ནས་བཤད་པ་ནི། དགེ་སློང་མའམ་དགེ་ཚུལ་མ་ནན་ཏུར་བྱས་པ་བབས་ནས་སྡོམ་པ་ལེན་ན་བུད་མེད་ལ་སྔོན་རབ་ཏུ་བྱུང་བའི་བར་ཆད་ཡོད་པས་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འདི་ལ་གཞིའི་སྐབས་འདི་ནས་སྡོམ་པ་སྐྱེ་བར་བཤད་པ་དང་། ཞུ་བའི་སྐབས་འདི་ནས་སྡོམ་པ་མི་སྐྱེ་བར་བཤད་པ་གཉིས་ཀ་ཡང་སྐྱེས་པ་དང་བུད་མེད་ཐུན་མོང་གི་གཞུང་གི་སྐབས་ཡིན་པ་དང་འགལ་ལོ། །གཞན་ཡང་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ་ཞེས་གསུངས་པ་འདི་ཆོས་

༼༡༩༢༽

ཅན། ཟློས་པའི་སྐྱོན་ཅན་དུ་ཐལ། སྔར་ཕྲན་ཚེགས་ཀྱི་སྐབས་སུ་སྔོན་རབ་ཏུ་བྱུང་བའི་བར་ཆད་ལྡན་སྟོབས་ཀྱིས་སྡོམ་པ་མི་སྐྱེ་བར་བསྟན་ཟིན་པ་དེ་ཉིད་ཞུ་བའི་སྐབས་འདིར་ཡང་བསྟན་པའི་ཕྱིར་རོ། །སྔ་མ་གཞུང་གིས་གྲུབ་ཅིང་རྟགས་ཟུར་ཕྱི་མ་ཁས་བླངས་སོ།་་་་་གལ་ཏེ་སྔ་མ་ནི་ནན་ཏུར་མ་བྱས་པ་སྔོན་རབ་ཏུ་བྱུང་བ་ཡིན་ལ་ཕྱི་མ་ནི་ནན་ཏུར་བྱས་པ་སྔོན་རབ་ཏུ་བྱུང་བ་ཡིན་པས་ཟློས་སྐྱོན་མེད་དོ་ཞེ་ན། ནན་ཏུར་མ་བྱས་པ་སྔོན་རབ་ཏུ་བྱུང་བ་ལ་ཡང་སྡོམ་པ་མི་སྐྱེ་ན་ནན་ཏུར་བྱས་པ་སྔོན་རབ་ཏུ་བྱུང་བ་ལ་སྡོམ་པ་སྐྱེ་སྙམ་པའི་ལོག་རྟོག་རྒན་མོ་ལོང་བ་ལ་ཡང་མི་སྐྱེ་བས་དེ་ནི་ནན་ཏུར་བྱས་པ་བབས་ནས་ནན་ཏུར་གྱི་རྒྱུ་ལས་བཟློག་པར་ཁས་མི་ལེན་པས་སྡོམ་པ་ལེན་མི་རིགས་སོ་གསུང་ངོ་། །ཡང་ཁ་ཅིག་ན་རེ་་་་་་ནན་ཏུར་བྱས་པ་བབས་ནས་ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཁས་མི་ལེན་པས་སྡོམ་པ་ལེན་ན། སྡོམ་པ་སྐྱེ་བར་སྐབས་འདིར་བཤད་པ་ནི་གནས་ནས་ཕྱུང་བ་ལས་གཞན་སྡིགས་པ་ལ་སོགས་པ་ནན་ཏུར་གཞན་བྱས་པ་ལ་དགོངས་ཏེ། སྐབས་འདིར་ནི་རྒྱུ་ལས་བཟློག་པའི་ཆད་པ་ཞེས་སྨོས་ཀྱི། གནས་ནས་ཕྱུང་བ་ཞེས་མ་སྨོས་པ་དང་། སྡོམ་པ་མི་སྐྱེ་བར་ཞུ་བའི་སྐབས་ནས་བཤད་པ་ནི། གནས་ནས་ཕྱུང་བ་ལ་དགོངས་པ་སྟེ། རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་པ་ཞེས་གསུངས་པས་ཤེས་སོ་ཟེར་རོ། །དེ་ནི་མ་ཡིན་ཏེ། རྒྱུ་ལས་བཟློག་པའི་ཆད་པ་ཞེས་པ་འདི་ཉིད་ཀྱི་སྐབས་ཀྱི་ལུང་གཞི་ལས། མ་མཐོང་བ་གནས་ནས་ཕྱུང་བ་བབས་པ་ཞིག་ཡང་ཕྱིར་འོངས་ནས་ཞེས་པ་དང་། གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ་ཞེས་པ་འདི་ཉིད་ཀྱི་ཊཱི་ཀ་ལས། འདིར་གནས་ནས་ཕྱུང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། ཆད་པའི་ལས་བྱེད་དུ་བཅུག་པ་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བཤད་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི་འདི་དང་འོག་མ་གཉིས་ཀ་ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཁས་མི་ལེན་པར་མཚུངས་ཀྱང་། འདིར་སྡོམ་པ་སྐྱེ་བར་བཤད་པ་ནི་ནན་ཏུར་གྱི་རྒྱུ་གཏོང་ངོ་ཞེས་ངག་གིས་ཁས་མི་ལེན་ཀྱང་བསམ་པས་ནན་ཏུར་གྱི་རྒྱུ་གཏོང་བ་སྟེ། ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་གཅོད་སྙམ་པའི་བསམ་པ་ཅན་གྱིས་ལེན་ན་སྡོམ་པ་སྐྱེ་བའོ། །ཞུ་བའི་སྐབས་ནས་སྡོམ་པ་མི་སྐྱེ་བར་བཤད་པ་ནི་ནན་ཏུར་གྱི་རྒྱུ་གཏོང་བར་ངག་གིས་ཀྱང་ཁས་མི་ལེན་ཅིང་བསམ་པས་ཀྱང་ནན་ཏུར་གྱི་རྒྱུ་མི་གཏོང་བ་སྟེ། ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་མི་གཅོད་སྙམ་པའི་བསམ་པ་ཅན་གྱིས་སྡོམ་པ་བླངས་ཀྱང་མི་སྐྱེ་སྟེ། ཡན་ལག་ངེས་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ལ། རྒྱུ་ལས་བཟློག་པའི་ཆད་པ་ཞེས་པ་ནི། ཆད་པའི་རྒྱུ་

