ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༥༨༩༽

སྤོས་འཚོང་གི་ཁྱིའུ་ལ་གཏད་ཅིང་ཧ་ཅང་བརྟུན་ངས་པས་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཧ་ཅང་བརྟུན་ངས་པས་གཞན་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང་ཕོ་ཉ་བས་ཞལ་ཏ་པ་ལ་གཏད་པའི་དངོས་པོ་དེ་བསྐུལ་བ་དང་བསྡད་པ་དྲུག་ལས་ལྷག་པར་བླངས་པའམ། མ་ལྷག་ཀྱང་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས་བསླངས་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། དང་པོ་སྦྱོར་བ་བརྩམ་པར་བྱ་བའི་གཞི་ལ་བཞི་སྟེ། སྦྱིན་བདག་དང་ཕོ་ཉ་བ་དང་ཞལ་ཏ་བ་གསུམ་ཆར་ཁྱིམ་པ་ཡིན་པ་དང་། གསུམ་ཆར་ཐ་སྙད་ལྔ་དང་ལྡན་པ་དང་། གསུམ་ཆར་ལུས་ཐ་མལ་པར་གནས་པ་དང་། ཞལ་ཏ་བས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པའོ། །དང་པོ་ནི་གསུམ་ཆར་ཁྱིམ་པ་ཉིད་ཡིན་ནའོ་ཞེས་སོ། །དེ་གསུམ་གང་རུང་གཅིག་རབ་ཏུ་བྱུང་བ་ཡིན་ན་ཡང་ཉེས་བྱས་སོ། །གཉིས་པ་ནི་གསུམ་ཆར་མི་ཉིད་ཡིན་ནའོ་ཞེས་པ་དང་། སྨྲ་ཤེས་པ་ལ་སོགས་པ་ནི་བསྒོ་ཞིང་སྨྲས་པ་ཞེས་པ་དང་སྤྱིར་་་་་་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་ལ་སོགས་པ། བསྟན་པ་ལས་སོ།་་་་་བསྐུར་བའི་སྤང་བའི་ལྟུང་བའི་རྣམ་འབྱེད་ལས། ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་གིའོ་ཞེས་གསུངས་པའི་མ་ནིང་གིའོ་ཞེས་པས་ན་སྨད་པ་ཡིན་ནོ་ཞེས་ཡུལ་ཞར་བྱུང་དུ་བསྟན་པ་ཡིན་པར་སེམས་ཏེ་ལུང་ཞུ་བ་ལས་ཞལ་ཏའི་སྐབས་སུ་མ་ནིང་དང་མ་ནིང་མོ་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཤིང་། སྤྱིར་བསྟན་པ་ལས། མ་ནིང་དང་མཚན་གཉིས་པ་དག་ནི་དེ་དག་དང་ལྡན་པ་ཉིད་དོ་ཞེས་བཤད་དོ། །གསུམ་པ་ནི་རེག་པ་ལ་སོགས་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག ཅེས་ཊཱི་ཀ་ལས་བཤད་པ།་་་་་པའི་གནད་ཀྱིས་སྦྱར་བའོ། །བཞི་པ་ནི། སྦྱིན་པར་བྱེད་པའི་སེམས་བསྡུ་བར་ཞེས་སོ། །གཉིས་པ་གང་བསླང་བའི་དངོས་པོ་ནི། གོས་སམ་དེའི་རིན་གང་ཡང་རུང་བ་ཡིན་པ་དང་། ཕལ་ཆེར་རུང་བ་དང་། ཚད་དང་ལྡན་པ་དང་། སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང་། ཕོ་ཉ་བས་ཞལ་ཏ་བ་ལ་གཏད་པ་ཡིན་པ་སྟེ། བསྐུར་བ་ཞེས་པ་ལ་སོགས་པ་གསུངས་སོ། །བསམ་པའི་

༼༥༩༠༽

ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གི་དོན་དུ་བསྐུལ་བསྡད་དྲུག་ལས་ལྷག་པ་བྱེད་འདོད་པའམ། སྦྱིན་བདག་གིས་སེམས་བསྡུ་བར་ཁས་མི་ལེན་པ་ལས་ལེན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དངོས་པོ་དེ་ལེན་པར་ཞུགས་པའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་ཆོས་གོས་ཀྱི་རིན་བསྐུར་བ་རུང་བ་མ་ཡིན་པར་སྤངས་ནས་ཞེས་་་་་་གོ་རིམ་དེ་ལྟར། སྦྱར་རོ། །ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ན་་་་་་གོས་རུང་བ་བསྒྲུབ་པའི་ཆོ་གའོ་སྔ་མ་རྣམས་གསུང་ཡང་ནོར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལྟར་ཡིན་པའི་གཞུང་གསུམ་ཡོད་དེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཇི་ཞིག་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། བསྐུར་བ་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་སྤངས་ནས་གྱུར་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ནའོ་ཞེས་བཤད་ཅིང་བསྐུལ་བར་གྱུར་ནའོ་ཞེས་པས་དེའི་འགྲེལ་ཆུང་ལས་ལན་དྲུག་ནས་ལྷག་པ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་བཤད་དོ། །གོ་བར་མ་ནུས་པ་ནི་གྲོས་བྱ་བར་མ་ནུས་བ་སྟེ་གོ་བར་བྱེད་མ་ནུས་པ་ཉིད་ནའོ། །བཅོམ་ལྡན་འདས་ཀྱིས་བསྐུལ་བའི་སྒོ་དྲུག་གསུངས་པ་དེ་ཡང་། མངོན་པར་སྨྲ་བའི་དབང་དུ་བྱས་པ་གཉིས་ནི། ཁྱོད་འོངས་སམ་ཞེས་ཟེར་བ་དེ་ལ་་་་་་ནི་གོས་འདོད་པ། དེའི་ཕྱིར་རོ། །ཊཱི་ཀ་ལས་ལེགས་པར་འོངས་སམ་ཞེས་སོ་ཞེས་ལུང་ལས།་་་་་འོངས་པ་ལེགས་སོ་ཞེས་ཟེར་བ་དེ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ལེགས་པར་སྦྱར་བའི་དབང་དུ་བྱས་པ་གཉིས་ནི། སྟན་འདི་ལ་འདུག་ཅིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ། །ལུང་དང་ཊཱི་ཀ་ལས།་་་་་རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ཟས་སྐོམ་གྱི་དབང་དུ་བྱས་པ་གཉིས་ནི། བཟའ་བ་ཟོ་ཞིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ། །བཏུང་བ་འཐུང་ཞིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ།་་་་་དྲུག་པོ་དེ་རྣམས་ལུང་དང་ཊཱི་ཀ་ལས་གསུངས་སོ། །ཊཱི་ཀ་ལས་བསྐུལ་བའི་སྒོ་དྲུག་པོ་ཐམས་ཅད་ཀྱང་སྦྱོར་བ་གཅིག་གིས་བྱས་ན་ནི་བསྐུལ་བ་གཅིག་ཁོ་ནར་འགྱུར་རོ་ཞེས་སོ། །སྦྱོར་བ་ཐ་དད་པས་ཞུགས་ན་ནི་བསྐུལ་བ་ཐ་དད་དུ་འགྱུར་རོ། རང་གི་་་་་།བསྐུལ་བ་དང་པོ་དེས་གོས་ཐོབ་པར་མ་གྲུབ་ན་ལན་གཉིས་ལན་གསུམ་དུ་ཡང་བསྐུལ་བར་བྱའོ། །དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ། །འོ་ན་

