ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༡༢༤༽

པ་གསུངས་སོ། །བྱ་བ་གློ་བུར་བ་ནི་བྱ་བ་དེ་བྱེད་དགོས་ནམ་བྱུང་ན་ཞུ་བའོ། །དྲུག་པ་དམིགས་ཀྱིས་བསལ་བའི་དོན་ལ་གསུམ་ལས། དང་པོ་ཡུལ་གྱི་དམིགས་བསལ་ནི་བྱ་བ་ཞུ་བདེ་སྤྱིར་བཏང་ལ་གནས་ཀྱི་བླ་མ་ལ་ཞུ་དགོས་ཡང་དམིགས་བསལ་གནས་ཀྱི་བླ་མ་མ་ཡིན་པ་ལ་ཞུས་པས་གོ་ཆོད་པའོ། །དེ་ལ་བཞི་སྟེ་དབྱར་ཕྱི་མ་ཟླ་བ་གཉིས་ཀྱི་ཚེ་ན་གཞོན་ནུ་རྣམས་ཀྱིས་ཆེས་རྒན་པ་ལ་ཞུ་བ་་་་་་སྟེ་མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་ཞུ་ཞེས་པ། དང་། གནས་ཀྱི་བླ་མས་གཞན་ན་གནས་པའི་ཚེ་གཞན་ལ་ཞུ་བ་་་་་་སྟེ་ཡོད་ན་ཡང་རེ་ཞིག་གི་གནས་ཉིད་ཀྱིས་སོ་ཞེས་པའི་འགྲེལ་ཆུང་ལས་བཤད་པ། དང་། གནས་པར་བྱ་བའི་ཡུལ་ཉེ་བར་མི་གནས་ན་གཞན་ལ་ཞུ་བ་་་་་་སྟེ་གནས་ཉེ་བར་མི་གནས་ན་གཞན་ལ་ཞུ་ཞེས་པ། དང་། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བཞིའོ། །རྒྱུ་མཚན་ནི་གནས་སྐབས་དེ་ན་བྱ་བ་ཞུ་བའི་ཡུལ་དུ་འོས་པའི་གནས་ཀྱི་བླ་མ་ནི་མེད་ལ། དགེ་སྦྱོང་བླ་མའི་གནས་ལྟ་བུ་ནི་མཚམས་ནང་དེ་ན་ཡོད་པའི་ཕྱིར་རོ། །གཉིས་པ་རྟེན་གྱི་དམིགས་བསལ་ནི། གནས་པར་འོས་པ་དེས་སྤྱིར་བཏང་ལ་བྱ་བ་རྣམས་ཞུ་དགོས་ཀྱང་གནས་སྐབས་ཀྱི་སྟོབས་ཀྱིས་བྱ་བ་ཞུ་མི་དགོས་པའོ། །དེ་ལ་བརྒྱད་དེ། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལྗོངས་རྒྱུ་བའི་དུས་དང་། དབྱར་གྱི་ཕྱི་མ་ཁས་བླངས་ནས་ཟླ་བ་དང་པོ་གཉིས་ཀྱི་དུས་ན་གནས་ཀྱི་བླ་མ་མེད་ན་གཞོན་ནུའི་ནང་ན་ཆེས་རྒན་པ་དང་། གནས་ཡོངས་སུ་འཚོལ་བ་ལ་ཞུགས་པ་མ་རྙེད་པ་ཞག་ལྔའི་དུས་དང་། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པ་ལ་ངལ་གསོ་བའི་དུས་དང་། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང་། དགེ་འདུན་གྱིས་གནས་ནས་ཕྱུང་བ་དང་། བླ་མས་གནས་བཀག་པ་དང་། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བརྒྱད་དོ། །དེ་དག་གི་གཉིས་པས་བྱ་བ་ཞུ་མི་དགོས་པ་ནི། ཊཱི་ཀ་ལས། དངོས་སུ་ན་ཆེས་རྒན་པས་ནི་མ་ཞུས་པར་ཡང་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ་ཞེས་གསུངས་ལ། གསུམ་པས་བྱ་བ་ཞུ་མི་དགོས་པ་ནི་འགྲེལ་ཆུང་ལས་གནས་བརྟན་འཚོལ་གྱི་བར་དུ་མ་དྲིས་ཀྱང་ཉེས་པ་མེད་དེ་ཞེས་སོ། །དེ་ལྟར་འགྲེལ་པ་ཆེ་ཆུང་གཉིས་ལས་བྱ་བ་ཞུ་མི་དགོས་པར་གསུངས་པ་དེ་གཉིས་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན། དང་པོ་དང་བཞི་པ་དང་

༼༡༢༥༽

ལྔ་པ་ལ་ཡང་གནད་ཀྱིས་སྦྱར་རོ། །དྲུག་པས་བྱ་བ་ཞུ་མི་དགོས་པ་ནི། བྱ་བ་ཞུ་བའི་ཡུལ་བྱས་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་བས་དེ་ལ་བྱ་བ་ཞུ་ཡུལ་མེད་པའི་ཕྱིར་རོ། །བདུན་པས་བྱ་བ་མ་ཞུས་པའི་ཉེས་པ་མི་འབྱུང་སྟེ། བླ་མས་ནི་བྱ་བ་ཞུ་བའི་ཡུལ་མི་བྱེད་ཅིང་། གཞན་གྱིས་ལེན་པར་བྱེད་ན། ཉེས་པ་སྦོམ་པོར་འགྱུར་པས་དེ་ལ་བྱ་བ་ཞུ་བའི་ཡུལ་མེད་པའི་ཕྱིར་རོ། །བདུན་པོ་དེ་དག་ཐམས་ཅད་འདུལ་བ་མདོར་བསྡུས་་་་་་ཤ་སྟག་ཡིན་ལ། དེ་དག་དང་རྒྱུ་མཚན་མཚུངས་པ་གཞན་ལ་ཡང་མདོར་བསྡུས་སྦྱར་རོ།་་་་་བརྒྱད་པ་དེ་དག་ཐམས་ཅད་ཀྱི་མདོར་བསྡུས་ཡིན་གྱི་སངས་རྒྱས་ཀྱི་དངོས་སུ་གསུངས་པ་བདུན་དང་མདོར་བསྡུས་དང་བརྒྱད་ཡིན་པ་ཉམས་སུ་མི་སོལ། །གསུམ་པ་བྱ་བའི་དམིགས་བསལ་ནི། གནས་པར་འོས་པ་དེས་སྤྱིར་བཏང་ལ་བྱ་བ་རྣམས་ཞུ་དགོས་ཀྱང་བྱ་བའི་བྱེ་བྲག་་་་་་འགའ་ཞིག་ཞུ་མི་དགོས་པའོ། །དེ་ལ་དགུ་སྟེ་བཤང་བ་དང་གཅི་བ་སོ་ཤིང་དོར་བ་དང་། མཚམས་ཀྱི་ཁོངས་སུ་གཏོགས་པའི་མཆོད་རྟེན་ལ་ཞར་བྱུང་གི་ཕྱག་བྱ་བ་དང་། གཙུག་ལག་ཁང་ནས་འཆག་པ་འབའ་ཞིག་གི་བསམ་པས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བ་དང་། བྱ་བ་ཞུས་ཏེ་ལས་སུ་བསྐོས་པ་གཞན་བྱུང་བ་དང་དྲུག་་་་་་དེ་ཡང་བྱ་བ་ཞུ་མི་དགོས་པ་སྟོན་པའི་སྐབས་ལུང་གཞི་ལས་བཤང་བ་དང་གཅི་བ་དང་སོ་ཤིང་འདོར་བ་དང་ཆུ་བཏུང་བ་དང་ཞེས་གསུངས་ལ། ལུང་དང་གཞུང་འདི་ཉིད་ནས་བཤད་དོ། །ཆུ་བཏུང་བ་ཞུ་མི་དགོས་པར་ལུང་དང་་་་་་ཆུ་བཏུང་བར་བྱེད་པ་མ་གཏོགས་པ་ཞེས། འོད་ལྡན་རྩ་འགྲེལ་ལས་བཤད་ཅིང་། གོས་་་་་་གོས་ལ་རྡུལ་ཆགས་པ་སྤྲུག་པ་དང་དེ་ལྟ་བུ་ལ་སོགས་པ་ནི་མ་ཞུས་པར་ཡང་བྱ་སྟེ། དེ་དག་ཞུས་ན་བཞད་གད་ཀྱི་གཞིར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །ཀྱི་རྡུལ་སྤྲུག་པ་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་ལ་གཏམ་འདྲི་བ་ལ་སོགས་པ།་་་་་བྱ་བ་ཕྲན་ཚེགས་ཞུ་མི་དགོས་པར་ཊཱི་ཀ་ལས་བཤད་དོ། །དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་དགུའོ། །གཉིས་པ་ཡན་ལག་གི་དོན་ནི་གནས་པས་གནས་ལ་ཞེས་སོ། །སྐབས་འདིར་དགེ་ཚུལ་གྱི་བསླབ་པའི་གཞི་མདོ་ལས་ནི་མ་ཞུས་པར་ཁབ་མིག་ཏུ་སྐུད་པ་གཞུག་པར་ཡང་མི་བྱའོ་ཞེས་བཤད་དོ། །ཞུ་བ་ཧ་ཅང་ཐལ་ཆེས་པར་སེམས་སོ། །མཆོད་རྟེན་ལ་ཕྱག་བྱ་བ་ནི་ཞེས་པའི་