༼༡༩༣༽

ལས་བཟློག་པ་ཞེས་པ་སྟེ།་་་་་སྔ་ཕྱི་བསྒྱུར་བའོ། ཚིག་སྔ་ཕྱི་བསྒྱུར་བ།་་་་་དེ་ལ་སྒྲུབ་བྱེད་ཀྱི་གཞུང་གཉིས་ཡོད་དེ། ཚིག་འདི་ཉིད་ཀྱི་ཊཱི་ཀ་ལས་ཆད་པའི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་བཟློག་པ་ཞེས་གསུངས་པ་དང་།་་་་་བཀོལ་བ་རྒྱུ་ལས་བཟློག་པ་ཡན་ཆད་དོ་ཞེས་མ་གསུངས་པར། བཀོལ་བ་ཆད་པ་ཡན་ཆད་དོ་ཞེས་གསུངས་པས་ཤེས་ཏེ།་་་་་རྒྱུ་ལས་བཟློག་པ་ཞེས་པའི་སྐབས་ཀྱི། ཆད་པ་ཞེས་པ་འདི་མདོ་རྩ་བའི་རྒྱ་དཔེ་ལ་ཚིག་གི་དང་པོ་ན་ཡོད་པས་བཀོལ་བ་ཆད་པ་ཡན་ཆད་དོ་ཞེས་གསུངས་ཀྱི། བཀོལ་བ་རྒྱུ་ལས་བཟློག་པ་ཡན་ཆད་དོ་ཞེས་པ་ནི་མ་གསུངས་སོ། །དེས་ན་ཆད་པའི་རྒྱུ་ལས་བཟློག་པ་ཞེས་རྒྱ་དཔེ་ལ་ཡོད་ཀྱང་། རྒྱུ་ལས་བཟློག་པའི་ཆད་པ་ཞེས་སྒྲ་ལོག་འགྱུར་དུ་ལོ་ཙཱ་བས་བསྒྱུར་བ་ཡིན་ནོ།་་་་་སྒྲ་ཐད་འགྱུར་དུ་བསྒྱུར་ན་གོ་སླ་སྟེ། སྒྲ་ལོག་འགྱུར་དུ་བྱས་སྣང་། །ཁས་མི་ལེན་ཞེས་པ་བཟོད་གསོལ་བྱེད་པར་ཁས་མི་ལེན་པའོ་ཞེས་སྔ་རབས་པ་རྣམས་འཆད་ཀྱང་། དེ་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང་། ཁས་མི་ལེན་ཞེས་པ་ནི་ཆད་པའི་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་སྟེ། ནན་ཏུར་གྱི་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཡིན་པ་་་་་་དེ་ལ་སྒྲུབ་བྱེད་ཀྱི་གཞུང་བཞི་ཡོད་དེ། ཊཱི་ཀ་ལས། སྡིག་པ་ལ་སོགས་པའི་ཆད་པའི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་བཟློག་པ་འཐབ་ཀྲོལ་མི་བྱེད་པ་ལ་སོགས་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་མདོའི་དོན་བསྟན་པ་ཡིན་ནོ་ཞེས་པ་དང་། ཊཱི་ཀ་ལས། ཅི་ཞིག་ཁས་མི་ལེན་ཅེ་ན། རྒྱུ་ལས་བཟློག་པ་ཞེས་པ་དང་། ཁས་མི་ལེན་པ་དག་དབྱུང་རྫོགས་མི་བྱའོ་ཞེས་པ་འདི་ཉིད་ཀྱི་འགྲེལ་ཆུང་ལས་སྔོན་གྱི་ཉེས་པ་གཏོང་ངོ་ཞེས་མི་ཟེར་ན་དགེ་སྦྱོང་དང་། དགེ་སློང་དུ་མི་གཞུག་ཅེས་བཤད་དེ། ནན་ཏུར་གྱི་རྒྱུ་སྔོན་གྱི་ཉེས་པ་གཏོང་ངོ་ཞེས་མི་ཟེར་ན་ཞེས་བསྟན་པ་དང་། ཁས་མི་ལེན་པ་དག་དབྱུང་རྫོགས་མི་བྱའོ་ཞེས་པ་འདི་ཉིད་ཀྱི་ལུང་གཞི་ལས། མ་མཐོང་བས་གནས་ནས་ཕྱུང་བ་བབས་པ་ཞིག་ཡང་ཕྱིར་འོངས་ནས། ལྟུང་བ་མཐོང་གིས་བདག་རབ་ཏུ་དབྱུང་དུ་གསོལ་ཟེར་ན་རབ་ཏུ་དབྱུང་བར་བྱའོ། །ཞེས་གསུངས་ཏེ། ལྟུང་བ་མཐོང་གིས་ཞེས་ཟེར་་་་་་སྟེ་མ་མཐོང་བ་གནས་ནས་ཕྱུང་བའི་རྒྱུ་ལས་བཟློག་པ་ཁས་ལེན་ན། ན་རབ་ཏུ་དབྱུང་ཞེས་དངོས་སུ་གསུངས་པས། ལྟུང་བ་མཐོང་གིས་ཞེས་མི་ཟེར་ན་ནི་རབ་ཏུ་མི་དབྱུང་ཞེས་ལུང་ལས་ཤུགས་ཀྱིས་བསྟན་པ་སྟེ། མདོ་རྩ་བར་དངོས་སུ་བསྟན་ཏེ། ཁས་མི་ལེན་པ་དག་དབྱུང་རྫོགས་མི་བྱའོ་ཞེས་གསུངས་སོ། །མཛེས་པའི་བར་ཆད་ནི། ལག་རྡུམ་དག་དང་ཞེས་པ་ལ་སོགས་པ་རྣམས་ཏེ། འདི་རྣམས་རབ་ཏུ་འབྱིན་ནམ་

༼༡༩༤༽

བསྙེན་རྫོགས་བྱེད་ན། གཞོན་ཆེས་པ་ལོ་བདུན་མ་ལོན་པ་མ་གཏོགས་པ་འདི་རྣམས་ཐམས་ཅད་ལ་སྡོམ་པའི་རྒྱུ་གཞན་ཚང་ན་ལེན་པ་པོ་ལ་སྡོམ་པ་སྐྱེ། འབོགས་པ་པོ་ལ་ཉེས་བྱས་བསྐྱེད། གཞན་མ་དད་པ་བསྐྱེད་པ་སྟེ་ཐུན་མོང་གི་ཆོས་གསུམ་ཡོད་དོ། །ཚངས་པར་སྤྱོད་ཅིང་གཡོ་སྒྱུ་སྤངས་པ་ནི་དྲང་སྲོང་ཡིན་ལ།་་་་་དྲང་སྲོང་ཆེན་པོ་ནི་སངས་རྒྱས་ཉིད་དེ། ཊཱི་ཀ་ལས། དྲང་སྲོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས། ཞེས་སོ།་་་་་དྲང་སྲོང་ཡིན་ཡང་ཆེན་པོ་མ་ཡིན་པ་ནི་ཉན་ཐོས་དགེ་སློང་ལྟ་བུའོ། །ཆེན་པོ་ཡིན་ཡང་དྲང་སྲོང་མ་ཡིན་པ་ནི་ལྷ་ཆེན་པོ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་ལྷ་ཀླུ་ཕྲ་མོ་ལྟ་བུ་སྟེ་དེ་རྣམས་རྣམ་པར་བཅད་པའོ། །ཕྲན་ཚེགས་འགྲེལ་ལས། མཛེས་པ་ནི་ལུས་དག་པ་དང་་་་་་ལག་རྡུམ་ལ་སོགས་པ་སེལ་ལོ། །ཡོངས་སུ་དག་་་་་་མ་བསད་པ་ལ་སོགས་པ་སེལ། པ་ནི་ལས་དག་པ་ཡིན་ནོ་ཞེས་བཤད་ཀྱང་། མཛེས་པ་ནི་མཛེས་པའི་བར་ཆད་མེད་པ་དང་། ཡོངས་སུ་དག་པ་ནི་སྡོམ་པ་སྐྱེ་བའི་བར་ཆད་མེད་པ་སྟེ་ཊཱི་ཀས་དོན་དེ་ལྟར་བཤད་དོ། །མཛེས་པ་རབ་ཏུ་དབྱུང་བ་དང་ཡོངས་སུ་དག་པ་རབ་ཏུ་དབྱུང་ཞིང་མཛེས་པ་བསྙེན་པར་རྫོགས་པ་དང་ཡོངས་སུ་དག་པ་བསྙེན་པར་རྫོགས་པར་ཞེས་པ་སྦྱར་ཏེ།་་་་་གཞི་འགྲེལ་ལས། རབ་ཏུ་དབྱུང་བ་ལ་ཡང་མཛེས་པ་དེ་དང་ཡོངས་སུ་དག་པ་གཉིས་ཀ་དགོས་ལ་བསྙེན་པར་རྫོགས་པ་ལ་ཡང་མཛེས་པ་དང་ཡོངས་སུ་དག་པ་གཉིས་ཀ་དགོས་པར་བཀའ་སྩལ་ཏོ་ཞེས་ཤེས་པར་བྱའོ་ཞེས་བཤད་དོ། །རྫོགས་སངས་རྒྱས་ཀྱིས་་་་་་ཚུལ་ཇི་ལྟར་བཀའ་སྩལ་ཞེ་ན་ཤེས་བྱ་ཐམས་ཅད། རབ་མཁྱེན་ཏེ། དེ་ངེས་དོན་དུ་གང་གིས་གྲུབ་ཅེ་ན།་་་་་།བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །བདེན་པའི་མཚན་ཉིད་ནི་བདེན་པ་ཡང་དག་པའི་ཕྱིར་རམ། རྫུན་མི་གསུངས་པའི་ཕྱིར་ཏེ། འགྲེལ་ཆུང་ལས་སངས་རྒྱས་མི་རྫུན་པས་ན་བདེན་པའི་མཚན་ཉིད་ཅེས་བྱ་སྟེ་ཞེས་པ་དང་། ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྟུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམས་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་མ་ཡིན། །ཞེས་གསུངས་སོ། །གཞིའི་སྐབས་ཀྱི་རྣམ་པར་བཤད་པ་རྫོགས་སོ། །དེ་ལྟར་གཞི་རྩ་བའི་སྐབས་འདིར་བར་ཆད་རྣམས་ཕྱི་ནས་བསྟན་ནས། ཕྲན་ཚེགས་འགྲེལ་བའི་སྐབས་འདིར་བར་ཆད་རྣམས་སྔོན་དུ་བསྟན་པས། རྩ་འགྲེལ་གོ་རིམ་མི་མཐུན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་གོ་རིམ་དེ་ལྟར་བཀོད་པས། བར་ཆད་སྟོན་པའི་གཞུང་རྣམས་ཀྱི་བར་དུ་གཞུང་གཞན་མ་ཞུགས་ཤིང་བར་ཆད་རྣམས་ཕྱོགས་གཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །རྒྱལ་པོས་བཀྲབས་པའོ་

