ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༥༧༢༽

ཕམ་པས་མ་ཉམས་པ་དང་ལྡན་པ་སྟེ། དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་སོ། །ལྟ་བ་མཐུན་པ་སྟེ། རང་དང་མཐུན་པའི་ལྟ་བ།་་་་་ཁས་བླངས་པ་དག་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་ཞེས་སོ། །ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་བཤད་ཟིན་ཏོ། །ཉེ་དུ་མ་ཡིན་པ་སྟེ། ཉེ་དུ་མ་ཡིན་པ་ཉིད་དག་ལའོ་ཞེས་སོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་སྟེ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་ཞེས་སོ། །མཚན་བསྟེན་དུ་རུང་བ་སྟེ། བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ན་ཞེས་སོ། །གཉིས་པ་གང་འཁྲུ་འཚེད་འཆག་ཏུ་འཇུག་པའི་དངོས་པོ་ལ་བདུན་ཏེ། ཆོས་གོས་རྣམས་དང་གདིང་བ་ལས་གང་ཡང་རུང་བ་ཡིན་པ་དང་། རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་དང་ལྡན་པ་དང་། དགེ་སློང་རང་ཉིད་ཀྱི་ཡིན་པ་དང་། འཁྲུར་འཇུག་པ་ལ་སོགས་པར་འོས་པ་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པའོ། །དང་པོ་ནི་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་ཅེས་གསུངས་སོ། །སེལ་བ་སྔས་ནང་ཚངས་ཅན་འཁྲུར་འཇུག་ན་ཉེས་བྱས་སོ་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། བྱིན་གྱིས་བརླབས་པ་ཞེས་སོ། །སེལ་བ་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་བྱིན་རླབས་མེད་པ་འཁྲུར་འཇུག་ན་ནི་རུང་་་་་་ལྷག་པའི་ཡོ་བྱད། བར་བྱས་པ་དང་སྤངས་པ་འཁྲུར་འཇུག་ན་ཉེས་བྱས་སོ་ཞེས་སོ། །གསུམ་པ་ནི་རང་གི་ཞེས་སོ། །སེལ་བ་གཞན་གྱི་ཆོས་གོས་དང་། རང་གཞན་ཐུན་མོང་གི་ཆོས་གོས་འཁྲུར་འཇུག་པ་ནི་ལུང་ཞུ་བ་ལས་དགེ་སློང་གིས་གཞན་དབང་བའི་ཆོས་གོས་འཁྲུར་སྩོལ་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་ཞེས་གསུངས་ལ། རང་གཞན་ཐུན་མོང་བ།་་་་་དགེ་འདུན་གྱི་རྣམས་ལ་ནི་ཉེས་བྱས་སོ་ཞེས་གསུངས་སོ། །བཞི་པ་ནི་འཁྲུར་འཇུག་པར་འོས་པ་ཞེས་གསུངས་སོ། །གོས་དྲི་མ་མེད་པ་འཁྲུར་འཇུག་པ་ནི་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་ཉེས་བྱས་ཙམ་དུ་ཟད་དེ་རང་གི་རྣམ་བཤད་ལས་འཁྲུར་འཇུག་པར་འོས་པ་མ་ཡིན་པའི་རྙིང་པ་འཁྲུ་བ་ལ་སོགས་པ་ལ་ཉེས་བྱས་སུ་རིག་པར་བྱའོ་ཞེས་སོ། །ལྔ་པ་ནི་ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་སོ། །རུང་བ་ཚད་

༼༥༧༣༽

དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་འཁྲུ་བ་ལ་སོགས་པ་འཆོལ་བའི་ཚིག་སྨྲ་བར་འདོད་པ་དང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཆོལ་བར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་ཕྱོགས་ལ་ལས་བྱས་པ་སྟེ། ཕྱོགས་ལས་བྱས་པ་ཡང་ཞེས་སོ། །ཡན་ལག་གི་དོན་ནི་འདུ་ཤེས་གཙོ་ཆེར་ཞེས་སོ། །ཤེས་གཙོའོ་ཞེས་པ་འདི་ལ་་་་་་ཊཱི་ཀ་ལས་མུ་བཞི་ལས་མ་གསུངས་ཀྱང་ལུང་ལས། མུ་དྲུག་སྟེ། དངོས་་་་་་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་ཏ་ེ་འཁྲུར་འཇུག་པ་དང་། ཉེ་དུ་མ་ཡིན་པ་ལ་ཉེ་དུ་ཡིན་མིན་ཐེ་ཚོམ་ཟ་སྟེ་འཁྲུར་འཇུག་ན་ལྟུང་བ། གཞི་མུ་གཉིས་དང་།་་་་་དགེ་སློང་མ་ཉེ་དུ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་ཏེ་འཁྲུར་འཇུག་པ་དང་ཉེ་དུ་ལ་ཉེ་དུ་ཡིན་མིན་གྱི་ཡིད་གཉིས་ཟ་སྟེ་འཁྲུར་འཇུག་པ་ན་ལྟུང་བ། ན་སྨད་་་་་་དགེ་སློང་མ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་འཁྲུར་འཇུག་ན་ལྟུང་མེད་དང་། ཉེ་དུ་མ་ཡིན་པ་ལ་ཉེ་དུར་འདུ་ཤེས་ཏེ་འཁྲུར་འཇུག་ན་ལྟུང་བ་མུ། མ་གཉིས་ཏེ། མུ་གཉིས་དང་ད་གཉིས། ལྟུང་མེད་མུ་གཉིས་ཏེ། དང་པོ་བཞི་ལུང་རྣམ་འབྱེད་དང་། ཐ་མ་གཉིས་ལུང་ཞུ་བ་ལས་གསུངས་པའོ།་་་་་བསྡུས་པ་ལས་ཀྱང་འདུ་ཤེས་རྣམ་པ་དྲུག་ཏུ་སྦྱར་ཏེ་ཞེས་ལན་མང་དུ་གསུངས་ཏེ། ཆོས་གོས་དང་གདིང་བ་དག་ལས་ཞེས་པ་ཊཱི་ཀ་ལས་ཆོས་གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ་ཞེས་བཤད་དོ།་་་་་བདུན་པོ་གང་ཞེས་འདྲི་ན། དེ་ནི་རྒྱུ་རུང་བ་བདུན་ལས་གང་ཡང་རུང་བ་ཡིན་པར་རྣམ་འབྱེད་ལས་་་་་་གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཟར་མའི་གོས་དང་། ཤ་ནའི་གོས་དང་། དུ་ཀླུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ་ཞེས། གསུངས་སོ། །འགྲེལ་ཆུང་ལས་ནི་ཆོས་གོས་གསུམ་དང་གདིང་བ་ཡང་ཡིན་པ་དང་ཞེས་བཤད་ཀྱང་། ཆོས་གོས་གསུམ་ཞེས་ལུང་དང་བསྟན་བཅོས་གཞན་ནས་མ་གསུངས་ཤིང་། ལུང་གི་གླེང་གཞི་ལས་ཤམ་ཐབས་འཁྲུར་བཅུག་པ་ལས་སྤང་ལྟུང་འདི་བཅས་པས་ན་ཆོས་གོས་གསུམ་དང་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་དེ་དག་དང་མཚུངས་པའི་ཆོས་གོས་གཞན་འཁྲུར་འཇུག་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཤེས་པར་བྱའོ། །སོ་སོ་ཐར་བ་དང་ལུང་རྣམ་འབྱེད་དང་མདོ་