༼༡༢༦༽

ཊཱི་ཀ་ལས། གཙུག་ལག་ཁང་གི་ཉེ་བར་སྤྱོད་པའི་ཉེ་འཁོར་ན་ཡོད་པའི་མཆོད་རྟེན་ལ་ཕྱག་འཚལ་བར་་་་་་འགྲོ་ནའང་ཞུ་མི་དགོས་ལ། གཙུག་ལག་ཁང་གི་ནང་ན་ཡོད་པའི་མཆོད་རྟེན་ལ་ཕྱག་འཚལ་བ་ཞུ་མི་དགོས་ཞེས་དོན་དེ་ལྟར་བཤད་པས་མཆོད་རྟེན་དེ་དག་གཙུག་ལག་ཁང་གི་ཉེར་ཁོར་ན་ཡོད་པ་དང་བཅས་པའི་གཙུག་ལག་ཁང་གི་ནང་དུ་མཆོད་རྟེན་ལ་ཞར་བྱུང་གི་ཕྱག་བྱ་བ་ནི་ཞུ་དགོས་པ་ལ་མ་གཏོགས་སོ་ཞེས་བསྟན་ཏེ། འཆག་པའི་བསམ་པ་ཁོ་ནས་འགྲོ་བ་ན་ལམ་གར་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་ན་དེས་ཉེས་པར་མི་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །འགྲེལ་ཆུང་ལས་ནི་མཆོད་རྟེན་ལ་ཕྱག་འཚལ་བར། འགྲོ་ན་ཞུས་པར་སོང་ཡང་ཉེས་པ་མེད་ཅེས་ཆེད་དུ་དམིགས་ནས་ཕྱག་འཚལ་བ་ཡང་ཞུ་མི་དགོས་པར་འཆད་དོ། །དེ་མི་འཐད་དེ། མཆོད་རྟེན་ལ་ཆེད་དུ་དམིགས་ནས་ཕྱག་འཚལ་བ་དེ་ཆོས་ཅན། ཞུ་མི་དགོས་པ་མ་ཡིན་པར་ཐལ། བྱ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་གཞུང་གིས་གྲུབ་སྟེ། ཊཱི་ཀ་ལས། བྱ་བ་གང་སྦྱོར་བ་ཆེན་པོས་བརྩམས་པ་ནི། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་སྟེ། དེ་ནི་མ་ཞུས་པར་མི་བྱའོ་ཞེས་གསུངས་སོ།་་་་་ལྷུང་བཟེད་ཀྱི་ལས་ཙམ་ཡང་བྱ་བ་ཆེན་པོ་ཡིན་པར་བཤད་པས་མཆོད་རྟེན་ལ་ཕྱག་འཚལ་བ་དེ་བྱ་བ་ཆེན་པོ་ཡིན་པ་ལ་ལྟ་ཅི་སྨོས། །འདོམ་བཞི་བཅུ་རྩ་དགུ། ཞེས་པ་ནི་འགྲེལ་ཆུང་ལས་གཙུག་ལག་ཁང་རྭ་བས་བསྐོར་ན་རྭ་བའི་ཕྱི་སྒོ་ནས་གྲོང་དང་ནགས་ལ་སོགས་པ་སབ་སུབ་མེད་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འཆག་པར་སོང་ན་ཉེས་མེད་ཅེས་ནགས་ལ་སོགས་པ་སབ་སུབ་ཡོད་ན་མི་གནང་བར་འཆད་དོ། །དེ་ལྟར་ན་སྒོས་ཀྱི་དགག་བྱས་བཅས་པ་བཞག་པར་འགྱུར་བས་ཧ་ཅང་ཐལ་ཆེས་སོ་ཞེས་གསུངས་སོ། །ནད་གཡོག་ཅེས་པ་ནི་ལུང་གཞི་ན་མཁན་པོ་དང་། སློབ་དཔོན་དག་ན་བར་གྱུར་ན་ཨེ་མའོ་བདག་གིས་ནད་གཡོག་བྱའོ་ཞེའམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །འགྱོད་པ་བསལ་བ་དང་སྡིག་ལྟ་སྤོང་བའི་སྐབས་སུ། འདུལ་བའི་སྡེ་སྣོད་མི་ཤེས་ན་ནི་གནས་ཀྱི་བླ་མ་བྱར་མི་རུང་བས། གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ཡིན་པར་ངེས་པ་དེ་ལ། སློབ་མ་སྡེ་སྣོད་འཛིན་པ་ཡིན་པར་མ་ངེས་པ་ངེས། ལྟུང་བ་ལས་འགྱོད་པ་བསལ་བ་དང་སྡིག་ལྟ་སྤོང་བ་འགལ་ཞེ་ན། འགྲེལ་ཆུང་ལས་མཁན་པོས་སྔོན་སྡེ་སྣོད་ཤེས་ཤིང་མཁས་པ་ལས་རླུང་ནད་ལ་

༼༡༢༧༽

སོགས་པས་དབང་པོ་ཉམས་ཤིང་མི་དྲན་པར་གྱུར་པ་དེ་ལྟ་བུ་ལ་བྱའོ། །ཞེས་སོ། །ཁྱད་པར་དུ་ཡང་སྡིག་ལྟ་སྤོང་བ་ལ་ནི་མངོན་པའི་སྡེ་སྣོད་གནས་ཀྱི་བླ་མས་མི་མཁྱེན་ཡང་སློབ་མས་ཤེས་པ་ཡང་སྲིད་པས་འགལ་བ་མེད་དོ། །ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ། །ཞེས་གསུངས་ཀྱང་ནན་ཏུར་བྱེད་པ་དེ་ཉེས་པ་ལས་བཟློག་པའི་ཐབས་ཡིན་པས། དེ་དགག་པར་མི་རིགས་སོ་ཞེ་ན། ནན་ཏུར་མ་བྱས་ཀྱང་ཉེས་པ་ལས་བཟློག་པར་འགྱུར་བའི་ཚེ་ན། བླ་མ་ལ་ནན་ཏུར་བྱེད་ན། ནན་ཏུར་བྱེད་པ་དེ་དགག་པར་བསྟན་པའོ། །འོ་ན་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པར་ངེས་པ་དེ་ལ་ནན་ཏུར་བྱེད་པར་བཤད་པ་འདི་དང་། ཕྱིར་བཅོས་ཀྱི་གཞི་ལས་སྡེ་སྣོད་འཛིན་པ་ལ་ནན་ཏུར་བྱེད་ན་སྦོམ་པོར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྡེ་སྣོད་འཛིན་པ་ཕྱོགས་དང་འཁོར་མང་པོ་དེ་ལ་ནན་ཏུར་བྱས་ན་དགེ་འདུན་བྱེ་བར་འགྱུར་བའི་དགག་བྱ་ཡོད་པ་ལ་དགོངས་སོ། །དགེ་འདུན་བྱེ་བར་འགྱུར་བ།་་་་་དེ་ལྟ་བུའི་དགག་བྱ་མེད་ན་ནི་སྡེ་སྣོད་འཛིན་པ་ལ་ཡང་ཆད་པའི་རྒྱུ་དང་ལྡན་ན་ནན་ཏུར་བྱ་སྟེ། འོད་ལྡན་རྩ་བ་ལས། ཀ་་་་་་བསྟན་པའི། བ་དང་འདྲ།་་་་་བར་གྱུར་པ་མདོ་སྡེ་འཛིན་་་་་་པ་གང་་་་་་ཡིན་དང་། །དེ་བཞིན་གཞན་་་་་་འདུལ་བ་དང་མ་མོ་འཛིན་པ། ཆོག་་་་་་ཡང་ནན་ཏུར་གྱི་བཞིན་སྤྱད་་་་་་ནས་བསྐྲད།་་་་་པར་བྱ། །ཅེས་བཤད་དོ། །མཁན་པོ་དང་སློབ་དཔོན་ལ་ནན་ཏུར་གྱི་ལས་བྱས་་་་་་ཟིན་པ་འགྱུར། ན་ཨེ་མའོ་དགེ་འདུན་གྱིས་འདི་ལ།་་་་་བཟོད་པར་བྱའོ་ཞེས་པ་ནི་སྐབས་འདི་ཉིད་ཀྱི་ལུང་གཞི་ལས་མཁན་པོ་དང་སློབ་དཔོན་དག་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་དག་བྱས་པར་གྱུར་ན་དེ་ལ་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །རང་གི་རྣམ་བཤད་ལས་ཀྱང་བྱས་ན་བཟོད་པར་བྱའོ་ཞེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱ་ཞེས་བྱའོ་ཞེས་བཤད་དོ།་་་་་བྱས་ན་བཟོད་པར་བྱའོ་ཞེས་བླ་མ་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱས་ན་སློབ་མས་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་ཁ་ཆེ་དང་ཁ་ཅིག་་་་་་སྐྱོར་ལུང་། ཟེར་བ་ནི་མི་རིགས་ཏེ་སྔར་ལུང་ཁུངས་སུ་དྲངས་པའི་ལུང་གཞི་དང་འགལ་ལོ། །སྔར་དྲངས་པའི་རང་གི་རྣམ་བཤད་དང་ཡང་འགལ་ལོ། །བྱས་ན་བཟོད་པར་

༼༡༢༨༽

བྱའོ་ཞེས་པ་ནི་བླ་མ་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱས་ན་བླ་མ་ལ་སློབ་མས་གྲོས་བཏབ་སྟེ་བཟོད་པ་གསོལ་དུ་གཞུག་པར་བྱ་ཞེས་སྔ་རབས་པ་་་་་་ཤ་སྦས་རྣམས་གསུང་ཞིང་། འགྲེལ་ཆུང་ལས་ཀྱང་མཁན་པོ་བསྐྲད་དེ་ཕྱི་ལོགས་ན་འཕྱན་པར་གྱུར་ན་དེ་ལྟར་མ་བྱེད་པར་དགེ་འདུན་ལ་བཟོད་པར་གསོལ་ཅིག་པར་གྲོས་གདབ་ཅེས་འགྲེལ་ཆུང་ལས་བཤད་དོ། །དེ་ནི་མི་རིགས་ཏེ་དགེ་འདུན་ལ་བཟོད་པར་གསོལ་ཅིག་ཅེས་གནས་ཀྱི་བླ་མ་ལ་གྲོས་གདབ་དགོས་ན་སྐབས་འདི་ཉིད་ཀྱི་ལུང་གཞི་ལས་མཁན་པོ་དང་སློབ་དཔོན་དག་ལ་ནན་ཏུར་གྱི་ལས་བྱས་པ་དེ་བཟོད་པར་གསོལ་ཞིང་ནན་ཏུར་གྱི་ལས་བྱས་པའི་རྒྱུ་དེ་ཡང་སྤོང་བ་དག་ལ་ཞེས་གསུངས་པ་དང་འགལ་ལོ། །སྤོ་བ་དང་ཞེས་པ་ནས་དབྱུང་བར་བྱའོ་ཞེས་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང་། ཕྱིར་བཅོས་ཀྱི་གཞི་ལས་མདོ་སྡེ་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་ལྷག་མ་འདག་གོ །ཞེས་བཤད་པ་དང་འགལ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ཡང་སྤོ་མགུ་སྤྱད་པ་མ་བྱས་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་པ་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པས་སྤོ་མགུ་དབྱུང་བ་མི་དགོས་པ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །དེས་ཀྱང་དེ་ལ་ཞེས་པ་ནི། ལུང་གཞི་ལས་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་མཁན་པོ་དང་སློབ་དཔོན་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བཞིན་དུ་མཁན་པོ་དང་། སློབ་དཔོན་དག་གིས་ཀྱང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་བསྒྲུབ་པར་བྱ་སྟེ་ཞུ་བ་ནི་མ་གཏོགས་སོ་ཞེས་གསུངས་སོ། །འོ་ན་ཆོས་གོས་འཚེམ་པ་ལྟ་བུའི་བྱ་བ་གཅིག་ལ་གནས་དང་གནས་པ་གཉིས་ཀྱིས་བྱ་བ་དེ་ཕན་ཚུན་ལེན་རེས་བྱས་པས། བྱ་བ་དེ་མི་འགྲུབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། སློབ་མས་བླ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི། བླ་མས་བྱ་བ་དེ་འགྲུབ་པར་ནུས་ཀྱང་སློབ་མས་བསྒྲུབ་པར་བྱ་བ་ཡིན་ལ། བླ་མས་སློབ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི་སློབ་མས་བྱ་བ་དེ་འགྲུབ་པར་མི་ནུས་ན་བླ་མས་བསྒྲུབ་པར་བྱ་བ་ཡིན་པས་སོ། །གནས་པའི་ཁྱད་པར་གྱི་ཡན་ལག་བསྟན་པ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ཏེ་གནས་པ་སློབ་མའི་རང་བཞིན་ངེས་པར་བྱ་བ་དང་། ལོ་བཅུ་ལོན་པའི་རང་བཞིན་ངེས་