༼༥༩༡༽

ལུང་རྣམ་འབྱེད་ལས་ལན་དྲུག་གི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་བསྐུལ་བ་གསུམ་དང་བཅས་པའི་གྲངས་དྲུག་ཏུ་གསུངས་པ་ཡིན་ལ། འདི་ནི་བསྡད་པ་ཉིད་ཚེ་ལན་གསུམ་ཡིན་པས་འགལ་བ་མེད་དོ།་་་་་ཊཱི་ཀ་ལས་བསྐུལ་བ་དང་བསྡད་པ་དེ་དག་ལ་གོ་རིམ་ནི་མེད་དོ། །སྔར་ཕྱོགས་ན་སྡད་པར་བྱེད་ལ་ཕྱིས་བསྐུལ་བར་བྱེད་ན། དེ་ལྟ་ན་ཡང་ཉེས་པ་མེད་དེ། །བསྐུལ་བ་གཉིས་བྱེད་ཅིང་སྡོད་པ་བཞི་བྱེད་ན་ཡང་ཉེས་པ་མེད་དེ། སྡོད་པའི་གནས་སྐབས་དམན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མི་བྱའོ་ཞེས་བཤད་དོ། །གསུམ་ཆར་མི་ཉིད་དང་ཞེས་པ་ལ་མུ་བརྒྱད་ལུང་རྣམ་འབྱེད་དུ་ཚིག་ལྷུག་པར་གསུངས་པ་རང་གི་རྣམ་བཤད་དུ་ཚིགས་བཅད་དུ་བསྡུས་པ་ཊཱི་ཀར་དྲངས་པ་ནི། མི་མ་ཡིན་པ་གསུམ་གཅིག་དང་། །གཉིས་པ་གསུམ་དུ་བྱས་པ་ཡིན། །མི་ཡི་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་་་་་་ཊཱི་ཀ་ལས་ཁུངས་སུ་དྲངས་པའི་ཚིགས་བཅད་དེ་ནི་ལུང་ལས་གསུངས་པ་ཡིན་ནོ། །སྙམ་དུ་འཁྲུལ་བ་མང་ཡང་། མིན་གྱི་རང་གི་རྣམ་བཤད་ལས། གསུངས་སོ། །གསུམ་ཆར་ཁྱིམ་པ་ཉིད་ཡིན་ནའོ་ཞེས་པ་ལ་མུ་བརྒྱད་བམ་པོ་ལྔ་བཅུ་པར་ཚིག་ལྷུག་པར་གསུངས་པ་ལས། བསྡུ་བའི་ཚིགས་སུ་བཅད་པ་ནི། །རབ་ཏུ་བྱུང་བ་གསུམ་དག་དང་། །གཉིས་པ་གསུམ་དུ་བྱས་པ་་་་་་མི་གསལ་ཡང་། ཡིན། །ཁྱིམ་པའི་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་སྨྲས་སོ། །ཉེས་བྱས་ཀྱི་དབྱེ་བ་བསྟན་པ་ནི། མ་སྨྲས་ན་ཞེས་ཏེ་་་་་་མ་སྨྲས་ན་ཞེས་པ་དང་མ་དྲིས་པར་སྟོན་ན་ཞེས་པ་དང་རེ་བ་མེད་པ་ཉིད་ན་མ་སྤྲན་ན་ཞེས་མདོ་གསུམ་གྱིས་ཉེས་བྱས་རེ་རེ་བསྟན་ཅིང་མ་སྤངས་པ་ལའོ་ཞེས་ཉེས་བྱས་གཉིས་བསྟན་ཏེ་རྩ་བས་ཉེས་བྱས་ལྔ་དང་ཊཱི་ཀར་ཉེས་བྱས་གཅིག་བསྟན་ཏེ། ཉེས་བྱས་དྲུག་ལས། གཅིག་ནི་ཊཱི་ཀ་ལས་སྤྱིར་བསྐུལ་བསྡད་དྲུག་ལས་མ་ལྷག་ཀྱང་བསྐུལ་བ་བཞི་བྱེད་ཅིང་སྡོད་པ་གཉིས་བྱེད་ན་ཉེས་བྱས་སུ་བཤད་དོ། །མ་སྤངས་པ་ལའོ་ཞེས་་་་་་མདོ་འདིའི་ཉེས་བྱས་གཅིག་ཁོ་ན་བསྟན་པར་བླ་མ་རྣམས་གསུང་ཡང་ནོར། པའི་མདོ་འདིས་་་་་་ཉེས་བྱས་གཅིག་བསྟན་ནམ་གཉིས་བསྟན་ཊཱི་ཀར་མི་གསལ་ཡང་། ཉེས་བྱས་གཉིས་བསྟན་པ་ཡིན་པར་རང་གི་རྣམ་བཤད་ལས་གསུངས་ཏེ། བསྐུར་བ་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་མ་སྤངས་པར་ལེན་ན་ཉེས་བྱས་དང་། དེ་ལྟར་སྤངས་པར་གྱུར་ཟིན་པ་ན་་་་་་ཞལ་ཏ་བྱེད་པས། འབུལ་བར་བྱེད་ན་མ་སྤངས་པར་ལེན་ན་ཉེས་བྱས་སོ་ཞེས་བསྟན་པའོ། །མ་་་་་་དེ་

༼༥༩༢༽

ཡང་རང་འགྲེལ་ལས་མ་སྤངས་པ་ལའོ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་ནི་ཆོས་གོས་ཀྱི་རིན་དག་བསླང་དུ་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིག་མ་སྤངས་པ་དང་། ཞལ་ཏ་བྱེད་པ་གོས་སྦྱིན་པར་བྱེད་པ་མ་སྤངས་པས་ལེན་ན་ཉེས་བྱས་སོ་ཞེས་གསུངས་སོ། །སྤངས་པ་ལའོ་ཞེས་པ་འདིའི་ཊཱི་ཀ་ལས། པཎྜི་ཏ།་་་་་ཁ་ཅིག་འདི་སྐད་དུ་གོས་ཀྱི་རིན་གསེར་ལ་སོགས་པ་ལ་རུང་བར་མ་བྱས་པ་དང་བྱས་པ་གཉིས་ལས། དང་པོ་ནི་ཞལ་ཏ་བ་ལ་གཏད་ཅིང་མ་གྲུབ་ན་བསྐུལ་བ་ལ་སོགས་པ་འདི་དག་བྱའོ། །གཉིས་པ་ནི་དགེ་སློང་གིས་བསླངས་ཀྱང་ཉེས་པ་མེད་དེ། ལུང་རྣམ་འབྱེད་ལས་བསླང་བར་བྱ་ཞིང་བསླངས་ནས་ཀྱང་སྦྱིན་བདག་དེ་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་སོ་ཞེས་ཟེར་རོ། །ཁོ་་་་་་ཊཱི་ཀ་བྱེད་པ་ཆོས་བཤེས། བོ་་་་་་གསེར་དངུལ། ནི་སྦྱིན་བདག་གིས་གོས་ཀྱི་བསམ་པས་སྦྱིན་པར་བྱེད་ཅིང་དགེ་སློང་ལ་ཡང་གོས་ཀྱི་དགོས་པ་ཡོད་ན་ཞལ་ཏ་བ་ལ་གཏད་ཅིང་་་་་་མ་གྲུབ་ན། བསྐུལ་བ་ལ་སོགས་པ་འདི་དག་བྱའོ། །གསེར་དངུལ་དེ་སྦྱིན་བདག་གི་་་་་་སྤྱིའི་བསམ་པས་སྦྱིན་པར་བྱེད་ཅིང་དགེ་སློང་ལ་ཡང་སངས་རྒྱས་མཆོད་པ་དང་དགེ་འདུན་ལ་ཆོས་སྟོན་གསོལ་བ་ལ་སོགས་པའི་དགོས་པ་ཡོད་ན་ནི། གསེར་དངུལ་དེ་རུང་བར་བྱས་ནས་བདག་གིར་བྱའོ་ཞེས་་་་་་ཊཱི་ཀ་ལས། བཤད་དོ། །འདི་ནི་པཎྜི་ཏ་གཞན་གྱི་འདོད་པ་དེ་ལེགས་ཏེ། སྤྱིར་ཆོས་ལྡན་ལ་རུང་བ་གསུམ་ཆར་འཆགས་པ་ལ། བྱེ་བྲག་གོས་ཀྱི་རིན་ལ་རུང་བ་མི་འཆགས་པ་འགལ་ཞིང་། ལུང་རྣམ་འབྱེད་ལས་དགེ་སློང་རྣམས་གོས་ཀྱི་རིན་ཀར་ཤ་པ་ན་དག་མི་ལེན་ནས། ཁྱིམ་བདག་དད་པ་ཅན་དག་ཀྱང་གོས་ཀྱི་རིན་དག་སྦྱིན་པར་བྱེད་ན། ངའི་ཉན་ཐོས་རྣམས་ཀྱང་གོས་ཀྱི་རིན་དག་འདོད་ཀྱིས། རུང་བར་བྱ་བ་ཅུང་ཞིག་གནང་བར་བྱའོ། །བསླང་བར་བྱ་ཞིང་བསླངས་ནས་ཀྱང་སྦྱིན་བདག་དེ་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་་་་་་གོས་ཀྱི་རིན་གསེར་དངུལ་ལ། རུང་བ་གསུམ་པོ་གསུངས་པའི་ཕྱིར་རོ། །ད་ནི་སྲིན་བལ་གྱི་སྤང་བ་འཆད་དེ། བསླབ་པར་བྱ་བ་ནི་སྟན་བཅང་བར་བྱ་སྟེ། གྲང་བ་བསྐྱབ་པའི་དོན་དུ་ཅི་བདེར་གནང་བའོ། །རྣམ་འབྱེད་ལས་སྟན་ནི་རྣམ་པ་གཉིས་ཏེ། ནང་ཚངས་ཅན་་་་་་ཊཱི་ཀ་ལས་ནང་ཚངས་ཅན་ཞེས་བྱ་བའི་ཚིག་གིས་ཕྱི་ཤུན་གྱི་རྫས་ཀྱང་སྟན་ཉིད་ཀྱིས་ཁོངས་སུ་གཏོགས་པ་ཡིན་གྱི་དེའི་ཕྱིར་སྟན་ཉིད་དུ་ཕྱི་ཤུན་ནི་རྒྱས་འཆང་བ་ལ་ནི་སྤང་བ་ཉིད་དུ་མི་འགྱུར་རོ། །ཞེས་བཤད་ནང་ཚངས་བྱིན་གྱིས་བརླབས་ན་ཕྱི་ཤུན་ཡང་དེའི་ཁོངས་སུ་གཏོགས་པ། ཕྱི་ཤུན་བྱིན་གྱིས་བརླབས་ན་ཡང་ནང་ཚངས་དེའི་ཁོངས་སུ་གཏོགས་པས་སོ། །དང་གླིངས་པའོ་ཞེས་གསུངས་ཏེ། འདིར་གཉིས་ཀ་གཟུང་བ་ཡིན་ནོ།་་་་་གླིངས་

