༼༡༦༦༽
གྱུར་པའི་རོ་མྱང་བའི་སེམས་ལ་ནི་འཆབ་པ་དང་མི་འཆབ་པ་གཉིས་ཀྱི་སྐབས་མེད་ཅེས་བཤད་པས་སྡོམ་པ་བླང་བ་དང་མི་བླང་བའི་སྐབས་མེད་ཅེས་མཚུངས་པའི་ཕྱིར་རོ། །ཁྲོས་པས་རང་དབང་མེད་པར་སེམས་འཁྲུགས་དང་། །གཏི་མུག་དབང་གྱུར་འཐོབ་ཤེས་མེད་དང་ལྔའོ།་་་་་ཊཱི་ཀར་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང་མཁན་པོའི་མིང་མི་བརྗོད་པ་དང་བདག་ཉིད་བསྙེན་པར་རྫོགས་པ་མི་ཤེས་པའོ་ཞེས་སོ། །གཉིས་པ་བསྡུ་བ་ལ་གཉིས་ལས་ངོ་བོའི་ཆ་ནས་བསྡུ་ན། གཙོ་བོའི་བར་ཆད་དང་གཙོ་བོ་མ་ཡིན་པའི་བར་ཆད་གཉིས་སུ་འདུས་ཏེ། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང་། སྡོམ་པ་སྐྱེ་ཡང་རབ་ཏུ་བྱུང་བར་མི་འོས་པ་རྣམས་སོ། །དུས་ཀྱི་ཆ་ནས་བསྡུ་ན་གཉིས་སུ་འདུས་ཏེ། ཊཱི་ཀ་ལས། བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང་གཏན་དུ་བ་ཞེས་སོ། །རེ་ཞིག་པ་ནི་ཚེ་དེ་ལ་གྲོལ་བའི་སྐབས་ཡོད་པ་སྟེ། སྐྱེ་བའི་བར་ཆད།་་་་་ལོ་ཉི་ཤུ་མ་ལོན་པ་དང་། གནས་པའི་བར་ཆད།་་་་་ཕ་མས་མ་གནང་བ་ལ་སོགས་པའོ། །གཏན་དུ་བ་ནི་ཚེ་དེ་ལ་གྲོལ་བའི་སྐབས་མེད་པ་སྟེ། མཛེས་པའི་བར་ཆད་ལག་རྡུམ་དང་། སྐྱེ་བའི་བར་ཆད།་་་་་མ་བསད་པ་ལ་སོགས་པའོ། །གསུམ་པ་སྐབས་འདིར་བསྟན་པའི་བར་ཆད་ཀྱི་མཚན་ཉིད་ནི་བསྒྲུབ་བྱ་ཡུལ་གྱི་ཆོས་གང་ཞིག་གིས་ཆོས་འདི་པའི་དགེ་སྦྱོང་གི་བྱེ་བྲག་བྱ་རུང་གི་གེགས་བྱེད་པའོ། །བཞི་པ་བྱེད་ལས་ནི་གཉིས་ལས། ཐུན་མོང་གི་བྱེད་ལས་ནི་འབོགས་པ་པོ་ལ་ཉེས་པ་བསྐྱེད་པ་སྟེ། དེ་ཡང་ལྷག་མ་དང་ལྟུང་བྱེད་དང་ཉེས་བྱས་ཅི་རིགས་སུ་སྐྱེད་པའོ།་་་་་བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིན་ན་ལྷག་མ། ལོ་བཅུ་གཉིས་དང་ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱེད་ན་ལྟུང་བྱེད། སྦྲུམ་མ་དང་མྱ་ངན་གྱིས་གཟིར་བ་ལ་སོགས་པ་རབ་ཏུ་འབྱིན་ན་ལྟུང་བྱེད་དང་མ་བསད་པ་ལ་སོགས་པ་རབ་ཏུ་འབྱིན་ན་ཉེས་བྱས་སྐྱེད་དོ། །སོ་སོའི་བྱེད་ལས་ནི་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ལ་སོགས་པ་བཞི་སྟེ་སྔར་བཤད་ཟིན་ཏོ། །ལྔ་པ་རྟེན་གང་ལ་བར་ཆད་གང་བཞག་པ་ནི་བཞི་ལས། སྐྱེས་པ་ཁོ་ན་ལ་བཞག་པ་ནི་བུད་མེད་འདྲ་བའི་སྐྱེས་པ་དང་། བུད་མེད་ཀྱི་དུབ་པ་དང་། རང་གི་བསྟེན་པར་བྱ་བ་ཞེས་བཤད་པས། རང་གཅིག་པུ་མི་ཚངས་པར་སྤྱོད་པའི་ཕམ་པ་ནི་སྐྱེས་པ་ཁོ་ནའི་འོ། །དབྱེན་བྱས་པའི་མཚམས་མེད་ཀྱང་རྟེན་མཚན་མ་གྱུར་ན་སྐྱེས་པ་ཁོ་ན་ལ་བཞག་གོ་་་་་དགེ་སློང་ཕས་དགེ་འདུན་གྱི་དབྱེན་བྱས་ན་འཁོར་ལོའི་དབྱེན་གྱིས་མཚམས་མེད་དུ་འགྱུར་གྱི། དགེ་སློང་མ་དང་དགེ་ཚུལ་ལ་སོགས་པས་དབྱེན་བྱེད་ན་མཚམས་མེད་མི་འབྱུང་བའི་ཕྱིར་རོ། །དེས་ན་ལུང་དང་ཀརྨ་ཤ་ཏཾ་ལས་
༼༡༦༧༽
བུད་མེད་ལ་བར་ཆད་དྲི་བའི་སྐབས་སུ་མཚམས་མེད་བཞི་འདྲི་བར་གསུངས་ཀྱི། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ་ཞེས་འདྲི་བར་མ་གསུངས་སོ། །དགེ་སློང་ཕས་དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་དང་ལྡན་བཞིན་དུ་མཚན་གྱུར་པ་ནི་བུད་མེད་ལ་ཡང་དབྱེན་གྱི་མཚམས་མེད་ཡོད་དེ། མཚན་གྱུར་པའི་ཚེ་ན་མཚམས་མེད་དེ་ཡོད་བཞིན་དུ་མཚན་གྱུར་པས་མཚམས་མེད་ཀྱི་སྡིག་པ་མི་འདག་པའི་ཕྱིར་རོ། །བུད་མེད་ཁོ་ན་ལ་བཞག་པ་ནི་སྐྱེས་པ་འདྲ་བའི་བུད་མེད་དང་། སྔོན་རབ་ཏུ་བྱུང་བ་དང་། དགེ་སློང་མའི་ཕམ་པ་ཐུན་མོང་མ་ཡིན་པ་བཞི་པོ་རྣམས་སོ། །སྐྱེས་པ་དང་བུད་མེད་ཐུན་མོང་ལ་བཞག་པ་ནི་མ་བསད་པ་ལ་སོགས་པ་ཕལ་ཆེ་བ་རྣམས་སོ། །མ་ནིང་ལ་སོགས་པ་ལ་བཞག་པ་ནི། ཕོ་མ་ནིང་ལྔ་དང་མོ་མ་ནིང་ལྔ་དང་་་་་་ཕོ་མ་ནིང་ལྔ་ནི་རྟེན་སྐྱེས་པ་ཁོ་ན་ལ་བཞག་ཅིང་། མོ་མ་ནིང་ལྔ་ནི་རྟེན་བུད་མེད་ཁོ་ན་ལ་བཞག་ཅེས་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། ལུང་གཞི་ལས་སྐྱེས་ནས་མ་ནིང་གང་ཞེ་ན། གང་སྐྱེས་ནས་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་པའི་ཞེས་བཤད་པ་དང་འགལ་ཞིང་། སྐྱེས་ནས་མ་ནིང་ཞེས་པའི་ཊཱི་ཀ་ལས་ཕོའི་དབང་པོ་ཡོད་པའི་ཕྱིར་བུད་མེད་ཉིད་ཀྱང་མ་ཡིན་ལ། མོའི་དབང་པོ་ཡོད་པའི་ཕྱིར་ཕོ་ཉིད་ཀྱང་མ་ཡིན་པ་གང་མཚན་གཉིས་པ་ཞེས་བྱ་ཞེས་བཤད་པ་དང་ཡང་འགལ་ལོ། ཟ་མའོ། །དྲུག་པ་འདུ་ཤེས་གཙོའམ་དངོས་པོ་གཙོ་བའི་དོན་ནི་གཉིས་ལས། དང་པོ་བར་ཆད་ཅན་རབ་ཏུ་བྱུང་ན་ལྟུང་བ་བསྐྱེད་ལྡོག་ནས་འདུ་ཤེས་གཙོ་སྟེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པའི་ཤུགས་ཀྱིས་གཞན་རྣམས་འདུ་ཤེས་གཙོ་བོར་གྲུབ་ཅིང་། བར་ཆད་ཡོད་པར་མ་ཤེས་ན་བར་ཆད་ཅན་རབ་ཏུ་འབྱིན་པའི་ལྟུང་བའི་ཀུན་སློང་ལྡོག་པའི་ཕྱིར་རོ། །གཉིས་པ་བར་ཆད་དུ་འགྱུར་ལྡོག་ནས་སྤྱིར་བཏང་ལ་དངོས་པོ་གཙོ་སྟེ། གླེང་གཞི་ལས། བར་ཆད་གེགས་ཡིན་གྱི་ཁས་ལེན་པ་གེགས་མ་ཡིན་ཞེས་གསུངས་ཏེ། དེའི་གནད་ཀྱིས་འདིར་ཡང་བར་ཆད་གེགས་ཡིན་གྱི་དེར་འདུ་ཤེས་པ་གེགས་མ་ཡིན་ཞེས་སྦྱར་ཏེ། རྒྱུ་མཚན་མཚུངས་པ་ཡིན་པའི་ཕྱིར་རོ། །དམིགས་བསལ་ནི་དངོས་པོ་ལ་ལོ་ཉི་ཤུ་མ་ལོན་ཡང་ལོན་པར་འདུ་ཤེས་ན་འདུ་ཤེས་གཙོ་བོ་སྟེ། གཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་ཉིད་ནའོ་ཞེས་པ་དང་། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སོ། །འོན་ཀྱང་དངོས་པོ་ལ་ལོ་ཉི་ཤུ་ལོན་ན་ནི་མ་ལོན་པར་འདུ་ཤེས་ན་ཡང་དངོས་པོ་གཙོ་བོ་སྟེ། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་
༼༡༦༨༽