༼༥༧༤༽

རྩ་བ་དང་རང་འགྲེལ་དང་ཊཱི་ཀ་ལས་ཀྱང་ཆོས་གོས་འཁྲུར་འཇུག་ན་ཞེས་སྤྱིར་གསུངས་ཀྱི། བྱེ་བྲག་ཏུ་ཆོས་གོས་གསུམ་འཁྲུར་འཇུག་ན་ཞེས་ནི་་་་་་གཞུང་དེ་རྣམས་ལས། མ་གསུངས་སོ། །ཆོས་གོས་རིལ་པོ་འཁྲུ་བ་ལ་མི་ལྟོས་ཀྱི། ཆོས་གོས་ཀྱི་ཕྱོགས་གཅིག་ལ་་་་་་འཁྲུ་བ་ལ་སོགས་པའི། ལས་བྱས་པ་ཡང་་་་་་ལྟུང་བ་འདི་སྐྱེད་པའི། ལས་བྱས་པ་ཉིད་དང་།་་་་་ལུང་ཞུ་བ་ལས་ཆོས་གོས་དེ་ཡང་ལུས་ལས་མ་ཕུད་པར་དེ་སྤང་བར་འགྱུར་བ་མཆིས་སམ་ཡོད་དེ་ཆོས་གོས་མི་གཙང་བས་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །བྱ་བའི་ཕྱོགས་གཅིག་ལ་ལས་བྱས་པ་ཡང་ལས་བྱས་པ་ཉིད་དོ།་་་་་འཁྲུ་བའི་ཐན་ཆུར་ཉུག་པར་བྱེད་དུ་འཇུག་པའམ་འཆང་བའི་ཐན་ཚོན་དུ་བསྙུག་པར་བྱེད་དུ་འཇུག་པའམ་འཆག་པའི་ཐན་ཐལ་མོ་རྡེབ་པར་བྱེད་དུ་འཇུག་ན་ཡང་སྤང་ལྟུང་བསྐྱེད་པར་ལུང་རྣམ་འབྱེད་ལས་གསུངས་སོ། །རྣམས་གཅིག་པ་ཉིད་དོ་ཞེས་སྨོས་ཏེ། རྣམས་ཞེས་པ་མང་པོའི་སྒྲ་དང་། གཅིག་པ་ཉིད་དོ་ཞེས་པ་འགལ་སྙམ་ན།་་་་་འཁྲུ་འཚེད་འཆག་པ་སྟེ་ཚིགས་གསུམ་ལ་ཞེས་རྣམས་མ་སྨོས་པར། གཅིག་ཉིད་ལ་རྣམས་ཞེས་མང་པོའི་སྒྲ་འདི་ནི་ལོ་ཙཱ་བས་སྒྲ་ལོག་འགྱུར་བྱས་པ་རྣམས་ཞེས་པའི་སྒྲ་གོང་འོག་འཆུགས་པར་ཐེ་ཚོམ་མེད་དོ། །ཚིགས་སུ་གྱུར་པ་ཉིད་་་་་་གསུམ་པོ་རྣམས། ལ་འབྲས་བུ་རྣམས་་་་་་སྤང་ལྟུང་། གཅིག་པ་ཉིད་དོ་ཞེས་པ་སྟེ།་་་་་རྒྱ་དཔེ་ལ་དེ་ལྟར་ཡོད་ངེས་དེ། འགྲེལ་ཆུང་གི་མདོ་རྩ་བ་ལས། ཚིགས་རྣམས་ཀྱི་འབྲས་བུ་གཅིག་གོ་ཞེས་བཤད་པ་དེ་འགྱུར་ལེགས་པ་ཉིད་དོ། །འདུ་ཤེས་གཙོ་བོ་རྣམས་ཀྱི་ཐུན་མོང་ནི། འདུ་ཤེས་གཙོ་བོ་ཉིད་ལ་ཞེས་པ་ནས་མདོ་གསུམ་མོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་པའི་དམིགས་བསལ་ནི། ཚུལ་ཁྲིམས།་་་་་མ་དག་པ་ལ་དག་པར་འཁྲུལ་ཏེ་སྐུར་པ་འདེབས་པ་དང་། ཆོས་གོས་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འཁྲུལ་ཏེ་འཕྲོག་པ་དང་། བར་དུ་གཅོད་པ་ལ་བར་དུ་མི་གཅོད་པར་འཁྲུལ་ཏེ་སྡིག་ལྟ་མི་གཏོང་ན་ལྟུང་བ་རྫོགས་པར་བསྐྱེད་པ་ལྟ་བུའོ། །ཡིད་གཉིས་འདུ་ཤེས་དང་འདྲ་ན་ནི། ཡིད་གཉིས་ཆོས་ཅན། འདུ་ཤེས་དང་འདྲ་བའི་ཕྱིར་འདུ་ཤེས་དངོས་མ་ཡིན་པར་ཐལ་བ་ལས། ཊཱི་ཀ་ལས་སྲོག་ཆགས་དང་བཅས་པ་ལ་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ནི་ལྟུང་བྱེད་དུ་འགྱུར་ཞེས་ཡིད་གཉིས་ཟ་བ་དེ་འདུ་ཤེས་ཡིན་པར་བཤད་དོ། །དེ་ལྟར་ན་འདུ་ཤེས་ལ་གཉིས་ཏེ། ངེས་པའི་འདུ་ཤེས་དང་། ཡིད་