༼༥༩༣༽

པ་ནི་ཕྱིང་བའི་རྣམ་པ་ལྟ་བུའོ་ཞེས་རྣམ་འབྱེད་འགྲེལ་ལས་བཤད་དོ། །འོ་ན་སྟན་དང་གདིང་བ་གཅིག་གམ་ཞེ་ན། མི་གཅིག་སྟེ། རྣམ་པ་ཐ་དད་པའི་ཕྱིར་དང་། དགོས་པ་ཐ་དད་པའི་ཕྱིར་དང་། གནང་བཀག་ཐ་དད་པའི་ཕྱིར་དང་། ཚད་ཐ་དད་པའི་ཕྱིར་ཏེ། དང་པོ་ནི་གདིང་བ་ལ་ཉིས་རིམ་དང་གླེགས་བུའི་འཕྲོ་དགོས་པའི་ཕྱིར་དང་། སྟན་ལ་ནི་དེ་དག་མི་དགོས་པའི་ཕྱིར་རོ། །གཉིས་པ་ནི་སྟན་གྱི་དགོས་པ་གྲང་བ་བསྐྱབ་པ་དང་། གདིང་བའི་དགོས་པ་དགེ་འདུན་གྱི་གནས་མལ་བསྐྱབ་པ་དང་གང་ཟག་གི་གནས་མལ་ཁྲ་བོ་ཕལ་ཆེར་མ་ཉམས་པ་བསྐྱབ་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི།་་་་་ཊཱི་ཀ་ལས་ཁུངས་དྲངས་ཏེ། མདོ་སྡེ་ལས་གདིང་བ་ཕྲག་པས་བླངས་ནས་ཞེས་གསུངས་ལ། ཊཱི་ཀ་ལས་སྟན་ཕྲག་པས་བླངས་ནས་ཁྱེར་བ་ནི་ཚུལ་མ་ཡིན་པས་ཞེས་སོ། །བཞི་པ་ནི་གདིང་བའི་ཚད་གཞུང་ན་གསལ་ཞིང་། སྟན་གྱི་ཚད་ནི་ལུང་ཞུ་བ་ཆུང་ཤོས་དང་རྒྱ་ཆེ་འགྲེལ་ལས་སྟན་ཆེན་པོ་ནི་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་ཚད་ནི་གདིང་བའི་ཚད་དང་མཉམ་མོ་ཞེས་གསུངས་སོ། །དེས་ན་ཊཱི་ཀ་ལས་གདིང་བ་ནི་སྟན་མ་ཡིན་ཏེ། གདིང་བ་ནི་གོས་ཀྱི་ངོ་བོ་ཉིད་ཡིན་ཞེས་བཤད་པས། སྲིན་བལ་ལ་གདིང་བ་བྱས་པ་ལ་ལྟུང་བར་མི་འགྱུར་བའོ།་་་་་གོས་ནི་སྲིན་བལ་ལས་བྱར་རུང་སྟེ་གོས་གཞི་ལས་སྲིན་བལ་གྱི་དང་ཤ་ནའི་དང་ཟར་མའི་རུང་ངོ་ཞེས་སོ། །ལྟུང་བ་རྣམ་གཞག་ནི་སྲིན་བལ་གྱིས་སྟན་བྱས་སམ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་སྲིན་བལ་གྱི་སྟན་བྱས་པ་་་་་་ན་སྲིན་བལ་འབྱུང་བའི་སྲིན་བུ་སྲོག་ཆགས་མང་པོའི་སྲོག་གཅོད་པར་བྱེད་ཅེས་མུ་སྟེགས་ཅན་འཕྱ་བར་བྱེད་པ། ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་་་་་་སྟེ་དཀོན་ཞིང་རིན་ཆེ་བ་དང་། རང་དོན་ཡན་ལག་ཏུ་དགོས་པས་ཞེས་པ། དང་། དོན་དང་བྱ་བ་མང་བ་་་་་་སྟེ་ལུང་ལས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང་ཞེས་གསུངས་པ་དང་། ཕྱེད་བྱས་པའི་འཕྲོ་བྱེད་པ་ལ། ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་སྲིན་བལ་གྱི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་བརྒྱད་དེ། དེ་ཡང་སྲིན་བལ་ཡིན་པ་