བསྙེན་པར་རྫོགས་པ་འཆགས་སོ་ཞེས་པ་དང་། ཊཱི་ཀ་ལས། དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མེད་དེ། འདི་ལྟར་བསྙེན་པར་རྫོགས་པར་བྱེད་པ་དག་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང་། གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་ཏེ། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལ་ཉམས་པར་བྱ་བ་མི་ནུས་པའི་ཕྱིར་རོ། །ཞེས་སོ། །བདུན་པ་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་ནམ་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་གྱི་དོན་ནི་གཉིས་ལས། དང་པོ་བར་ཆད་ཅན་རབ་ཏུ་བྱུང་ན་ལྟུང་བ་བསྐྱེད་ལྡོག་ནས་བཅས་སྟོབས་མིན་ཏེ། མ་བཅས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །གཉིས་པ་བར་ཆད་དུ་འགྱུར་ལྡོག་ནས་ནར་མ་སོན་པ་ལས་གཞན་པ་ཐམས་ཅད་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། ལུང་་་་་་མ་བསད་པ་ལ་སྡོམ་པ་མི་སྐྱེ་བ་དེ་བཅས་པའི་སྟོབས་ཀྱིས་སྡོམ་པ་མི་སྐྱེ་བ་ཡིན་ན། བཅས་པ་མ་མཛད་པའི་དུས་སུ་མ་བསད་པ་རབ་ཏུ་བྱུང་བ་དེ་ལ་སྡོམ་པ་སྐྱེ་བར་རིགས་པ་ལས། གཞི་ལས། མ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ཆོས་འདུལ་བ་འདི་ལས་ཕྱིར་བསྙིལ་བར་བྱའོ་ཞེས་གསུངས་ཤིང་། དེ་ཁོ་ན་བཞིན་དུ་ཕ་བསད་པ་ལ་སོགས་པ་གཞན་རྣམས་ལའང་གསུངས་པས་གྲུབ་བོ།་་་་་ཕམ་པའི་ལྟུང་བའི་ངོ་བོ་དེ་བཅས་པའི་སྟོབས་ཀྱིས་ཡིན་ཡང་། དེས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དེ་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་ཏེ་མ་བསད་པ་ལ་སོགས་པ་དང་ལས་སྒྲིབ་ཀྱིས་བར་དུ་གཅོད་པ་ཡིན་པར་མཚུངས་པའི་ཕྱིར་རོ། །ལོ་ཉི་ཤུ་མ་ལོན་པ་ལ་དགེ་སློང་གི་སྡོམ་པ་མི་སྐྱེ་བ་ནི་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། ལུང་རྣམ་འབྱེད་ལས། བཅུ་བདུན་སྡེ་ཉི་ཤུ་མ་ལོན་པར་དགེ་སློང་བྱས་པ་ན།་་་་་བཅུ་བདུན་སྡེ་ཁྱེད་ཅག་ལས་དང་པོ་པ་ཡིན་པས་བསྙེན་པར་རྫོགས་པར་གྱུར་གྱིས་ཞེས་གསུངས་པས་གྲུབ་ཅིང་། གཞན་དུ་ན་ལས་དང་པོ་པ་ལ་སྡོམ་པ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །བརྒྱད་པ་བར་ཆད་ཀྱི་སྒྲ་བཤད་པ་ནི་རང་རང་གི་སྐབས་ཀྱི་སྡོམ་པ་སྦྱིན་དུ་རུང་བའི་གེགས་བྱེད་པས་ན་བར་ཆད་ཅེས་བྱའོ། །དགུ་པ་བར་ཆད་དྲི་བའི་ཚུལ་ལ་གཉིས་ལས། དང་པོ་དགོས་པ་ནི་བར་ཆད་མ་དྲིས་པའི་ཉེས་པ་ཁེགས་པ་དང་། བར་ཆད་ཡོད་མེད་རྟོགས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་དྲི་བ་ནི། རབ་ཏུ་བྱུང་བ་དང་བསྙེན་རྫོགས་མ་ནོད་པའི་ཕྱིར་མངོན་སུམ་ན་གནས་པ་ལ་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཞེས་པ་དང་། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཞེས་པའི་ཤུགས་ཀྱིས་གྲུབ་
༼༡༦༩༽
བོ། །གཉིས་པ་རྟེན་གང་གིས་དྲི་བ་ནི། རབ་ཏུ་འབྱིན་པ་ན་དང་པོའི་མཁན་པོས་དྲི་ཞིང་། བསྙེན་རྫོགས་བྱེད་པ་ན་གསང་སྟེ་སྟོན་པ་དང་ལས་བྱེད་པས་དྲི་བའོ།་་་་་དེ་ལྟར་ཀརྨ་ཤ་ཏཾ་ལས་སོ། །གསུམ་པ་དངོས་པོ་གང་དྲི་བ་ནི་བར་ཆད་རྣམས་སོ། །བཞི་པ་ཚུལ་ཇི་ལྟར་དྲི་བ་ནི། འགལ་རྐྱེན་རྣམས་དགག་ཚིག་ཏུ་དྲི་སྟེ་མ་བསད་པ་མ་ཡིན་ནམ་ཞེས་པ་ལྟ་བུའོ། །མཐུན་རྐྱེན་རྣམས་ནི་སྒྲུབ་ཚིག་ཏུ་དྲི་སྟེ་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ་ཞེས་པ་ལྟ་བུའོ། །ལྔ་པ་དྲིས་ནས་ཇི་ལྟར་སྒྲུབ་པ་ནི། །བར་ཆད་དང་མི་ལྡན་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བགྱིའོ་ཞེས་སྐབས་དབྱེའོ། །ལྡན་ན་ནི་འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །ཡན་ལག་གི་དོན་ནི་རབ་ཏུ་འབྱུང་བའི་ཕྱིར་ཞེས་པ་ལ་སོགས་པས་བསྟན་ཏེ། མུ་སྟེགས་ཅན་མ་ཡིན་ནམ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིར་བསྟན་པའི།་་་་་བར་ཆད་ཀྱི་མཚན་ཉིད་ནི། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པ་སྟེ། ཆད་པར་ལྟ་བའམ་ཀུན་ཏུ་བརྟགས་པའི་རྟག་ལྟ་་་་་་ལྷན་ཅིག་སྐྱེས་པའི་ཆད་པའི་ལྟ་བ་དང་རྟག་པར་འཛིན་པ་ནི་མ་ཡིན་ནོ། །ཀུན་བརྟགས་ནི་གྲུབ་མཐའ་ངན་པས་བཞག་པའི་ལག་རྗེས་སོ། ཅན་ནོ། །བྱེད་ལས་ནི་ལྟ་བ་དེས་ལེན་སེམས་ཀྱི་གེགས་བྱས་ཏེ་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་སྟེ། ཞུ་བ་ལས། མུ་སྟེགས་ཅན་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། གང་དེས་ལྟ་བ་མ་སྤངས་པ་འདི་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་ཞེས་གསུངས་སོ། །དགག་བྱ་ནི། སངས་་་་་་མུ་སྟེགས་ཅན་ནི་རབ་ཏུ་བྱུང་ན་ནི། རྒྱས་ཀྱི་བསྟན་པ་ལ་བསླུ་བྲིད་བྱེད་པའོ། །གཞུང་གི་སྐབས་འདིར་ཊཱི་ཀ་ལས། བར་ཆད་ཀྱི་ཆོས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྡོམ་པ་སྐྱེ་བ་ལ་བར་ཆད་བྱེད་པ་སྟེ་མ་བསད་པ་ལ་སོགས་པའོ། །ཁ་ཅིག་ནི་མཛེས་པ་ལ་བར་དུ་གཅོད་པ་སྟེ་ལག་རྡུམ་ལ་སོགས་པའོ། །དེ་དག་ཐམས་ཅད་གོ་རིམ་བཞིན་དུ་སྟོན་ཏེ་ཞེས་པ་ནི།་་་་་སྐྱེ་བ་ལ་བར་དུ་གཅོད་པ་ཐམས་ཅད་སྔོན་དུ་སྟོན། མཛེས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཕྱི་ནས་སྟོན། ཞེས་པ་འདྲ་ཡང་དེ་ལྟར་མ་ཡིན་ཏེ། རྩ་བ་འདི་ཉིད་དང་འགལ་བའི་ཕྱིར་རོ། །སྐྱེ་བ་ལ་བར་དུ་གཅོད་པའི་རིགས་ཙམ་ཞིག་སྔོན་དུ་སྟོན་ཅིང་། མཛེས་པའི་བར་དུ་གཅོད་པའི་རིགས་ཙམ་ཞིག་ཕྱི་ནས་སྟོན་པ་ལ་དགོངས་པའོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན་ཊཱི་ཀའི་ཚིག་འདི་ཉིད་སྐབས་ཀྱི། གཞི་འགྲེལ་ལས། བར་ཆད་ཀྱི་ཆོས་དེ་དག་ཀྱང་རབ་ཏུ་བྱུང་བའི་གཞི་དང་ཕྲན་ཚེགས་ལ་སོགས་པ་
༼༡༧༠༽
ལས་གསུངས་པ་ཐམས་ཅད་གོ་རིམ་བཞིན་དུ་དྲི་བར་བྱའོ་ཞེས་གསུངས་སོ། །དག་གིས་ཀྱང་ངོ་། །ཞེས་པའི་ཊཱི་ཀ་ལས། གསང་སྟེ་སྟོན་པ་ཁོ་ནས་འདྲི་ཞིང་ལས་བྱེད་པས་ཀྱང་ཡིན་ན། ཇི་ལྟར་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་མང་པོའི་ཚིག་ཏུ་བྱ་ཞེ་ན་ཞེས་པ་ནི། ལྐོག་ཏུ་གསང་སྟེ་སྟོན་པ་གཅིག་པུས་འདྲི་ཞིང་། དགེ་འདུན་གྱི་དབུས་སུ་ལས་བྱེད་པ་གཅིག་པུས་འདྲི་བ་ཡིན་ན། དག་ཅེས་བྱ་བ་ནི་མང་པོའི་ཚིག་སྟེ།་་་་་དག་གིས་ཀྱང་ངོ་། །ཞེས་མང་པོའི་ཚིག་ཏུ་བྱས་པ་འགལ་ཞེ་ན། ཊཱི་ཀ་ལས། ལྐོག་ཏུ་གསང་སྟེ་སྟོན་པས་གང་འདྲི་བར་བྱེད་པ་དེ་ནི་བསྙེན་པར་རྫོགས་པར་བྱེད་པ་དག་གིས་བྱས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་དག་གིས་བསྐོས་པ་ཡིན་པས་དེས་བྱས་པ་ནི་དེ་དག་ལ་ཉེ་བར་གདགས་པའི་ཕྱིར་རོ།་་་་་ལས་བྱེད་པས་བར་ཆད་དྲིས་པ་དེ་ཡང་དགེ་འདུན་ཐམས་ཅད་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་ནས་དྲིས་པ་ཡིན་པས། དེས་བྱས་པ་ནི་དེ་དག་ལ་ཉེ་བར་གདགས་པའི་ཕྱིར་རོ། །ཞེས་ཀྱང་དོན་ལ་གནས་སོ། །ཞེས་སོ། །དག་གིས་ཀྱང་དྲི་བར་བྱ་ཞེས་སྔ་མར་་་་་་སྦྱར་བ་ན། དྲི་བར་བྱ་ཞེས་གཅིག་གི་ཚིག་ཏུ་སྨོས་ནས། དག་གིས་ཀྱང་འདྲི་བར་བྱ་ཞེས་མང་པོའི་ཚིག་དང་། གཅིག་གི་ཚིག་དང་མང་པོའི་ཚིག་་་་་སྦྱར་བ་འགལ་ཞེ་ན། ཊཱི་ཀ་ལས། དྲི་བར་བྱ་ཞིང་ཞེས་བྱ་བ་འདི་ཡང་དོན་གྱི་དབང་གི་རྣམ་པར་དབྱེ་བ་བསྒྱུར་ཏེ། དག་གིས་དྲི་བར་བྱའོ་ཞེས་བྱ་བར་རུང་ངོ་ཞེས་གསུངས་ཏེ། དག་གིས་ཀྱང་དྲི་བར་བྱའོ་ཞེས་པའོ། །དྲིས་ནས་ཇི་ལྟར་བྱ་ཞེ་ན། ཤཱཀྱ་དང་ཞེས་སོ། །དེ་རབ་ཏུ་དབྱུང་དུ་རུང་བ་ནི། འགྲེལ་ཆུང་ལས། ཤཱཀྱའི་རིགས་སུ་གཏོགས་པ་ནི། དགྲ་ལ་ཕྱིར་མི་ནུར་བས་དཔའ་བ་དང་། ཆང་མི་འཐུང་བ་དང་། རྫུན་དང་གཡོ་མེད་པས་ན་་་་་་རབ་ཏུ་བྱུང་རུང་། ཞེས་སོ། །མེ་པ་རལ་པ་ཅན་ནི་་་་་་མུ་སྟེགས་ཀྱི་བྱེ་བྲག