༼༡༩༥༽

ཞེས་པ་འདིའི་སྤྱི་དོན་ལ་བཞི་ལས།་་་་་སྐབས་འདིའི། བར་ཆད་ཀྱི་མཚན་ཉིད་ནི། རྒྱལ་པོས་བཀྲབས་པའི་བློན་པོ་ཆོས་བཞི་ལྡན་ནོ། །དེ་ཡང་རྒྱལ་པོ་མི་ཡིན་གསོན་པར་གནས། ཡུལ་ཉེ་བ་ཡིན། དེའམ་དེ་བས་དབང་ཆེ་བ་དེས་གནང་བ་མ་ཡིན་པ་དང་བཞི་སྟེ་སྔ་མ་གཉིས་ཕ་མས་མ་གནང་བ་ལ་བཤད་པའི་གནད་ཀྱིས་སྦྱར་ལ། ཕྱི་མ་གཉིས་རྩ་འགྲེལ་འདི་ཉིད་ལས་སོ། །བྱེད་ལས་ནི་ཕ་མས་མ་གནང་བ་བཞིན་ནོ། །དགག་བྱ་ནི་རྒྱལ་པོ་ལ་གནོད་པ་དང་མ་དད་པ་སྐྱེ་བའོ། །མཚོན་པའི་དོན་ནི་རྗེ་དཔོན་གྱིས་བཀྲབས་པའོ། །ཡན་ལག་གི་དོན་ལ། ཡུལ་ཐག་མི་རིང་བའོ་ཞེས་པ་དེའི་ཚད་ནི་ཊཱི་ཀ་ལས། ཡུལ་གང་ན་རྒྱལ་པོ་གང་གི་ཚིག་མངོན་སུམ་མམ་བརྒྱུད་པས་འདའ་བར་བྱ་བ་མ་ཡིན་པ་དེ་ནི་འདིར་ཡུལ་ཐག་མི་རིང་བའོ་ཞེས་སོ།་་་་་རྒྱལ་པོས་བཀྲབས་པ་འདི་ནི་བྲན་གྱི་མཚོན་དོན་དུ་མི་བྱེད་པར་ཕ་མས་མ་གནང་བའི་མཚོན་དོན་དུ་བྱེད་པ་ནི། གཅེས་ཤིང་ཡིད་དུ་འོང་བའི་སྒོ་ནས་སྐྱོང་བར་རྣམ་པར་འདྲ་བའི་ཕྱིར་རོ་ཞེས་གསུངས་སོ། །ཆོམ་རྐུན་པར་གྲགས་པའོ་ཞེས་པ་འདིའི་སྤྱི་དོན་ལ་བཞི་ལས། སྐབས་འདིའི།་་་་་བར་ཆད་ཀྱི་མཚན་ཉིད་ནི། ཡུལ་དུས་དེ་ན་ཆོམ་རྐུན་པར་གྲགས་པའོ། །བྱེད་ལས་ནི། སྡོམ་པ་སྐྱེ་ཡང་འབོགས་པ་པོ་ལ་ཉེས་པ་བསྐྱེད་པའོ། །དགག་བྱ་ནི་མ་དད་པ་སྐྱེ་བའོ། །མཚོན་པའི་དོན་ནི། ཕུང་ཀྲོལ་བའོ།་་་་་བཀོལ་བ་ཆོམ་རྐུན་པ་ཞེས་པའི། ཊཱི་ཀ་ལས་བཀོལ་བ་ཞེས་བྱ་བ་ནི་དབང་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་མདོ་སྔ་མ་ལས་བཀོལ་བ་ཞེས་སྨོས་པའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་མོད་ཀྱི་ཞེས་པ་ནི། བཀོལ་བ་ཞེས་དབང་དུ་བྱ་བའི་ཚུལ་གྱིས་མདོ་སྔ་མ་ལ་སྨོས་པས་མདོ་ཕྱི་མ་ལ་ཡང་གོ་བར་འགྱུར་མོད་ཀྱི་ཞེས་པའོ། །འདིར་ཡང་བཀོལ་བ་ཞེས་སྨོས་པ་ནི་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་ཞེས་བྱ་བ་དེ་ལས་དགར་བའི་དོན་ཏེ་ཞེས་པ་་་་་་ཊཱི་ཀ་ལས་བཤད། ནི། སྔ་མ་རྒྱལ་པོས་བཀྲབས་པ།་་་་་ལ་ཡུལ་ཐག་ཉེ་ན་བར་ཆད་དུ་འགྱུར་གྱི། ཆོམ་རྐུན་པར་གྲགས་པ།་་་་་འདི་ནི་ཡུལ་ཐག་རིང་ཡང་བར་ཆད་དུ་འགྱུར་བས་འདི་གཉིས་ཚུལ་ཐ་དད་པའི་ཕྱིར་རོ་ཞེས་པའོ། །ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ། །ཞེས་པའི་ཊཱི་ཀ་ལས་དེ་ནི་མཚོན་པ་ཡིན་གྱི་སྐྲ་སེར་ལ་སོགས་པ་དག་ཀྱང་རིག་པར་བྱ་སྟེ། ཡོངས་སུ་བགྲང་བ་ནི་མ་ཡིན་ནོ་ཞེས་པ་ནི་མཛེས་མི་མཛེས་ཡུལ་དུས་ཀྱིས་འཇོག་པའི་ཕྱིར་མཛེས་པའི་བར་ཆད་་་་་་ཡོངས་སུ་བགྲང་བ་ནི་མ་ཡིན་ནོ་ཞེས་པ་དེ། འདི་རྣམས་ཁོ་ནར་གྲངས་ངེས་པ་ནི་མ་ཡིན་ནོ་ཞེས་པའོ། །རིགས་དང་་་་་་ཁ་དོག་དང་དབྱིབས། ལུས་ལས་སྐྱོན་ཆགས་པ་ཞེས་པ་ནི། ལུང་ཕྲན་ཚེགས་ལས། དགེ་སློང་