༼༡༢༩༽

པར་བྱ་བའོ། །དང་པོ་གསུམ་ལས། འདུལ་བའི་སྐབས་འདི་ནས་བཤད་པའི་གནས་པའི་མཚན་ཉིད་ནི། ཆོས་འདི་པའི་རབ་ཏུ་བྱུང་བ་གང་ཞིག་རང་གི་གནས་ཀྱི་བླ་མ་ལ་གུས་པར་བྱེད་པ་པོར་འོས་པའོ། །གཉིས་པ་གནས་པར་འོས་པའི་མཚན་ཉིད་ནི།་་་་་གནས་པ་བབས་ཏེ་རྔོན་པ་བྱེད་པ་ལ་སོགས་པ་ནི་གནས་པ་ཉིད་མ་ཡིན་ནོ། །གནས་ཀྱི་བླ་མ་དེ་གྲོངས་པར་གྱུར་ཀྱང་གནས་པ་ཡིན་ཏེ་ཕ་ཤི་ཡང་བུ་ཡིན་པ་བཞིན་ནོ། །རང་ལ་མཁན་པོ་བྱུང་ཡང་གནས་པ་ཡིན་ཏེ། རང་ལ་བུ་བྱུང་ཡང་ཕའི་བུ་ཡིན་པ་བཞིན་ནོ། །བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་གི་ལོ་གྲངས་ལོན་པ་དང་འདུལ་བ་ཤེས་པ་གཉིས་ཚོགས་མ་ཡིན་པ་གང་ཞིག་་་་་འདུལ་བ་མི་ཤེས་པ་དང་དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་དང་བཅུ་གཉིས་མ་ལོན་པ་སེལ་ལོ། །རང་སངས་རྒྱས་ལས་དམན་ཞིང་་་་་་ཞེས་པས་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པའི་སངས་རྒྱས་དང་རང་སངས་རྒྱས་ལྟ་བུ་སེལ་ལོ། །ད་ལྟར་གྱི་ཆོ་ག་བཅས་ནས་ཀྱི་ཆོས་འདི་པའི་རབ་བྱུང་ཡིན་པའོ།་་་་་ཞེས་པས་སྔོན་ཆོག་གི་དགེ་སློང་ཁ་ཅིག་དང་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་དང་ཁྱིམ་པ་རྣམས་སེལ་ལོ། །བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་གི་ལོ་གྲངས་ནི། དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང་། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པའོ། །གསུམ་པ་གནས་པ་སློབ་མའི་ཁྱད་པར་གྱི་ཡོན་ཏན་ནི། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་སོ། །གཉིས་པ་ལོ་བཅུ་ལོན་པའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས་དང་པོ་ལོ་བཅུ་ལོན་པའི་ཕན་ཡོན་ནི་བཙུན་ཞིང་མཁས་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ནས། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་ཡིན་ན།་་་་་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་རྗེས་སུ་ཕམ་པས་ཉམས་པའམ་དགེ་ཚུལ་དུ་བབས་པ་ལྟ་བུས་མཁན་པོ་བྱར་མི་རུང་བས་ན་ཕན་ཡོན་གསུམ་མི་འབྱུང་ངོ་། །ཕན་ཡོན་གསུམ་འབྱུང་སྟེ། མཁན་པོ་བྱར་རུང་། གནས་ཀྱི་སློབ་དཔོན་བྱར་རུང་། རང་གནས་མེད་དུ་འདུག་ཏུ་རུང་བའོ། །གཉིས་པ་ལོ་བཅུ་མ་ལོན་པའི་ཉེས་དམིགས་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་ན་ཕན་ཡོན་གསུམ་པོ་དེ་དག་མི་འབྱུང་སྟེ་

༼༡༣༠༽

ལྡོག་པར་ངེས་པའོ། །འདིར་རྒྱུ་མཚན་སྦྱར་བ་ནི། དགེ་སློང་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་ཆོས་ཅན། ཕན་ཡོན་གསུམ་འབྱུང་བའི་ཡན་ལག་ཡིན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་ཏུ་གྱུར་པའི་ལོ་གྲངས་ཚང་བ་ཡིན་པའི་ཕྱིར། དཔེར་ན་དགེ་སློང་མ་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་གཉིས་ལོན་པ་བཞིན་ནོ། །དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པ་ཆོས་ཅན། ཕན་ཡོན་གསུམ་འབྱུང་བའི་ཡན་ལག་མ་ཚང་བ་ཡིན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་ཏུ་གྱུར་པའི་ལོ་གྲངས་མ་ཚང་བའི་ཕྱིར། དཔེར་ན་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་བར་མ་ཆད་དུ་མ་ལོན་པ་བཞིན་ནོ། །དེ་བཞིན་དུ་འདུལ་བའི་བཅས་པ་གཞན་རྣམས་ལ་ཡང་རྒྱུ་མཚན་ཅི་རིགས་སུ་རིགས་པས་སྦྱར་རོ། །འདིར་སྔ་རབས་པ་ཁ་ཅིག་འདུལ་བ་ལ་རྒྱུ་མཚན་སྦྱོར་བ་མི་འཐད་ཅེས་འཆད་ཀྱང་། འདུལ་བ་ལ་རྒྱུ་མཚན་སྦྱར་དུ་རུང་སྟེ། རྒྱུ་མཚན་ལུང་དང་བསྟན་བཅོས་ལས་བཤད་པས་གྲུབ་བོ། །དེ་ཡང་ལུང་རྣམ་འབྱེད་ལས། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ཞེས་དགོས་པའི་རྒྱུ་མཚན་གསུངས་ཤིང་། གཞན་དག་སྨོད་པར་བྱེད། འཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅེས་ལུང་རྣམ་འབྱེད་ལས། དགག་བྱའི་རྒྱུ་མཚན་གསུངས་པ་དང་། མདོ་རྩ་བ།་་་་་འདི་ཉིད་་་་་་ཀྱང་རྒྱུ་མཚན་གསུངས་ཏེ། ལས་ཉའི་ཞག་ལ་སོགས་པ་ལྔ་སྨོས་ནས། དེ་་་་་་སྨན་ཞག་བདུན་པའི་སྐབས་འདིར་ཞག་ལྔ་པོ་དེ་སྟོན་པའི་རྒྱུ་མཚན། དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ་ཞེས་པ་དང་། འོད་ལྡན་ལས་ཅིའི་ཕྱིར་མི་བསད་ན་མཐར་འགྱུར་མི་མ་ཡིན་པ་བསད་ན་སྦོམ་པོར་འགྱུར། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། མི་རྣམས་ནི་གཙོ་བོ་་་་་་འགྲོ་བའི། ཡིན། མི་མ་ཡིན་ནི་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ་ཞེས་པ་དང་། ཊཱི་ཀ་ལས། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ་ཞེས་བཤད་དོ། །འདུལ་བ་ལ་རྒྱུ་མཚན་མི་སྦྱོར་ན་འདུལ་བ་མདོར་བསྡུས་གསུངས་པ་དང་འགལ་ཏེ། འདུལ་བ་མདོར་

༼༡༣༡༽

བསྡུས་ནི་དངོས་སུ་གསུངས་པའི་རྒྱུ་མཚན་རྗེས་སུ་མཐུན་པ་ལ་སྦྱར་བ་སྟེ། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་གསུངས་པས་སོ། །གསུམ་པ་ལོ་བཅུ་ལོན་པ་ལྔ་ཚན་ལ་ངེས་གཟུང་དུ་ཡོད་པའི་ཚུལ་ལ་གསུམ་ལས། དང་པོ། ལྔ་ཚན་དང་པོའི་ཡན་ལག་ཁ་སྐོང་ཡིན་པར་སྟོན་པ་ནི། དོན་ཉེ་བ་ན་ཡོད་པ་དེ་ཡན་ལག་ཏུ་བགྲང་སླ་བའི་ཕྱིར་ཏེ། ཊཱི་ཀ་ལས། ལོ་བཅུ་ལོན་པ་འདི་ནི་ལྔ་པ་དང་པོའི་ཡན་ལག་ལྔ་པ་ཡིན་པར་རིག་པར་བྱ་སྟེ་ཞེས་སོ། །དེ་ནི་མས་རིམ་གྱིས་བགྲངས་པའི་ལྔ་པ་ཡིན་པ་ལ་དགོངས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ་ལྷག་པ་དང་ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ་དང་། འགྱོད་པ་སེལ་དུ་འཇུག་ནུས་པ་དང་ཞེས།་་་་་ལུང་གཞི་ལས་ཡན་ལག་དང་པོ་ཡིན་པར་གསུངས་ལ། གཞི་འགྲེལ་ལས་ཀྱང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ་ལྷག་པ་སྟེ། དེ་ནི་འདིར་ལྔ་པ་དང་པོའི་ཡན་ལག་དང་པོ་ཡིན་ཏེ་ཞེས་སོ། །གཉིས་པ་ལྔ་ཚན་ལྷག་མ་རྣམས་ཀྱི་ཡུལ་ཡིན་པར་སྟོན་པ་འདི་ལྔ་ཚན་དང་པོ་མ་གཏོགས་པ་ལྔ་ཚན་གཞན་རྣམས་ཀྱི་གཞི་ཡིན་པར་སྟོན་ཏེ། དབང་དུ་བྱས་པའི་ཚུལ་གྱིས་སྦྱོར་བའི་ཕྱིར་དཔེར་ན་ལུང་ལས་ཕམ་པ་དང་པོའི་སྐབས་སུ་བསླབ་པའི་ཡན་ལག་བསྟན་པ་བཞིན་ནོ། །ཊཱི་ཀ་ལས་དེ་ལྔ་པ་ལྷག་མ་རྣམས་ཀྱི་ནི་ཡུལ་ཡིན་པར་སྟོན་ཏེ་ཞེས་སོ། །གསུམ་པ་སློབ་པ་དང་མི་སློབ་པའི་སྐབས་སུ་འདུལ་བ་ཤེས་པ་ཉིད་དུ་སྟོན་པ་ནི། འོག་ཏུ་འཆད་དོ། །གནས་ཀྱི་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི་ནད་གཡོག་དང་འགྱོད་པ་བསལ་བ་དང་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ཏེ། གནས་ཀྱི་བླ་མའི་མཚན་ཉིད་དང་། ལྔ་ཚན་གྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་གནས་ཀྱི་བླ་མའི་མཚན་ཉིད་ནི། རང་གི་གནས་པ་ལ་ལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་ཉིད་དུ་གནས་པའོ། །གནས་ཀྱི་བླ་མ་ལ་གཉིས་ཏེ། མཁན་པོ་དང་གནས་ཀྱི་སློབ་དཔོན་ནོ། །དེ་ཡང་ཆོས་བཞི་དང་ལྡན་ན་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱར་རུང་སྟེ། བཙུན་པ་དང་། བརྟན་པ་དང་། མཁས་པ་དང་། ཕན་འདོགས་ཀྱི་ཡན་ལག་དང་ལྡན་པའོ། །དེ་ཡང་བཙུན་པའི་ཡན་ལག་ནི།་་་་་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམས་པ་སྟེ་ཞེས་སྔ་མ་རྣམས་གསུང་ངོ་། །དེ་ནི་དགེ་བསྙེན་ཁ་ཅིག་དང་དགེ་ཚུལ་ཁ་ཅིག་