མེ་ལ་ལྷར་འཛིན་ཅིང་སྦྱིན་སྲེག་བྱེད་པ་ལ་བརྩོན་པ་ཆ་ལུགས་རལ་པ་རིང་པོ་ཅན་ཏེ། ལྟ་བ་ལས་རྒྱུ་འབྲས་ཁས་ལེན་པའོ།་་་་་ཊཱི་ཀ་ལས་མེ་ལ་དད་པས་མེ་པ་སྟེ་མེ་པའི་རིགས་ཏེ་དད་པས་ཡོངས་སུ་སྤྱོད་པར་ཞུགས་པ་དང་། མངོན་པར་བརྩོན་པ་དང་ཞེས་པ་ནི་མེ་ལ་ལྷར་འཛིན་པའི་རིགས་དང་བསམ་པ་མེ་ལ་དད་ཅིང་སྦྱོར་བ་སྦྱིན་སྲེག་བྱེད་པ་ལ་བརྩོན་པའོ། །མུ་སྟེགས་ཡིན་ཡང་དེ་གཉིས་རབ་ཏུ་དབྱུང་དུ་རུང་བ་ནི།་་་་་ལུང་གཞི་ལས་ཤཱཀྱ་མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་འོངས་ཤིང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་འདོད་ན། དེ་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཉེ་དུ་རྣམས་ལ་ཉེ་དུའི་ཡོངས་སུ་སྤང་བ་སྦྱིན་པར་བྱེད་པའི་ཕྱིར་རོ། །མེ་ལ་རལ་པ་ཅན་རབ་ཏུ་འབྱུང་བར་བྱ་ཞིང་བསྙེན་པར་
༼༡༧༡༽
རྫོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མེ་པ་རལ་པ་ཅན་ནི་ལས་སྨྲ་བ། རྒྱུ་སྨྲ་བ། བརྩོན་འགྲུས་སྨྲ་བ་ཡིན་པའི་ཕྱིར་ཞེས་གསུངས་པ་མཚོན་པ་ཙམ་ཡིན་གྱི་གཙོ་བོར་ནི། ཊཱི་ཀ་ལས། ཤཱཀྱ་དང་མེ་པ་རལ་པ་ཅན།་་་་་དེ་ཉིད་བདེན་པ་ཁོ་ནས་ཡིན་གྱིས་སྒྱུས་མ་ཡིན་པས་ཞེས་གསུངས་སོ། །རབ་ཏུ་དབྱུང་བ་དང་ཞེས་པའི་དང་ཞེས་པ་འདི་རྒྱ་གར་གྱི་སྒྲ་ལ་མང་པོའི་ཚིག་ཏུ་ཡོད་པར་མངོན་ཏེ། ཊཱི་ཀ་ལས། མཁན་པོ་གཅིག་ཁོ་ནར་ཟད་པས་གཅིག་གི་ཚིག་ཏུ་བྱ་བར་རིགས་ན། རབ་ཏུ་དབྱུང་བ་དང་། ཞེས་མང་པོའི་ཚིག་ཏུ་བྱས་པ་ཇི་ལྟར་ཞེ་ན། ཉེས་པ་མེད་དེ་རབ་ཏུ་དབྱུང་བ་ལ་ནི་ཞུ་བར་བྱེད་པ་ལ་སོགས་པ་མང་པོ་དག་ཀྱང་གཏོགས་པས། མང་པོའི་ཕྱིར་ཡང་མང་པོའི་ཚིག་ཏུ་བྱས་སོ་ཞེས་སོ། །བཀོལ་བ་མིང་དང་མིང་ཅན་དུ་སྦྱར་བ་ནི། བཀོལ་བ་དེ་ནི་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། ཡི་གེ་ཉུང་བ་དང་། རྟོགས་པར་སླ་བ་སྟེ། བར་ཆད་ཉི་ཤུ་རྩ་གཉིས་པོ་རེ་རེ་ལ་ཚིག་དྲུག་པོ་ལན་རེ་རེ་སྨོས་ན་ཡི་གེ་མང་པོ་དགོས་ཀྱང་། ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་པས་ཡི་གེ་ཉུང་བ་དང་། བཀོལ་བ་ཞེས་བྱས་པས་ཚིག་དྲུག་གི་དོན་དྲན་པར་བྱེད་ཅིང་དོན་རྟོགས་པར་སླ་བ་སྟེ། ཊཱི་ཀ་ལས་མིང་དང་མིང་ཅན་དུ་སྦྱར་ན་དོན་རྟོགས་སླ་བར་འགྱུར་ཞེས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་བཀོལ་བ་མིང་དང་མིང་ཅན་དུ་སྦྱར་བ་ནི། བཀོལ་བ་ཞེས་མིང་བཏགས་པ་འདི། གང་གི་མིང་ཡིན་ཞེ་ན་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མ་ཡིན་ནམ་ཞེས་དྲི། རབ་ཏུ་འབྱིན་པར་བྱེད་པ་དག་གིས་མ་ཡིན་ནམ་ཞེས་དྲི། བསྙེན་པར་རྫོགས་པའི་ཕྱིར་ཉེ་བར་འོངས་པ་ལ་མ་ཡིན་ནམ་ཞེས་དྲི། བསྙེན་པར་རྫོགས་པར་བྱེད་པ་དག་གིས་མ་ཡིན་ནམ་ཞེས་དྲི། རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ་ཞེས་ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་ཏེ། བཀོལ་བ་ཞེས་པ་དེ་མིང་ཡིན་ལ། ཚིག་དྲུག་པོ་དེ་མིང་ཅན་ཡིན་ནོ།་་་་་ཚིག་དེ་རྣམས་ནི་མིང་ཅན་ཡིན་ཏེ། འགྲེལ་ཆུང་ལས་བཀོལ་བ་ཞེས་པ་ནི་བར་ཆད་མེད་དམ་ཞེས་དྲིས་ཏེ་བར་ཆད་ཡོད་ན་མི་རུང་ཞེས་བྱ་བའི་ཚིག་གོ་ཞེས་སོ། །གཉིས་པ་བཀོལ་བ་སྦྱར་བའི་ཕྱོགས་ངོས་གཟུང་བ་ནི། བར་ཆད་ཉི་ཤུ་རྩ་གཉིས་ལ་བཀོལ་བ་སྦྱར་ཏེ། གཞི་ལས་བར་ཆད་བཅུ་བཞི་ལ་བཀོལ་བ་སྦྱར་ཞིང་། ཕྲན་ཚེགས་ལས་བར་ཆད་བརྒྱད་ལ་བཀོལ་བ་ཞེས་སྦྱར་བ་སྟེ་གཞུང་ན་གསལ་ལོ། །གསུམ་པ་བཀོལ་བ་སྦྱར་མི་སྦྱར་གྱི་འཐད་པ་ནི། བར་ཆད་
༼༡༧༢༽
རྣམས་ལ་མུ་གསུམ་ཡོད་པ་ལས། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་བར་ཆད་ཐུན་མོང་ཡིན་ལ་དྲི་བ་ཡང་ཐུན་མོང་ཡིན་པའི་མུ་ནི་མ་བསད་པ་ལྟ་བུའོ། །བར་ཆད་ཀྱང་ཐུན་མོང་མ་ཡིན་ལ་དྲི་བ་ཡང་ཐུན་མོང་མ་ཡིན་པའི་མུ་ནི་ལོ་ཉི་ཤུ་མ་ལོན་པ་ལྟ་བུའོ། །བར་ཆད་ཐུན་མོང་ཡིན་ཡང་དྲི་བ་ཐུན་མོང་མ་ཡིན་པའི་མུ་ནི་ལག་རྡུམ་་་་་་རབ་བྱུང་གི་ཚེ་ལག་རྡུམ་མ་ཡིན་ནམ་ཞེས་དྲི་དགོས་ལ་བསྙེན་རྫོགས་ཀྱི་ཚེ་མི་དགོས་སོ། ལ་སོགས་པའོ། །དེ་ལྟར་མུ་གསུམ་ལས། དང་པོ་ལ་ནི། གཞུང་དུ་བཀོལ་བ་སྦྱར་བ་འདི་རིགས་པས་འཐད་དེ། མིང་ཅན་དྲུག་ལ་ལྟོས་པའི་ཚིག་ཚོགས་བསྐྱུང་བའི་དགོས་པ་ཡོད་པའི་ཕྱིར་རོ། །མུ་གཉིས་པ་དང་གསུམ་པ་ལ་ནི། གཞུང་དུ་བཀོལ་པ་མ་སྦྱར་བ་འདི་རིགས་པས་འཐད་དེ། བཀོལ་བའི་མིང་ཅན་དྲུག་མ་ཚང་བའི་ཕྱིར་རོ། །བཞི་པ་བཀོལ་བའི་སྒྲ་བཤད་པ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ།་་་་་མདོ་སྔ་མ་ལས་མུ་སྟེགས་ཅན་ཞེས་པ་དེ་་་་་་ལོགས་ཤིག་ཏུ། བཀོལ་ཞིང་། ཤཱཀྱ་དང་མེ་པ་རལ་པ་ཅན་ཞེས།་་་་་མདོ་ཕྱི་མ་ལས་ཤཱཀྱ་དང་མེ་པ་རལ་པ་ཅན་དང་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་དང་གསུམ་བཀོལ་ཏེ། མུ་སྟེགས་ཅན་ལ་སོགས་པ་བཞི་པོ་དེ་དག་ལོགས་ཤིག་ཏུ་བཀོལ་བའི་ལྷག་མ་ཉིད་ཡིན་པས་ན་བཀོལ་བ་ཞེས་བྱ་སྟེ། ཊཱི་ཀ་ལས། མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་དེ་དག་བཀོལ་བའི་ལྷག་མ་ནི་བཀོལ་བ་ཞེས་བྱ་ཞེས་སོ།་་་་་བཞག་བཀོལ་དང་བཀྲི་བཀོལ་ཞེས་འདིར་སྒྲ་བཤད་གཉིས་འཆད་པ་ནི་མི་རིགས་ཏེ། བཀོལ་ཏེ་བཞག་པ་བཞི་པོ་ལ། །བཀོལ་བའི་སྒྲ་བཤད་མི་འཇུག་སྟེ། །བཀོལ་བའི་མིང་ཅན་མ་ཡིན་ཕྱིར། །མིང་ཅན་མ་ཡིན་འགྲེལ་པས་གྲུབ། །བཀོལ་བའི་མིང་ཅན་དྲུག་པོ་ལ། །བཀྲི་བཀོལ་སྒྲ་བཤད་ཅུང་ཟད་འཁྲུལ། །ཀྲིད་ཅེས་རྒྱ་སྐད་སོར་བཞག་ལ། །བོད་སྐད་ཡིན་པར་བཤད་ཕྱིར་རོ། །ཞེས་སྨྲས་སོ། །ཀྲིད་ཅེས་འགྲེལ་ཆུང་ལས་བཀོལ་བའི་སྒྲ་དོན་དུ་བྱུང་སྟེ། ཀྲིད་ཅེས་པ་རྒྱ་སྐད་ཡིན་ལ། བཀོལ་བ་ཞེས་པ་བོད་སྐད་ཡིན་ནོ། །ཡན་ལག་གི་དོན་ནི། བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཞེས་པ་ནས་སོ། །ལས་ཀྱིས་གནས་པ་བྱིན་ལ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། དངོས་ཀྱི་དགོས་པ་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་བ་དང་། བརྒྱུད་པའི་དགོས་པ་སེམས་མགུ་བ་དེ་བརྟན་མི་བརྟན་རྟོགས་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། སྔོན་མུ་སྟེགས་ཅན་ཡིན་པ་་་་་་སྟེ་སྤོ་བའི་གཞིའི་ཞུ་བ་ལས་སྔོན་མུ་སྟེགས་ཅན་ཞེས་གསུངས་པ། དང་། ཤཱཀྱ་དང་མེ་པ་རལ་པ་ཅན་མ་ཡིན་པ་་་་་་སྟེ་ཤཱཀྱ་དང་མེ་