༼༥༧༥༽

གཉིས་ཟ་བའི་འདུ་ཤེས་སོ། །གཞིའི་རྣམ་པ་མ་དོར་བའི་ཡིད་གཉིས་ནི་ངེས་པའི་འདུ་ཤེས་དང་འདྲ་ཞེས་པ་སྟེ། ཡིད་གཉིས་གྱུར་ན་ངེས་་་་་་པའི་འདུ་ཤེས། དང་འདྲ་བར་བཞག་ཅེས་འོད་ལྡན་གྱི་རྩ་བ་ལས་གསུངས་པ་བཞིན་ནོ། །གལ་ཏེ་ཡིད་གཉིས་འདུ་ཤེས་ཡིན་ན། ཡིད་གཉིས་ཟ་བ་ཐེ་ཚོམ་གྱི་བློ་ཆོས་ཅན། འདུ་ཤེས་ཡིན་པའི་ཕྱིར། འདུ་ཤེས་ལས་དོན་གཞན་འདུ་བྱེད་མ་ཡིན་པར་ཐལ་བ་ལས། མཛོད་ལས། ཐེ་ཚོམ་དེ་འདུ་བྱེད་ཡིན་པར་བཤད་དོ། །ཡིད་གཉིས་འདུ་ཤེས་ཡིན་མིན་འདི་ལ་འདུལ་བ་དང་མངོན་པ་ཆོས་སྐད་ཐ་དད་པ་སྟེ་སའི་ཁྱད་པར་ལ་སོགས་པ་་་་་་སྲ་བ་ཐམས་ཅད་ས་ཡིན་པར་མངོན་པ་ལས་བཤད་ཀྱང་འདུལ་བ་ལས། འཇིག་རྟེན་ལ་གྲགས་པའི་ས་རྐོ་ན་ས་རྐོའི་ལྟུང་བྱེད་དུ་འགྱུར་གྱི་སྲ་བ་རྡོ་རྐོ་བ་ལ་ནི་ས་རྐོའི་ལྟུང་བྱེད་མི་བསྐྱེད་དོ། །དེ་བཞིན་དུ་ཆུ་ལ་རྩེ་བ་དང་མེ་ལ་རེག་པའི་ལྟུང་བྱེད་ཀྱང་འཇིག་རྟེན་ལ་གྲགས་པའི་ཆུ་ལ་རྩེ་བ་དང་། འཇིག་རྟེན་ལ་གྲགས་པའི་མེ་ལ་རེག་ན་ལྟུང་བྱེད་དུ་བཅས་ཀྱི། མངོན་པ་ནས་བཤད་པའི་ཆུ་དང་མེ་ལས་རྣམ་པར་བཞག་པར་ནི་མ་ངེས་སོ། བཞིན་ནོ། །དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་སྟེ་མ་བསྲུངས་ན་སྤྱིར་་་་་་ལྷུང་བཟེད་ཁ་སྦུབ་པའི་ཁྱིམ་དུ་འགྲོ་བ་ལ་སོགས་པ། བཏང་ལ་ཉེས་བྱས་སུ་འགྱུར་རོ། །མ་བསྲུངས་ན་ཕམ་པ་་་་་་བཟློག་པའི། དང་སྤངས་པ་རྗེས་སུ་ཕྱོགས་པའི།་་་་་ལྟུང་བྱེད་དང་སོ་་་་་་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི། སོར་བཤགས་པར་འགྱུར་བ་ཡོད་དེ་དམིགས་བསལ་ཡིན་ནོ།་་་་་དབྱར་ཟླ་བ་གསུམ་དུ་དགེ་སློང་སུས་ཀྱང་བཅོམ་ལྡན་འདས་ལ་ལྟར་འགྲོ་བར་མི་བྱའོ། །ཞེས་དགེ་འདུན་གྱི་ཁྲིམས་བཅས་པ་ལས་དགེ་སློང་ཉེ་སྡེ་ལ་བཅོམ་ལྡན་འདས་ཀྱི་གནང་བ་མཛད་པ་ལྟ་བུ། །སངས་རྒྱས་ཀྱི་གསུང་དང་དགེ་འདུན་གྱི་གསུང་འགལ་ན་གང་གཙོ་ཞེ་ན་ཉེ་་་་་་ཊཱི་ཀར་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་བསྲུང་བར་བྱའོ་ཞེས་བྱ་བ་དེའི་དམིགས་བསལ་བསྟན་པའི་ཕྱིར། སྡེས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་དྲལ་ཀྱང་སངས་རྒྱས་ཡིས་ལྟུང་མེད་དུ་གསུངས་པ་ཆོས་ཅན། དགེ་འདུན་གྱི་ཁྲིམས་སུ་བཅའ་བ་ལས་གཡོ་ཡང་འདའ་བའི་ལྟུང་བ་མེད་དེ། ལྟུང་བ་བསྐྱེད་པར་མ་བཅས་པའི་ཕྱིར་རོ།་་་་་ཊཱི་ཀ་ལས་དགེ་འདུན་གྱི་ཁྲིམས་སུ་བཅས་པའི་དབང་གིས་བཅོམ་ལྡན་འདས་ཀྱི་བཀའ་ལས་འདའ་བར་མི་བྱའོ་ཞེས་སོ། །ཞུ་བའི་འགྲེལ་པ་ལས་ལྗན་ལྗིན་ནི་གཏོར་ཁུང་དུ་གཏོགས་པའི་མི་གཙང་བའོ་ཞེས་སོ། །དྲེའུ་རྔོག་སྟན་་་་་་ཁྲ་བོ་རིང་པོ། །དང་ཁྱིམ་པའི་