༼༥༩༤༽

སྟེ། སྲིན་བལ་གྱི་སྟན་ཞེས་སོ། །དཀོན་ཞིང་རིན་ཆེ་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་སྲིན་བལ་དཀོན་ཞིང་རིན་ཆེ་བས་ཞེས་སོ།་་་་་ཊཱི་ཀ་ལས་ཡུལ་གང་ན་སྲིན་བལ་རིན་ཆུང་ཞིང་ཤིན་ཏུ་མོད་པ་དེར་ནི་སྲིན་བལ་གྱི་གནས་སུ་བལ་དཀར་པོ་རིག་པར་བྱའོ། །དེ་ལྟར་ན་སྲིན་བལ་ནི་ལྟུང་བ་མེད་དོ་ཞེས་སོ། །ཉུང་ངུ་གཞན་དང་མ་འདྲེས་པ་སྟེ། ཉུང་ངུ་དང་བསྲེས་པ་ཉིད་ན་ཞེས་སོ། །གསར་པ་ཡིན་པ་སྟེ། སྟན་གྱི་ལྟུང་བ་བཞི་ཀ་ལ་ལུང་རྣམ་འབྱེད་ལས། གསར་བ་གཉིས་ཏེ། གསར་པས་གསར་པ་དང་། རྙེད་པས་གསར་པ་སྟེ་དོན་འདིར་ནི་གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་གསུངས་སོ། །སེལ་བ་ནི་རྫས་་་་་་གསར་པ་ལས། ཉམས་པ་་་་་་སྙིང་པ། ཉིད་ལ་ཡང་ངོ་ཞེས་སོ། །བདག་པོ་རང་གི་ཉིད་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ་ཕྱེད་བྱས་པ་ལ་བྱེད་པ་ནི་ཞེས་སོ། །གཞི་གཞན་གྱི་སྒོ་ནས་རུང་བ་ཡིན་པ་་་་་་སྟེ་སྲིན་བལ་དེ་སྟན་གྱི་རྒྱུ་མི་རུང་བ་ཉིད་ཡིན་ཡང་དབྱིབས་དང་ཁ་དོག་རུང་བ་ཡན་ལག་ཏུ་དགོས་ཏེ། དབྱིབས་གྲུ་གསུམ་དང་ཁ་དོག་ཁྲ་བོ་ལ་སོགས་པ་སེལ་བ་འགྱུར་བ། དང་། ཚད་དང་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་རང་དོན་དུ་སྲིན་བལ་གྱི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་སྟན་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པ་སྟེ་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པ་ཞེས་སོ།་་་་་མོན་དར་དང་སྲིན་བལ་དང་འདྲ་ན། དགེ་སློང་མའི་རྣམ་འབྱེད་ལས། མོན་དར་ཞེས་པ་ནི་སྲིན་བལ་ལ་བྱའོ་ཞེས་མོན་དར་དང་སྲིན་བལ་དང་འདྲ་ན། དགེ་སློང་མའི་རྣམ་འབྱེད་ལས། མོན་དར་ཞེས་པ་ནི་སྲིན་བལ་ལ་བྱའོ་ཞེས་གསུངས་པ་དང་འགལ་ཞེ་ན། མོན་དར་ལ་གཉིས་ཏེ། སྲིན་བལ་ལས་བྱས་པ་དང་། ཕྲན་ཚེགས་འགྲེལ་ལས་མོན་དར་ཞེས་བྱ་བ་ནི་རྩྭ་འི་རིགས་ཀྱི་ཤུན་པ་ལས་བྱས་པའི་གོས་ཡིན་ནོ། །ཡན་ལག་གི་དོན་ནི། སྲིན་བལ་་་་་་ནི་རྣམ་འབྱེད་འགྲེལ་ལས་སྲིན་བལ་འབྱུང་བའི་སྲིན་བུ་ལས་བྱུང་བའོ། །གྱི་སྟན་ཞེས་སོ། །དེ་དང་འདྲ་བ་ལས་གྱུར་པའི་ལྟུང་བ་ནི། འདྲ་བ་ལ་ཡང་ངོ་ཞེས་པ་དང་། དེའི་ཊཱི་ཀ་ལས། སྲིན་བལ་འབའ་ཞིག་ལས་སྟན་བྱེད་པ་ལ། སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ། མོན་དར་དང་རྩྭ་དུ་ཀཱུ་ལའི་རས་ལ་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ་ཞེས་སོ། །ཞུ་བའི་སྐབས་ནི་སྲིན་བལ་དེ་བལ་དཀར་པོ་

༼༥༩༥༽

འམ་ཤ་ནའི་རས་སམ་སོ་བལ་ལ་སོགས་པའི་རྫས་ཉུང་ངུ་དང་ཐ་སྙད་བྱར་རུང་དང་བསྲེས་ཏེ་སྟན་བྱེད་པ་ཉིད་ན་སྨད་པ་ཉིད་དོ། །ཊཱི་ཀ་ལས་དེ་ནི་སྟན་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་སོ། །འོ་ན་ཆ་གཉིས་བསྲེ་བའི་སྤང་ལྟུང་དངོས་གཞི་དེ་ཆོས་ཅན། དཀར་པོ་ཉུང་ངུ་དང་བསྲེས་པ་ཉིད་ན་ན་སྨད་པ་ཉིད་དོ་ཞེས་པ་དེ།་་་་་བལ་ནག་པོའི་སྟན་བྱེད་པའི་ལྟུང་བ་ན་སྨད་ཡིན་པར་ཐལ། སྟན་གྱི་རྒྱུ་བལ་ནག་པོ་དེ་བལ་དཀར་པོ་ཉུང་ངུ་དང་བསྲེས་ཏེ་སྟན་བྱས་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །རྟགས་ནི་ཆ་གཉིས་བསྲེ་བའི་ལུང་གིས་གྲུབ་ལ། ཁྱབ་པ་མ་གྲུབ་ན་དཀར་པོ་ཉུང་ངུ་དང་བསྲེས་པའི་ན་སྨད་དེ་སྟན་ཐམས་ཅད་ཀྱི་དབང་དུ་བྱས་ཞེས་བལ་ནག་པོའི་སྟན་བྱེད་པའི་ན་སྨད་ཡིན་པའི་དམ་བཅའ་ཉམས་སོ། །འདོད་ན། ཆ་གཉིས་བསྲེས་པའི་སྤང་ལྟུང་དངོས་གཞི་ཡིན་པ་དང་འགལ་ལོ། །ཞེ་ན། སོ་བལ་ཉུང་ངུ་དང་བསྲེས་ན་ན་སྨད་པ་དེ་སྟན་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། བལ་ནག་གི་སྟན་བྱེད་པ་ལ་བལ་དཀར་པོ་དང་འཁོབ་བལ་ཉུང་ངུ་བསྲེས་པ་ལ་ནི་བལ་ནག་གི་སྟན་བྱེད་པའི་ན་སྨད་དུ་མི་འགྱུར་གྱི། ཆ་གཉིས་བསྲེ་བའི་སྤང་ལྟུང་དུ་འགྱུར་རོ། །རྫས་ཉམས་པའི་ན་སྨད་པ་ཡང་སྟན་ཐམས་ཅད་ལ་སྦྱར་རོ། །ད་ནི་བལ་ནག་པོ་འབའ་ཞིག་གི་སྤང་བ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི། དགག་བྱ། ངོ་ཏི་ཡན་ལག་གཞན་རྣམས་སྔར་དང་འདྲ་བ་ལས། སྲིན་བལ་ཞེས་པའི་གནས་སུ་ལུག་གི་བལ་ནག་པོ་འབའ་ཞིག་ཅེས་གཞུག་གོ་་་་་ཁྱད་པར་གཞན་ཡང་སྲིན་བལ་གྱི་སྟན་བྱེད་པའི་སྐབས་སུ་ལུང་རྣམ་འབྱེད་ལས་སྟན་གཉིས་ཏེ་ནང་ཚངས་ཅན་པའི་གླིངས་པ་སྟེ། དོན་འདི་ནི་གཉིས་ཀ་ཡིན་པར་དགོངས་སོ། །ཞེས་གསུངས་སོ། །བལ་ནག་པོའི་སྐབས་འདིར་ལུང་རྣམ་འབྱེད་ལས། སྟན་གཉིས་ཏེ། ནང་ཚངས་ཅན་དང་གླིངས་པ་སྟེ། དོན་འདིར་ནི་གླིངས་པ་ཡིན་པར་དགོངས་སོ། །ཡན་ལག་གི་དོན་ནི། སྲིན་བལ་གྱི་སྐབས་སུ་སྔར་ཇི་སྐད་བསྟན་པ་རྣམས་འདིར་ཁས་བླངས་ནས། འདིར་ཁྱད་པར་ནི་ལུག་གི་བལ་ནག་པོ་ཞེས་སོ། །ལུང་རྣམ་འབྱེད་ལས་ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང་། སྔོ་བས་གནག་པ་དང་། འདམ་ཁ་དང་། ཁམ་པའོ་ཞེས་གསུངས་ཏེ། དེ་དག་ནི་རང་བཞིན་གྱིས་སྔོན་པོ་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །སྔོན་པོ་ནི་རྣམ་འབྱེད་འགྲེལ་ལས་སྔོ་བས་གནག་