༼༡༩༦༽

གིས་འཁོར་སུན་འབྱིན་པ་ཉེ་བར་བཞག་པར་མི་བྱ་སྟེ། ཉེ་བར་འཇོག་ན་འགལ་ཚབས་ཅན་དུ་འགྱུར་རོ། །འཁོར་སུན་འབྱིན་པར་བྱེད་པ་ནི་རྒྱུ་གཉིས་ཀྱིས་ཏེ་རིགས་དང་མཚན་མས་སོ། །ཞེས་གསུངས་སོ། །མཚན་མ་ལ་ཁ་དོག་དང་དབྱིབས་གཉིས་སུ་ཕྱེ་སྟེ། ཊཱི་་་་་་མདོ་འདིའི། ཀ་ལས། ཇི་ཙམ་གྱིས་ན་འཁོར་སུན་འབྱིན་པར་བརྗོད་པར་བྱ་ཞེ་ན། རིགས་དང་ཁ་དོག་དང་དབྱིབས་ལས་ཏེ་ཞེས་སོ།་་་་་རིགས་ལ་སྐྱོན་ཆགས་པ་ནི་ལྷམ་མཁན་དང་གདོལ་པ་ལ་སོགས་པའོ། །ཁ་དོག་ལ་སྐྱོན་ཆགས་པ་ནི་ཤ་མདོག་ཁ་དོག་རྣམ་པ་བཞི་དང་སྐྲ་སེར་ལ་སོགས་པའོ། །དབྱིབས་ལ་སྐྱོན་ཆགས་པ་ནི་ལག་རྡུམ་དང་རྐང་རྡུམ་ལ་སོགས་པའོ། །དེ་ལྟར་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་འབྱིན་པ་དང་འཁོར་དུ་འཇོག་པ་བཀག་པའོ། །འོ་ན་ལུང་རྣམ་འབྱེད་པས། ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་རིགས་གཅེས་པ་མ་ཡིན། མདོ་འདིའི་་་་་་རུས་གཅེས་པ་མ་ཡིན། སྒྲུབ་པ་གཅེས་པ་ཡིན་ནོ་ཞེས་གསུངས་པ་དང་། ཉ་པ་་་་་་རིགས་ལ་སྐྱོན་ཆགས་པ། ལྔ་བརྒྱ་དང་འདྲེག་མཁན་ཉེ་བར་འཁོར་དང་། ལུས་ལ་སྐྱོན་ཆགས་པ།་་་་་བ་ལང་བདག་ལ་སོགས་པ་རབ་ཏུ་ཕྱུང་བར་ལུང་ལས་གསུངས་པ་དང་འགལ་སྙམ་ན། ཉ་པ་ལྔ་བརྒྱ་ལ་སོགས་པ་དེ་དག་ནི་སྲིད་པ་ཐ་མ་པ་སྟེ་མངོན་ཤེས་ཐོབ་པ་དག་གིས་རབ་ཏུ་འབྱིན་དུ་གནང་བ་དམིགས་བསལ་ཡིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། བསམ་དང་་་་་་མཁན་པོའི་ནང་པོ་ད་ལྟར་གྱི། ངེས་འབྱུང་གི་བསམ་པ། རྗེས་ཀྱི་བསམ་ཤེས་ཤིང་།་་་་་ཚེ་དེ་ལ་མཐོང་ལམ་ཡན་ཆད་ཀྱི་བསམ་པ་སྐྱེ་བར་འགྱུར་བ། མངོན་ཤེས་ཡེ་ཤེས་ཐོབ་པས་ནི། །མཐུ་ཡིས་འཇིག་རྟེན་ཚིམ་བྱེད་ཕྱིར།་་་་་།བསམ་པ་མ་དད་པ་བསྒྱུར་ནུས་པའི། །རབ་་་་་་ལག་རྡུམ་ལ་སོགས་པ། ཏུ་འབྱིན་ན་ཉེས་པ་མེད་ཅེས་གསུངས་སོ། །མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་ཞེས་པ་ལུང་ཕྲན་ཚེགས་ལས་བྲན་ཅན་དང་སྐྱོང་བ་ལ་བརྟེན་་་་་་ཊཱི་ཀ་ལས་སྦྱིན་བྱེད་དང་སྐྱོང་བ་ཞེས་སོ། །ནས་གསུངས་སོ། །ལུང་ཞུ་བ་ལས། བཙུན་པ་ལས་གཅིག་གིས་གཉིས་སམ་གསུམ་བསྙེན་པར་རྫོགས་པར་གནང་ངམ། ཨུ་པ་ལི་གནང་ངོ་ཞེས་གསུངས་སོ། །དེ་ལ་ཆོ་ག་བརྗོད་པ་ན། ལོན་པ་པོ་གཅིག་དང་གཉིས་དང་གསུམ་ལ། འདི་ཞེས་པ་དང་། འདི་དག་ཅེས་པ་དང་། འདི་རྣམས་ཞེས་པ་གོ་རིམ་བཞིན་ནོ། །དགེ་འདུན་ཚོགས་པ་གཅིག་གི་དབང་དུ་བྱས་ཏེ་ལས་ཀྱི་ཆོ་ག་གཅིག་གིས་གཞི་བསྙེན་པར་རྫོགས་པར་བྱེད་ན་ནི་ལས་མི་འཆགས་སོ། །གསུམ་མན་ཆད་ཚིག་གཅིག་ཅེས་པའི་དམིགས་བསལ་ནི།་་་་་ཚིག་གཅིག་གིས་ལྔ་བརྒྱ་བསྙེན་རྫོགས་བྱར་རུང་བ་ཡོད་དེ་ཉ་པ་ལྔ་བརྒྱ་ལ་ཚུར་ཤོག་མཛད་པ་ལྟ་བུའོ། །ད་ལྟར་གྱི་ཆོ་ག་ལ་ཡང་ལས་ཀྱི་ཆོ་ག དགེ་

༼༡༩༧༽

འདུན་ཚོགས་པ་ཐ་དད་ན་ལས་ཀྱི་ཆོ་ག་གཅིག་གིས་གསུམ་ལས་མང་བ་བསྙེན་རྫོགས་བྱར་རུང་བ་ཡོད་དེ། ལུང་ཞུ་བ་ལས། བཙུན་པ་ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ་གནས་བཞིར་གང་ཟག་བཞི་བསྙེན་པར་རྫོགས་པར་གནང་ངམ། གནང་སྟེ་འདི་ལྟར་ལས་བྱེད་པའི་དགེ་སློང་གནས་བཞི་ཆར་གྱི་མཚམས་སུ། ཤིང་ངམ་མཁར་བའམ་རེ་ལྡེ་རྣམས་ཀྱིས་མནན་ཏེ་རེ་རེ་ནས་སམ་གཉིས་གཉིས་ནས་སམ། གསུམ་གསུམ་ནས་བསྙེན་པར་རྫོགས་པར་བྱ་སྟེ། བཞིར་མ་ཚང་ནའོ། །ཞེས་གསུངས་སོ། །དགེ་སློང་དགོན་པ་བས་སྐྲ་སྲིད་དུ་སོར་གཉིས་ལས་ལྷག་པ་མི་བཞག་གོ་སྐྲ་སྨོས་པས་ཁ་སྤུ་ཡང་སྨོས་པར་འགྱུར་བའི་ཕྱིར་ཞེས་ཊཱི་ཀ་ལས་སོ།་་་་་འདུལ་བ། །བསྡུས་པ་ལས། དགོན་པ་པས་ནི་སྐྲ་སོར་གཉིས་འཁྱིལ་བ་བྲེག་གོ་ཞེས་་་་་་ཁྱད་པར་བཤེས་གཉེན་གྱིས། བཤད་ཀྱང་། རང་གི་རྣམ་བཤད་ལས། སོར་གཉིས་བསྐོར་བ་ཡིན་ན་དེ་ནི་རིགས་པ་མ་ཡིན་ཞེས་པ་དང་། འོད་ལྡན་ལས་ཀྱང་། དེ་ལྟར་གྱུར་ན་ཚད་སོར་ལྔར་འགྱུར་བས་སོ། །གླེང་གཞི་དེ་ཉིད་ཀྱི་ཉེས་པར་འགྱུར་བས་མི་འདོད་དེ་ཞེས་སོ། །གྲོང་མཐའ་པས་ནི་དེའི་འོག་མ་སོར་ཕྱེད་དང་གཉིས་སོ། །ཊཱི་ཀ་ལས། སོར་ཕྱེད་དང་གཉིས་ལས་ལྷག་པ་སོར་གཉིས་ཀྱི་ཚད་དུ་གྱུར་པ་དེ་ཙམ་དུ་མི་བཞག་གོ་ཞེས་སོ།་་་་་ལྷག་པའི་ཚད་ནི་སོར་ཕྱེད་ཡིན་པར་ཊཱི་ཀའི་ཚིག་དེས་ཤེས་སོ། །དེ་གཉིས་ལ་ཡངས་དོག་གི་ཁྱད་པར་འབྱུང་བ་ནི། ལུང་་་་་་ཕྲན་ཚེགས་ལས། དགོན་པ་བ་དག་གིས་འདྲེག་མཁན་མ་རྙེད་ན་སྐྲ་སོར་གཉིས་ཀྱི་ཚད་དུ་བཞག་པར་རྗེས་སུ་གནང་ཞེས་གསུངས་ལ། འགྲེལ་ཆུང་ལས་དགོན་པ་ན་འདྲེག་མཁན་དཀོན་པའི་ཕྱིར་དང་། གྲོང་མཐའ་ན་འདྲེག་མཁན་བཙལ་སླ་བའི་ཕྱིར་ཞེས་སོ། །མ་དད་པ་སྐྱེ་བའི་དགག་བྱ་འབྱུང་རིང་བ་དང་ཉེ་བའི་ཁྱད་པར་གྱིས་ཀྱང་ཡིན་ནོ། །ལུས་གཞན་མགྲིན་པ་མན་ཆད་ཀྱི་ཡང་སྤུ་བྲེག་པར་མི་བྱའོ།་་་་་འདིའི་ཁུངས་ནི་ལུང་མ་མོ་ལས་སྐྲ་དང་ཁ་སྤུ་མ་བཏོགས་པ་དེ་ལས་གཞན་པའི་ཡན་ལག་དང་ཉིང་ལག་དག་གི་སྤུ་བྲེག་པར་མི་བྱའོ། །འདྲེག་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་ནི་རྐང་ལག་གོ །ཉིང་ལག་ནི་ཡན་ལག་གི་ཡན་ལག་སྟེ་སོར་མོ་རྣམས་སོ། །འོ་ན་སྣའི་སྤུ་ཡང་འཐོག་ཏུ་མི་རུང་ངམ་སྙམ་ན། ཊཱི་ཀ་ལས། སྣའི་སྤུ་བྲེག་པ་ལ་ནི་རྣམ་གྲངས་ཀྱི་ཚིག་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་སྣའི་སྤུ་ཕྱེད་བཏོགས་པ་ལ་རྒན་རིམ་གྱིས་སྨད་ཙེར་བླང་བར་མི་བྱའོ། །ལེན་ན་