༼༥༧༦༽

གོས་ལ་ནི་རུང་བའི་ཡན་ལག་མ་ཚང་བའི་ཕྱིར་དང་། སྔས་ནང་ཚངས་ཅན་ལ་ནི་་་་་་སྣམ་སྦྱར་ལ་སོགས་པའི། ཆོས་གོས་དང་གདིང་བ་ཡིན་པ་་་་་་དགོས་པ་ལས་དེ། མ་ཚང་བའི་ཕྱིར་དང་། ལྷག་པའི་ཡོ་བྱད་དུ་རུང་བར་བྱས་པ་ལ་་་་་་གོས་ལྷག་གི་སྤངས་ཀྱིས་བཏགས་པའི། ནི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་མ་ཚང་བའི་ཕྱིར་དང་། སྤངས་པ་ལ་ནི་ཞུ་འགྲེལ་ལས་བྱིན་གྱིས་བརླབས་པ་ཉིད་མེད་པའི་ཕྱིར་ཞེས་པ་དང་། དགེ་འདུན་གྱི་ཆོས་གོས་ལ་ནི་ཞུ་འགྲེལ་ལས་རང་འབའ་ཞིག་གི་ཡིན་པ་མེད་པའི་ཕྱིར་ཞེས་བཤད་དོ། །དེ་རྣམས་འཁྲུར་འཇུག་པ་ལ་ནི། འཁྲུར་འཇུག་པའི་སྤང་བར་མི་འགྱུར་ཏེ་ཉེས་བྱས་སོ། །ད་ནི་དགེ་སློང་མ་ལ་གོས་ལེན་པའི་སྤང་པ་འཆད་དེ། བསླབ་པར་བྱ་བ་ནི་དགེ་སློང་མས་གོས་རིན་ཆེན་པོ་ཀར་ཤ་པ་ན་ཉི་ཤུ་ཡན་ཆད་རི་བ་ཡང་་་་་་སྟེ་ལོངས་སྤྱད་པའི་ཕྱིར་བླང་བར་མི་བྱ། གཞན་དང་བཟང་ངན་བརྗེ་བའི་ཕྱིར་བླང་བར་བྱའོ། །འདི་ནི་གོས་ལྕི་བ་རྟེན་པའི་སྦྱོར་བའི་ཉེས་པར་འགྱུར་རམ་སྙམ་དུ་དོགས་པ་བཅད་པའོ། །དགེ་སློང་མ་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་སྦྱིན་བདག་ལས་བླང་བ་ནི།་་་་་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་གོས་བཟང་ངན་བརྗེ་བར་བྱའོ། །འདི་ནི་རྒྱལ་མཚན་བརྗེ་བའི་ཉེས་་་་་་པ་སྟེ་དགེ་སློང་མ་ལ་ལྟུང་བྱེད་དང་དགེ་སློང་ཕ་ལ་ཉེས་བྱས་སྐྱེད། པར་འགྱུར་རམ་སྙམ་པ་དང་གོས་་་་་་དགེ་སློང་གིས་དགེ་སློང་མ་ལ། ལེན་པའི་ཉེས་པར་འགྱུར་རམ་སྙམ་དུ་དོགས་པ་བཅད་པའོ། །དགེ་སློང་མའི་གོས་གཅིག་ལ་ཀར་ཤ་པ་ན་ཉི་ཤུ་རི་བ་དེ་ལ། དགེ་སློང་གི་གོས་གཉིས་ལ་ཀར་ཤ་པ་ན་ཉི་ཤུ་རི་བ་དང་བརྗེ་བ་ལྟ་བུ།་་་་་གོས་ཀྱི་གྲངས་མི་མཉམ་ཡང་རིན་མཉམ་པས་སོ། །རིན་མི་མཉམ་ཡང་ཡང་ན་དགེ་སློང་མ་དེ་དགའ་བར་འགྱུར་བ་ཉིད་ཀྱིས་ཞེས་པ་འདི་ནི་རྣམ་འབྱེད་འགྲེལ་ལས་རིན་ཆུང་ངུས་ཀྱང་དགེ་སློང་མ་དེ་དགའ་བར་འགྱུར་བས་སོ་ཞེས་སོ། །དེ་དགའ་བ་ཉིད་ཀྱིས་སོ་ཞེས་པའི་འགྲེལ་ཆུང་ལས་ནི་དགེ་སློང་མ་མི་དགའ་བ་མེད་པར་མགུ་བར་བྱས་ཏེ་བརྗེའོ་ཞེས་ཀྱང་བཤད་དོ། །ལྟུང་བ་རྣམ་གཞག་ནི་ལེན་ནའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཨུད་པ་ལའི་མདོག་ལ་གོས་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་

༼༥༧༧༽

ཡིན་པ་ལ་གོས་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ་གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་ལེན་པའི་རྟེན་ནོ། །དང་པོ་ནི་དགེ་སློང་མ་ཆོས་བརྒྱད་ལྡན་ཏེ། འཁྲུར་འཇུག་གི་སྐབས་སུ་སྔར་བཤད་པའི།་་་་་ཐུན་མོང་བ་བདུན་གྱི་སྟེང་དུ་དད་པ་དང་སེམས་ཡངས་ཆེ་བ་མ་ཡིན་པ་སྟེ། དད་རྫས་བརྗོད་དེ་ཞེས་པ་དང་། རྒྱ་ཆེ་བ་དང་ཞེས་སོ། །གཉིས་པ་གང་བསླང་བའི་དངོས་པོ་ལ་ལྔ་ལས། གོས་ཡིན་པ་སྟེ། གོས་སོ་ཞེས་སོ། །དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་མ་ལ་གོས་ལེན་ན་ཞེས་པ་དང་། གཞན་དབང་བ་ཡིན་ན་དེ་དགེ་སློང་མ་དེ་ལ་ལེན་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དགེ་སློང་མ་དེ་དང་འབྲེལ་བར་གནས་པ་སྟེ། ཉེ་བར་མ་གྱུར་པ་ནོད་པ་ནི་ཞེས་པ་དང་། གཞན་དུ་དགག་བྱ་མི་རྫོགས་པའི་ཕྱིར་རོ། །རུང་བ་དང་ཚད་དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་གང་གིས་ལེན་པའི་རྟེན་ལ་བཞི་སྟེ། དགེ་འདུན་ལ་གོས་འབུལ་བའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། ཆོས་ལེགས་པར་སྨྲ་བ་པོ་མ་ཡིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་པོ་མ་ཡིན་པ་དང་། ཆོས་གོས་ཚང་བར་ཡོད་པ་སྟེ། དགེ་འདུན་ལ་གོས་འབུལ་བ་དང་ལེགས་པར་སྨྲ་བ་ལ་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པར་བྱེད་པ་དང་། བོར་བརླག་བྱུང་བ་དག་ལའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཟང་ངན་བརྗེ་བ་ལས་གཞན་པས་རང་དོན་དུ་གོས་ལེན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་གི་རིག་བྱེད་ཀྱིས་གོས་ལེན་པར་ཞུགས་པ་སྟེ་རྣམ་པར་རིག་བྱེད་ཀྱིས་སོ་ཞེས་སོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པ་སྟེ། ལག་ཏུ་འོངས་པ་ཉིད་ན་ཐོབ་པ་ཉིད་དོ་ཞེས་པ་དང་། ཊཱི་ཀ་ལས་དོན་ལ་གྲུབ་པའི་བློ་སྐྱེ་བས་ཞེས་སོ། །ཡན་ལག་གི་དོན་ནི་ལུང་རྣམ་འབྱེད་ལས་ལེན་ན་ཞེས་བྱ་བ་ནི་བདག་གིར་བྱེད་ནའོ་ཞེས་གསུངས་སོ། །བསྙེན་པར་རྫོགས་པར་བྱེད་པ་དང་ཞེས་པ་ནི་འགྲེལ་ཆུང་ལས་དགེ་ཚུལ་ཕོ་ཞིག་བསྙེན་པར་རྫོགས་པར་བྱེད་པའི་ཚེ་དེའི་ཡོ་བྱད་དུ་དགེ་སློང་མས་དགེ་སློང་ལ་གོས་