༼༡༣༢༽

ལའང་ཡོད་པས་འདི་ནི།་་་་་བསྙེན་རྫོགས་ཀྱི་སྡོམ་ལྡན་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་རྣམ་འབྱེད་གཅིག་ལས་འཕྲོས་པ་དང་འོད་ལྡན་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི་འཆལ་པའི་་་་་་སྡིག་པ་མི་དགེ་བའི་སྐབས་མེད་པའི་ཕྱིར་ཞེས་ཏེ། མཛོད་ལས་འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས་ཞེས་གསུངས་པ་ལྟར་སྡིག་པ་མི་དགེ་བ་ལ་འཆལ་བའི་ཚུལ་ཁྲིམས་ཞེས་བྱའོ། ཚུལ་ཁྲིམས་ཀྱི་སྐབས་མེད་པའི་ཕྱིར་ཞེས་པ་གོ་རིམ་བཞིན་དུ་སྦྱར་རོ། །བརྟན་པའི་ཡན་ལག་ནི་་་་་་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའོ་ཞེས་སྔ་མ་རྣམས་གསུང་ངོ་། །དེ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཡང་བར་སྐབས་སུ་བབ་པ་དང་། བསྙེན་པར་རྫོགས་ནས་དགེ་ཚུལ་དུ་ལོ་བཅུ་ལོན་ལའང་ཡོད་པས་འདིར་ནི། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པའོ། །མཁས་པའི་ཡན་ལག་ནི་འདུལ་བ་ཤེས་པའོ། །ཕན་འདོགས་ཀྱི་ཡན་ལག་ནི་ཆོས་བཅུ་གཉིས་ཏེ། སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང་། །ཕན་འདོགས་གཉིས་བརྩོན་མཚན་མཐུན་ལྟ་བ་དག །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ལུས་ནི་ཐ་མ་ལས་ནི་རང་བཞིན་གནས། །ཞེས་གཟུང་ངོ་། །བཅུ་གཉིས་པོ་དེ་དག་ལས་དང་པོ་ལྔའི་སྒྲུབ་བྱེད་ནི། ནད་གཡོག་དང་ཞེས་པའི་ཊཱི་ཀ་ལས། ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཉིད་བསྟན་ཞེས་པ་དང་། སུམ་བརྒྱ་པ་ལས། ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །ཞེས་བཤད་དོ། །མཚན་མཐུན་པ་ལ་སོགས་པ་བཞིའི་སྒྲུབ་བྱེད་ནི། མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་པ་དང་། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་དང་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །ཞེས་པ་གོ་རིམ་བཞིན་ནོ། །ཤེས་པ་རང་བཞིན་དུ་གནས་པ་དགོས་པ་ནི། ལུང་ཞུ་བ་ལས། མཁན་པོ་སྨྱོན་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ་ཞེས་ཉེས་བྱས་བསྐྱེད་པར་གསུངས་པའོ། །ལུས་ཐ་མལ་དུ་གནས་པ་

༼༡༣༣༽

དགོས་པ་ནི་ལུང་ཞུ་བ་ལས་བལ་འཁུར་བ་ལ་སོགས་པའི་ལྟུང་བ་བསྐྱེད་པ་ལ། རྟེན་སྤྲུལ་པ་མ་ཡིན་པ་དགོས་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །ས་རང་བཞིན་དུ་གནས་པ་དགོས་པ་ནི། ས་གཞན་ན་གནས་པ་ཡིན་ན་མཁན་པོ་བྱེད་པ་ལ་སོགས་པ་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་པའི་ཕྱིར་རོ། །དེ་རྣམས་རེ་རེ་ནས་བགྲངས་ན་ཆོས་བཅོ་ལྔ་དང་ལྡན་ན་མཁན་པོ་བྱར་རུང་ཞིང་གནས་ཀྱི་སློབ་དཔོན་ཡང་ངོ་། །གཉིས་པ་ལྔ་ཚན་གྱི་རང་བཞིན་ངེས་པར་བྱ་བ་ལ་དྲུག་ལས། དང་པོ་ལྔ་ཚན་གྱི་དབྱེ་བ་ནི་ལུང་གཞི་ལས། ལོ་བཅུ་ལོན་དང་འཛིན་དང་མཁས། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་་་་་་ལུང་གཞི་ལས་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་དང་སློབ་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་དང་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པ་དང་། སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པ་སྟེ་ཞེས་པ་དང་། མི་སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ་དང་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་གསུངས་སོ། །དང་སློབ་འཇུག་རྣམ་གཉིས་དང་། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྟོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན་ཞེས་གསུངས་པ་བཞིན་དབྱེའོ། །གཉིས་པ་བསྡུ་བ་ནི། ལྔ་པ་ཁྱད་པར་ཅན་དང་། ལྔ་པ་ཁྱད་པར་ཅན་མ་ཡིན་པ་གཉིས་སུ་འདུས་སོ།་་་་་འདིར་བླ་མ་རྣམས་ལྔ་པ་ཁྱད་པར་ཅན་ལྔ་ཚན་དང་པོ་བཅུ་བདུན་ནོ། །ཁྱད་པར་ཅན་མ་ཡིན་པ་ནི་ལྔ་ཚན་ཕྱི་མ་བཞིའོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། བྱུང་བ་ཤེས་པའི་ཊཱི་ཀ་ལས་ལྔ་པ་འདི་དང་། འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི། འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་གཉིས་སུ་གསུངས་པ་དང་འགལ་ལ་གནས་འཆའ་དང་འཆར་འཇུག་གི་ལྔ་ཚན་གཉིས་ནི་ལྔ་པ་ཁྱད་པར་ཅན་ཡིན་ཏེ་འདུལ་བ་ཤེས་པའི་སྟེང་དུ་གནས་འཆའ་འཆར་འཇུག་གི་ཡོན་ཏན་ཡང་ལྡན་དུ་ཡོད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། །དེའང་བྱུང་བ་ཤེས་པའི་ལྔ་ཚན་དང་ལྔ་ཚན་ཐ་མ་ནི་ལྔ་པ་ཁྱད་པར་ཅན་མ་ཡིན་པ་སྟེ། འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་ཡིན་པའི་ཕྱིར་ཏེ་བྱུང་བ་ཤེས་པའི་ཊཱི་ཀ་ལས། བྱུང་བ་ཤེས་པའི།་་་་་ལྔ་པ་འདི་དང་་་་་་སྐབས་འདིའི། འོག་ནས། ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་་་་་་ལྔ་པས་ནི། འདུལ་

༼༡༣༤༽

བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ་ཞེས་སོ། །ལྔ་ཚན་དེ་གཉིས་མ་གཏོགས་པར་ལྔ་ཚན་བཅུ་དགུ་ནི། ལྔ་པ་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་གཉིས་ཤེས་པའམ་འཕགས་ཆོས་ཐོབ་པ་ལ་སོགས་པ་ཁྱད་པར་གྱི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཕྱིར་རོ། །གསུམ་པ་རང་དབང་ཅན་ཡིན་མིན་གྱི་དོན་ལ་གསུམ་ལས། དང་པོ་ལྔ་པ་རང་དབང་ཅན་ཡིན་མིན་གྱི་དོན་ནི། ལྔ་ཚན་གཅིག་ཚང་བར་བྱེད་པ་ལ་ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་ངེས་གཟུང་དུ་དགོས་ན་ལྔ་པ་རང་དབང་ཅན་མ་ཡིན་པ་ཞེས་བྱ། མི་དགོས་ན་ལྔ་པ་རང་དབང་ཅན་ཞེས་བྱའོ། །དེ་ལྟར་ཡང་་་་་་སློབ་ཏུ་འཇུག་ཀྱང་ནུས་ཞེས་པའི། ཊཱི་ཀ་ལས་ཀྱང་ཞེས་བྱ་བའི་སྒྲ་ནི་ཉེ་བར་བསྡུས་པའི་དོན་ཡིན་གྱིས་ཐ་དད་པར་རྟོག་པའི་དོན་མ་ཡིན་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན་ལྔ་པ་རང་དབང་ཅན་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་མི་འགྱུར་ཏེ་མི་སྲིད་པའི་ཕྱིར་རོ།་་་་་སྟེ་རང་གིས་བསླབ་པ་མེད་པར་སློབ་དཔོན་བྱས་ཏེ་གཞན་སློབ་ཏུ་འཇུག་ནུས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ན་གསལ་བའི་ལྔ་ཕྲུགས་་་་་་ལ་འཛིན་པའི་དེ་དགོས་པ། དང་། འཛིན་དུ་འཇུག་ནུས་པ་་་་་་ལ་འཛིན་པ་དེ་དགོས་པ། དང་། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་སློབ་ཏུ་འཇུག་ཀྱང་ནུས་་་་་་དེ་གསུམ་ལ་སློབ་པའི་ལྔ་ཕྲུགས་ཀྱི་ཡན་ལག་ཟླ་བོར་དགོས། པ་དང་། ལྷག་པའི་སྤྱོད་པ་ལ་སོགས་པ་སློབ་ཏུ་འཇུག་ཀྱང་ནུས་པ་སྟེ། ལྔ་ཚན་བཞི་ནི་རང་དབང་ཅན་མ་ཡིན་པ་སྟེ། ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་ངེས་གཟུང་དུ་དགོས་པའི་ཕྱིར་རོ། །ལྔ་ཚན་བཞི་པོ་དེ་དག་ལས་གཞན་རྣམས་ནི་ལྔ་པ་རང་དབང་ཅན་ཡིན་ནོ། །གཉིས་པ་གང་ཟག་རང་དབང་ཅན་ཡིན་མིན་གྱི་དོན་ནི། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་དེ། བརྟན་པའི་ཡན་ལག་དང་ལྡན་ཞིང་འདུལ་བ་ཤེས་ན། གང་ཟག་རང་དབང་ཅན་ཞེས་མིང་བཏགས་ཏེ་གནས་ཀྱི་བླ་མ་ལ་བརྟེན་མི་དགོས་པར་འདུག་ཏུ་རུང་བའི་གང་ཟག་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས་་་་་་སློབ་པ་དང་མི་སློབ་པའི་སྐབས་སུ་ལུང་གཞི་ལས། ལོ་བཅུ་ལོན་པ་ཉིད་ཅེས།་་་་་ལུང་ལས། གསུངས་པ་ནི་རང་དབང་ཡོད་པར་བསྟན་པ་ཡིན་ཞེས་སོ། །རབ་ཏུ་བྱུང་བ་གང་ཞིག་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་ནམ་འདུལ་བ་མི་ཤེས་ན་ནི་གང་ཟག་རང་དབང་ཅན་མ་ཡིན་པ་སྟེ། གནས་ཀྱི་བླ་མ་ལ་བརྟེན་