༼༡༩༨༽

འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་སྣའི་སྤུ་རྣམ་པ་ཐམས་ཅད་དུ་བཏོགས་པར་མི་བྱ་བ་ཡིན་ན། འདི་ལ་ཅིའི་ཕྱིར་ཉེས་བྱས་སུ་བསྟན་པ་ཡིན་ཏེ། རིགས་པ་འདིས་སྔོན་གཞུང་དངོས་སུ་ཡང་ཡོད་པ་ལས་ནུབ་པར་ཤེས་སོ།་་་་་ལུང་ལས་སྣའི་སྤུ་འཐོག་ཏུ་རུང་ཞེས་གསུངས་པའི། སྨིན་མའི་སྤུ་འདྲེག་ན་ཉེས་བྱས་ཞེས་ཐམས་ཅད་ཡོད་སྨྲའི་ལུགས་སོ། །སྨིན་མའི་སྤུ་ཡང་སོར་གཉིས་ལས་ལྷག་པ་འདྲེག་པར་བྱ་ཞེས་ཕལ་ཆེན་སྡེ་བའི་ལུགས་སོ། །ཆོས་གོས་གྱོན་བཞིན་དུ་ཞེས་ཆོས་གོས་སྤྱིར་སྨོས་ཀྱང་སྣམ་སྦྱར་དང་བླ་གོས་བཟུང་སྟེ། ཊཱི་ཀ་ལས། མཐང་གོས་ཀྱང་བཀག་ན་གཅེར་བུར་འགྱུར་བའི་ཕྱིར་རོ་ཞེས་སོ། །སྐྲ་བཟེད་པའི་གོས་བཅང་བར་བྱའོ། །འདིའི་ཚད་ནི། མེ་ཏོག་ཕྲེང་རྒྱུད་ལས། སྐྲ་འདྲེག་ན་རོ་སྟོད་གཅེར་བའི་ཉེས་པ།་་་་་བསྲུང་བའི་དོན་དུ་སྐྲ་བཟེད་ནི། །རྒྱར་ནི་ཕྱེད་དང་གཉིས་ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་པར་ཅང་བར་མི་བྱའོ་ཞེས་སོ། །ལུང་ཕྲན་ཚེགས་ལས། སྐྲ་བཟེད་བགོས་ནས་སྐྲ་བྲེག་པར་བྱའོ་ཞེས་གསུངས་སོ། །ཊཱི་ཀ་ལས་ཀྱང་། སྐྲ་བཟེད་དེ་ཡང་བགོ་བའི་དོན་ཡིན་གྱི་གདིང་བའི་དོན་ནི་མ་ཡིན་ཏེ། མེད་ན་རྔུལ་གཟན་གྱི་སོ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བཤད་དོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་པ་ལ་སོགས་པ་སྒྲེན་མོ་བཀག་པའི་སྐབས་མང་དུ་གསུངས་ན། སྒྲེན་མོ་ཡིན་མིན་གྱི་ཁྱད་པར་ཅི་ཞེ་ན། ཊཱི་ཀ་ལས་དོན་འདི་ལྟར་གསུངས་ཏེ། སྐབས་གཞན་དུ་སྒྲེན་མོ་དང་སྒྲེན་མོ་མ་ཡིན་པ་ནི་འཁོར་གསུམ་མ་གཡོགས་པ་དང་གཡོགས་པ་ཡིན་ལ། ཁྲུས་ཀྱི་སྐབས་འདིར་སྒྲེན་མོ་དང་སྒྲེན་མོ་མ་ཡིན་པ་ནི་གསང་བའི་གནས་མ་གཡོགས་པ་དང་གཡོགས་པ་སྟེ།་་་་་གོ་རིམ་བཞིན་ནོ་སྐབས་འདིར་ནི་འཁོར་གསུམ་མ་གཡོགས་ཀྱང་གསང་བའི་གནས་གཡོགས་ན་སྒྲེན་མོ་མ་ཡིན་ཏེ། མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་ཁྲུས་བྱའོ་ཞེས་གསུངས་པས་ཤེས་སོ། །ཁྲུས་རས་བཅང་བར་བྱའོ་ཞེས་པ་ལ་སོགས་ཏེ་་་་་་སྐྲ་བཟེད་བཅང་བར་བྱའོ་འུར་རྡོ་བཅང་བར་བྱའོ། །བཅང་བར་བྱའོ་ཞེས་འདུལ་བ་ནས་ལན་མང་དུ་གསུངས་ན། དེ་ཐམས་ཅད་ཅི་ནས་ཀྱང་འཆང་དགོས་མ་བཅངས་ན་ཉེས་པར་འགྱུར་བ་སྒྲུབ་པའི་བསླབ་བྱ་ཡིན་ནམ། འོན་ཏེ་ཅི་་་་་་བཅངས་ཀྱང་ཆོག་མ་བཅངས་ཀྱང་ཆོག དགར་འཇུག་པ་གནང་བའི་བསླབ་པ་ཡིན་ཞེ་ན་བཅང་བར་བྱའོ་ཞེས་གསུངས་པ་ཐམས་ཅད་སྤྱིར་གཏན་ལ་དབབ་པ་ནི། ཡོ་བྱད་དྲུག་ལ་སོགས་པ་དགག་དགོས་ཀྱི་རྒྱུ་མཚན་དང་ལྡན་པ་རྣམས་ནི་ཅི་ནས་ཀྱང་འཆང་དགོས་པ་སྒྲུབ་པའི་བསླབ་པ་ཡིན་ལ། དགག་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་པ་ཁྲུས་རས་བཅང་བར་བྱའོ་འུར་རྡོ་བཅིང་བར་བྱའོ་ཞེས་པ་ལ་སོགས་པ་