༼༥༧༨༽

བྱིན་པ་དང་ཞེས་སོ། །དགེ་སློང་མ་དེ་སེམས་ཡངས་ཆེ་བ་དང་། བློ་རྒྱ་ཆེ་བ་ཉིད་ཡིན་པ་ཉིད་དང་། ཉོ་ཚོང་གི་ཐ་སྙད་ཀྱི་དབང་མ་ཡིན་པ་སྟེ་རིན་མི་འཚལ་བར་འབུལ་གྱིས། བདག་ལ་བསོད་ནམས་སུ་འགྱུར་རོ་ཟེར་བ་ལྟ་བུ་ཉིད་་་་་་རྒྱ་ཆེ་བ་མ་ཡིན་པ་དང་ཐ་སྙད་ཀྱི་དབང་མ་ཡིན་པ་དང་། དེ་གཉིས་ཀ་ཚོགས་པ་ནི་གོས་སྦྱིན་པ་ལ་སོགས་པ་ལ་ལྟུང་བ་མེད་པའི་སྦྱིན་བདག་གཙོ་བོ་ཡིན་ནོ། །དེ་ལ་བླངས་ཀྱང་ལྟུང་བ་མེད་དོ། །ལ་སོགས་པས་ལྷུང་བཟེད་སྦྱིན་པ་བསྡུའོ་ཞེས་གསུང་ངོ་། །ད་ནི་ཁྱིམ་པ་ལ་གོས་སློང་བའི་སྤང་བ་འཆད་དེ་མིའི་འགྲོ་བར་གཏོགས་པ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཁྱིམ་པ་ལ་གོས་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་།་་་་་སྟེ་ཉེ་དུ་ལ་བླངས་ཀྱང་ལྟུང་བ་མེད་པར་གསུངས་པས་ཤེས་པ། རང་འདོད་པ་ཆེས་པའོ།་་་་་སྟེ་དགེ་སློང་ཆོས་གོས་མ་ཚང་ན་སློང་དུ་གནང་བས་ཞེས་པ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ཆོས་གོས་ཚང་བ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་བསླང་བའི་རྟེན་ནོ། །དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །དེ་ཡང་ཁྱིམ་པ་ཡིན་པ་དང་། ཉེ་དུ་མ་ཡིན་པ་དང་། རང་ལས་རྫས་ཀྱི་སྒོ་ནས་ཐ་དད་པ་དང་། མ་བསླངས་ཀྱང་ཅི་བདེར་སྟོབས་པ་མ་ཡིན་པ་སྟེ་བཞི་དང་། ཐ་སྙད་ལྔ་ལྡན་དང་། ལུས་ཐ་མལ་པར་གནས་པ་གཉིས་ནི་སྔར་་་་་་རྫུན་སྨྲ་ཕམ་པའི་སྐབས་སུ། བསྟན་ཟིན་པ་དག་གོ །དང་པོ་ནི་ཁྱིམ་པར་གྱུར་པ་ཞེས་སོ།་་་་་ཁྱིམ་པ་ཞེས་ནི་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་སྡོམ་པ་གང་ཡང་མི་ལྡན་པ་ནི་ཁྱིམ་པ་སྟེ་ཆུང་མ་བླངས་པ་ཁོ་ནས་ཁྱད་པར་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་སྤྱིར་བསྟན་གྱི་སྐབས་སུ་བསྟན་ཏོ། །དམིགས་བསལ་ནི་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་རྟགས་སྡོམ་གང་དང་ཡང་མི་ལྡན་ཡང་རབ་ཏུ་བྱུང་ན་བར་མ་ཁོ་ན་དང་ལྡན་ན་ནི་སྒྲེན་མོར་གནས་པ་ཡང་ཁྱིམ་པ་མ་ཡིན་ནོ། །དགེ་སློང་ཕམ་པས་སྡོམ་པ་མ་བཏང་བ་དེ་གོས་དཀར་པོ་གོན་ཞིང་ཆུང་མ་བླངས་ན་ཡང་ཁྱིམ་པ་མཚན་ཉིད་པ་ཡིན་པར་མི་རིགས་ཏེ། དགེ་སློང་གི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །སེལ་བ་ནི། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ་ཞེས་གསུངས་པས། དེ་རྣམས་ལ་གོས་བསླངས་ན་ནི་ན་སྨད་དུ་འགྱུར་ལ། དགེ་སློང་ཕ་མ་རྣམ་དག་ལ་བསླངས་ན་ཆེས་ན་སྨད་དུ་འགྱུར་ཏེ།

༼༥༧༩༽

འདིར་གཏོགས་པ་ལ་དགེ་སློང་ཕ་མ་ལ་ནི་རྟགས་ཅན་ཉིད་ཀྱིས་བས་ན་སྨད་དུ་ཞེས་པའི་གནད་ཀྱིས་སྦྱར་བ་དང་།་་་་་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི་ཉེ་དུ་མ་ཡིན་པ་ན་ལྟུང་བའི་བྱེད་པ་པོ་ཡིན་ཞེས་སོ། །སེལ་བ་ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་སྟེ་གོས་སློང་བ་ལ་ལྟུང་བ་མེད་དེ་སྔར་་་་་་ཉེ་དུའི་ཐུན་མོང་གི་སྐབས་སུ། བཤད་ཟིན་ཏོ། །གསུམ་པ་ནི་མངོན་མཚན་ཉོ་ཚོང་གི་སྐབས་སུ་ཕ་རོལ་པོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །སེལ་བ་རང་དང་ནོར་གཅིག་པའི་ཁྱིམ་པ་ལ་སོགས་པ་ལ་གོས་བསླངས་ཀྱང་ལྟུང་བ་མེད་དེ། ཉེ་དུ་ལ་བསླངས་ཀྱང་ལྟུང་མེད་དུ་གསུངས་པའི་གནད་ཀྱིས་ཤེས་སོ། །བཞི་པ་ནི་ཅི་་་་་་བསོད་པ་སློང་བ་ལ། བདེར་བསྟབས་པ་མ་བྱས་པ་ལའོ་ཞེས་བཤད་པའི་གནད་ཀྱིས་སྦྱར་རོ། །སེལ་བ་ནི་མ་བསླངས་ཀྱང་་་་་་སྦྱིན་བདག་གིས། ཅི་བདེར་གོས་འབུལ་བ་ལེན་པ་ལ་ལྟུང་བ་མེད་དོ། །གཉིས་པ་གང་བསླང་བའི་དངོས་པོ་ལ་བཞི་ལས། གོས་ཡིན་པ་སྟེ་ཆོས་གོས་སོ་ཞེས་སོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། སྦྱིན་བདག་དེ་ཉིད་དབང་བའི་གོས་དང་གཞན་དབང་བའི་གོས་ནོར་ཏེ་བསླངས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར་རོ། །རུང་བ་ཚད་དང་ལྡན་པ་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང་། ཆོས་གོས་ཚང་བར་ཡོད་པ་སྟེ།་་་་་མདོ་རྩར། སྲ་བརྐྱང་བཏིང་ན་གོས་སློང་བ་ཡང་ཉེས་པ་མེད་ལ་ཞེས་བཤད་པ་དང་། གོས་འཕྲོགས་པ་དང་བརླག་པ་དང་ཞེས་་་་་་ཆོས་གོས་མ་ཚང་ན་སློང་དུ་གནང་བར། བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་གོས་སློང་བའི་ཚིག་སྨྲ་བར་འདོད་ཅིང་གོ་བར་འདོད་པར་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སློང་བར་ཞུགས་པའོ། །མཐར་ཐུག་ནི་གོས་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་མིའི་འགྲོ་བར་གཏོགས་པ་ཞེས་པ་ནས་སོ། །རང་གི་རྣམ་བཤད་ལས་ཚད་ཇི་ཙམ་ཞིག་ཅེ་ན། མི་ཆུང་བའོ་ཞེས་སྨོས་ཏེ། ཆོས་གོས་གསུང་གང་ཡང་རང་བ་ལས་ཚད་དང་ལྡན་