༼༡༣༥༽

པར་འདུག་མི་རུང་བའི་གང་ཟག་ཡིན་པའི་ཕྱིར་རོ། །གསུམ་པ་ཡན་ལག་རང་དབང་ཅན་ཡིན་མིན་གྱི་དོན་ནི། ལྔ་ཚན་དུ་སྦྱོར་བ་ན་ཡན་ལག་དེ་ཉིད་གཞི་མར་བྱས་པ་སྟེ་ཡན་ལག་གཞན་ཚུར་ལ་སྡུད་པ་ནི་ཡན་ལག་རང་དབང་ཅན་ཞེས་བྱ་སྟེ། ཊཱི་་་་་་གནས་དང་རེ་ཞིག་གནས་སོ་ཞེས་བྱ་བའི་སྐབས་སུ། ཀ་ལས། དང་ཞེས་བྱ་བའི་སྒྲ་ནི་གནས་དང་རེ་ཞིག་གི་གནས་གཉིས་རང་དབང་ཡོད་པར་བསྟན་པའི་ཕྱིར་ཞེས་སོ། །དེ་ལྟར་ན་ཡན་ལག་རང་དབང་ཅན་ལྔ་སྟེ། གནས་དང་རེ་ཞིག་གི་གནས་འཆར་འཇུག་པ་གཉིས་དང་། དྲན་པ་ལྡན་པ་དང་ནང་དུ་ཡང་དག་བཞག་དང་། མཉམ་པར་བཞག་པའོ་ཞེས་གསུངས་སོ། །འོན་ཀྱང་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཅེས་པ་ལ་སོགས་པ་ཡང་། ཡན་ལག་རང་དབང་ཅན་ཡིན་པར་རིགས་ཏེ། ལྔ་ཚན་གྱི་ཡན་ལག་ནི་ཡིན་ལ་ཡན་ལག་རང་དབང་ཅན་མ་ཡིན་པ་ཉིད་ནི་མ་ཡིན་པའི་ཕྱིར་རོ། །ཡན་ལག་རང་དབང་ཅན་མ་ཡིན་པ་ནི་ལྔ་ཚན་གྱི་ཡན་ལག་གང་ཞིག་ལྔ་ཚན་གཞན་གྲངས་མ་ཚང་བའི་ཁ་སྐོང་བྱེད་དུ་ཕར་ལ་འགྲོ་དགོས་པ་རྣམས་སོ། །དེ་ལྟར་ན་ཡན་ལག་རང་དབང་ཅན་མ་ཡིན་པ་བརྒྱད་དེ། ཚུལ་ལྡན་མང་ཐོས་གཉིས་དང་། བརྩོན་འགྲུས་བརྩམས་པ་དང་ཤེས་རབ་དང་ལྡན་པ་སྟེ་གཉིས་དང་། བར་དུ་གཅོད་པ་མངོན་པར་ཤེས་ཞེས་པ་ནས་རྗེས་སུ་སྟོན་པ་ཉིད་ཡན་ཆད་བཞི་སྟེ་བརྒྱད་དོ། །བཞི་པ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་ཁ་བསྡུས་ཀྱིས་རུང་མི་རུང་གི་ཡན་ལག་གི་དོན་ནི། ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་མ་བགྲངས་ན། ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་གོ་མི་ཆོད་ལ། ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་རུང་ངོ་ཞེས་མགོ་གཅིག་ཏུ་གསུང་ཡང་རྣམ་པར་ཕྱེད་ནས་ལན་བཏབ་དགོས་ཏེ།་་་་་ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་བགྲངས་ན་ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་ཀྱང་ལྔ་ཕྲུགས་ཀྱི་གོ་ཆོད་དེ། བྱུང་བ་དང་བཅས་པ་དང་ཞེས་འདུལ་བ་འབའ་ཞིག་ཤེས་པས་ཀྱང་ལྔ་ཕྲུགས་ཀྱི་གོ་ཆོད་པར་གསུངས་པས། འདུལ་བ་ཤེས་པའི་སྟེང་དུ་ཡོན་ཏན་གཞན་གང་ཡང་རུང་བ་དང་་་་་་སྡེ་སྣོད་གཞན་གཉིས་ཤེས་པ་ལ་སོགས་པ། ལྷག་པར་ལྡན་ན་ལྟ་ཅི་སྨོས་པའི་ཕྱིར་དང་། ཡོན་ཏན་ཁ་བསྡུས་ཀྱིས་བསྡུས་པའི་གཞུང་ནི་སུམ་བརྒྱ་པ་ལས།་་་་་ཚུལ་ཁྲིམས་ལྡན་དང་འདུལ་

༼༡༣༦༽

བའི་ཆོ་ག་་་་་་བྱ་བ་དང་བྱ་བ་མ་ཡིན། ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས་ཞེས་་་་་་ཚུལ་ཁྲིམས་ལྡན་དང་ཞེས་པས་མང་དུ་ཐོས་པའི་ཟླ་བོའི་ཚུལ་ཁྲིམས་བསྡུས་སོ། །འདུལ་བའི་ཆོ་ག་ཤེས་པས་ནི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་འདུལ་བ་ཤེས་པའི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་པོ་གང་ཡང་རུང་བ་སྡུས་སོ། །ནད་པ་སྙིང་བརྩེ་ཞེས་པས་ནི་ལྔ་ཚན་དང་པོའི་ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ་བསྡུས་སོ། །འཁོར་ནི་དག་པ་དང་ཞེས་པས་ནི་ལུང་གི་སྐབས་གཞན་ནས་བསྡུས་པའོ། །ཆོས་ཀྱི་ཕན་འདོགས་པ་ལ་བརྩོན་པས་ནི་སྨྲ་བ་པོ་ཉིད་དང་ཞེས་པ་བསྡུས་སོ། །ཟང་ཟིང་གི་ཕན་འདོགས་པ་ལ་བརྩོན་ཞེས་པས་ནི་གཏོང་བ་ཕུན་སུམ་ཚོགས་པ་བསྡུས་སོ། །དུས་སུ་འདོམས་པ་ཞེས་པས་ནི་རྗེས་སུ་སྟོན་པ་ཉིད་དང་ཞེས་པ་བསྡུས་ཏེ། ལྔ་ཚན་གོང་འོག་ནས་ཅི་རིགས་སུ་བསྡུས་པའི་ཡོན་ཏན་དང་ལྡན་པ་དེ་གནས་ཀྱི་བླ་མར་བསྔགས་ཞེས་གསུངས་པས་གྲུབ་བོ། །ལྔ་པ་ཕན་ཡོན་གསུམ་འབྱུང་བ་ལ་ཡོན་ཏན་མཚན་ཉིད་དང་ལྡན་པ་དགོས་སམ་ཆ་ཙམ་གྱིས་འགྲུབ་པའི་དོན་ནི། ཡོན་ཏན་ཆ་ཙམ་གྱིས་མི་འགྲུབ་སྟེ། ལུང་གཞི་ལས། བསྙེན་པར་རྫོགས་ནས་ལོ་དགུ་ལོན་པས་ཀྱང་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ་ཞེས་མཁན་པོ་མི་བྱ་བ་ཉིད་དུ་གསུངས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས། ལོ་བཅུ་ཡང་དག་རྫོགས་པ་ཡི། །དགེ་སློང་ཀུན་སྡོམ་བདག་ཉིད་ཅན། །གསལ་ཞིང་ཀུན་སྤྱོད་རིག་པ་ཡིས། །རབ་བྱུང་དང་ནི་བསྙེན་རྫོགས་བྱ། །ཞེས་ལོ་བཅུ་རྫོགས་དགོས་པར་གསུངས་པས་སོ། །ཡོན་ཏན་ཆ་ཙམ་གྱིས་འགྲུབ་ན། བསྙེན་པར་རྫོགས་ནས་ཞག་གཅིག་ལོན་ཅིང་སོ་ཤིང་དབེན་པར་དོར་ཞེས་པ་དེ་ཙམ་ཤེས་པས་ཀྱང་མཁན་པོ་བྱར་རུང་བར་ཐལ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་ཆ་ཙམ་དང་། འདུལ་བ་ཤེས་པའི་ཆ་ཙམ་ཞིག་ཡོད་པའི་ཕྱིར་རོ། །འདོད་ན་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ་ཞེས་སོ། །དྲུག་པ་ཕན་ཡོན་གསུམ་འབྱུང་བ་ལ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་དགོས་སམ་གང་རུང་གཅིག་གིས་འགྲུབ་དགོས་པའི་དོན་ནི་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་ཅིང་དེའི་སྡོམ་པ་དག་པ་གཞི་མར་བྱས་ནས། ལྔ་ཚན་གང་རུང་གཅིག་དང་ལྡན་ན་དེས་ཕན་ཡོན་གསུམ་

༼༡༣༧༽

འཐོབ་སྟེ། ཊཱི་ཀ་ལས། ལྷན་ཅིག་སྦྱར་བ་གཅིག་དང་ལྡན་ཞིང་ལོ་བཅུ་ལོན་པ་ཡང་ཡིན་ན། དེས་ནི་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་ཡང་བྱའོ་ཞེས་པ་དང་། མཁན་པོ་བྱེད་པ་ལ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་དགོས་ན་མཁན་པོ་མཚན་ཉིད་དང་ལྡན་པ་མི་སྲིད་པར་ཐལ་བར་འགྱུར་ཏེ། གང་ཟག་གཅིག་ལ་དུས་གཅིག་ཏུ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་པ་མི་སྲིད་པའི་ཕྱིར་ཏེ། འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་ཡིན་པ་དང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཚན་ཡིན་པ་འགལ་བའི་ཕྱིར་དང་། སློབ་པ་ཉིད་ཡིན་པ་དང་མི་སློབ་པ་ཉིད་ཡིན་པ་འགལ་བའི་ཕྱིར་རོ། །ཡན་ལག་གི་དོན་ནི་ནད་གཡོག་དང་ཞེས་པ་ལ་སོགས་པ་ལྔ་ཚན་དུ་བགྲང་བ་ན་ལོ་བཅུ་ལོན་པ་འདིས་ལྔ་ཚན་དང་པོའི་གྲངས་ཀྱི་ཁ་སྐོང་བྱེད་ལ། ལྔ་ཚན་གཞན་རྣམས་ལ་འདིས་གྲངས་ཀྱི་ཁ་སྐོང་མི་བྱེད་པ་ཅིའི་ཕྱིར་སྙམ་ན། ལྔ་ཚན་དང་པོ་ལ་འདིས་གྲངས་ཀྱི་ཁ་སྐོང་མ་བྱས་ན་ལྔ་ཚན་དུ་མི་ཚང་ལ། ལྔ་ཚན་གཞན་རྣམས་ལ་ལོ་བཅུ་ལོན་པ་དངོས་སུ་བགྲངས་ན་དྲུག་ཚན་དུ་འགྱུར་ཞིང་། དེ་ལྟར་ན་གདུལ་བྱ་ལྔ་ཚན་ལ་དགའ་བ་རྣམས་མི་ཚིམ་པའི་ཕྱིར་རོ་ཞེས་གསུང་ངོ་། །ལྔ་ཕྲུགས་ཉི་ཤུ་རྩ་གཅིག་པོ་འདི་རྣམས་ནི། དོན་ལ་ལྔ་ཕྲུགས་གཅིག དྲུག་ཕྲུགས་བཅོ་བརྒྱད། བདུན་ཕྲུགས་གཉིས་ཡིན་ཞེས་རྒྱ་འདུལ་འཛིན་གསུང་ངོ་། །འོན་ཀྱང་དགུ་ཕྲུགས་གཉིས་ཡོད་དེ་སློབ་ཏུ་འཇུག་ཀྱང་ནུས་པ་གཉིས་སོ། །གཞན་སློབ་འཇུག་ནུས་པ་གསུམ་གྱི་སྟེང་དུ་ཀྱང་ཞེས་པས་རང་གི་བསླབ་པའི་ཡོན་ཏན་གསུམ་བསྡུས་ཏེའོ་དྲུག་ཕྲུགས་བཅུ་དྲུག་ཞེས་རིགས་སོ།་་་་་ཊཱི་ཀ་ལས། ནད་གཡོག་བྱེད་ནུས་ཞེས་པ་འདིས་སྙིང་རྗེ་དང་བཟོད་པ་གཉིས་བསྟན་ཞེས་བཤད་ཅིང་། འགྲེལ་ཆུང་ལས་ནི་སྙིང་རྗེ་ཆེ་བ་དང་ཡི་རང་་་་་་བ་བཟོད་པར་ལྡན། ཞིང་སྨན་དཔྱད་མཁས་པ་ལ་བྱ་ཞེས་བཤད་དོ། །དེ་དག་ཐམས་ཅད་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པར་འཐད་དོ། །འགྱོད་པ་བསལ་ཞེས་པའི་ཊཱི་ཀ་ལས་འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཞེས་བཤད་དོ། འདིས་ལྔ་ཚན་འདིའི་འདུལ་བ་ཤེས་པ་བསྟན་ཏོ། །སྡིག་ལྟ་སྤང་བ་ཞེས་པའི་ཊཱི་ཀ་ལས། འདིས་ནི་ཆོས་མངོན་པ་ལ་མཁས་པ་ཉིད་བསྟན་ཏོ་ཞེས་སོ། །སློབ་མ་རྣམས།་་་་་གནས་་་་་་ཡུལ་ཕྱོགས་གང་