༼༡༧༣༽
པ་རལ་བ་ཅན་མ་གཏོགས་ཞེས་པ། དང་། སེམས་མགུ་བ་ཡིན་པ་་་་་་དེའི་དོན་དུ་དེ་དང་མི་ལྡན་པ་ཞེས་གསུངས་པ། དང་། ད་ལྟ་དགེ་བསྙེན་ཉིད་ཡིན་པ་་་་་་སྟེ་དགེ་བསྙེན་ཉིད་དུ་བྱས་པའི་ཞེས་གསུངས་སོ། །དགེ་བསྙེན་ཉིད་དུ་མ་བྱས་ན་དགེ་འདུན་གྱི་ཟས་མུ་སྟེགས་ལ་བྱིན་པས་མཆོག་ལ་བླངས་ནས་མཆོག་མ་ཡིན་པ་ལ་བྱིན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དང་། རབ་ཏུ་འབྱུང་བར་འདོད་པ་དང་། །ཚོགས་སུ་མ་ལོངས་པ་་་་་་ཚོགས་ཀྱི་ལས་མི་བྱའོ་ཞེས་གསུངས་པ། དང་། རང་གིས་ལན་གསུམ་གསོལ་བ་འདེབས་པ་་་་་་ལས་བྱིན་པ་དང་ཞེས་ཕྱིར་བཅོས་ཀྱི་གཞི་ལས་གསུངས། དང་། སྔར་ལས་ཀྱི་གནས་པ་བྱིན་པ་ད་ལྟར་གྱི་གནས་པ་བྱིན་པ་དང་མ་འབྲེལ་བ་་་་་་སྔར་གནང་བ་མ་བྱིན་པའོ་ཞེས་པའི་གནད་ཀྱིས། དང་། ཐ་སྙད་དང་ལྡན་པ་དང་།་་་་་རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་ལྟུང་བ་བསྐྱེད་པའི་ཡུལ་ལ་བཤད་པའི་གནད་ཀྱིས། ལུས་ཐ་མལ་པར་གནས་པའོ།་་་་་གཞན་དུ་ན་ལུས་ཀྱི་ཐ་སྙད་ལས་ཉམས་པས་ཆོ་གའི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། བཞི་ཡན་ཆད་ཀྱི་གྲངས་ཚང་བ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང་། ལས་བྱེད་པ་པོ་རང་ཚན་པ་དང་བཅས་པའོ། །གསུམ་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་རང་གིས་གསོལ་བ་ལན་གསུམ་འདེབས་པ་དང་། དངོས་གཞི་གསོལ་བ་དང་བཞིའི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་དངོས་པོ་གང་སྦྱིན་པ་ནི། མཁན་པོར་འགྱུར་བ་དེས་སྦྱར་བའི་གོས་དང་དགེ་འདུན་གྱིས་སྦྱར་བའི་ཟས་ཀྱིས་ཟླ་བ་བཞིར་གནས་པའོ། །ཡན་ལག་གི་དོན་ལ། མཐའ་ཅན་དེ་ལ་ཞེས་པའི་ཊཱི་ཀ་ལས། དེ་ལ་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་མུ་སྟེགས་ཅན་ལའོ་ཞེས་བཤད་ཅིང་། ལུང་གཞི་དང་ཀརྨ་ཤ་ཏཾ་དང་མདོ་རྩ་འགྲེལ་ལས། མུ་སྟེགས་ཅན་ལ་ལས་ཀྱིས་གནས་པ་སྦྱིན་ཞེས་གསུངས་ཀྱང་། མུ་སྟེགས་ཅན་ལ་ལས་ཀྱིས་གནས་པ་བྱིན་པ་ལ་དོན་མེད་དེ། གསོལ་བཞིའི་ལས་ཀྱིས་གནས་པ་སྦྱིན་པའི་ཡུལ། དགེ་བསྙེན་དེ་ནི་མུ་སྟེགས་པ་མ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་ལྡན་ཡིན་པའི་ཕྱིར་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པའི་ཕྱིར་རོ།་་་་་དེའང་ལུང་གཞི་ལས་མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་འོངས་ན་གསུམ་ལ་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་བྱིན་པར་བྱའོ་ཞེས་གསུངས་པ་དང་། འདི་ཉིད་ལས་དགེ་བསྙེན་ཉིད་དུ་
༼༡༧༤༽
བྱས་པའི་མཐའ་ཅན་དེ་ལ་དགེ་འདུན་གྱིས་ལས་ཀྱིས་གནས་པ་བྱིན་ལ་ཞེས་པས་གྲུབ་པའོ། །དེས་ན་ཡུལ་དེ་དགེ་བསྙེན་ཉིད་ཡིན་ཡང་ལུང་གཞི་དང་མདོ་རྩ་འགྲེལ་ལས་མུ་སྟེགས་ཅན་ཞེས་གསུངས་པ་ནི། སྔོན་མུ་སྟེགས་ཅན་ཡིན་པ་ལ་དགོངས་ཏེ། སྤོ་བའི་གཞིའི་ལུང་ཞུ་བ་ལས། སྔོན་མུ་སྟེགས་ཅན་ཞེས་གསུངས་པས་སོ། །རབ་ཏུ་འབྱུང་བའི་ཕྱིར་ཞེས་པ་ལ་སོགས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་། བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་མ་ལོན་པའོ།་་་་་སྔར་བཅས་ལ་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱིན་པ་བཀག་ནས། རྗེས་བཅས་ལ་ནི་ལོ་བདུན་ལོན་པ་དང་བྱ་རོག་སྐྲོད་ནུས་པ་ཚོགས་དོན་རབ་ཏུ་འབྱུང་བ་གནང་བ་ཡིན་གྱི། ལོ་བདུན་ལོན་ཡང་བྱ་རོག་སྐྲོད་མི་ནུས་ན་ནི་རྗེས་བཅས་ལ་ཡང་གནང་བ་མ་མཛད་དེ། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་ནི་རྗེས་བཅས་ཀྱི་དུས་ན་ཡང་བཀག་པ་ཉིད་དོ། །འདིར་ཚོགས་དོན་གནང་བ་དང་། ཚིག་རྐྱང་གནང་བ་གཉིས་མ་འདྲེས་པར་བྱེད་པ་གལ་ཆེའོ། །བློ་རྩིང་རྣམས་ཀྱིས་སྐབས་འདིར་འཁྲུལ་བཤད་མང་། །བྱེད་ལས་ནི་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པ་དང་། ལོ་བདུན་མ་ལོན་ན་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་སྟེ་སྔར་བཤད་ཟིན་ཏོ། །དགག་བྱ་ནི་གཞན་རྒྱུད་ཆུད་ཟོས་པ་དང་གཞན་མ་དད་པ་སྐྱེ་བའོ། །བཀོལ་བ་བྲན་ནོ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། ཇོ་བོ་མི་ཡིན་པའི་བྲན་དུ་གྱུར་པའོ།་་་་་མི་མ་ཡིན་ལ་ནི་བྲན་གྱི་ཐ་སྙད་མཐུན་སྣང་དུ་མེད་པས་ཇོ་བོ་ཤི་ནས་མེད་ཀྱང་བྲན་དུ་གྱུར་པ་ལས་མ་འདས་སོ། །དེ་ཡུལ་ཐག་རིང་པའམ་དེའི་ཇོ་བོ་ཤིའམ་ཇོ་བོས་གནང་ན་སྡོམ་པ་གནས་པ་ལ་བར་དུ་གཅོད་པའི་ཆ་ལས་གྲོལ་ཡང་བྲན་དེ་རིགས་ངན་པའི་ཆ་ལས་མི་གྲོལ་ཏེ་ལྷམ་མཁན་གྱི་བུ་ནི་ཕ་མས་གནང་ཡང་ལྷམ་མཁན་རབ་ཏུ་མི་དབྱུང་བ་བཞིན་ནོ། །བྱེད་ལས་ནི་སྡོམ་པ་གནས་པ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ཇོ་བོ་ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །ཡིན་ནམ་བཏང་ལ་ཞེས་པ་ལ་སོགས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིའི་བར་ཆད་ཀྱི་མཚན་ཉིད་ནི། བུ་ལོན་ཆགས་པ་ཆོས་དྲུག་ལྡན་ཏེ། བུ་ལོན་གྱི་བདག་པོ་མི་ཡིན། གསོན་པོར་གནས། ཡུལ་ཐག་ཉེ་བ་ཡིན། དེའམ་དེ་བས་དབང་ཆེ་བས་གནང་བ་་་་་་སྟེ་བུ་ལོན་རྙིང་ཆགས་མ་ལེན་ཞེས་རྒྱལ་པོ་ཆེན་པོས་དྲིལ་བསྒྲགས་པ་ལྟ་བུ། མ་ཡིན་པ་དང་བཞི་ནི་ཕ་མས་མ་གནང་བ་ལ་བཤད་པའི་གནད་ཀྱིས་སྦྱར་གསུང་ངོ་། །གྲགས་སྡེའི་ཚད་དུ་ཆོག་ཅིང་གཞལ་དགོས་
༼༡༧༥༽