༼༡༩༩༽

རྣམས་ནི་བཅང་བར་བྱའོ་ཞེས་གསུངས་ཀྱང་བཅང་དུ་གནང་བ་ཡིན་ཏེ། ཊཱི་ཀ་ལས། ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། བྱེད་པའི་ཚིག་དང་པོར་བསྟན་པའི་ཕྱིར་རང་དགར་སྤྱད་པ་ཡིན་པར་རིག་པར་བྱའོ་ཞེས་དང་། འགྲེལ་ཆུང་ལས་ཀྱང་། ཁྲུས་རས་བཅངས་ཀྱང་ཉེས་མེད་ཅེས་བཤད་་་་་་བྱེད་པའི་ཚིག་དང་པོར་བསྟན་པའི་ཕྱིར། ཞེས་པ་ནི་རྒྱ་དཔེ་ལ་བཅང་བར་བྱའོ་ཁྲུས་རས་ཞེས་པ་སྟེ། དེ་ནི་སྒྲ་ལོག་འགྱུར་དུ་བསྒྱུར་བའོ། །འགྲེལ་ཆུང་གི་མདོ་རྩ་བ་ལས་ཆོངས་ཤིག་ཁྲུས་རས་ཞེས་སྒྲ་ཐད་འགྱུར་དུ་བསྒྱུར་སྣང་ངོ་། དོ། །འོ་ན་བཅང་དུ་གནང་ངོ་ཞེས་མ་གསུངས་པར་བཅང་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་སྨོས་པའི་རྒྱུ་མཚན་གང་ཞེ་ན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་བསྟོད་ཅིང་། དེ་ལས་ལྡོག་པ་ལ་རྣམ་གྲངས་དུ་མས་སྨད་པ་དང་། བཅང་བར་བྱའོ་ཞེས་བརྗོད་ན།་་་་་ཡུལ་དུས་གང་ཟག་འགའ་ཞིག་ལ་གནང་ཡང་ཐམས་ཅད་ལ་གནང་བ་མ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སྒྲུབ་་་་་་བཅང་བར་བྱའོ་ཞེས། ཚིག་ཏུ་བསྟན་ཏོ། །ཀུན་ཏུ་འཆགས་སོ་ཞེས་པ་ལ་ཊཱི་ཀ་ལས་ཀུན་ཏུ་ཞེས་སྨོས་པ་ནི་འགྲེལ་པ་བྱེད་པ་ནི་རེ་གཞུད་མཛེས་པ་སྒྲུབ་པའི་ཕྱིར་ཞེས་ཟེར་རོ་ཞེས་གཞན་འདོད་བཀོད་པ་དེ་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པ་སྟེ། རང་གི་རྣམ་བཤད་ལས་ཀུན་ཏུ་ཞེས་བྱ་བ་ནི་གཞུང་མཛེས་པ་སྒྲུབ་པའི་ཕྱིར་ཉེ་བར་བཟུང་སྟེ་ཞེས་བཤད་དོ། །ཀུན་ཏུ་ཞེས་པ་འདི་ལ་ཊཱི་ཀ་ལས། ཁོ་བོ་ནི་ཡི་གེ་ལྷག་པ་ཡོད་པའི་ཕྱིར་དོན་ཡང་ལྷག་པ་ཡོད་པར་ཤེས་པར་བྱའོ་ཞེས་སྨྲས་ཏེ། གོས་ཉིས་རིམ་ལ་སྲོག་ཆགས་དག་འཆགས་པར་འགྱུར་བས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་རས་ཉིས་རིམ་གྱིས་ཁྲུས་མི་བྱའོ་ཞེས་སོ། །གོས་ཆོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་བྱའོ། །འོ་ན་ཆོས་གོས་བཞི་པར་འགྱུར་རོ་སྙམ་ན། ཆོས་གོས་ཀྱི་གཙོ་བོ་གསུམ་ཉིད་ཡིན་པས་ཆོས་གོས་གསུམ་པ་ཞེས་བྱའོ། །བསྲོ་ཁང་བསྟེན་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པ་ནི། བདེ་བ་ལ་རེག་པར་གནས་པ་དང་། འདོད་བསྟེན་གྱི་ཉེས་པར་འགྱུར་རམ་སྙམ་པའི་ལོག་རྟོག་སྤོང་བ་སྟེ། ལུང་མ་མོ་ལས་ཕན་ཡོན་བཅུ་གསུངས་པ་དང་། ལུང་མ་མོ་ལས་བསྲོ་ཁང་ལ་ཡོན་ཏན་ལྔ་སྟེ། རྡུལ་དང་དྲི་མ་འབྱང་པགས་པ་དང་མདངས་གསལ་པགས་པའི་ནད་རྣམས་འབྱིན་རླུང་དང་བད་ཀན་རྣམས་མེད་པར་བྱེད་བསྲོ་ཁང་ནི་ནད་མེད་པར་བྱེད་པའོ། །གཞན་ཡང་ཡོན་ཏན་ལྔ་སྟེ་སྔ་མ་བཞི་དང་བསྲོ་ཁང་དུ་སྐྱོ་བ་བསྐྱེད་པར་བྱའོ་ཞེས་སོ།་་་་་གླེང་གཞི་ལས་བྱུང་བ་སྟེ་

༼༢༠༠༽

གོ་རིམ་བཞིན་ནོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ། བསྐུ་མཉེ་ལ་སོགས་པ་ཡུལ་གང་ལ་བྱ་བ་ནི། སྡེ་ལྔའི་སྡོམ་པ་དག་པ་་་་་་སྟེ་ཁྱིམ་པ་ལ་བསྙེན་བཀུར་བྱེད་པ་བཀག་པ་དང་། ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་ཞེས་གསུངས་པའི་ཕྱིར། དང་། ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་་་་་་སྟེ་བདག་ཆོས་མིན་པའི་ཕྱོགས་སུ་སོང་བ་དང་མཐུན་ཡང་དེ་དང་འདྲའོ་ཞེས་གནས་ནས་ཕྱུང་བར་གསུངས་པ་དང་འདྲ་བའི་ཕྱིར། དང་། ས་རང་བཞིན་དུ་གནས་པ་་་་་་སྟེ་གཞན་དུ་ན་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་པའི་ཕྱིར། དང་། མཚན་མཐུན་པའོ།་་་་་སྟེ་གཞན་དུ་ན་རེག་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་བསྐུ་མཉེ་ལ་སོགས་པ་བྱེད་པ་པོ་གང་གིས་བྱ་བ་ནི། ལྷན་ཅིག་གནས་པ་ལ་སོགས་པ་་་་་་ཉེ་གནས་སམ་གཞོན་རབས། ཡིན་པ་་་་་་སྟེ་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ་ཞེས་སོགས་གསུངས་པའི་ཕྱིར། དང་། གོས་གཅིག་པ་ལ་སོགས་པ་་་་་་གཅེར་བུ། མ་ཡིན་པ་་་་་་སྟེ་གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ་ཞེས་གསུངས། དང་། དད་པ་དང་ལྡན་པའོ།་་་་་སྟེ་མ་དད་པ་བྱེད་དུ་མི་གཞུག་གོ་ཞེས་གསུངས་པའི་ཕྱིར། གསུམ་པ་བསྲོ་ཁང་གི་ངོ་བོ་གང་བསྟེན་པ་ནི། ཁྲུས་དང་བསྐུ་མཉེ་དང་དྲིལ་ཕྱི་དང་སྟན་དང་མེའི་རེག་བྱ་སྟེ་ལྔའོ།་་་་་ལྔ་པོ་དེ་གཞུང་འདི་ཉིད་ལས་ཤེས་པར་འགྱུར། གཞི་འགྲེལ་ལས། བསྲོ་ཁང་ཞེས་བྱ་བ་ནི་ཁྲུས་ཀྱི་ཆོ་ག་ཡོ་བྱད་དང་བཅས་པའོ་ཞེས་སོ། །བཞི་པ་བསྲོ་ཁང་ཚུལ་ཇི་ལྟར་བསྟེན་པ་ནི་དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ་ཞེས་པ་ལ་སོགས་པ་གཞུང་དུ་ཤེས་པར་འགྱུར་རོ། །ཡན་ལག་གི་དོན་ལ། བསྲོ་ཁང་བསྟེན་པར་བྱའོ་ཞེས་པ་ཅི་དགར་འཇུག་པ་གནང་བ་སྟེ་ལུང་ཕྲན་ཚེགས་ལས། བསྲོ་ཁང་བསྟེན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གནང་ཞེས་གསུངས་སོ། །བསྲོ་ཁང་གི་ཁང་པ་བརྩིག་པ་ནི་གནང་བའི་བསླབ་བྱ་ཡིན་ལ་སྐར་ཁུང་བཏོད་པ་ལ་སོགས་པ་ནི་སྒྲུབ་པའི་བསླབ་བྱ་ཡིན་ཏེ། དེ་རྣམས་མ་བྱས་ན་གནས་ཀྱི་བྱེད་པ་མི་རྫོགས་པའི་ཕྱིར་རོ། །ཁྱེའུ་སུས་ནི་་་་་་ནངས་པར་གྱི་ཟས་ཀྱི་སྔ་རོལ་ལམ་འོག་རོལ་ཏུ་དང་། ཉིན་ཕྱེད་ཀྱི་ཟས་ཀྱི་སྔ་རོལ་ཏུ་ཁ་ཟས་ཟ་བ་ལ་ལྟ་བུའོ། །ནར་མར་ཟ་ཚོད་ལས་ལྷག་པར་ཟ་བའོ། །དེར་ཞེས་པ་ནི་བསྲོ་ཁང་དེར་ཞེས་ལུང་ཕྲན་ཚེགས་དང་རང་གི་རྣམ་བཤད་དང་། ཊཱི་ཀ་ལས་བཤད་དོ།་་་་་དེར་ཞེས་པ་ནི་ཁྲུས་ཁང་དེར་ཞེས་པ་སྟེ། འདི་ནི་ཁྲུས་བྱེད་པའི་གནས་མུ་སྟེགས་འཚོ་བ་བཞུགས་པའི་གླེང་གཞི་ལ་བརྟེན་ནས་གསུངས་པའི་ཕྱིར་རོ། །དེར་ཁྲུས་མི་བྱའོ་ཞེས་པ་བསྲོ་ཁང་གི་ཁང་པར་ཁྲུས་བྱེད་པར་བཀག་པའི་ཕྱིར་བསྲོ་ཁང་གི་ཁང་པ་དེར་ཞེས་བསྟན་པ་ནི་མ་ཡིན་ནོ། །ཞེས་ཁ་ཅིག་འཆད་ཀྱང་ལུང་དང་རང་འགྲེལ་དང་ཊཱི་ཀ་དང་འགལ་ལོ། །དྲི་བར་བྱ་ཞིང་ཞེས་པ་ནི་