༼༥༩༦༽

པ་ཞེས་བྱ་བ་ནི་ཕྱིས་སྔོན་པོས་ཁ་སྒྱུར་བ་གང་ཡིན་པའོ་ཞེས་བཤད་ཀྱང་། བམ་པོ་ལྔ་བཅུ་པ་ལས་རང་བཞིན་གྱིས་སྔོ་བ་དང་ཞེས་པ་དེ་ངེས་པར་གཟུང་ངོ་། །ནག་སིང་ངེ་བ་ངེས་གཟུང་མི་དགོས་པས་འདམ་ཁ་དང་ཁམ་པ་དག་ཀྱང་ཞེས་སོ། །དེ་ཉིད་དོ་ཞེས་པ་ནི་ནག་པོར་གཏོགས་པ་དེ་ཉིད་དོ་ཞེས་ལུང་་་་་་ལས་ནག་པོ་བཞི་སྟེ་ཞེས་གསུངས་པ། དང་མཐུན་་་་་་ལུང་རྣམ་འབྱེད་ལས་སྔོན་པོ་དང་འདམ་ཁ་དང་ཁམ་པ་དག་ཀྱང་ནག་པོའི་བྱེ་བྲག་ཡིན་པར་གསུངས་པའི་ཕྱིར། ལ་ནག་པོ་དང་འདྲ་བ་དེ་ཉིད་དོ་ཞེས་འགྲེལ་བའི་བཤད་པའོ། །སྐབས་འདིར་གཞི་ལྡོག་པ་ལས་གྱུར་པའི་ལྟུང་བ་ནི། ཡུལ་གང་ན་བལ་དཀར་པོ་དཀོན་ཞིང་རིན་ཆེ་བ་ལ། བལ་ནག་པོ་མོད་ཅིང་རིན་ཆུང་བ་དེར་ནི། རང་གི་རྣམ་བཤད་ལས་བལ་ནག་པོ་འབའ་ཞིག་་་་་་ཞེས་པའམ་ནག་པོ་འབའ་ཞིག་དང་འདྲ་བར་རིག་པར་བྱའོ་ཞེས་རང་གི་རྣམ་བཤད་རྒྱ་ཆེ། ལས་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་དོ་ཞེས་བྱ་བ་གོ་ལྡོག་ནས་བརྗོད་དེ་ཞེས་གསུངས་ལ། སྤྱིར་བསྟན་གྱི་རང་གི་རྣམ་བཤད་ལས་བལ་དཀར་པོའི་སྟན་བྱེད་པ་ལ་ཡང་སྤང་པ་ཁོ་ནར་འགྱུར་རོ་ཞེས་གསུངས་སོ། །ད་ནི་ཆ་གཉིས་བསྲེ་བའི་སྤང་བ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་དང་དགག་བྱ་སྔར་སྲིན་བལ་གྱི་སྐབས་དང་འདྲ་བ་ལ་འདིར་ཁྱད་པར་དུ་སྲིན་བལ་གྱི་ཤུལ་དུ་ཆ་གཉིས་བསྲེ་བ་ཡིན་པ་དང་། ཞེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་གྱི་རྒྱུའི་བཞི་ཆ་གཉིས་བལ་ནག་དང་དཀར་པོ་དང་འཁོབ་བལ་བསྲེས་ཏེ་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་བརྒྱད་དེ། སྔར་སྲིན་བལ་གྱི་སྐབས་ཀྱི་བརྒྱད་པོ་ལས། སྲིན་བལ་གྱི་ཤུལ་དུ་ཆ་གཉིས་བསྲེ་བ་ཡིན་པ་དང་། ཚད་དང་ལྡན་པ་ཞེས་པ་ལ་ཆ་གཉིས་བསྲེས་པ་དེ་སྟན་གྱི་ཚད་དང་ལྡན་ཞིང་བྱེ་བྲག་ཏུ་བལ་ནག་པོ་དེ་སྲང་ཕྱེད་ཡན་ཆད་ཀྱིས་ལྷག་པའི་ཚད་དང་ལྡན་ཞེས་ཁྱད་པར་དུ་བྱའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཆ་གཉིས་བསྲེ་བ་ལས་བལ་ནག་ཕྱེད་ལས་ལྷག་པ་གླིངས་པའི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་གླིངས་པའི་སྟན་བྱེད་པར་ཞུགས་པའོ།་་་་་ལུང་རྣམ་འབྱེད་ལས་བསྟན་པ་སྟེ། ནང་ཚངས་ཅན་དང་གླིངས་པ་སྟེ། དོན་འདི་ནི་གླིངས་པ་ཡིན་པར་དགོངས་སོ་ཞེས་གསུངས་སོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །ཡན་

༼༥༩༧༽

ལག་གི་དོན་ནི། ལུག་གི་བལ་ནག་པོ་དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ། །འདིར་ལྷག་པའི་ཚད་ནི་སྲང་ཕྱེད་ལྷག་པ་ཡན་ཆད་དེ། ལུང་རྣམ་འབྱེད་ལས་དཀར་པོ་དང་འཁོབ་བལ་སྲང་གཅིག་གམ་སྲང་ཕྱེད་ཕྲི་སྟེ་ལུག་གི་བལ་ནག་པོ་ལས་སྟན་གསར་པ་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །བལ་ནག་པོ་བཀག་པ་དེའི་རྒྱུ་མཚན་ནི། ལུང་རྣམ་འབྱེད་ལས་ལུག་བལ་ནག་པོ་དཀོན་ཞིང་རིན་ཆེ་བས་ཞེས་གསུངས་ལ། བལ་ནག་པོ་འབའ་ཞིག་མོད་པ་དང་རིན་མཉམ་པ་དང་། དཀར་པོ་དང་འཁོབ་བལ་དཀོན་པ་དང་རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་ལུང་རྣམ་འབྱེད་ལས་གསུངས་སོ། །གནང་བའི་བསླབ་བྱ་ནི། ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུ་བྱའོ། །བམ་པོ་ལྔ་བཅུ་པ་ལས་སྤྱིར་བསྲེས་ཏེ་གླིངས་བར་བྱའོ། །སྟན་ཕྱེད་ནག་པོ། བཞི་ཆ་དཀར་པོ། བཞི་ཆ་ཁོབ་བལ་ཡིན་གྱི་ཁ་དོག་ལས་ཁྲ་བོར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །དཀར་པོ་དང་འཁོབ་བལ་ཆ་མཉམ་པ་ཉིད་དུའོ། །འོ་ན་དེ་གཉིས་ཆ་མི་མཉམ་པར་བྱས་ན་ཅིར་འགྱུར་སྙམ་ན། ཊཱི་ཀ་ལས་དཀར་པོ་བས་འཁོབ་བལ་ལྷག་པར་བྱེད་ན་ནི་ལྟུང་བ་མེད་དེ། མོད་པ་དང་རིན་ཆུང་བའི་ཕྱིར་རོ། །འཁོབ་བལ་བས་དཀར་པོ་ལྷག་པར་བྱེད་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཏེ་བདག་ཉིད་ཅུང་ཟད་བཟང་བ་ལ་ཕྱེད་བལ་ནག་པོ་དང་བཅས་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཆ་གཉིས་བསྲེ་བ་དང་ཆ་མཐུན་ཞིང་འདྲ་བ་ལས་གྱུར་པའི་ལྟུང་བ་ནི་སྲིན་བལ་དང་ཆ་གཉིས་བསྲེ་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། སྤྱིར་བསྟན་པ་ལས། འདྲ་བ་ལ་ཡང་ངོ་ཞེས་གསུངས་ཤིང་། སྐབས་དེའི་ཊཱི་ཀ་ལས་མོན་དར་དང་སྲིན་བལ་ལ་སོགས་པ་བསྲེས་པ་ལས་སྟན་བྱེད་་་་་་པ་དང་བལ་དཀར་པོའི་ཕྱེད་ཉུང་ངུ་དག་དང་བསྲེས་པ་ལས་སྟན་བྱེད། པ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ་ཞེས་བཤད་དོ། །འདི་ནི་ཉུང་ངུ་དང་བསྲེས་པ་ཉིད་ན་ན་སྨད་པ་ཉིད་ཅེས་གསུངས་པའི་དམིགས་བསལ་ཡིན་པར་བརྗོད་དོ། །གཞན་ཡང་ཊཱི་ཀ་ལས་སྲིན་བལ་དང་བལ་ནག་པོ་ཆ་གསུམ་པར་བསྲེས་ཏེ་སྟན་བྱེད་ན་སྤང་བ་ཁོ་ནར་འགྱུར་རོ་ཞེས་བཤད་དོ། །འདི་ནི་དངོས་པོ་ཁྱད་པར་ཅན་བསྲེས་ཀྱི་སྤང་ལྟུང་སྟེ། དཔེར་ན་གསེར་དངུལ་ཆ་གཉིས་ཆ་མཉམ་དུ་བསྲེས་པའི་དོང་རྩེ་ལ་རེག་པའི་སྤང་ལྟུང་བཞིན་ནོ། །ད་ནི་ལོ་དྲུག་གི་སྟན་