༼༡༣༨༽

དུ་གནས་པར། མངོན་པར་མི་དགའ་བ་འདོར་བ། ཞེས་པའི་་་་་་གནས་ཞེས་པ་ནི་གནས་པ་སློབ་མའོ་ཞེས་དེང་སང་ཕལ་ཆེ་བ་རྣམས་གསུང་ཡང་ནོར་བ་ཁོ་ན་སྟེ། གནས་ནི་ཡུལ་ཕྱོགས་ཏེ། ལུང་གཞི་ལས། ཕྱོགས་གང་དུ་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་མངོན་པར་མི་དགོས་ན་དེ་འདོར་བའམ་འདོར་དུ་འཇུག་ནུས་པ་སྟེ་ཞེས་པ་དང་། ལུང་གཅིག་ལས་འཕྲོས་པ་ལས་ཀྱང་། ལྷན་ཅིག་གནས་པ་དང་ཉེ་གནས་ཡུལ་དེར་གནས་པར་མི་དགའ་ན་ཡུལ་གཞན་དུ་གཏོང་བར་ནུས་པ་ཡིན་ཞེས་གསུངས་སོ། །ཊཱི་ཀ་ལས། གནས་མངོན་པར་མི་དགའ་བ་འདོར་བ་འདིས་ནི་བསམ་པ་ཤེས་པ་ཉིད་བསྟན་ཏོ་ཞེས་སོ། །དེ་ནི་ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པའི་འགྱུར་བདག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང་། །ཆུ་ཡི་རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཞེས་བཤད་པ་ལྟ་བུའོ། །བྱེད་དུ་འཇུག་ནུས་པ་ནི། ནད་གཡོག་ལ་སོགས་པ་བཞི་པོ་དེ་དག་རང་གིས་བྱེད་ནུས་པའི་སྟེང་དུ་གཞན་བྱེད་དུ་འཇུག་པའི་མཐུ་ཡོད་པའོ། །ཊཱི་ཀ་ལས། བཞི་པོ་དེ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་དེས་་་་་་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པ་དང་། གསུམ་པོ་དེ་དག་མི་བྱ་སྟེ་ཞེས་སོ། །དེའང་འགྱོད་པ་བསལ་བ་རང་གིས་བྱེད་ནུས་པ་མེད་དེ་འདུལ་བ་ཤེས་པ་མེད་ན་ནི། ཊཱི་ཀ་ལས། འདུལ་བ་ལ་གནས་པའི་དོན་ཉིད་ཅེས་བྱ་བའི་ཡན་ལག་བཟླ་བར་བྱ་བ་མ་ཡིན་པ་དེ་ལས་བཟླས་པར་འགྱུར་རོ་ཞེས་སོ། །འོ་ན་རང་གིས་བྱེད་ནུས་པ་ངེས་གཟུང་དུ་དགོས་ན། གཞན་བྱེད་དུ་འཇུག་ནུས་པ་སྨོས་པ་ཅིའི་ཕྱིར་ཞེ་ན། ཊཱི་ཀ་ལས། ལ་ལ་འདུལ་བ་ནི་ལ་ལས་ནུས་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་ནུས་པ་མ་ཡིན་པས་ཞེས་བཤད་དོ། །ཐུན་མོང་བ་དབང་དུ་བྱེད་པའི་མདོ་ནི་སྦྱར་རོ་ཞེས་གཞིར་བྱའོ། །གང་ལ་སྦྱར་ན་གཞུང་འདི་མན་ཆད་་་་་་སློབ་པ་ཉིད་དེ་ལ་མི་སྦྱར་གྱི། སློབ་པ་ཉིད་ཡན་ཆད་ལའོ་ཐམས་ཅད་དུའམ་ཞེ་ན། ཕུན་སུམ་ཚོགས་པའི་ལྔ་ཚན་གཉིས་ལ་མི་སྦྱར་གྱི།་་་་་ལྔ་ཚན་དུ་ཚང་ཟིན་པ་མ་ཡིན་པའི་ཡན་ལག་་་་་་བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་གཉིས་པ་ལ་མི་སྦྱར་གྱི། གཞི་འཛིན་པ་རྣམས་ལ་སྦྱར་རོ། །གང་སྦྱར་ན་ཚུལ་ལྡན་དང་མང་ཐོས་གཉིས་སྦྱོར།

༼༡༣༩༽

དེའང་འགྲེལ་ཆུང་ལས། ཚུལ་ཁྲིམས་དང་ལྡན་པ་ནི་ཕམ་པ་དང་ལྷག་མ་རྣམས་ཀྱིས་མ་ཉམས་པ་སྟེ་ཞེས་ཕམ་ལྷག་གིས་མ་གོས་པ་ལ་བཤད་ཀྱང་། དེ་མི་འཐད་དེ། བཅས་པའི་ཁ་ན་མ་ཐོ་བ་ཁང་ཆེན་གྱི་ལྷག་མ་ལྟ་བུས་གོས་ཀྱང་འཆལ་བའི་ཚུལ་ཁྲིམས་སུ་མི་འགྱུར་ལ་་་་་་ཕམ་ལྷག་བཅུ་བདུན་གྱིས་མ་གོས་ཀྱང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དུད་འགྲོ་གསོད་པའི་ལྟུང་བྱེད་ལྟ་བུས་གོས་ན་ཡང་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་བའི་ཕྱིར་ཏེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་བཤད་དོ། །འདིར་ཚུལ་ཁྲིམས་དང་ལྡན་པའི་ཚད་ནི་དགེ་སློང་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་རྣམ་འབྱེད་གཅིག་ལས་འཕྲོས་པ་དང་འོད་ལྡན་ལས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་ལ། ཊཱི་ཀ་ལས། འཆལ་བའི་ཚུལ་ཁྲིམས་་་་་་མི་དགེ་བའི་ལས། ཀྱི་སྐབས་མེད་པའི་ཕྱིར། དེས་ན་འདི་ནི་དགེ་བའོ།་་་་་ལེགས་པའོ། །ཞེས་བྱ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་ཞེས་བཤད་དོ། །མང་དུ་ཐོས་པ་ནི་ཡན་ལག་ཟླ་བོས་གང་མ་ཐོས་པའི་ཆོས་མང་དུ་ཐོས་པའོ།་་་་་དེའང་སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་པའི་སྐབས་སུ་སྒྲ་དང་ཚད་མ་ལ་སོགས་པ་མང་དུ་ཐོས་པའོ། །ལྷག་པའི་སྤྱོད་པ་དང་འདུལ་བ་དང་ཞེས་པའི་སྐབས་སུ་ནི་མདོ་སྡེ་དང་མངོན་པ་ལ་སོགས་པ་མང་དུ་ཐོས་པའོ། །མདོ་སྡེ་འདུལ་བ་མངོན་པ་གསུམ་སྟེ། སྡེ་སྣོད་གསུམ་པོ་མངོན་པར་ཤེས་པ་སྟེ་རབ་ཏུ་ཤེས་པ་ཉིད་དོ། །འདིར་ལུང་ལས། འཛིན་མཁས་རིག་གསལ་བཞི་གསུངས་པ་ལས། འཛིན་པ་ནི་ཚིག་དོན་གཉིས་ཀ་འཛིན་པ་སྟེ། འགྲེལ་ཆུང་ལས་སྡེ་སྣོད་གསུམ་འཛིན་པ་སྟེ་ཁ་ཏོན་དུ་ཤེས་པའོ་ཞེས་སོ། །ཊཱི་ཀ་ལས། མདོ་སྡེ་ལ་སོགས་པ་གཟུང་བ་མི་བརྗེད་པ་ནི་འཛིན་པའོ། །སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་ལ་སོ་སོར་འབྱེད་མཁས་ཏེ་མ་འདྲེས་པར།་་་་་གནས་པར་ནུས་པ་ནི་མཁས་པའོ། །ཊཱི་ཀ་ལས།་་་་་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དང་ལུང་གིས་མདོ་སྡེ་ལ་སོགས་པ་སྦྱོར་བ་ནི་རིག་པའོ། །ཊཱི་ཀ་ལས།་་་་་ལུང་དང་རིགས་པ་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ་གཞན་ལ་གོ་བར་བྱེད་

༼༡༤༠༽

ནུས་པ་ནི་གསལ་བའོ་ཞེས་གསུངས་སོ། །གསལ་བ་ནི་འགྲེལ་ཆུང་ལས། སྡེ་སྣོད་གསུམ་གསལ་བ་སྟེ་བྱེད་པ་དང་ཆད་པ་ལྟ་བུ་ལ་མ་ནོར་བར་སྦྱོར་ནུས་པའོ་ཞེས་སོ། །དེ་ལྟར་ན་ཡང་རུང་སྟེ།་་་་་གསལ་བ་ཞེས་པ་ནི་འགྲེལ་ཆུང་གི་བཤད་པ་ལྟར་ན། ལྔ་པ་རང་དབང་ཅན་དུ་འགྱུར་རོ།་་་་་གསལ་བ་ཞེས་པ་འདི་ཊཱི་ཀ་ལས་བཤད་པ་ལྟར་ན་ལྔ་པ་རང་དབང་ཅན་མ་ཡིན་ཏེ་སྔར་བཤད་ཟིན་ཏོ། །སྡེ་སྣོད་གསུམ་པོ་དེ་དག་རང་གིས་ཤེས་ཤིང་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་འཇུག་ནུས་པ་ཉིད་དོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ། གཞི་འགྲེལ་ལས། ལྷག་པ་ཞེས་བྱ་བ་ནི་ལྷག་པའི་དོན་དང་དབང་དུ་བྱ་བའི་དོན་ཏེ་ཞེས་སོ། །དེའི་དོན་ཅི་ཞེ་ན་ཉན་ཐོས་ཀྱི་ས་ལས་ལྷག་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན། བསླབ་པ་གསུམ་པོ་འདི་དག་ནི་མུ་སྟེགས་བྱེད་རྣམས་ཀྱི་ཆོས་ལས་ལྷག་པའི་ཕྱིར་ཏེ།་་་་་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་བསླབ་པ་གསུམ་པོ་དེ་དག་ནི་་་་་་སངས་རྒྱས་པའི། བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི་འདི་ལས་ཕྱི་རོལ་་་་་་མུ་སྟེགས་བྱེད། པ་རྣམས་དང་ཐུན་མོང་བ་མ་ཡིན་ཏེ་དེ་ནི་ལྷག་པའི་དོན་ཡིན་ནོ། །དབང་དུ་བྱས་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན།་་་་་ལྷག་པའི་ཚུལ་ཁྲིམས་ནི་དེ་ལ་བརྟེན་ནས་སེམས་ཀྱི་ཏིང་ངེ་འཛིན་སྐྱེ་བའི་དབང་དུ་བྱས་ལ། ལྷག་པའི་སེམས་ནི་ཏིང་ངེ་འཛིན་དེ་ལ་བརྟེན་ནས་བསྒོམ་པའི་ཤེས་རབ་སྐྱེ་བའི་དབང་དུ་བྱས་ཤིང་། ལྷག་པའི་ཤེས་རབ་ནི་དེས་ཉོན་མོངས་པ་སྤོང་བའི་དབང་དུ་བྱས་ཏེ། ཚུལ་ཁྲིམས་ལ་བརྟེན་ནས།་་་་་ལྷག་པའི་སེམས་ཀྱི་དབང་་་་་་ཏིང་ངེ་འཛིན་སྐྱེ་བའི། དུ་བྱས་པའི་ཚུལ་ཁྲིམས་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ཏིང་ངེ་འཛིན་ལ་བརྟེན་ནས།་་་་་ལྷག་པའི་ཤེས་རབ་ཀྱི་ཁྱད་པར་སྐྱེ་བའི།་་་་་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ལ་བརྟེན་ནས།་་་་་ཉོན་མོངས་པ་སྤང་བའི་དབང་དུ་བྱས་པའི་ཡེ་ཤེས་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། དེ་ནི་དབང་དུ་བྱ་བའི་དོན་ཡིན་ནོ་ཞེས་གསུངས་སོ། །ལྷག་པའི་ཚུལ་ཁྲིམས་འདུལ་བའི་བསླབ་པའི་གཞི་ཐམས་ཅད་དང་། ལྷག་པའི་སེམས་བསམ་གཏན་བཞི་པོ་དང་། ལྷག་པའི་ཤེས་རབ་ཟག་པ་མེད་པའི་ལམ་སྟེ། གསུམ་པོ་དེ་དག་གི་ཕྱིར་སློབ་པ་ཉིད་དོ། །ཊཱི་ཀ་ལས། ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཀྱི་ཕྱིར་རོ། །ཞེས་སོ། །ཚུལ་ཁྲིམས་ལ་སློབ་ཅེས་པ་འདིའི་འགྲེལ་