༼༢༠༡༽

ནང་དུ་ཞུགས་ཟིན་པ་ལ་་་་་་བསྲོ་ཁང་དེར་མི་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་ཁྱོད་སུ་ཞིག་ཅེས་ནང་དུ་གནས་པ་རྣམས་ཀྱིས། དྲི་བར་བྱ་བའོ། །དེ་ལྟར་ཞུགས་ཟིན་པའི་སྐབས་ཀྱི་བསླབ་བྱ་བསྟན་ནས། ད་ནི་མ་ཞུགས་པའི་སྐབས་ཀྱི་བསླབ་བྱ་སྟོན་ཏེ། དེའི་ཆེད་དུ་ཞེས་པ་ནི། དྲི་བར་བྱ་བ་དེའི་ཆེད་དུ་སྟེ་ནང་དུ་ཞུགས་མ་ཟིན་པ་ནང་དུ་འཇུག་པར་འདོད་པ་ལ་་་་་་ཁྱོད་སུ་ཞིག་ཅེས་སྒོ་སྲུང་བ་དེས་དྲི་བར་བྱ་བ་དེའི་ཆེད་དུ་དགེ་་་་་་རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེའི་ཆེད་དུ་ཞེས་པ་ནི་ངོ་ཤེས་པ་ཤན་བསྲེ་བས་ཉེ་བར་གནས་པ་དེ་ངེས་པར་ཤེས་པར་བྱ་བའི་ཕྱིར་འདྲི་བར་བྱ་ཞེས་བཤད་དོ། །སློང་སྒོ་བ་བསྐོའོ་ཞེས་སྦྱོར་རོ།་་་་་དགེ་སློང་སྨོས་པ་ནི་རབ་ཏུ་བྱུང་བའི་མཚོན་པ་ཡིན་ནོ་ཞེས་ཊཱི་ཀ་ལས་སོ། །སྒོ་བ་བསྐོ་བ་དེ་ཡང་དགོས་པ་གང་གི་ཕྱིར་བསྐོ་ན་མི་འཇུག་པར་བྱ་བའི་ཕྱིར་ཞེས་སོ། །སྐབས་འདིར་ཊཱི་ཀ་ལས་མི་འཇུག་པར་བྱ་བའི་ཕྱིར་ཞེས་བཤད་པ་དེ་ནི་མི་འཇུག་པར་བྱ་བའི་ཕྱིར་ཞེས་པ་འདིའི་འབྲུ་སྣོན་ཡིན་གྱི་་་་་་དེའི་ཆེད་དུ་ཞེས་པའི་འབྲུ་སྣོན་ཡིན་པར་སྔ་རབས་པ་རྣམས་ཀྱིས་གོ་བ་བླངས་པ་ནི་འཁྲུལ་བའོ། །དེའི་ཆེད་དུ་ཞེས་པའི་འབྲུ་སྣོན་ནི་མ་ཡིན་ནོ། །གཞན་ལས་ནི་ཞེས་པ་ཊཱི་ཀ་ལས་སློབ་དཔོན་གྱི་ལུགས་ལས་གཞན་ལས་ནི་ཞེས་བཤད་ཀྱང་། ལུང་ཕྲན་ཚེགས་ལས་གཞན་ལུང་མ་མོ་ལས་ནི་གཞོན་རབས་དག་གིས་བྱའོ་ཞེས་བརྗོད་ན་ལུང་དང་མཐུན་ནོ། །ལུང་ཕྲན་ཚེགས་ལས། བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ་ཞེས་གསུངས་ལ། ལུང་མ་མོ་ལས་ནི་དགེ་སློང་གསར་བུས་བསྲོ་ཁང་དུ་སྒྲུབ་པའི་ལས་རྣམས་བྱ་ཞེས་གསུངས་པའི་ཕྱིར་རོ།་་་་་གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ།་་་་་གོས་གཅིག་པས་ཟས་མི་ཟ་གོས་གཅིག་པས་ཕྱག་མི་བྱ། ཞེས་པ་ལ་སོགས་པ་གོས་གཅིག་པ་བཀག་པའི་སྐབས་མང་དུ་གསུངས་ན་གོས་གཅིག་པ་ཡིན་མིན་གྱི་དོན་ནི་གང་ཞེ་ན། སངས་རྒྱས་ཀྱིས་གནང་བའི་གོས་གཅིག་གྱོན་པ་དང་། གནང་བའི་གོས་གཉིས་ཡན་ཆད་གྱོན་པ་སྟེ། བཀག་པའི་་་་་་ཆོས་གོས་གཅིག་དང་ཐུལ་པ་གཉིས་གྱོན་པ་ལྟ་བུ། གོས་ཀྱིས་ནི་མ་ཡིན་ནོ། །ཊཱི་་་་་་མདོ་དགོན་བརྩེགས་ལས། ཝ་ནི་ཁྱི་ལས་བྲོས་ཏེ་ཁུང་སྟེང་དུ་ཞོལ་ལོ། །ཕུག་ཏུ་ཞོལ་ལོ་དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡང་ཉོན་མོངས་པས་ཕམ་པར་བྱས་ཏེ་ཁུང་དུ་ཞོལ་བ་བཞིན་དུ་ངན་འགྲོར་ཞོལ་བར་འགྱུར་རོ། །ཕུག་ཏུ་ཞོལ་བ་བཞིན་དུ་དམྱལ་བར་འགྲོ་བར་འགྱུར་རོ། །