༼༥༩༨༽

གྱི་སྤང་བ་འཆད་དེ་བསླབ་པར་བྱ་བ་ནི་ཆུ་དང་ཞེང་གཉིས་ཀར་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། ལོ་དྲུག་སྟན་གྱི་ལྟུང་བ་ཁེགས་པ་དང་། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་སྦྱིན་པ་ནི། ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་གཞིར་འཆད་ཅིང་། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་དང་སྔར་གནང་བ་བྱིན་པ་དང་མ་འབྲེལ་བའོ། །གཉིས་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་རྗེས་གསུམ་སྟེ། སྦྱོར་བའི་ཆོ་ག་ནི་གཉིས་ལས། གང་ཟག་གིས་བྱ་བ་ནི། འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། ཕྱག་འཚལ་ཞིང་སྤྱོད་ལམ་བསྟེན་པ་དང་། གསོལ་བ་ལན་གསུམ་གདབ་པའོ། །དགེ་འདུན་གྱིས་བྱ་བ་ནི་དགེ་འདུན་རང་གིས་སྟན་དེ་བརྟག་པའམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་སྟན་དེ་བརྟགས་ཏེ་དགེ་འདུན་ལ་བརྗོད་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་གནང་བ་འཇིག་པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་རྟེན་ཞིང་མ་ཡིན་པར་གྱུར་པའོ། །སྔར་སྟན་བྱས་ནས་ལོ་དྲུག་ལོན་ཡང་གནང་བ་འཇིག་སྟེ། དེའི་ཚེ་ན་གནང་བ་དོན་མེད་དུ་གྱུར་པའི་ཕྱིར་རོ། །ཡན་ལག་གི་དོན་ནི་མཆུ་དང་ཞེས་པ་ནས་བཅོས་དཀའ་བ་ཉིད་ཡིན་ན་སྦྱིན་ནོ་ཞེས་སོ།་་་་་ལུང་རྣམ་འབྱེད་ལས་དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཚུན་ཆད་དུ་གནང་བ་སྦྱིན་པ་ཞེས་གསུངས་སོ། །འདིར་ལག་གི་བླ་ངེས་དོན་དུ་བཞེད་པ་དང་མཚོན་དོན་དུ་བཞེད་པ་སྟེ་ལུགས་གཉིས་ལས། དང་པོ་ནི་རྣམ་འབྱེད་འགྲེལ་ལས་ལག་གི་བླ་སྨོས་པ་ནི་དགེ་འདུན་ལ་གཅེས་པ་ཡིན་པའི་ཕྱིར་ངེས་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །གཉིས་པ་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞི་དབང་གིས་ཡིན་གྱི་གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ་ཞེས་གསུངས་པ་ལྟར་གཟུང་ངོ་། །དངོས་གཞིའི་ལྟུང་བ་ནི་གནང་བ་མ་ཐོབ་པ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་བྱེད་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོ་ག་མི་ཤེས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་སྔ་

༼༥༩༩༽

མ་བྱས་ནས་ལོ་དྲུག་མ་ལོན་པར་གླིངས་པའི་སྟན་རང་ངམ་བསྐོས་པས་ཟིན་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྒྲུབ་པའི་དངོས་པོ་དང་། གང་གིས་སྒྲུབ་པའི་རྟེན་ནོ། །དང་པོ་ལ་དྲུག་ལས་སྟན་གྱི་རྒྱུ་མཚན་ཉིད་དང་ལྡན་པར་ཡིན་པ་སྟེ། སྐབས་ཀྱིས་གྲུབ་བོ། །གསར་པ་ཡིན་པ་དང་། བདག་པོ་རང་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། དེ་གསུམ་ནི་སྔར་སྲིན་བལ་གྱི་སྐབས་སུ་བཤད་པ་བཞིན་ནོ། །རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྒྲུབ་པའི་རྟེན་ལ་གསུམ་སྟེ། ལོ་དྲུག་སྟན་གྱི་གནང་བ་མ་ཐོབ་པ་དང་། སྟན་གཞན་ཡོད་དམ་མེད་ཀྱང་རང་གར་བཏང་བ་དང་། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་སྟེ། གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་གར་གཏང་བས་ལོ་དྲུག་མ་ལོན་པར་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་སྟན་ཕྱི་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་གླིངས་པའི་སྟན་ཕྱི་མ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །ཡན་ལག་གི་དོན་ནི། ལོ་དྲུག་སྟན་གྱི་གནང་བ་མ་ཐོབ་པ་དེས་སྟན་སྔ་མ་གཞན་ཡོད་པའམ་མེད་ཀྱང་རང་གར་བཏང་བ་སྟེ། སྟན་སྔ་མ་དེ་སྤངས་པས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ།་་་་་ལུང་རྣམ་འབྱེད་ལས་སྟན་གཉིས་ཏེ། ནང་ཚངས་ཅན་དང་གླིངས་པ་ཡིན་པར་དགོངས་སོ། །གསར་བ་གཉིས་ཏེ། གསར་པས་གསར་པ་དང་རྙེད་པས་གསར་པ་སྟེ། དོན་འདི་ནི་གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་གསུངས་སོ། །ལུང་རྣམ་འབྱེད་ལས་ལོ་དྲུག་པ་ལ་སྟན་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཞུ་འགྲེལ་ལས་ཀྱང་འདི་ནི་ལོ་ལྔ་པོ་དག་ལ་དགག་པ་ཡིན་གྱི་དྲུག་པ་ལ་ནི་མ་ཡིན་ནོ། །སྟན་སྔ་མའི་ཕྱེད་བརྩམས་ཏེ་འཕྲོ་ལུས་པ་ཉིད་ན་ཕྱིས་སྟན་གཞན་བྱེད་པར་འགོ་རྩོམ་ན་ནི་སྦྱོར་བའི་ཉེས་བྱས་སུ་འགྱུར་ཏེ། དཔེར་ན་སྟན་སྔ་མ་ཟིན་་་་་་རྫོགས་པ། ནས་སྟན་གཞན་འགོ་རྩོམ་ན་སྦྱོར་བའི་ཉེས་བྱས་བསྐྱེད་པ་དང་འདྲའོ། །བརྩམས་པ་ཉིད་ན་རྩོམ་པ་དེ་ལ། ཕྱིས་བརྩམས་པ་སྔར་མཐར་ཐུག་སྟེ་ཟིན་པར་གྱུར་ན་སྦྱོར་བའི་ལྟུང་བ་ཉེས་བྱས་ཉིད་དུ་མི་འགྱུར་བ་ཉིད་མ་ཡིན་ཏེ་ཉེས་