༼༥༨༠༽

པའོ་ཞེས་སོ། །ཊཱི་ཀ་ལས་མི་ཆུང་བའོ་ཞེས་སྨྲས་ཏེ་ཆོས་གོས་རང་གི་ཚད་དང་ལྡན་པའོ་ཞེས་གསུངས་ཀྱང་། རང་ཚད་དང་ལྡན་པ་དེ་ནི་མཚོན་པ་ཙམ་སྟེ། ཁྲུ་གང་གི་ཚད་ལས་མི་ཆུང་བའོ། །འགྲེལ་ཆུང་ལས་ཁྲུ་གང་ཡན་ཆད་ཡིན་པ་དང་ཞེས་བཤད་པ་དེ་ངེས་པར་གཟུང་བར་བྱའོ། །རིན་ཐང་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི། རིན་ཐང་ཀར་ཤ་པ་ན་ལྔ་རི་བ་བསླངས་ནས་་་་་་བཅུ་རི་པོ་ཐོབ་ན་དངོས་གཞིར་མི་འགྱུར་གྱི། ལྔ་རི་བ་དེ་ཐོབ་ན་དངོས་གཞི་དང་། ཀར་ཤ་པ་ན་གསུམ་རི་བ་བསླངས་ནས་གསུམ་རི་བ་དེ་ཐོབ་ན་དངོས་གཞི་དང་། ཀར་ཤ་པ་ན་བཅུ་རི་བ་བསླངས་ནས་བཅུ་རི་བ་དེ་ཐོབ་ན་དངོས་གཞིའོ། །ཁ་དོག་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི་ཁ་དོག་སྔོན་པོ་བསླངས་ནས་་་་་་སེར་པོ་ཐོབ་པ་ནི་དངོས་གཞིར་མི་འགྱུར་གྱི། སྔོན་པོ་དེ་ཐོབ་ན་དངོས་གཞི་དང་། སེར་པོ་བསླངས་ནས་སེར་པོ་དེ་ཐོབ་ན་དངོས་གཞི་དང་། དམར་པོ་བསླངས་ནས་དམར་པོ་དེ་ཐོབ་ན་དངོས་གཞིའོ། །ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི། ཁྲུ་ལྔ་པ་བསླངས་ནས་་་་་་ཁྲུ་བཅུ་པ་ཐོབ་པ་ནི་དངོས་གཞིར་མི་འགྱུར་གྱི། ཁྲུ་ལྔ་པ་དེ་ཐོབ་ན་དངོས་གཞི་དང་། ཁྲུ་གསུམ་པ་བསླངས་ནས་ཁྲུ་གསུམ་པ་དེ་ཐོབ་ན་དངོས་གཞི་དང་། ཁྲུ་བཅུ་པ་བསླངས་ནས་ཁྲུ་བཅུ་པ་དེ་ཐོབ་ན་དངོས་གཞིའོ་ཞེས་བསྟན་པའོ། །ཊཱི་ཀ་ལས་ཁ་དོག་ལ་སོགས་པའི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་སོ། །འོ་ན་གོས་སྔོན་པོ་བསླངས་ནས་སེར་པོ་ཐོབ་ན་ཅིར་འགྱུར་ཞེ་ན། གོས་སྔོན་པོ་བསླངས་པས་གོས་ངོ་བོ་ཐ་དད་པ་གཞན་སེར་པོ་ཐོབ་པ་ལ་ནི་ཆོས་ཅན། གོས་སེར་པོ་ཐོབ་པའི་ཆ་ནས་གོས་བསླངས་པའི་ལྟུང་བ་གཏན་ནས་མེད་དེ་གོས་སེར་པོ་གཏན་ནས་མ་བསླངས་པའི་ཕྱིར་རོ། །སྔོན་པོ་སློང་བའི་ཆ་ནས་སྦྱོར་བའི་ཉེས་བྱས་ཏེ། དེ་ནི་ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་བསྟན་པ་དེར་འདུས་སོ། །སེར་པོ་བསླངས་པས་སྔོན་པོའམ་དམར་པོ་ཐོབ་ན་ཡང་དེ་བཞིན་ནོ། །ཀར་ཤ་པ་ན་ལྔ་རི་བ་བསླངས་པས་བཅུ་རི་བ་ཐོབ་པའམ། ཁྲུ་ལྔ་པ་བསླངས་པས་ཁྲུ་བཅུ་པ་ཐོབ་པ་ལྟ་བུ། གང་བསླངས་པ་དེ་ལས་གོས་ངོ་བོ་