ཡིན་པ་སྟེ། དགག་བྱའི་གནད་ཀྱིས་ཤེས་སོ། །འཇལ་བར་ཁས་མི་ལེན་ནམ་ཁས་ལེན་ཡང་མི་འཁོར་བ་སྟེ། ཊཱི་ཀ་ལས། བུ་ལོན་འཇལ་ནུས་སོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་རབ་ཏུ་བྱུང་བར་བྱའོ་ཞེས་པ་དང་། འགྲེལ་ཆུང་ལས། ཕྱིས་འཇལ་བར་ཁས་ལེན་ཅིང་ཕྱིས་འཁོར་བ་ཙམ་གྱི་ཚོད་ན་རབ་ཏུ་དབྱུང་ཞེས་སོ། །བྱེད་ལས་ནི་སྔ་མ་བཞིན་ནོ།་་་་་སྡོམ་པ་གནས་པ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ནི་བུ་ལོན་པ་དེ་ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །ཡན་ལག་གི་དོན་ནི། ཡིན་ནམ་བཏང་ལ་ཞེས་སོ། །བུ་ལོན་ཅན་ལ་བཀོལ་བ་སྦྱོར་རམ་མི་སྦྱོར་ཞེ་ན། ཁ་ཅིག་ན་རེ་འདི་ལ་བཀོལ་བ་མི་སྦྱོར་ཏེ། མིང་ཅན་ལྷག་པའི་ཕྱིར་དང་མིང་ཅན་ལ་ཕྱུང་འཇུག་བྱས་པའི་ཕྱིར་ཞེས་ཟེར་ཡང་། དམ་བཅའ་མི་འཐད་དེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཀོལ་བ་བུ་ལོན་ཅན་དང་སྦྱར་བ་ཤེས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །སྒྲུབ་བྱེད་མི་འཐད་དེ། ཕ་མས་མ་གནང་བ་ཆོས་ཅན། བཀོལ་བ་མི་སྦྱོར་བར་ཐལ། མིང་ཅན་ལྷག་པའི་ཕྱིར་དང་མིང་ཅན་ལ་ཕྱུང་འཇུག་བྱས་པའི་ཕྱིར་རོ། །མིང་ཅན་ལྷག་སྟེ་མཇུག་ཏུ་ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་པ་འདི་ལྷག་པར་ཡོད་པའི་ཕྱིར་དང་། མིང་ཅན་ལ་ཕྱུང་འཇུག་བྱས་ཏེ། ཕ་མས་མ་གནང་བ་མ་ཡིན་ནམ་ཞེས་པའི་དགག་ཚིག་ཕྱུང་ནས། ཕ་མས་གནང་ངམ་ཞེས་སྒྲུབ་ཚིག་བཅུག་པའི་ཕྱིར་ཏེ། རྟགས་གཞུང་གིས་གྲུབ་བོ། །འདོད་ན། བཀོལ་བ་ཕ་མས་གནང་ངམ་ཞེས་སོ། །དེ་ལྟར་བུ་ལོན་ཅན་ལ་བཀོལ་བ་སྦྱར་བས། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་སྦྱར་རོ། །དེ་ལས་ཚིག་ཅུང་ཟད་བསྒྱུར་ཏེ་དྲི་བར་བསྟན་པའི་ཕྱིར་ཡིན་ནམ་བཏང་ལ་ཞེས་སྨོས་ཏེ། བཀོལ་བ་སྦྱར་བ་ནི། ཡིན་ནམ་ཞེས་པའི་མ་ཞེས་པ་མི་གཏོང་སྟེ་མི་བོར་བར་བཞག་ཅིང་། ཡིན་ནམ་ཞེས་པ་དེ་བཏང་སྟེ་བོར་ལ་མ་དེའི་ཤུལ་དུ་ཁྱོད་ལ་ཞེས་གཞུག་སྟེ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་ཞེས་བྱའོ། །མ་ཞེས་པ་དེ་མི་གཏོང་སྟེ་མི་བོར་བར་བཞག་པ་དེ་ནི་མེད་དམ་ཞེས་པ་འདི་ཡིན་ཏེ་མ་ཞེས་དགག་པའི་སྒྲ་དང་མེད་ཅེས་དགག་པའི་སྒྲ་འདི་གཉིས་ནི་རྒྱ་གར་གྱི་སྐད་ལ་སྒྲ་གཅིག་ཉིད་ཡིན་ནོ། །འདིར་བར་ཆད་འདྲི་བའི་ཚེ་ན། རབ་ཏུ་
༼༡༧༦༽
འབྱིན་པའི་སྐབས་སུ་ནི་ལུང་གཞི་དང་ཀརྨ་ཤ་ཏཾ་ལས། བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་གསུངས་་་་་་ཏེ་ཡིན་ནམ་མ་བཏང་བར་བརྗོད་པ་ཡང་གསུངས། ལར་རང་། ཡིན་ནམ་བཏང་དེ་བརྗོད་པར་ཡང་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་ཞེས་གསུངས་སོ། །དེས་ན་རབ་ཏུ་འབྱུང་བའི་སྐབས་འདིར་ནི་མ་ཡིན་ནམ་ཞེས་པ་དང་མེད་དམ་ཞེས་པ་ཆོ་ག་བརྗོད་ཚུལ་དེ་གཉིས་གང་བྱས་ཀྱང་རུང་བའོ། །བསྙེན་རྫོགས་བྱེད་པའི་སྐབས་སུ་ནི་བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་་་་་་འདུལ་བའི་གཞུང་གང་ལས་ཀྱང་། མ་གསུངས་ཀྱི། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་བ་ཉིད་དོ། །འདི་ལ་བཀོལ་བ་སྦྱར་བས་བུ་ལོན་ཆགས་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་པ་དེའི་དམིགས་བསལ་ནི།་་་་་ཊཱི་ཀ་ལས་བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བ་ཡང་མ་ཡིན་རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་ནས་བུ་ལོན་འཇལ་ནུས་སོ་ཞེས་དམ་བཅའ་བར་བྱེད་པ་དེ་ནི་རབ་ཏུ་དབྱུང་བར་བྱའོ་ཞེས་སོ། །འགྲེལ་ཆུང་ལས་འཁོར་བ་ཙམ་གྱི་ཚོད་ན་རབ་ཏུ་དབྱུང་ཞེས་སོ། །ཕ་མས་མ་གནང་བ་རབ་ཏུ་འབྱིན་པ་སྔར་བཅས་ལ་གནང་ཞིང་། རྗེས་བཅས་ལ་བཀག་པ་སྟེ། དང་པོ་སྔར་བཅས་ནི། རབ་ཏུ་འབྱུང་བར་འདོད་པ་ཞེས་པ་ནས་བསྟན་ཏོ། །ཞག་བདུན་བསྲེལ་བ་འདི་ལ་ཁ་་་་་་སྔ་རབས། ཅིག་ན་རེ་ད་ལྟ་ཡང་ལག་ལེན་བྱེད་དེ། གནང་མ་གནང་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཤ་སྤས་ལ་སོགས་པ།་་་་་ཁ་ཅིག་ན་རེ་འོ་ན་བྲན་ཡང་ཞག་བདུན་བསྲེལ་བར་ཐལ། གནང་མ་གནང་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །དེས་ན་འདི་ལ་ད་ལྟ་ལག་ལེན་མི་བྱེད་དེ། སྔར་བཅས་ལ་ཕ་མས་མ་གནང་ཡང་རབ་ཏུ་འབྱིན་དུ་གནང་བ་ན་ཞག་བདུན་བསྲེལ་བ་འདི་གསུངས་ཀྱང་། རྗེས་བཅས་ལ་ཕ་མས་མ་གནང་བ་རབ་ཏུ་འབྱིན་པ་བཀག་པའི་ཕྱིར། མ་གནང་ན་རབ་ཏུ་མི་འབྱིན་པས་རབ་ཏུ་མི་འབྱིན་པ་དེ་ཞག་བདུན་བསྲེལ་ཡང་དོན་མེད་པའི་ཕྱིར་དང་། གནང་ན་ནི་འོངས་མ་ཐག་ཏུ་རབ་ཏུ་དབྱུང་སྟེ་ཞག་བདུན་བསྲེལ་མི་དགོས་པའི་ཕྱིར་རོ་ཞེས་འཆད་དེ། ཕྱི་མ་དེ་ལེགས་་་་་་ད་ལྟ་ལག་ལེན་མི་བྱེད་པར་བརྟག་སོ། །ཊཱི་ཀ་ལས་ཡུལ་ཐག་མི་རིང་བ་ཅན་གྱི་དབང་དུ་བྱས་ཏེ་སྨྲས་ནས་ད་ནི་ཡུལ་
༼༡༧༧༽
ཐག་རིང་པོ་ཅན་གྱི་དབང་དུ་བྱས་ཏེ་དེ་ཡུལ་ཐག་རིང་ན་ཞེས་སོ། །ཊཱི་ཀ་ལས། ཡང་ཞེས་བྱ་བའི་སྒྲས་ནི་ཞག་བདུན་བསྲེལ་དུ་ཟིན་ཀྱང་ཞེས་བཤད་པས། དེ་ཡུལ་ཐག་རིང་ན་ཞག་བདུན་བསྲེལ་མི་དགོས་པ་ལ་བསྲེལ་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱ་སྟེ་ཞག་བདུན་བསྲེལ་བ་དེས་ཞུས་པའི་གོ་མི་ཆོད་པའི་ཕྱིར་རོ། །ཡང་ཞེས་པའི་སྒྲ་ནི་ཊཱི་ཀ་ལས་གཞན་འདོད་བཀོད་པ་ལས། ཁ་ཅིག་ནི་ཡང་ཞེས་བྱ་བའི་སྒྲ་ནི་ཡུལ་ཐག་ཉེ་བ་ཡང་ཞུ་བར་བྱའོ་ཞེས་འཆད་ཀྱང་ཊཱི་ཀའི་རྗེས་སུ་འབྲང་བར་བྱ་བའོ། །དགེ་འདུན་ལ་མ་ཞུས་པར་ཞེས་པ་ནི་ཡུལ་ཐག་རིང་བས་ཞུ་མི་དགོས་སམ་སྙམ་པའི་དོགས་པ་བསལ་བ་དང་། གཞི་འགྲེལ་ལས། དགེ་འདུན་ལ་ཞུ་བ་ནི་རྐུན་མ་ཞེས་སྐུར་བ་འདེབས་པ་སྤང་བའི་ཕྱིར་རོ་ཞེས་སོ། །འདིར་བཤད་པའི་དགེ་འདུན་ལ་ཞུ་བ་འདི་དང་། སྔར་བཤད་པའི་རབ་ཏུ་འབྱིན་པའི་ཞུ་བ་དེ་གཉིས་གཅིག་གམ་ཐ་དད་ཅེ་ན།་་་་་གཅིག་ཡིན་ཞེས་སྔ་རབས་པ་ཁ་ཅིག་ཟེར་ཡང་། ཐ་དད་དེ། ཞུ་བའི་ཚིག་ཐ་དད་པའི་ཕྱིར་དང་། ཞུ་བ་པོ་ཐ་དད་པའི་ཕྱིར་དང་། གང་ཞུ་བའི་ངོ་བོ་ཐ་དད་པའི་ཕྱིར་རོ།་་་་་ཞུ་བའི་ཚིག་ཐ་དད་དེ། འདི་ནི་གྲོས་འདྲི་བའི་ཚུལ་གྱིས་ཐ་མལ་གྱི་ཚིགས་གིས་ཞུ་བ་ཡིན་ལ། སྔ་མ་ནི་སྔགས་ཀྱི་ཆོ་གས་ཞུ་བ་ཡིན་པའི་ཕྱིར་དང་། ཞུ་བ་པོ་ཐ་དད་དེ། འདི་ནི་མཁན་པོས་ཞུ་བ་ཡིན་ལ། སྔ་མ་ནི་མཁན་པོས་གཏད་པའི་དགེ་སློང་གིས་ཞུ་བ་ཡིན་པའི་ཕྱིར་དང་། གང་ཞུ་བའི་ངོ་བོ་ཐ་དད་དེ། འདི་ནི་ཕ་མས་མ་གནང་བ་ཞུ་བ་ཡིན་ལ་སྔ་མ་ནི་ཕ་མས་གནང་བ་སྟེ་བར་ཆད་ཀྱིས་མ་གོས་པར་དག་ན་ཞུ་བ་ཡིན་པའི་ཕྱིར་ར་ོ། །བྱིན་ན་རུང་ངོ་། །ཞེས་པ་ནི་ཊཱི་ཀ་ལས་གནང་སྤབས་ཀྱི་སྒྲ་དེ་དགེ་འདུན་གྱིས་གནང་ན་སྦྱིན་པ་སྟེ་གཅིག་ལ་མ་ཞུས་ན་ཡང་སྦྱིན་པར་མི་བྱའོ་ཞེས་བཤད་དོ། །འོ་ན་ལས་ཀྱིས་གནས་པ་བྱིན་པ་དང་ཞག་བདུན་བསྲེལ་བ་འདི་གཉིས་ཀྱི་སྐབས་སུ།་་་་་ཟན་དགེ་འདུན་གྱི་ཡིན་པར་མཚུངས་ལ་སྦྱིན་ཡུལ་རབ་ཏུ་འབྱུང་འདོད་པར་མཚུངས་པ་ལ། སྔ་མ་ལ་དེའི་ཟན་ནི་དགེ་འདུན་ལས་སོ་ཞེས་ངེས་པར་བྱིན་པའི་སྒྲར་གསུངས་ལ། འདིར་ནི་བྱིན་ན་རུང་ངོ་ཞེས་གནང་སྤབས་ཀྱི་སྒྲར་གསུངས་པ་ཁྱད་པར་གྱི་རྒྱུ་མཚན་ཅི་ཞེ་ན། སྔ་མ་ནི་གསོལ་བཞིའི་ལས་ཀྱིས་གནས་པ་བྱིན་ཟིན་པས་དགེ་འདུན་རྣམས་ཐུགས་མཐུན་པ་གྲུབ་ཟིན་པའི་ཕྱིར། འདིར་ཐུགས་མཐུན་པ་གྲུབ་མ་ཟིན་པའི་ཕྱིར་ཏེ། ཐུགས་བསྟུན་ཏེ་གནང་ན་སྦྱིན་པའོ། །གཉིས་པ་རྗེས་བཅས་ནི་བཀོལ་བ་ཕ་མས་གནང་ངམ་ཞེས་སོ། །འདིའི་སྤྱི་དོན་ལ་གསུམ་ལས། བར་ཆད་ཀྱི་མཚན་ཉིད་ཞེས་ཕས་མ་གནང་