༼༦༠༠༽

བྱས་ཉིད་དུས་ན་གནས་སོ། །ཊཱི་ཀ་ལས་ཕྱིས་བརྩམས་པ་སྔར་ཟིན་པར་བྱེད་ན་དངོས་གཞིའི་ལྟུང་བར་མི་འགྱུར་ཏེ། སྟན་གཉིས་པ་ཟིན་པ་མེད་པའི་ཕྱིར་རོ་ཞེས་སོ། །འོ་ན་སྔར་བརྩམས་ཏེ་ཕྱིས་ཟིན་པར་བྱས་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས་གང་ཁོ་ན་ལས་སྦྱོར་བའི་ལྟུང་བར་འགྱུར་བ་དེ་ཁོ་ན་ལས་དངོས་གཞིའི་ལྟུང་བར་འགྱུར་བ་དེ་ལྟར་ནི་རིག་པར་མི་བྱ་སྟེ། སྟན་གཉིས་པ་ཟིན་པའི་གནས་སྐབས་ལ་དངོས་གཞིའི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །སྟན་ཕྱི་མ་བརྩམས་པ་ལ་སྦྱོར་བའི་ཉེས་བྱས་བསྐྱེད་ཅིང་སྔར་བརྩམས་ཕྱིར་མཐར་ཐུག་པ་ན་སྤང་ལྟུང་བསྐྱེད་པ།་་་་་དེ་ནི་་་་་་སྟན་སྔ་མ་ཅུང་ཟད་བརྩམས་ཞིག་བརྩམས་ནས་དེའི་རྗེས་སུ་སྟན་ཕྱི་མ་བརྩམས་ཉེ་ཟིན་པ་བྱས་ན་དེ་ཡི་རྗེས་སུ། སྟན་སྔ་མ་ཕྱིས་ཟིན་པར་བྱེད་པ་དེ་སྟན་གྱི་ཕྱེད་བྱེད་པར་མ་ཟད་ཀྱི། སྔར་ཅུང་ཟད་བརྩམས་པ་དེ་ལ་མ་ལྟོས་པའམ།་་་་་སྟན་གྱི་ཚད་རྫོགས་པ་ཡོད་པ་ལ་དགོངས་སོ་ཞེས་སྔ་མ་རྣམས་ཤ་མི་ལ་སོགས།་་་་་འཆད་དོ། །སྔར་ནི་སྟན་གྱི་ཕྱེད་བརྩམས་ཏེ། ཕྱིས་སྟན་གཞན་ཟིན་པར་བྱས་ནས། སྔར་སྟན་ཕྱེད་བརྩམས་པའི་འཕྲོ་སྟོན་ཕྱེད་ཟིན་པར་བྱས་ན། སྔ་ཕྱིར་སྟན་གྱི་ཕྱེད་ཕྱེད་བྱས་པ་གཉིས་བསྡོམས་ནས་སྟན་གྱི་ཚད་རྫོགས་པ་ལ་ཡང་དངོས་གཞི་རྫོགས་པར་རིགས་ཏེ། ལོ་དྲུག་སྟན་གྱི་ཡན་ལག་མ་ཚང་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེས་མཁན་པོ་པ།་་་་་གསུངས་སོ། །ད་ནི་མཐོ་གང་གིས་མ་གླན་པའི་སྤང་བ་འཆད་དེ། གདིང་བ་རྙིང་པ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་སྟོན་པའི་མཐོ་གང་གིས་མ་གླན་པར་ལོངས་སྤྱད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ང་རྒྱལ་དང་དྲེགས་པ་སྐྱེ་བ་དང་། རང་གི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་ལ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་སྤྱད་པའི་དངོས་པོ་དང་། གང་གིས་སྤྱད་པའི་རྟེན་ནོ། །དང་པོ་ལ་དྲུག་ལས། གདིང་བ་ཡིན་པ་དང་། བྱས་པས་གསར་པ་ཡིན་པ་སྟེ། གདིང་བ་་་་་་གདིང་བ་དེ་ཟླ་བ་བཞི་རྒྱུན་ཆགས་སུ་ལོངས་སྤྱད་ན་ནི་གསར་པ་ལས་ཉམས་ཏེ། དུས་ཚིགས་སུ་སྤྱད་པའི་ཕྱག་དར་ཁྲོད་ཀྱི་གནད་ཀྱིས་ཤེས་སོ་ཞེས་འཆད་དོ། །གསར་པ་སྤྱོད་ནའོ་ཞེས་སོ། །གདིང་བ་རྙིང་པ་ཡིན་ན་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་

༼༦༠༡༽

རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་ཡིན་པ་སྟེ། མ་གླན་པར་ཞེས་སོ། །གཞན་དུ་ན་ཉེས་པ་མེད་དོ། །བདག་པོ་རང་ཉིད་ཀྱི་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་ཅེས་སོ། །གཞན་གྱི་ལ་ལོངས་སྤྱད་ན་ཉེས་བྱས་སོ། །རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྤྱད་པའི་རྟེན་ནི། གདིང་བ་རྙིང་པ་དེ་ཙམ་ཡོད་ནའམ་མེད་ཀྱང་རང་གར་བཏང་བ་སྟེ། གལ་ཏེ་ཡོད་ནའོ་ཞེས་པ་དང་། རང་གར་བཏང་བས་ཞེས་བཤད་པའི་གནད་ཀྱིས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གདིང་བ་རྙིང་པ་དེ་ཙམ་གྱིས་མ་གླན་པའི་གདིང་བ་གསར་པ་ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གདིང་བ་གསར་པ་དེ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་ལོངས་སྤྱོད་པ་རྫོགས་པའོ། །ཡན་ལག་གི་དོན་ནི། གདིང་བ་རྙིང་པ་ཞེས་པ་འདི་ལ། སོ་སོ་ཐར་པ་དང་། ལུང་རྣམ་འབྱེད་ལས་དགེ་སློང་གིས་གདིང་བ་གསར་པ་བྱེད་ན་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །མ་གླན་པར་གདིང་བ་གསར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ།་་་་་གདིང་བ་རྙིང་པ་རིལ་གྱིས་མི་བདོག་ཀྱང་བདེ་བར་གཤེགས་པའི་མཐོ་གང་། །དེ་ཙམ་་་་་་ཞིག་ཡོད་ན་ཡང་ངོ་ཞེས་པའི་སེལ་བ་ནི། ལུང་རྣམ་འབྱེད་ལས་དེ་ཙམ་མེད་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ད་ནི་བལ་ཐོགས་པའི་སྤང་བ་འཆད་དེ། ཁྱེར་བ་མེད་ན་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླིང་གཞི་ནི་མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁུར་ཚ་བ་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ཁྱེར་བ་དང་། ཁུར་ཚ་བ་ཡོད་བཞིན་དུ་དགེ་སློང་རང་གིས་ཁུར་ན་རྒྱང་གྲགས་གཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་འཁུར་བའི་དངོས་པོ་དང་། གང་དུ་འཁུར་བའི་ལམ་མོ། །དང་པོ་ལ་ལྔ་ལས། གོས་ཀྱི་རྒྱུ་བལ་མཚན་ཉིད་དང་ལྡན་པ་སྟེ། བལ་ཁྱེར་ནའོ་ཞེས་སོ། །དེའང་ལུག་གི་བལ་ནི་མཚོན་