༼༡༤༡༽

ཆུང་ལས་ནི་བསླབ་པ་ཕྲ་མོ་ཁ་ན་མ་ཐོ་བ་ཙམ་ལ་ཡང་བག་བྱེད་ཅིང་བསྲུང་བ་ལ་བྱའོ་ཞེས་ཚུལ་ཁྲིམས་རྒྱུད་ལ་ལྡན་པ་ལ་བཤད་དོ། །དེ་ལྟར་ན་ལྔ་ཚན་གཅིག་གི་ནང་དུ་ཚུལ་ཁྲིམས་དང་ལྡན་པ་ལན་གཉིས་སྨོས་པས་ཟློས་པའི་སྐྱོན་དུ་འགྱུར་རོ། །བསླབ་པ་གསུམ་ལ་རང་གིས་བསླབ་པའི་ཡོན་ཏན་ཡོད་པའི་སྟེང་དུ་གཞན་སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ་ཞེས་སོ། །ཀྱང་ཞེས་པའི་སྒྲས་ནི་བསླབ་པ་གསུམ་ལ་རང་གིས་བསླབས་པ་བསྡུས་ཏེ་དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །ཕྱི་རོལ་པ་རྣམས་ལས་ལྷག་པའི་སྤྱོད་པ་ནི་འདུལ་བ་ལས་གསུངས་པའི་སྤྱོད་ལམ་བཞིའོ། །འདུལ་བ་ནི་སོ་སོ་ཐར་པའི་རྣམ་པར་བཤད་པར་གྱུར་པ་རྣམ་འབྱེད་ལ་སོགས་པ་ལུང་དུམ་བུ་བཞིའོ། །སོ་སོ་ཐར་པ་ནི་དགེ་སློང་ཕ་མའི་སོ་སོ་ཐར་པའི་མདོ་བམ་པོ་གཉིས་པ་རྣམ་གཉིས་ཏེ་དེ་ལྟར་སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས་བཤད་དོ། །རྣམ་གྲངས་གཞན་ཡང་གནས་མལ་གྱི་གཞིའི་ཊཱི་ཀ་དང་སྐབས་འདིའི་འགྲེལ་ཆུང་ལས་འདུལ་བ་ནི་ལུང་གཞི་ཡིན་ལ་སོ་སོ་ཐར་པ་ནི་སོ་སོ་ཐར་པའི་མདོ་རྣམ་འབྱེད་དང་བཅས་པ་ཡིན་པར་ཡང་གསུངས་སོ། །ལ་ཞེས་པ་ཡུལ་ལོ། །ཡང་ཞེས་པ་སྔ་མར་མ་ཟད་པའོ། །དེ་བཞིན་ནོ་ཞེས་པ་ནི་འདི་ལ་ཡང་སློབ་པ་དང་སློབ་ཏུ་འཇུག་ནུས་གཉིས་ཡོད་དོ་ཞེས་་་་་་གོང་དུ་ཊཱི་ཀ་ལས་བཤད་ཟིན། པའོ། །དད་པ་ནི་དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པའོ། །ཚུལ་ཁྲིམས་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའོ། །ཐོས་པ་་་་་་ཐོས་ཕུན་སུམ་ཚོགས་པ་ནི། མང་པོ་ཐོས་པ་དང་། མང་པོ་ལ་ཐོས་པ་དང་། མང་པོ་དང་ཐོས་པ་སྟེ་ཐོས་པ་ཆོས་གསུམ་ལྡན་ནོ་ཞེས་གསུངས་སོ། །ནི་ཆོས་མང་དུ་ཐོས་པ་སྟེ། འདུལ་བ་ཤེས་པ་ཡང་འདིས་བསྟན་ཏོ། །གཏོང་བ་ཕུན་སུམ་ཚོགས་པ་ནི། གཏོང་བ་ཆོས་གསུམ་ལྡན་ཏེ། ཡུལ་ཡིད་དུ་མི་འོང་བ་ལ་གཏོང་བ་དང་། དངོས་པོ་ཡིད་དུ་འོང་བ་གཏོང་བ་དང་། ཁམ་གང་དང་ལུས་གང་ཙམ་ལས་ཕྲི་ནས་གཏོང་པའོ། །ཞེས་གསུང་ངོ་། །ཕྱི་མ་དེ་གཉིས་འགྲེལ་ཆུང་ལས་བཤད་དོ། །ཊཱི་ཀ་ལས།་་་་་གཏོང་བ་ནི་མ་ཆགས་པའི་ངོ་བོའོ། །ཤེས་རབ་ནི་རང་དང་སྤྱིའི་མཚན་ཉིད། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཕུན་སུམ་ཚོགས་པ་ནི་དད་པ་ལ་སོགས་པ་ཙམ་པོ་དང་ལྡན་པ་མ་ཡིན་གྱི། ཊཱི་ཀ་ལས་དད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ་ཞེས་སོ། །ལྔ་ཚན་འདི་དང་འོག་མ་སྟེ་ལྔ་ཚན་འདི་

༼༡༤༢༽

གཉིས་ལ་ཕུན་སུམ་ཚོགས་པ་གཉིས་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། ལྔ་ཚན་གཉིས་པོ་འདི་ཆོས་ཅན། ཕུན་སུམ་ཚོགས་པའི་ལྔ་ཚན་ཡིན་ཏེ། དད་པ་ལ་སོགས་པའི་ཡོན་ཏན་ཙམ་པོ་དང་ལྡན་པ་མ་ཡིན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ཆོས་ལྔ་ལྡན་ཡིན་པའི་ཕྱིར་རོ། །དཔེར་ན་སློབ་པའི་ཆོས་ལྔ་ལྡན་མ་ཡིན་གྱི་མི་སློབ་པའི་ཆོས་ལྔ་ལྡན་ཡིན་པ་དེ་ལ་མི་སློབ་པའི་ལྔ་ཕྲུགས་ཞེས་བརྗོད་པ་དང་འདྲའོ། །ཊཱི་ཀ་ལས། ཚུལ་་་་་་ཕུན་སུམ་ཚོགས་པ་འོག་མའི། ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པས་ནི་འདུལ་བ་མངོན་པར་ཤེས་པ་ཉིད་སྟོན་ཏོ་ཞེས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ནི་གཞི་འགྲེལ་ལས། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དེ། ཤེས་རབ་ནི་འདིར་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་སོ། །ཊཱི་ཀ་ལས། རྣམ་པར་གྲོལ་བ་ནི་འདིར་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ། །རྣམ་པར་གྲོལ་བ་དེ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱའོ།་་་་་ཉོན་མོངས་པ་ཟད་པ་དང་སྡུག་བསྔལ་མི་སྐྱེ་བར་ཤེས་པ་སྟེ། ཉན་ཐོས་ཀྱི་ས་ལས་ཉོན་མོངས་ཟད་པ་རྣམས་ལ་ཟད་པ་ཤེས་པ་སྐྱེ་བ་དང་། རྒྱུ་ཟད་པའི་ཕྱིར་ཕྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་སྐྱེ་བར་མི་འགྱུར་བས་མི་སྐྱེ་བ་ཤེས་པ་ཞེས་གསུངས། དེ་མཐོང་བ་ནི་མི་སློབ་པའི་ལྟ་བ་སྟེ་ཞེས་བཤད་དོ།་་་་་རྣམས་ཀྱིས་ཀྱང་ཞེས་སྣང་སྟེ་ཀྱིས་ཞེས་པ་ཡི་གེ་ལྷག་པ་སྟེ། རྣམས་ཀྱང་ཞེས་རང་འགྲེལ་གྱི་རྩ་བ་ལས་གསུངས་པའི་ཕྱིར་དང་ཀྱིས་ཞེས་པ་ནི་རང་འགྲེལ་གྱི་རྩ་བ་དང་འགྲེལ་ཆུང་གི་རྩ་བ་ལས་མ་གསུངས་པའི་ཕྱིར་དང་། ལུང་ལས་ཀྱང་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་གསུངས་ཤིང་། ཚུལ་ཁྲིམས་ཀྱི་ཕུན་སུམ་ཚོགས། རྣམ་པར་གྲོལ་བས་ཕུན་སུམ་ཚོགས་ཞེས་མ་གསུངས་པའི་ཕྱིར་རོ། །འོ་ན་ལྔ་ཚན་འདི་སོ་སོའི་སྐྱེ་བོའི་རྒྱུད་ལ་ལྡན་ནམ་འཕགས་པའི་རྒྱུད་ལ་ལྡན། དང་པོ་ལྟར་ན་སོ་སོའི་སྐྱེ་བོ་ལ་མི་སློབ་པའི་རྣམ་གྲོལ་ཕུན་སུམ་ཚོགས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་འགལ་ལོ། །གཉིས་པ་ལྟར་ན་མི་སློབ་པའི་ལྔ་ཚན་དང་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། ཤ་ལུགས་པ།་་་་་ཁ་ཅིག་ན་རེ་ཕུན་སུམ་ཚོགས་པ་འོག་མའི་ལྔ་ཚན་འདི་ནི་སོ་སོའི་སྐྱེ་བོའི་ལྔ་ཚན་ཡིན་ལ་མི་སློབ་པའི་རྣམ་གྲོལ་ལ་སོགས་པ་ཐོས་བསམ་གྱིས་ཤེས་པ་ལ་དགོངས་སོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་པར་ངེས་ཏེ། སྔར་གྱི་འགལ་པ་སོ་ན་གནས་ལ། སོ་སོའི་སྐྱེ་བོ་ཆོས་ཅན། མི་སློབ་པའི་རྣམ་པར་གྲོལ་བ་ཕུན་