༼༡༧༨༽
བ་ཆོས་བཞི་ལྡན་ཏེ། ཕ་མ་གསོན་པོར་གནས་པ་དང་། མི་ཡིན་པ་སྟེ་ཞུ་བ་ལས་ཕ་མས་མ་གནང་བ་བསྙེན་པར་རྫོགས་པར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མ་མཆིས་སམ། ཨུ་པ་ལི་ཡོད་དེ། དེའི་ཕ་མ་དུས་ལས་འདས་པའམ་བྱོལ་སོང་ངམ། ཇོ་བོས་གནང་བར་གྱུར་བའོ་ཞེས་གསུངས་སོ། །ཡུལ་ཐག་ཉེ་བ་སྟེ། ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །ཞེས་སོ། །དེའམ་དེ་བས་དབང་ཆེ་བས་གནང་བ་མ་ཡིན་པ་དང་བཞིའོ། །ཕ་མས་གནང་བའམ་དེ་བས་དབང་ཆེ་བས་གནང་ན་ཡང་རབ་ཏུ་དབྱུང་རུང་ཏེ། ཞུ་བ་ལས་ཇོ་བོས་གནང་བར་གྱུར་པའོ་ཞེས་གསུངས་པ་དང་། ལུང་ལས་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པའི་བྱུང་བས་ཤེས་ལ། འགྲེལ་ཆུང་ལས་ཀྱང་ཕ་མ་ལ་མ་དྲིས་ཀྱང་རྒྱལ་པོའི་འབངས་སུ་གཏོགས་པ་ལས་རྒྱལ་པོས་གནང་སྟེ་བཅུག་ནའང་ཉེས་མེད་དོ་ཞེས་སོ། །བྱེད་ལས་་་་་་སྡོམ་པ་གནས་པ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་པ་བསྐྱེད་པ། ནི་སྔ་མ་བཞིན་ནོ། །དགག་བྱ་ནི་ཕ་མ་ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །ཡན་ལག་གི་དོན་ནི་ལུང་དང་མདོ་རྩ་འགྲེལ་ལས་འབྱུང་རྫོགས་གཉིས་ཀའི་སྐབས་སུ་ཕ་མས་གནང་ངམ་ཞེས་སྒྲུབ་ཚིག་ཏུ་དྲི་བར་གསུངས་ལ། ཀརྨ་ཤ་ཏཾ་ལས་ནི་རབ་ཏུ་དབྱུང་བའི་སྐབས་སུ་ཕ་མས་མ་གནང་བ་མ་ཡིན་ནམ་ཞེས་དགག་ཚིག་ཏུ་འདྲི་བར་བཤད་དོ། །ཡུལ་ཐག་རིང་བ་ཞེས་པ་ལུང་ལས་ཡུལ་ཐག་རིང་བ་ཕ་མའི་གཏམ་ཡང་མི་ཐོས་པ་ཞེས་བཤད་པ་ནི་མཚོན་པ་ཙམ་ཡིན་ཏེ། འགྲེལ་ཆུང་ལས་ཡུལ་ཐག་རིང་བའི་ཚད་ནི་ཕ་མས་དགུག་པར་ཉམས་ཀྱིས་མི་ལྕོགས་ཤིང་མཐུས་མི་ཁུགས་པ་ཙམ་ལ་བྱའོ་ཞེས་སོ། །ནད་པ་མ་ཡིན་ནམ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིའི།་་་་་བར་ཆད་ཀྱི་མཚན་ཉིད་ནི། ནད་མངོན་གྱུར་གང་ཡང་རུང་་་་་་དེ་དག་ནི་རབ་ཏུ་དབྱུང་བར་བྱ། བ་དང་ལྡན་པའོ། །བྱེད་ལས་ནི་་་་་་ན་བས་ཐོས་པ་ལ་སོགས་པ་མི་ལྕོགས་པའི་ཕྱིར་ཡོན་ཏན། ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ནི་སྡོམ་པ་ཆུད་ཟོས་པ་དང་་་་་་རབ་ཏུ་འབྱིན་པར་བྱེད་པ་པོ། །རང་གཞན་ལ་གནོད་པའོ། །ཡན་ལག་གི་དོན་ལ་རབ་ཏུ་འབྱིན་པའི་ཚེ་ནད་སྤྱི་ཙམ་དུ་དྲིས་པས་ཆོག་ལ། བསྙེན་རྫོགས་བྱེད་པའི་ཚེ་ནད་བྱེ་བྲག་ཏུ་ཕྱེ་ནས་འདྲི་དགོས་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་བྱུང་ནི་ལོ་བདུན་ལོན་པ་ལ་བྱར་རུང་བས་དེའི་ཚེ་ན་ནད་ཅུང་ཟད་ཙམ་ལ་ཡང་ནད་དུ་འཛིན་པས། ནད་སྤྱི་ཙམ་དུ་དྲིས་
༼༡༧༩༽
པས་ཀྱང་རྟོགས་སླ་བའི་ཕྱིར་དང་། བསྙེན་རྫོགས་ལ་ནི་ལོ་ཉི་ཤུ་ཡན་ཆད་ལོན་པ་དགོས་པས། དེའི་ཚེ་ནད་ཅུང་ཟད་ཙམ་ལ་ནད་དུ་མི་འཛིན་པས་ནད་བྱེ་བྲག་ཏུ་བཀར་ཏེ་མ་དྲིས་ན་རྟོགས་དཀའ་བའི་ཕྱིར་ཞེས་གསུངས་སོ། །བཀོལ་བ་ཆད་པ་ཡན་ཆད་དོ། །ཞེས་པ་ནས་མདོ་གསུམ་གྱིས་བར་ཆད་བཅུ་གཅིག་ལ་ཐུན་མོང་གི་ཆོས་བརྒྱད་བསྟན་ཏོ། །སྤྲུལ་པའོ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། བར་ཆད་ཀྱི་མཚན་ཉིད་ནི། མི་མ་ཡིན་གྱིས་གཞན་དུ་སྤྲུལ་པ་སྟེ། གཞི་འགྲེལ་ལས་སྤྲུལ་བ་ཞེས་བྱ་བ་ནི་ཀླུ་ལ་སོགས་པའོ་ཞེས་སོ། །སྤྲུལ་པའོ་ཞེས་པའི།་་་་་འགྲེལ་ཆུང་ལས་སྤྲུལ་ནུས་པ་སྟེ་སྤྲུལ་སྙམ་པའི་ཕྱིར་ང་རྒྱལ་ཆེ་བས་ཁྲིམས་མི་ཆགས་ཞེས་བཤད་ཀྱང་། མིས་སྤྲུལ་ནུས་པས་ནི་བར་ཆད་དུ་མི་འགྱུར་ཏེ།་་་་་ལུང་ཕྲན་ཚེགས་ལས་དྲང་སྲོང་ནམ་མཁའ་ལ་འཕུར་ཏེ་སྡོམ་པ་ལེན་དུ་འོངས་པ། དགྲ་བཅོམ་པ་ཉི་མ་གུང་བའི་བྱུང་བས་ཤེས་སོ། །ལུང་ལས་ཤེས་པའི་ཐ་སྙད་ལས་ཉམས་པ་སྨྱོན་པ་ལ་སྡོམ་པ་སྐྱེ་བར་གསུངས་པའི་གནད་ཀྱིས། ལུས་ཀྱི་ཐ་སྙད་ལས་ཉམས་པ་མ་སྤྲུལ་སྟག་བྱས་པ་ལ་ཡང་མཚུངས་སོ། །མི་མ་ཡིན་སྤྲུལ་པ་འདིའི།་་་་་བྱེད་ལས་ནི་སྡོམ་པ་སྐྱེ་པ་ལ་བར་དུ་གཅོད་ཅིང་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ནི་སངས་རྒྱས་ཀྱི་བསྟན་པའི་སྣོད་མ་ཡིན་པ་རབ་ཏུ་ཕྱུང་ན་ནི་བསྟན་པ་ཆུད་ཟོས་པར་འགྱུར་བའོ། །མ་ནིང་ངོ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། བར་ཆད་ཀྱི་མཚན་ཉིད་ནི། རྟེན་འདོད་ཁམས་པ་གང་ཞིག དོན་ཕོ་མོ་གང་དུ་ཡང་མ་གཏོགས་པའི་སྲོག་ལྡན་ཡིན་པའི་ཆ་ནས་ཟ་མ་ཙམ་པོ་དང་ཆོས་མཚུངས་པ་ཡིན་པའོ།་་་་་ཕོ་མ་ནིང་ལྔ་ཞེས་ཕོའི་ཐ་སྙད་བཏགས་ཀྱང་ཕོ་མོ་གང་དུ་ཡང་མ་གཏོགས་སོ། །ཟ་མ་ཁྱད་པར་ཅན་མ་ནིང་དང་ངོ་བོ་གཅིག་པ་ནི་ཟ་མ་ཙམ་པོ་དང་ཆོས་མཚུངས་པའོ། །བྱེད་ལས་དང་དགག་བྱ་ནི་སྔ་མ་བཞིན་ནོ། །ཡན་ལག་གི་དོན་ལ། ཟླ་བ་ཕྱེད་པ་ནི་ལུང་ལས་ཟླ་བ་ཕྱེད་ཕྱེད་ན་ལུས་་་་་་ཏེ་མཚན། འགྱུར་བ་ལ་བཤད་ཅིང་། ཊཱི་ཀ་ལས་ཟླ་བ་ཕྱེད་ཕྱེད་ན་བསམ་པ་འགྱུར་བ་སྟེ་བསམ་པ་འདོད་ཆགས་འགྱུར་བ་ལ་བཤད་དེ།་་་་་ལུང་གཞི་ལས་ཟླ་བ་ཕྱེད་ནི་བུད་མེད་ཟླ་བ་ཕྱེད་ནི་སྐྱེས་པར་འགྱུར་བའོ། །ཞེས་བཤད་ཅིང་ཊཱི་ཀ་ལས་ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་འགྱུར་ལ་ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་པར་འགྱུར་བ་སྟེ་ཞེས་བཤད་དོ། །ལུས་ཀྱི་མཚན་འགྱུར་ན་ཆགས་སེམས་ཡང་འགྱུར་ལ། ལུས་མ་འགྱུར་ན་ཡང་ཆགས་སེམས་འགྱུར་བ་སྲིད་པས། ཕྱི་མ་ཁྱབ་ཆེ་བ་ཡིན་ནོ། །གཞི་འགྲེལ་ལས། འཁྱུད་ནས་ལྡང་བའི་མ་ནིང་ནི། །སྐྱེས་པ་གཞན་གྱིས་བརྩལ་བ་ན།་་་་་མོའི་འདོད་ཆགས་སྐྱེ་སྟེ་སྐྱེས་པ་ལ་ཆགས་པ་སྐྱེས་
༼༡༨༠༽