༼༦༠༢༽

པ་སྟེ། བམ་པོ་ལྔ་བཅུ་པ་ལས། རས་བལ་ལ་ནི་སྨད་པ་མེད་དོ་ཞེས་སོ། །ངོ་མ་སྤོས་པ་སྟེ་ལུང་ཞུ་བ་ལས། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས། དེས་དེ་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང་། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ཏེ་སོང་བ་དང་། དེ་ལྟར་ན་ཉེས་པ་མེད་དོ་ཞེས་གསུངས་སོ། །དེའང་དངོས་གཞིའི་ཉེས་པ་མེད་པ་སྟེ། ཞུ་བ་ཉུང་ཤོས་ལས་དེ་ལྟར་ན་ཉེས་བྱས་སོ་ཞེས་གསུངས་སོ། །བདག་པོ་རང་ཉིད་ཀྱི་ཡིན་པ་སྟེ། སྔ་མ་བཞིན་ནོ། །རུང་བ་དང་། ཁུར་དུ་ལོངས་པའི་ཚད་དང་ལྡན་པ་སྟེ། གཞན་དུ་ན་རྣམ་འབྱེད་འགྲེལ་ལས་ཞྭ་ལ་སོགས་པའ་ིདོན་དུ་དེ་ཙམ་དག་ཁྱེར་བ་ལ་ལྟུང་བ་མེད་པ་ནི། དེ་ལ་ཁུར་བ་མེད་པའི་ཕྱིར་རོ་ཞེས་སོ། །གཉིས་པ་གང་དུ་ཁུར་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་ཡིན་པ་སྟེ། ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ་ཞེས་པ་དང་། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བལ་འཁུར་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་བ་ཕྱེད་ཕྱེད་ཉི་མ་ཐ་དད་ཀྱི་བར་དུ་བཅད་པ་མ་ཡིན་པར་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་པར་བལ་ཁུར་ཏེ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །ཡན་ལག་གི་དོན་ནི་ལུང་རྣམ་བྱེད་ལས་ལུག་བལ་ནག་པོ་དག་རྙེད་ལ་ཁྱེར་བ་མེད་ན་དཔག་ཚད་གསུམ་དག་གི་མཐའི་བར་དུ་རང་གིས་བསྐུར་བར་བྱའོ།་་་་་ཞེས་གནང་བར་གསུངས་སོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ།་་་་་ཁྱེར་བ་མེད་ན་ཞེས་བྱ་བ་ནི་ཁུར་ཚ་བ་མེད་ན་ཞེས་ཞུ་འགྲེལ་ལས་སོ། །ཁྱེར་བ་ཡོད་ན་ཡང་འདས་པར་ལུག་གི་བལ་ཁྱེར་ནའོ་ཞེས་སྔ་མར་སྦྱར་གྱི། དཔག་ཚད་གསུམ་ལ་ནི་མི་སྦྱོར་བར་བཞེད་དོ། །དེ་དང་མི་མཐུན་པ་ཞུ་འགྲེལ་ལས་ནི་ཁུར་ཚ་བ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ཏེ་རྒྱང་གྲགས་འདས་ན་སྤང་བར་འགྱུར་རོ་ཞེས་བཤད་དོ།་་་་་ཞུ་འགྲེལ་དང་མཐུན་པར་འགྲེལ་ཆུང་ལས་ཁུར་ཚ་བ་ཡོད་དམ་མེད་ཀྱང་རུང་དཔག་ཚད་གསུམ་ལས་འདས་པ་ཁུར་འཁྱེར་ནའོ། །དགེ་སློང་གིས་བལ་རྙེད་དེ་ཁུར་ཚ་བ་ཡོད་བཞིན་དུ་བདག་གིས་བླངས་ཏེ་ཁྱེར་ན། ཐོག་མ་འཁྱེར་བའི་ཉེས་བྱས་དཔག་ཚད་

༼༦༠༣༽

གསུམ་དང་རྒྱང་གྲགས་བྱེད་དུ་ཡིན་ནའང་ཉེས་བྱས་གཅིག་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་འདས་ན་སྤང་བའི་ལྟུང་བའོ་ཞེས་བཤད་དོ། །འོན་་་་་་དེའི་རྗེས་སུ་མི་འབྲང་སྟེ། ཀྱང་ལུང་རྣམ་འབྱེད་དང་ཊཱི་ཀ་ལས་ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་ནི་རྩོམ་པའི་དུས་ཁོ་ན་་་་་་སྦྱོར་བའི་སྦྱོར་བའོ། ཉེས་བྱས་གཞན་གཅིག་གོ །རྒྱང་གྲགས་ཕྱེད་དུ་ཕྱིན་ན་་་་་་སྦྱོང་བའི། ཉེས་བྱས་གཞན་གཅིག་གོ །རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཀྱི་དཔག་ཚད་གསུམ་ཞེས་མ་གསུངས་སོ། །འདས་པར་ལུག་གི་བལ་ཁྱེར་ནའོ་ཞེས་གསུངས་ན། འདས་པ་དེའི་ཚད་ཇི་ཙམ་ཞེ་ན། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་་་་་་དེ་རྒྱང་གྲགས་ཀྱི་མཐར་ཕྱིན་ན་ལྟུང་བྱེད་སྐྱེད། དོ་ཞེས་སོ། །ཊཱི་ཀ་ལས་ལམ་དུ་འགྲོ་བ་རྣམ་པ་གཉིས་སུ་གསུངས་ཏེ། ལྟུང་བ་དང་བཅས་པ་དང་ལྟུང་བ་མེད་པའོ། །ལྟུང་བ་དང་བཅས་པ་་་་་འི་ལམ་དུ་འགྲོ་བ། ནི་བལ་ཐོགས་པ་དང་། དགེ་སློང་མ་དང་ལྷན་ཅིག་ལམ་དུ་དང་གྲུར་འགྲོ་བ་དང་། བུད་མེད་དང་ལམ་དུ་འགྲོ་བ་དང་རྐུན་མ་དང་ལམ་དུ་འགྲོ་བའོ། །ལྟུང་བ་མེད་པ་ནི་ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང་ཁྲུས་བྱེད་པའོ། །དེ་ལ་ལྟུང་བ་མེད་པ་་་་་འི་ལམ་དུ་འགྲོ་བ། ནི། ལམ་ནི་དཔག་ཚད་ཕྱེད་དོ་ཞེས་འོག་ནས་འབྱུང་ངོ་། །ལྟུང་བ་དང་བཅས་པ་་་་་་རྣམས་ཀྱི་ལམ་དུ་འགྲོ་བའི་ཚད་སྤྱིར། བསྟན་པའི་ཕྱིར་ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ་ཞེས་སྨྲ་སྟེ་ཞེས་སོ། །སྔ་མའི་དམིགས་བསལ་ནི། དབྱར་གནས་པའི་འོག་ཏུ་ལྗོངས་རྒྱུར་མི་འགྲོ་བའི་ཉེས་པ་འགེགས་པའི་ལམ་དུ་འགྲོ་བ་ཡང་རྒྱང་གྲགས་གཅིག་གོ །སྤྲུལ་བས་ཀྱང་ཉེས་བྱས་སོ། །འདི་ནི་ལུང་ཞུ་བ་ལས་རུང་བར་བགྱིད་པ་སྤྲུལ་བས་དཔག་ཚད་གསུམ་ལས་འདས་པ་བལ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །ལུང་དེའི་འགྲེལ་པ་ལས་རུང་བར་བགྱིད་པ་ནི་ཉེ་གནས་ལ་སོགས་པ་ཁུར་ཚ་བ་སྤྲུལ་པས་ཞེས་སོ། །བླ་མ་རྣམས་གསུང་བ་ནི་་་་་་སྤྲུལ་པས་ཀྱང་ངོ་ཞེས་པ། དགེ་སློང་བདག་ཉིད་དུད་འགྲོ་ལ་སོགས་པར་སྤྲུལ་པས་བལ་ཁུར་བས་ཀྱང་ཉེས་བྱས་སོ་ཞེས་གསུང་ངོ་། །སྟོད་ཀོར་ནང་ཚངས་ཅན་ནི་རྡུལ་གཟན་བར་ཚངས་ཅན་ཞེས་འགྲེལ་ཆུང་ལས་བཤད་དོ། །རྡུལ་ཕྲ་རབ་ནི། རྣམ་འབྱེད་འགྲེལ་ལས་ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ་ཞེས་བཤད་ཀྱང་། དྲུག་འགྱུར་དུ་བརྩིས་ན་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号