༼༥༨༡༽

ཐ་དད་པ་གཞན་གོས་ལྷག་པ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །རྣམ་འབྱེད་འགྲེལ་ལས་ལྷག་པ་ཐོབ་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ལྷག་པ་མ་བསླངས་པའི་ཕྱིར་ཞེས་སོ།་་་་་དར་ཡུག་ཆུང་ངུ་བསླངས་པས་དེ་མ་ཐོབ་པར་གོས་ཡུག་ཆེན་པོ་ལྟ་བུ་སྟེ། ལྷག་པ་ཐོབ་པ་དེ་ཆོས་ཅན། གོས་ཡུག་བསླངས་པའི་ལྟུང་བ་མེད་དེ། གོས་ཡུག་མ་བསླངས་པའི་ཕྱིར་ཞེས་པའོ། །ད་ནི་སློང་བར་རིགས་པའི་སྤང་བ་འཆད་དེ། །བྱིན་གྱིས་བརླབས་པར་བྱ་བ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་བསམ་གཏན་པ་བཞི་བཅུས་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་བསླངས་པ་་་་་་སྟེ་སྦྱིན་བདག་རེ་རེ་ལ་ཆོས་གོས་བཅུ་གསུམ་ཐོབ་པ། ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ།་་་་་ཆོས་གོས་ཟུང་གཅིག་ལས་ལྷག་པ་བསླངས་པ་དང་། ལྷག་པ་མི་སྦྱིན་པ་ཡན་ལག་ཏུ་གསུངས་པས་ཤེས་སོ། །ངོ་ཏི་ནི་ཁ་ཅིག་ན་རེ། སློང་བར་རིགས་པ་སློང་བའི་སྤང་བ་འདི་ལ་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་མ་ཚང་བ་ཡན་ལག་ཏུ་དགོས་ཏེ། བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་བཤད་པས་གྲུབ་བོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས་དང་པོ་གནོད་བྱེད་བརྗོད་པ་ནི་ཊཱི་ཀ་ལས་དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་བསླངས་པར་རིགས་པ་ཉིད་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གནོད་བྱེད་གཞན་ཡང་ཆོས་གོས་གསུམ་མ་ཚང་བའི་དགེ་སློང་གིས། ཁྱིམ་པ་གཅིག་ལ་གོས་ཟུང་ལས་ལྷག་པ་བསླང་དུ་གནང་ངམ་མ་གནང་། གནང་ན་ནི། ཚད་དེ་ལས་ལྷག་པར་བྱ་བ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ཞེས་གསུངས་པ་འགལ་ལོ། །མ་གནང་ན་ནི་མ་གནང་བཞིན་དུ་བསླངས་པའི་ལྟུང་བ་དེ་གང་ཡིན་ཏེ། གོས་སློང་བའི་ལྟུང་བ་གང་དུ་ཡང་མ་གཏོགས་པར་ཐལ་བར་འགྱུར་རོ། །དེ་ཡང་ཁྱེད་ལྟར་ན་སློང་བར་རིགས་པ་སློང་བའི་ལྟུང་བ་མ་ཡིན་ཏེ། ཁྱེད་ལྟར་ན་སློང་བར་རིགས་པ་སློང་བའི་ལྟུང་བ་བསྐྱེད་པ་ལ་འཚོ་བའི་ཡོ་བྱད་ཀྱི་གོས་བཅུ་གསུམ་པོ་ཐམས་ཅད་མ་ཚང་བ་ཡན་ལག་ཏུ་དགོས་པ་ལ་དེ་མ་ཚང་བའི་

༼༥༨༢༽

ཕྱིར་རོ། །གོས་སློང་བའི་ལྟུང་བ་མ་ཡིན་ཏེ། གོས་སློང་བའི་ལྟུང་བ་བསྐྱེད་པ་ལ་ཆོས་གོས་ཚང་བ་ཡན་ལག་ཏུ་དགོས་པ་ལས།་་་་་ཆོས་གོས་མ་ཚང་བའི་ཕྱིར་རོ། །སྤགས་པ་སློང་བ་དང་སོ་སོ་ནས་སྤགས་པ་སློང་བའི་ལྟུང་བ་ནི་མ་ཡིན་ཏེ། སྤགས་པ་དང་མ་འབྲེལ་བའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་ན་གང་དང་གང་མེད་པ་དེ་སློང་བར་རིགས་པ་ཉིད་དོ་ཞེས་བསྟན་པ་སྟེ། དེ་ལྟར་ཊཱི་ཀས་བཤད་ལ། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་པ་དེ་ཡང་བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་པ་དེ་ནི་ལྟུང་བའི་བྱེད་པ་པོ་ཞེས་བསྟན་པ་ཡིན་གྱི།་་་་་ཆོས་གོས་གསུམ་པོ་ཡན་ཆད་མ་ཚང་བའི་དབང་དུ་བྱས་ནས། ཆོས་གོས་མ་ཚང་བ་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་བསྟན་པ་ཡིན་པས་སྒྲུབ་བྱེད་དུ་མི་ཆེའོ། །འཚོ་་་་་་ཁ་ཅིག་ན་རེ་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་གཅིག་མེད་པའམ་གཉིས་མེད་པ་ལ་ཡང་སློང་བར་རིགས་པའི་ལྟུང་བ་འབྱུང་ཟེར་ཡང་། བའི་ཡོ་བྱད་ཀྱི་གོས་གཅིག་མེད་པའམ་གཉིས་མ་ཚང་བ་ལ་ནི། སློང་བར་རིགས་པ་སློང་བའི་ལྟུང་བ་འདི་མི་སྐྱེད་དེ། ཟུང་བསླང་བར་བྱ་བ་ཉིད་ཡིན་ལ། ཟུང་ཐོབ་པ་ན་ཆོས་གོས་ཚང་བས་ཆོས་གོས་མེད་པའི་ཡན་ལག་དེ་མི་ཚང་བའི་ཕྱིར་རོ། །དེས་ན་འདི་ལ་ཆོས་གོས་གསུམ་ཡན་ཆད་མ་ཚང་བ་ཡན་ལག་ཏུ་དགོས་སོ། །རང་ལུགས་ཀྱི།་་་་་སྐབས་འདིར་ངོ་ཏི་རྣམ་པ་ལྔ་སྟེ། ལྷག་པ་སློང་བའི་ལྟུང་བ་གསུམ་དང་། ལྷག་པ་མི་སྦྱིན་པའི་ལྟུང་བ་གཉིས་སོ། །དང་པོ་གསུམ་དེ།་་་་་ དེ་ཡང་བཅས་ལྡན་དགེ་སློང་ཆོས་གོས་གསུམ་ཡན་ཆད་མ་ཚང་བས་སློང་བའི་ཡུལ་ཁྱིམ་པ་གཅིག་ལ་ཞེས་ལྔ་པོ་་་་་་ངོ་ཏི། འདི་དག་གི་གཞིར་བྱས་ནས། སྣམ་སྦྱར་ལྟ་བུ་ཆོས་གོས་དྲས་པ་བྱ་སྙམ་པའི་བསམས་པས་བསླངས་ན་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་གཉིས་ཐོབ་ཅིང་། དེ་ལས་ལྷག་པ་སློང་ན་ལྷག་པ་ཁྲུ་གང་ཡན་ཆད་ཐོབ་ན་སྤང་ལྟུང་བསྐྱེད་པ་དང་། རྔུལ་གཟན་ནམ་ཤམ་ཐབས་ལྟ་བུ་གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླང་ན་ཁྱིམ་པའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་གཉིས་ཐོབ་ཅིང་དེ་ལས་ལྷག་པ་སློང་ན་ལྷག་པ་ཁྲུ་གང་ཡན་ཆད་ཐོབ་ན་སྤང་ལྟུང་བསྐྱེད་པ་དང་། གོས་་་་་་ཟུང་བླང་བར་བྱ་བ་ཉིད་དོ། །ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་སོ། མ་དྲས་