༼༢༠༢༽

ཞེས་འདྲ་ཆོས་གསུམ་གསུངས་སོ། །ཝ་ནི་འཚོ་བ་མི་གཙང་བ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡང་འཚོ་བ་མི་གཙང་ཞེས་འདུལ་བ་འཛིན་པ་རྣམས་གསུངས་ཏེ་ཝ་དང་འདྲ་ཆོས་བཞིའོ་ཞེས་བླ་མ་རྣམས་གསུང་ངོ་། །དེ་དག་ལས་བཟློག་པ་ནི་ཚུལ་ལྡན་ནོ། ཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི། སེང་གེ་ལྟ་བུ་ཡིན་ཏེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པ་དག་གིས་མི་ཐུབ་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་བ་ནི། ཝ་ལྟ་བུ་ཡིན་ཏེ། ཁྱི་ལྟ་བུའི་ཉོན་མོངས་པ་དག་གིས་ཕམ་པར་བྱས་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་སོ། །ལུང་གླེང་གཞི་ལས། སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ཞུས་པ་བྲམ་ཟེའི་བུ་མོ་ལྟ་བུ་ལས། ཚུལ་ཁྲིམས་དང་ལྡན་པས་ཤེས་བཞིན་དུ་ཚུལ་ཁྲིམས་འཆལ་བ་ལ་སོ་ཤིང་སྟོབས་པར་བྱེད་ན་ཚུལ་ཁྲིམས་དང་ལྡན་པ་དེ་ཡང་ལོ་སྟོང་ཕྲག་དགུ་བཅུར་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསྒྲུབས་པ་ཡིན་ནོ། །དེ་བཞིན་དུ་འདག་རྫས་སྟོབས་པ་དང་ཁ་་་་་་ལྷན་ཅིག་ཏོན་བྱེད་པ་དང་། གནས་བྱེད་པ་དང་། གནས་སུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བ་དང་ལྷན་ཅིག་ཉལ་བར་བྱེད་ན་སྐྱ་རེངས་མ་ཤར་བ་དེའི་བར་དུ་ལོ་སྟོང་ཕྲག་དགུ་བཅུ་དང་། སྐྱ་རེངས་ཤར་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཞི་དང་སྟོང་ཕྲག་བཞི་བཅུར་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་སོ། །འོད་ལྡན་ལས། ཚུལ་ཁྲིམས་འཆལ་པ་དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐོང་བ་དང་། ཐོས་པ་དང་། དོགས་པ་རྣམས་ཀྱིས་ཞེས་སོ། །ཐམས་ཅད་དུའམ་ཞེ་ན། སློབ་དཔོན་དང་མཁན་པོ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ཕམ་པ་ཐམས་ཅད་བྱུང་བའམ་ལྟུང་བ་སྡེ་ལྔ་ཆར་བྱུང་བ་ལ་ཡང་བསྙེན་བཀུར་བྱ་སྟེ། ཊཱི་ཀ་ལས། དེ་གཉིས་ནི་བསྟན་པ་ལ་འཇུག་པའི་སྒོར་གྱུར་པ་ཡིན་པའི་ཕྱིར་དང་སྡོམ་པ་སྐྱེ་བ་དང་ལེགས་པར་བསྲུང་བ་དང་ཆོས་ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་སོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་བསྙེན་བཀུར་བྱ་སྟེ།་་་་་དེའི་ལུགས་ཀྱིས་བླ་མ་རྣམས་ཁྱིམ་པར་གྱུར་ན་བསྙེན་བཀུར་བྱ་དགོས་པར་བསྟན་གསུང་ངོ་། ཊཱི་ཀ་ལས། ཕ་མ་ནི་ཕན་འདོགས་པའི་ཞིང་ཡིན་པའི་ཕྱིར་དང་། ནད་པ་ནི་སྙིང་རྗེའི་ཞིང་ཡིན་པའི་ཕྱིར། དེ་ལ་དཀོན་མཆོག་གསུམ་པོས་ཀྱང་གལ་ཆེ་བར་བསྙེན་བཀུར་བྱའོ་

༼༢༠༣༽

ཞེས་སོ། །ལུང་ཕྲན་ཚེགས་ལས་ཀྱང་། གང་ནད་པ་ལ་རིམ་གྲོ་བྱེད་པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཡང་ངོ་ཞེས་པ་རབ་ཏུ་བྱུང་བ་ཡིན་ན་ལྟ་ཅི་སྨོས་ཞེས་པའོ། །གཞན་ཡང་ལུང་་་་་་གླེང་གཞི། ལས། ཕ་དང་མ་གཉིས་ཚངས་པ་སྟེ། །སློབ་དཔོན་སྔ་མ་དེ་བཞིན་ནོ། །ཇི་ལྟར་མེའམ་་་་་་བྲམ་ཟེ་མེ་ལ་དད་པ། ལྷ་བྲན་བཞིན། །བུ་ཡི་སྦྱིན་པའི་གནས་ཡིན་པས། །ཕྱི་བར་བྱ་ཞིང་བཀྲུ་བ་དང་། །རྐང་པ་གཉིས་ཀྱང་བཀྲུ་བ་དང་། །དེ་བཞིན་མཁས་པས་བསྙེན་བཀུར་བྱ། །བཟའ་དང་བཅའ་དང་བཏུང་བ་དང་། །བགོ་བ་མལ་སྟན་དེ་བཞིན་ཏེ། །མཁས་པས་བསྙེན་བསྐུར་བཅའ་བྱེད་ན། །འདིར་ནི་མནར་བར་མི་འགྱུར་ཏེ། །སོང་ནས་མཐོ་རིས་དགའ་བར་འགྱུར། །ཞེས་གསུངས་སོ། །ལེགས་པར་སྦྱར་བའི་ཁྲུས་འདི་་་་་་བྱས་ཀྱང་ཆོག་མ་བྱས་ཀྱང་ཆོག ནི་གནང་བའི་བསླབ་པ་ཡིན་ནོ། །རྐང་ཁྲུས་ཀྱི་གཞི་བྱའོ། །ཞེས་པ་ལ་་་་་་རྐྱལ་བསླབ་པར་བྱའོ་ཕྱི་རོལ་བའི་བསྟན་བཅོས་དང་གཟུང་བར་བྱའོ་ཞེས་སོ། །སོགས་པ་སྟེ། བྱའོ་ཞེས་འདུལ་བ་ནས་མང་དུ་གསུངས་ན། དེ་ཐམས་ཅད་ཅི་ནས་ཀྱང་བྱ་དགོས་མ་བྱས་ན་ཉེས་པར་འགྱུར་བ་སྒྲུབ་པའི་བསླབ་པ་ཡིན་ནམ། འོན་ཏེ་་་་་་བྱས་ཀྱང་ཆོག་མ་བྱས་ཀྱང་ཆོག ཅི་དགར་འཇུག་པ་གནང་བའི་བསླབ་པ་ཡིན་ཞེ་ན། བྱའོ་ཞེས་གསུངས་པ་ཐམས་ཅད་སྤྱིར་བསྟན་ལ་དབབ་པ་ནི། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་དགག་དགོས་ཀྱི་རྒྱུ་མཚན་དང་ལྡན་པ་རྣམས་ནི་ཅི་ནས་ཀྱང་བྱ་དགོས་པ་སྒྲུབ་པའི་བསླབ་པ་ཡིན་ལ། དགག་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་པ་རྣམས་ནི། བྱའོ་ཞེས་གསུངས་ཀྱང་གནང་བའི་བསླབ་པ་ཡིན་ཏེ། རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་པའི་ཊཱི་ཀ་ལས་བྱའོ་ཞེས་བྱ་བའི་བྱེད་པའི་ཚིག་དང་པོར་སྦྱར་བ་ནི་འདོད་པས་སྤྱོད་པ་ཡིན་པར་བསྟན་པའི་ཕྱིར་ཞེས་བཤད་པས་འདི་དང་མཚུངས་པ་གཞན་རྣམས་ལའང་གནང་བའི་བསླབ་པར་སྦྱར་བར་བྱའོ། །འོ་ན་རྐང་ཁྲུས་ཀྱི་གཞི་གནང་ངོ་ཞེས་མ་གསུངས་པར། རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་སྒྲུབ་ཚིག་ཏུ་སྨོས་པའི་རྒྱུ་མཚན་གང་ཞེ་ན། དོན་ཉུང་ཞིང་བྱ་བ་ཉུང་བ་ལ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་བསྟོད་ཅིང་། དེ་ལས་ལྡོག་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号