༼༡༤༣༽

སུམ་ཚོགས་པ་མ་ཡིན་པར་ཐལ། ཉོན་མོངས་པའི་འཆིང་བས་བཅིངས་པ་ཡིན་པའི་ཕྱིར་རོ།་་་་་རྣམ་པར་གྲོལ་བ་ལ་སོགས་པའི་ཡོན་ཏན་དེ་རྣམས་བདག་ལ་མི་ལྡན་ན་གཞན་རྒྱུད་ཀྱི་ཡོན་ཏན་སྔོ་བགྲང་ཤེས་པ་ཙམ་གྱིས་རྣམ་གྲོལ་ཕུན་སུམ་ཚོགས་པར་ག་ལ་འགྱུར་ཏེ་སྤྲང་པོས་ཕྱུག་པོའི་ནོར་ལ་སྔོ་བགྲང་ཤེས་ཀྱང་སྤྲང་པོ་དེ་ནོར་རྫས་ཕུན་སུམ་ཚོགས་པ་མ་ཡིན་པ་བཞིན་ནོ། །མི་སློབ་པ་ཉིད་དོ་ཞེས་པའི་ཊཱི་ཀ་ལས། འདིས་ཀྱང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ལ་སོགས་པ་ཡན་ལག་ལྔ་པོ་དེ་དག་ཉིད་བསྡུས་པ་ཡིན་ནོ་ཞེས་པ་དང་ཡང་འགལ་ཏེ། འདིས་ཀྱང་ཞེས་པ་ཕུན་སུམ་ཚོགས་པ་འོག་མའི་སྐབས་སུ་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཆོས་ལྔ་བསྟན་པར་མ་ཟད་ཀྱི་འདིས་ཀྱང་བསྟན་ཞེས་་་་་་ཁྱེ་ད་ལྟར་ན་འདིས་ཀྱང་ཞེས་མི་གསུང་བར་འདིས་ནི་ཞེས་གསུངས་རིགས། པའོ། །དེས་ན་ཕུན་སུམ་ཚོགས་པ་འོག་མ་འདི་མི་སློབ་པ་དགྲ་བཅོམ་པའི་རྒྱུད་ལ་ལྡན་པ་ཡིན་ཡང་མི་སློབ་པ་ཉིད་དོ་ཞེས་པ་དང་ཟློས་པའི་སྐྱོན་དུ་མི་འགྱུར་ཏེ། ཕུན་སུམ་ཚོགས་པ་འོག་མའི་ལྔ་ཚན་འདི་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནས་རྣམ་པར་གྲོལ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་དང་། མི་སློབ་པའི་ལྔ་ཚན་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་དང་ལྡན་ཙམ་ནས་རྣམ་པར་གྲོལ་བ་ལ་སོགས་པ་ལྡན་ཙམ་ཡིན་པའི་ཕྱིར་རོ།་་་་་དེ་ལྟར་ཡང་ཕུན་སུམ་ཚོགས་པའི་ལྔ་ཚན་གྱི་ལུང་ལས། ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་པ་ནས། རྣམ་པར་གྲོལ་བ་ཕུན་སམ་ཚོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཞེས་གསུང་ཞིང་མི་སློབ་པའི་ལྔ་ཚན་གྱི་ལུང་ལས་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་ཞེས་པ་ནས་མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་མི་སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་ཞེས་གསུངས་པས་གྲུབ་བོ། །དགྲ་བཅོམ་པའི་ཚུལ་ཁྲིམས་ལ་སོགས་པ་ལྡན་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་པ་ཡོད་དེ། དགྲ་བཅོམ་པ་བཅས་འགལ་གྱི་ལྟུང་བས་རྒྱུད་ལ་གོས་པའི་ཚུལ་ཁྲིམས་དང་ལྡན་པ་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་དང་ལྡན་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ་རྒྱན་མེད་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་དང་ལྡན་ཙམ་ཡིན་ཡང་། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་མ་ཡིན་ཏེ། སྙོམས་འཇུག་གི་

༼༡༤༤༽

སྒྲིབ་པ་ལས་མ་གྲོལ་བའི་ཕྱིར་རོ། །དགྲ་བཅོམ་པ་རྒྱན་ཅན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ནི་དགྲ་བཅོམ་པའི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །གཞི་འགྲེལ་ལས་བརྩོན་འགྲུས་བརྩམས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་བསྐྱེད་པ་དང་དགག་པ་ལ་སོགས་པའོ་ཞེས་བཤད་པས། འདི་ནི་ཡང་དག་པར་སྤོང་བ་བཞི་ཡིན་ནོ།་་་་་བཞི་གང་ཞེ་ན་ཕྲན་ཚེགས་འགྲེལ་ལས་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་སྤོང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་འཕེལ་བར་བྱེད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་སྟེ་བཞིའོ། །ཞེས་སོ། །འགྲེལ་ཆུང་ལས་ལུས་ངག་ཡིད་གསུམ་གྱིས་དགེ་བ་བྱ་བར་བརྩོན་འགྲུས་བརྩམ་པའོ་ཞེས་ཀྱང་བཤད་དོ། །ཤེས་རབ་དང་ལྡན་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་ལྡན་པའོ། །འགྲེལ་ཆུང་ལས། རྒྱུ་རྐྱེན་ཤེས་ཤིང་་་་་་རྟེན་འབྲེལ་ཤེས་པའི་ཤེས་རབ་བོ། །གཅིག་ལས་མང་དུ་སྤྲོ་ནུས་པའོ་ཞེས་སོ། །གཞི་འགྲེལ་ལས་དྲན་པ་དང་ལྡན་པ་ནི་དྲན་པ་ཉེ་བར་བཞག་པ་དང་ལྡན་པའོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས། བསླབ་པ་རྣམས་མ་བརྗོད་པར་དྲན་པ་དང་ཕྱིས་མི་བརྗེད་པའོ་ཞེས་སོ། །ཊཱི་ཀ་ལས། ནང་དུ་ཡང་དག་པར་བཞག་པ་ནི་རབ་ཏུ་དབེན་པར་གྱུར་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས་ལུས་དབེན་པ་ནི་དགོན་པ་ན་གནས། སེམས་དབེན་པ་ནི་མྱ་ངན་མེད་པའོ་ཞེས་སོ། །ཊཱི་ཀ་ལས། མཉམ་པར་བཞག་པ་ནི་མི་རྒོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས། དགེ་བ་ལ་རྩེ་གཅིག་ཏུ་རྒྱུན་དུ་སེམས་པའོ་ཞེས་སོ། །སློབ་པ་ཉིད་ནི་སློབ་པའི་གང་ཟག་བདུན་ཏེ། རྒྱུན་དུ་ཞུགས་པའི་འབྲས་ཞུགས་དང་འབྲས་གནས་གཉིས། ལན་ཅིག་ཕྱིར་འོང་ཞུགས་འབྲས་གཉིས། ཕྱིར་མི་འོང་ཞུགས་འབྲས་གཉིས། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །གང་ཟག་བདུན་པོ་དེ་དག་ཆོས་ཅན། སློབ་པ་ཉིད་ཡིན་ཏེ། ཊཱི་ཀ་ལས། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤང་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཞེས་སོ། །སློབ་པའི་་་་་་ལྔ་ཚན་གྱི། ཆོས་ལྔ་ནི། འཕགས་པ་སློབ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་གསུམ་དང་། སློབ་པའི་རྣམ་པར་གྲོལ་བ་ནི་སྤང་བྱ་ཉོན་མོངས་པ་ཅི་རིགས་པ་ལས་གྲོལ་བའིའོ། །རྣམ་པར་གྲོལ་བ་དེ་ཤེས་པ་དང་

༼༡༤༥༽

མཐོང་བ་སྟེ་ལྔའོ། །ཊཱི་ཀ་ལས་ཤེས་པ་ནི་ཤེས་པ་བརྒྱད་དང་། མཐོང་བ་ནི་བཟོད་པ་བརྒྱད་ཡིན་པར་བཤད་དོ། །འདི་དག་ནི་ཤེས་བཟོད་སྐད་ཅིག་བཅུ་དྲུག་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ་བཞི་དང་། དེ་བཞིན་དུ་ཀུན་འབྱུང་ལ་བཞི་དང་། འགོག་པ་ལ་བཞི་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཤེས་པའོ། །ཤེས་བཟོད་ཀྱི་རྟོགས་པ་བཅུ་དྲུག་པོ་དེ་དག་ནི། མཛོད་ལས། ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་་་་་་དམིགས་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་་་་་་པ་སྟེ་དེ་བཞིན་་་་་་དུ་ཟག་མེད། །སྡུག་བསྔལ་ལྷག་མ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །ཞེས་བཤད་དོ། །མི་སློབ་པ་ཉིད་ནི་དགྲ་བཅོམ་པ་སྟེ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཆོས་ཅན། མི་སློབ་པ་ཡིན་ཏེ། རང་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་སྤང་བའི་དོན་དུ་མི་སློབ་པའི་ཕྱིར་ཏེ། དེ་སྤངས་ཟིན་པའི་ཕྱིར་རོ།་་་་་མཛོད་འགྲེལ་ལས་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པའི་རྒྱུད་ལ་རྐྱེན་གྱི་སྟོབས་ཀྱིས་ཉོན་མོངས་པ་སྐད་ཅིག་སྐྱེ་བ་སྲིད་པར་བཤད་ཀྱང་། རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི་མ་ཡིན་ནོ། །མི་སློབ་པའི་ཆོས་ལྔ་ནི། དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་གསུམ་དང་། སྤངས་པའི་རྣམ་པར་གྲོལ་བ་་་་་་དེ་ཉོན་མོངས་པ་སྤངས་པའི་ཕྱིར་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བ། དང་། རྣམ་པར་གྲོལ་བ་དེ་ཤེས་པ་དང་མཐོང་བ་སྟེ་ལྔའོ། །དེ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ལྟ་བའོ། །འོ་ན་སློབ་པ་དང་མི་སློབ་པའི་ལྔ་ཚན་གཉིས་པོ་འདི་ཆོས་ཅན། འདུལ་བ་ལས་བཟླ་བར་བྱ་བ་མ་ཡིན་པ་བཟླས་པར་ཐལ། མེད་མི་རུང་གི་ཡན་ལག་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར་རོ། །དེ་ཡང་གཞན་གྱི་མཁན་པོ་བྱེད་པས་ནི་སློབ་མ་ལ་བྱ་བ་དང་བྱ་བ་མ་ཡིན་པ་སྟོན་དགོས་ལ། དེ་སྟོན་པ་ལ་འདུལ་བ་ཤེས་དགོས་པ་ལས་ལྔ་ཚན་འདི་གཉིས་ཀྱིས་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར་རོ། །འདི་གཉིས་འཕགས་པ་ཡིན་པའི་ཕྱིར་འདུལ་བ་ཤེས་པར་ངེས་སོ་སྙམ་ན་ཁྱབ་པ་མེད་དེ། ཊཱི་ཀ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号