པའི་དབང་གིས་ཕོའི། དབང་པོ་ལས་སུ་རུང་བ་ལྡང་བར་འགྱུར་བའམ། བུད་མེད་ལ་སོགས་པས་བརྩལ་བ་ན་དབང་པོ་ལས་སུ་རུང་བ་ལྡང་བར་འགྱུར་་་་་་གྱི་གཞན་དུ་མ་ཡིན། པའོ་ཞེས་སོ།་་་་་འབྲུ་སྣོན་དེ་གཉིས་ནི་ཊཱི་ཀ་ལས་སྔ་མ་ཁུངས་སུ་མཛད་ཅིང་ཕྱི་མ་གཞན་གྱི་འདོད་པ་བཀོད་དེ་དགག་པ་མ་མཛད་པས་གཉིས་ཀ་ལྟར་ཡིན་ནོ། །ཉམས་པ་ནི་ཕོ་ཡི་དབང་པོ་མཚོན་གྱིས་བཅད་པ་དང་མེས་འཚིག་པ་དང་མཛེ་ནད་ཀྱིས་རུལ་བ་དང་། ས་སྡེ་ལས་སྔགས་ཀྱིས་ཉམས་པའང་བཤད་དོ། །ཊཱི་ཀ་ལས་མ་ནིང་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན་ཞེས་པ་ནི་མ་ནིང་གི་མིང་གིས་བརྗོད་པ་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེས་པའོ། །མ་ནིང་ལྔ་པོ་་་་་་འདི་ལས་ཐ་མ་ཉམས་པ་མ་ནིང་ནི་་་་་་མོའི་འདོད་ཆགས་ཀྱི་ཉེས་པ་བསྟེན་ན་སྡོམ་པ་བླངས་ཀྱང་མི་སྐྱེ་བར་མ་ཟད་ཀྱི་སྔར་དགེ་སློང་ཡིན་ཡང་སྡོམ་པ་བཏང་བར་གྱུར་པ་སྟེ། ཊཱི་ཀ་ལས་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་འགྱུར་བས་ཞེས་སོ། །ཉེས་པ་མི་བསྟེན་ན་ནི་མི་བསྙིལ་ཞེས་འདིར་ཤུགས་ཀྱིས་བསྟན་ཏེ། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་འདི་ཇི་སྲིད་དུ་་་་་་མོའི་འདོད་ཆགས་སྐྱེས་ཏེ་སྐྱེས་པ་ལ་ཆགས་སེམས་སྐྱེས་པའི་དབང་གིས་མོའི། འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ་ཞེས་བཤད་ཅིང་། དགེ་སློང་གིས་ཕོ་དབང་བཅད་པ་ཙམ་གྱིས་དེའི་སྡོམ་པ་བཏང་ན་ནི་དེ་ལ་ནི་སྦོམ་པོ་མི་སྐྱེད་པ་ལས།་་་་་ལུང་ཞུ་བ་ལས་ཀྱང་བཅད་དེ་འཛུད་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་སོ།་་་་་གསུངས་པས་དགེ་སློང་གི་སྡོམ་པ་ཡོད་པར་ཤེས། མཚན་ཉམས་པ་འདི་ལ།་་་་་རྣམ་པར་གཏད་ལ་དབབ་པ་བསྡུ་བ་ལས། སྐྱེས་པའི་དབང་པོ་མཚོན་ལ་སོགས་པས་བཅད་པར་གྱུར་ཅིང་སྐྱེས་པའི་སྤོབས་པ་མི་འབྱུང་བ་ནི། གལ་ཏེ་ཕ་རོལ་པོ་་་་་་སྐྱེས་པ། དག་གིས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་གྱི་མ་ནིང་མ་ཡིན་ནོ། །གལ་ཏེ་སུན་འབྱིན་པར་བྱེད་ན་ནི་ཟ་མ་དང་མ་ནིང་་་་་་གཉིས་ཀ ཡིན་པར་བརྗོད་པར་བྱའོ་ཞེས་བཤད་དོ། །རྐུ་ཐབས་སུ་གནས་པའོ་ཞེས་པ་འདིའི་སྤྱི་དོན་ལ་བཞི་ལས། བར་ཆད་ཀྱི་མཚན་ཉིད་ནི། ཡན་ལག་བཞི་ཚང་བའི་ལས་སྒྲིབ་བོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ་གང་དང་ལྷན་ཅིག་ཉམས་སུ་མྱོང་བའི་ཡུལ་དང་། གང་ཉམས་སུ་མྱོང་བའི་ཆོ་ག་དང་། གང་གིས་ཉམས་སུ་མྱོང་བའི་གང་ཟག་གོ །དང་པོ་ནི་བསྙེན་རྫོགས་རང་བཞིན་དུ་གནས་པ་བཞིར་ལོངས་པའི་དགེ་འདུན་ཏེ། ལུང་གཞི་ལས་དགེ་སློང་རང་བཞིན་གནས་པ་དག་དང་ལྷན་ཅིག ཅེས་གསུངས་ཤིང་། བཞིར་ལོངས་དགོས་པར་འདི་ཉིད་ལས། དགེ་འདུན་དང་ལྷན་ཅིག་ཅེས་བཤད་
༼༡༨༡༽
པས་སོ། །གང་ཉམས་སུ་མྱོང་བའི་ཆོ་ག་ལ་གསུམ་སྟེ། ལས་ཀྱི་ཆོ་གའམ་དེ་དང་འདྲ་བ་ཡིན་པ་དང་། བདག་ལ་མ་གནང་བ་ཡིན་པ་དང་། སྐོར་གཉིས་ཡན་ཆད་ཡིན་པའོ། །དང་པོ་ནི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་ཞེས་བཤད་ཅིང་འགྲེལ་པ་རྣམས་ལས་རབ་ཏུ་འབྱིན་པའི་ཞུ་བ་ཐོས་པས་ཀྱང་རྐུ་ཐབས་སུ་གནས་པར་བཤད་པས་སོ། །གཉིས་པ་ནི་རྐུ་ཐབས་སུ་ཞེས་པས་བདག་ལ་མ་གནང་བར་གྲུབ་བོ།་་་་་གནང་བའི་ལས་གཉིས་ནི་དགེ་ཚུལ་གྱིས་ཐོས་ཀྱང་ཉེས་པ་མེད་དེ། ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་ཞེས་དགེ་ཚུལ་གྱིས་ལས་བཅུ་བཞི་ཐོས་ཀྱང་རྐུ་ཐབས་སུ་གནས་པར་མི་འགྱུར་བ་སྲིད་དེ། དགེ་སློང་གི་སྡོམ་པ་ལན་བདུན་མནོས་ནའོ། །གསུམ་པ་ནི་ལན་གཉིས་ཞེས་པས་སོ། །གང་གིས་ཉམས་སུ་མྱོང་བའི་གང་ཟག་ནི། བསྙེན་པར་མ་རྫོགས་པ་ཡིན་པ་ལ་དེར་འདུ་ཤེས་པ་དང་། བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་དང་། རབ་བྱུང་གི་ཆ་ལུགས་དང་སྤྱོད་ལམ་འདྲ་བ་ཡིན་པ་སྟེ། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ་ཞེས་པ་དང་། མི་མ་ཡིན་པ་དང་སྤྲུལ་པ་དང་མ་ནིང་ལ་སོགས་པ་བར་ཆད་གཙོ་བོ་གཞན་དང་ལྡན་ན་དེའི་རྐྱེན་གྱིས་རྒྱུད་ཆུད་ཟོས་ཀྱི་དགག་བྱ་མེད་པའི་ཕྱིར་དང་། ལུང་གི་གླེང་གཞི་ལས་ཆ་ལུགས་འདྲ་བ་ལ་བརྟེན་ནས་གསུངས་ཤིང་། ལུང་ཞུ་བ་ལས་རང་གིས་རྟགས་བླངས་ཏེ་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་ཉམས་སུ་མྱོང་བར་གྱུར་པ་ཞེས་གསུངས་པ་དང་། གཞི་འགྲེལ་ལས། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་འདིར་རང་གིས་རྟགས་བླངས་པ་སྡོམ་པ་མ་ཐོབ་པའོ་ཞེས་བཤད་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པ་སྟེ་ཤེས་ལ་ཞེས་པས་སོ།་་་་་ལྟུང་བྱེད་ཀྱི་སྐབས་ཀྱི་ཊཱི་ཀ་ལས་བདག་ཉིད་ཀྱིས་སྡོམ་པ་མ་ཆགས་པ་ཉིད་དུ་ཤེས་ན། རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་འགྱུར་ལ། གལ་ཏེ་མི་ཤེས་ན་ནི་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་མི་འགྱུར་ཏེ། དགེ་འདུན་ལ་རྐུ་བའི་བསམ་པའི་ཁོངས་སུ་གཏོགས་པ་མེད་པའི་ཕྱིར་རོ་ཞེས་སོ། །ཞུ་བ་ལས་རྐུ་སེམས་ཀྱིས་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་མྱོང་བར་གྱུར་པ་ཞེས་གསུངས་ཀྱང་རྐུ་སེམས་བཏགས་པ་བ་སྟེ་མ་གནང་བ་སྤྱོད་པ་ཙམ་ལ་དགོངས་ནས་སོ། །ཀུན་སློང་བསམ་པ་ཐག་པ་ནས་ལས་སམ་ལས་དང་འདྲ་བ་ཉམས་སུ་མྱོང་བར་འདོད་པ་རྒྱུན་མ་ཆད་པ་སྟེ། བསམ་པ་ཐག་པ་ནས་དགོས་པར།་་་་་བཞད་གད་ཀྱི་
༼༡༨༢༽
དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང་། ཉམས་སུ་མྱོང་བར་འདོད་པ་ནི་སྐབས་ཀྱིས་གྲུབ་ཅིང་རྒྱུན་མ་ཆད་པ་དགོས་ཏེ། བཏང་བ་ཡང་ངོ་ཞེས་པའི་གནད་ཀྱིས་སོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། གནས་གཅིག་ཏུ་སྤྱོད་ལམ་མཐུན་པས་ལས་ཀྱི་ཆོ་ག་ཉམས་སུ་མྱོང་བར་རྩོམ་པ་སྟེ། ལྷན་ཅིག་ཅེས་སོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། ཆོ་ག་དེའི་ཚིག་ཐོས་ཤིང་དོན་གོ་བས་ཏེ། ཉམས་སུ་མྱོང་བར་གྱུར་པ་ཉིད་ན་ཞེས་སོ། །བྱེད་ལས་དང་དགག་བྱ་ནི་སྔར་སྤྲུལ་པ་ལ་བཤད་པ་བཞིན་ཏེ། དེ་ལས་ཁྱད་པར་ནི། རྐུ་ཐབས་ལས་སྒྲིབ་རྫོགས་ལ་ཚེ་འདིར་ནི། སྡོམ་པའི་རྒྱུན་གྱི་དང་པོ་སྐྱེ་མིན་ཡང་། རྐུ་ཐབས་ལས་སྒྲིབ་རྫོགས་པའི་དགེ་ཚུལ་ལ། སྡོམ་རྒྱུན་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ་ཞེས་གཟུང་་་་་་བསྡུ་བའི་ཚིགས་སུ་བཅད་པ་དང་། སྟེ། དགེ་ཚུལ་རྐུ་ཐབས་སུ་གནས་ན་བསྡམ་བྱའི་ཉེས་བྱས་སུ་འགྱུར་ཏེ།་་་་་ཉེས་བྱས། དེས་དེའི་སྡོམ་པ་གཏང་བར་མི་འགྱུར་བས། དེའི་སྡོམ་པ་སྐད་ཅིག་སྔ་ཕྱི་འགག་སྐྱེ་བྱེད་པ་སྟེ།་་་་་སྡོམ་རྒྱུན་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ་བའི། ཚུལ་འདི་ནི་མཚམས་མེད་དང་ཕམ་པ་བྱུང་བ་ལ་སོགས་པ་གཞན་ལ་ཡང་ཅི་རིགས་པར་སྦྱར་ཏེ་གོ་བར་བྱའོ། །ཡན་ལག་གི་དོན་ལ། ལན་གཉིས་ཞེས་པ་ནི། ལུང་གཞི་ལས། གསོ་སྦྱོང་གི་ལས་ལན་གཉིས་ལན་གསུམ་ཉམས་སུ་མྱོང་བར་གྱུར་ན། རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་ཀྱང་། ལན་གསུམ་ཞེས་པ་རྒྱུན་བསྟན་པ་ཡིན་གྱི། ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་གྱུར་པ་སྟེ། གཏམ་གྱི་གཞི་ལས། རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བགྱི་བསྙེན་པར་རྫོགས་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བགྱི་བ་མཆིས་སམ། ཡོད་དེ་ལན་གཉིས་ལན་གསུམ་གསོ་སྦྱོང་གི་ལས་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱ་ཡི། ལན་ཅིག་རྐུ་ཐབས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས་ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་འགྲུབ་སྟེ། ལན་གསུམ་ཡན་ལག་ཏུ་དགོས་ན་ལན་གཉིས་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་བྱ་ཞེས་གསུང་པར་རིགས་པ་ལས། ལན་ཅིག་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་བྱ་
༼༡༨༣༽
ཞེས་གསུངས་སོ།་་་་་ལན་གཉིས་ནི་ལས་སྐོར་གཉིས་ཡིན་གྱི་ལས་ཀྱི་ངོ་བོ་གཉིས་ནི་མ་ཡིན་ཏེ། གསོ་སྦྱོང་ལན་ཅིག་མྱོང་བ་རབ་ཏུ་དབྱུང་དུ་རུང་བར་གསུངས་ལ། གསོ་སྦྱོང་ལན་ཅིག་ལ་ཡང་ལས་ཀྱི་ངོ་བོ་དུ་མ་ཡོད་པའི་ཕྱིར་རོ་ཞེས་གསུངས་སོ། །ལུང་གཞི་ལས་གསོ་སྦྱོང་གི་ལས་ཉམས་སུ་མྱོང་ན་ཞེས་གསུངས་ཀྱང་། ལས་ཞེས་འདིར་སྤྱིར་སྨོས་པ་ནི། གཞི་ལས་གསོ་ཞེས་གསུངས་པ་དེས་དགེ་འདུན་དང་འབྲེལ་བའི་ལས་ཐམས་ཅད་ཀྱང་མཚོན་པ་སྟེ། ཞུ་བ་ལས་བསྙེན་པར་མ་རྫོགས་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ་དགག་དབྱེའམ་གང་ཟག་བཅུ་གཉིས་བསྐོ་བ་དག་ཉམས་སུ་མྱོང་བར་གྱུར་ན། རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ལུང་དེས་ནི་ལས་སྔ་ཕྱི་གཉིས་རིགས་མཐུན་མི་དགོས་པར་ཡང་གྲུབ་བོ། །ཊཱི་ཀ་ལས། དགེ་འདུན་ལ་རག་ལས་པ་རབ་ཏུ་འབྱུང་བ་ཞུ་བ་ལ་སོགས་པ་ཉམས་སུ་མྱོང་བར་གྱུར་ན་ཡང་རྐུ་ཐབས་སུ་གནས་པ་ཉིད་ཡིན་ནོ། །ཞེས་བཤད་དོ། །ཊཱི་ཀ་ལས། གཞན་འདོད་བཀོད་པ་ལས་ལ་ལ་ནི་ལས་ཉམས་སུ་མྱོང་བས་རྐུ་ཐབས་སུ་གནས་པ་ཉིད་ཡིན་གྱི། འཕྲལ་གྱི་བྱ་བ་ཉམས་སུ་མྱོང་བས་ནི་མ་ཡིན་ནོ་ཞེས་ཟེར་རོ། །བླ་མ་རྣམས་ཀྱང་དེའི་རྗེས་སུ་འབྲང་སྟེ། ཊཱི་ཀའི་བཞེད་པ་རབ་ཏུ་འབྱུང་བ་སྔགས་ཉམས་སུ་མྱོང་བས་ཀྱང་རྐུ་ཐབས་སུ་གནས་པ་ཉིད་ཡིན་པ་འདི་མི་འཐད་དེ། ལུང་ལས་དངོས་སུ་ནི་མ་གསུངས་ལ། མདོར་བསྡུས་སྦྱར་ན་ཡང་མི་རིགས་ཏེ། མདོར་བསྡུས་ནི་རྒྱུ་མཚན་འདྲ་བ་ལ་སྦྱོར་བ་ཡིན་ལ། ལས་དང་སྔགས་རྒྱུ་མཚན་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་རིགས་པས་བརྟགས་ན་ཊཱི་ཀའི་བཤད་པ་དེ་མི་འཐད་པ་འདྲ་བར་སྣང་ཡང་འདུལ་བ་འདི་ལ་རིགས་པ་བས་ཀྱང་གཞུང་གཙོ་སྟེ། ཊཱི་ཀ་དང་མཐུན་པར་རང་གི་རྣམ་བཤད་ལས་ཀྱང་། རབ་ཏུ་འབྱུང་བ་ཞུ་བ་ལ་སོགས་པ་དེ་ཐམས་ཅད་དགེ་འདུན་ལ་རག་ལས་པའི་ཕྱིར་ལས་ཀྱི་ཕྱོགས་པ་ཉིད་དོ། །དེ་བས་ན་ལས་ཀྱི་ཚིག་ཀྱང་འདིར་དཔེར་རྟོགས་པར་བྱའོ། །དེ་ལྟར་ན་རབ་ཏུ་དབྱུང་བ་ཞུ་བ་དང་སྦོ་བ་ལ་སོགས་པ་ཞུ་བ་་་་་་གསོལ་བ་འདེབས་པ། ཉམས་སུ་མྱོང་བ་ལ་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ནོ། །ཞེས་བཤད་ཅིང་། དོན་དེ་དང་མཐུན་པར་འགྲེལ་ཆུང་ལས་ཀྱང་་་་་་ཁྲིམས་མ་ཆགས་པས་བཅབས་ཏེ་དགེ་སློང་གི་ཚུལ་དང་སྤྱོད་པ་མི་དབང་བ་སྤྱད་པས་རྐུ་ཐབས་སུ་
༼༡༨༤༽
གནས་པར་འགྱུར་རོ་ཞེས། བཤད་པས། རང་འགྲེལ་དང་ཊཱི་ཀ་དང་འགྲེལ་ཆུང་དང་།་་་་་འགྲེལ་བ་གསུམ་པོ་དེ་བཙན་པར་བྱ་སྟེ། ལག་ལེན་དོག་མཐའ་གཟུང་བར་བྱའོ། །མུ་སྟེགས་ཅན་ཞུགས་པའོ་ཞེས་པ་འདིའི་སྤྱི་དོན་ལ་གསུམ་ལས། སྐབས་འདིའི།་་་་་བར་ཆད་ཀྱི་མཚན་ཉིད་ནི། ཡན་ལག་དྲུག་ཚང་བའམ་ཡན་ལག་གསུམ་ཚང་བའི་ལས་སྒྲིབ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །བྱེད་ལས་ནི་སྔ་མ་བཞིན་ནོ། །དགག་བྱ་ནི། སངས་རྒྱས་ཀྱི་བསྟན་པ་སྣོད་མ་ཡིན་པ་ལ་བཞག་པས་བསྟན་པ་ཉམས་པར་འགྱུར་བ་དང་མུ་སྟེགས་དང་སྤྱོད་ཚུལ་འདྲེས་པའོ། །ཡན་ལག་གི་དོན་ལ། མུ་སྟེགས་ཅན་ཞུགས་པ་ལ་རིགས་གཉིས་ཡོད་དེ། སྐྱ་རེངས་དང་པོ་ཤར་བའི་མཐའ་ཅན་དང་། ལས་ཉམས་སུ་མྱོང་བའི་མཐའ་ཅན་ནོ། །དང་པོ་ནི་ཡན་ལག་དྲུག་ཚང་བའི་ལས་སྒྲིབ་སྟེ་གཞུང་ན་གསལ་ལོ། །དེ་ཡང་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་པ་གཞི་འགྲེལ་ལས་མུ་སྟེགས་གང་གིས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་སོ། །ཆོས་གོས་འདི་བོར་ཏེ་རྒྱལ་མཚན་དེས་ཞེས་སྨོས་ལ། ལྟ་བའི་འདི་བོར་ཏེ་མུ་སྟེགས་ཀྱི་ལྟ་བ་དེས་ཞེས་མ་སྨོས་པ་ནི། དང་པོ་ཉིད་ནས་མུ་སྟེགས་ཀྱི་ལྟ་བ་དང་ལྡན་ན་ནང་པ་སངས་རྒྱས་པའི་ལྟ་བ་དང་པོ་ནས་མེད་པའི་ཕྱིར་དང་། གོས་ལ་ནང་བ་དང་ཕྱི་བ་གཉིས་ཀའི་གོས་དུས་གཅིག་ཏུ་གྱོན་དུ་བཏུབ་ཀྱང་། ལྟ་བ་ལ་མུ་སྟེགས་པའི་ལྟ་བ་དང་ལྡན་ན་ཆོས་འདི་པའི་ལྟ་བ་མེད་པར་གྲུབ་སྟེ། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་བཤད་པ་བཞིན་ནོ།་་་་་སྐྱ་རེངས་ཤར་ན་ཞེས་སྨོས་ཀྱང་ལུང་གཞི་ལས་དེར་སྐྱ་རེངས་འཆར་བར་བྱེད་ན་མུ་སྟེགས་ཅན་ཞུགས་པ་བསྙིལ་བར་བྱ་བ་ཡིན་ནོ་ཞེས་པ་དང་ཊཱི་ཀ་ལས་སྐྱ་རེངས་དང་པོ་འཆར་བའི་སྐད་ཅིག་མ་དེ་ཉིད་ལ་མུ་སྟེགས་ཅན་ཞུགས་པ་ཡིན་ཞེས་པ་དང་འགལ་ཏེ་སྐྱ་རེངས་འཆར་བ་དང་སྐྱ་རེངས་ཤར་བ་སྐད་ཅིག་ཐ་དད་ཡིན་པའི་ཕྱིར་རོ་སྙམ་ན་སྐྱ་རེངས་འཆར་བ་ཞེས་པ་དེས་སྐྱ་རེངས་ཤར་བ་ཉིད་མཚོན་པར་བྱེད་དོ་ཞེས་བརྗོད་དོ། །གཉིས་པ་ནི་ཡན་ལག་གསུམ་ཚང་པ་སྟེ། རབ་ཏུ་འབྱུང་བ་འདི་ཡང་དག་པར་བླངས་པ་དང་། མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་པ་དང་། ལས་ལན་གཉིས་ཉམས་སུ་མྱོང་བ་དང་གསུམ་ལྡན་ཡིན་ཏེ། དེ་་་་་་ཊཱི་ཀ་ལས་མུ་སྟེགས་ཅན་ཞུགས་པ་གཞན་ཡང་སྲིད་པར་བསྟན་པའི་ཕྱིར། མ་བྱས་པ་རྐུ་ཐབས་དང་འདྲའོ། །ཞེས་པས་བསྟན་ཏོ། །དེའི་དོན་ནི་ཆོས་ 4/5 མདུན་ངོས། 上一页 2 3 4 5 下一页 尾页 |