༼༥༨༣༽

པ་བྱ་སྙམ་པའི་བསམ་པས་བསླངས་ན་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་མཐའ་ཚད་ཐོབ་ཅིང་། འབྲིང་ཚད་དམ་རབ་ཚད་དུ་ཁ་བསྐང་བའི་གོས་སློང་ཞིང་ཐོབ་པའམ། འབྲིང་ཚད་ཐོབ་ཅིང་རབ་ཚད་དུ་ཁ་བསྐང་བའི་གོས་སློང་ཞིང་ཐོབ་ན་སྤང་ལྟུང་བསྐྱེད་པའོ། །ཆོས་གོས་་་་་་ལྷག་པ་མི་སྦྱིན་པའི་ལྟུང་བ་གཉིས་ནི་སྣམ་སྦྱར་ལྟ་བུ། དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་ལྷག་པ་ཐོབ་ན། ཁྲུ་གང་ཡན་ཆད་ཀྱི་ལྷག་པ་དེ་སྦྱིན་དགོས་པ་ལས་ལྷག་པ་མི་སྦྱིན་ན་སྤང་ལྟུང་བསྐྱེད་པ་དང་། ཤམ་ཐབས་ལྟ་བུ།་་་་་གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་གཉིས་ལས་ལྷག་པ་ཐོབ་ན་ཡང་སྔ་མ་བཞིན་དུ་ལྷག་པ་མི་སྦྱིན་ན་ཡང་ལྟུང་བ་བསྐྱེད་པ་སྟེ།་་་་་ལྷག་པར་སྦྱིན་པར་བྱ་བ་ཉིད་དོ་ཞེས་སོ། །སྤང་ལྟུང་དངོས་གཞི་ལྔའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་ནི་གོས་ཡིན། སྦྱིན་བདག་དེ་ཉིད་ཀྱི་ཡིན། རུང་བ་ཡིན་པ་དང་གསུམ་སྔར་དང་་་་་་གོས་སློང་བའི་སྐབས་སུ་བཤད་པ། འདྲ་བ་ལས། འདིར་ལྷག་པ་ཚད་དང་ལྡན་པ་་་་་་ཟུང་ལས་ལྷག་པའི་ཆ་སྟེ་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང་། སྟེ་བཞིའོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང་། ཆོས་གོས་གསུམ་ཡན་ཆད་མ་ཚང་བ་སྟེ། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷག་པ་སློང་བ་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ལྷག་པར་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷག་པ་ལ་ཐོབ་བློ་སྐྱེས་པའོ། །ལྷག་པ་མི་སྦྱིན་པ་ལ་ནི་གོས་དེ་རང་གིས་ཐོབ་ཟིན་ཡིན་པ་དང་། ཀུན་སློང་ནི་ལྷག་པ་མི་སྦྱིན་པར་འདོད་པ་དང་། སྦྱོར་བ་མི་སྦྱིན་པ་ཉིད་དང་། མཐར་ཐུག་ནི་མི་སྦྱིན་པར་ཐག་བཅད་པས་ཁྱད་པར་དུ་བྱས་སོ། །ཡན་ལག་གི་དོན་ནི། ཆོས་གོས་མེད་པ་ཉིད་

༼༥༨༤༽

ལ་ཡོད་པའི་བློ་ཅན་མ་ཡིན་ཞིང་ཆོས་གོས་ཉོ་བའི་རིན་མེད་པའི་དབང་དུ་བྱས་ནས་བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་མེད་ན་དགེ་སློང་གིས་གོས་སློང་བའི་ཚད་ལས་མ་ལྷག་པར་སློང་བ་ཆོས་ཅན། ཆོས་གོས་སློང་བའི་ལྟུང་བ་མི་བསྐྱེད་དེ། ཆོས་གོས་སློང་བར་རིགས་པ་ཉིད་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས་དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་བླང་བར་རིགས་པ་ཉིད་ཡིན་ནོ་ཞེས་སོ།་་་་་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་བཅུ་གསུམ་ནི་གོས་གཞིར་གཞུང་ཉིད་ལས་འབྱུང་ངོ་། །འདིར་ནི་ཊཱི་ཀ་ལས་རྣག་ཟན་མ་སྨོས་པར་ཡོ་བྱད་ཀྱི་གོས་སྨོས་སོ་ལུང་མ་མོ་ལས་ནི་དབྱར་གྱི་རས་ཆེན་མ་གསུངས་པར་ཁྲུས་རས་ཞེས་གསུངས་ཏེ། །བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་ཡན་ཆ་ད་མ་ཚང་བའི་དབང་དུ་བྱས་ནས་ཆོས་གོས་མ་ཚང་བ་དེ་ནི་ལྟུང་བ་འདི་བསྐྱེད་པའི་བྱེད་པ་པོ་ཉིད་དོ།་་་་་ཊཱི་ཀ་ལས་ཆོས་གོས་ནི་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ་ཞེས་པ་ནི། ཆོས་གོས་ཐམས་ཅད་ཚང་བ་ཡོད་པ་ནི། སྤང་ལྟུང་འདིའི་བྱེད་པ་པོ་མ་ཡིན་ཏེ། ཆོས་གོས་ཚང་བས་གོས་བསླངས་པ་དེ་ལ་སྤང་ལྟུང་འདི་སྐྱེད་པ་མི་སྲིད་པའི་ཕྱིར་རོ། །འོག་གི་མདོ་ལས་ཟུང་བསླང་བར་བྱ་བ་ཉིད་དོ་ཞེས་འབྱུང་བ་ལས། ཟུང་དེའི་ཚད་བསྟན་པའི་ཕྱིར། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་་་་་་རབ་ཀྱི་མཐར་བྱིན་པ་ཞེས་སོ། །དེའི་ཊཱི་ཀ་ལས་ཞེང་དུ་ཁྲུ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །ཁྱིམ་པའི་སྨད་གཡོགས་ཆེ་རབ་ཀྱི་མཐར་ཕྱིན་པ།་་་་་ཚད་ནི་རས་ཡུག་ཕྲན་ཞེས་སོ། །དགེ་སློང་གི་སྟོད་གཡོགས་སྨད་གཡོགས་ཆེ་ཚད་ནི་སྣམ་སྦྱར་དང་ཤམ་ཐབས་ཀྱི་རིམ་པ་་་་་་སྔར་ཟླ་འཇོག་གི་སྐབས་སུ་ཇི་སྐད་བསྟན་པའོ། །ཞེས་སོ། །འོ་ན་སྔར་ཟླ་འཇོག་གི་སྐབས་སུ་མཐང་གོས་ཀྱི་ཚད་བསྟན་པ་ལ། སྐབས་འདིར་ཤམ་ཐབས་ཞེས་སྨོས་པ་ནི། མཐང་གོས་ལ་ཤམ་ཐབས་ཀྱི་མིང་གིས་བཏགས་པ་སྟེ། བཏགས་པའི་དགོས་པ་ནི་མཐང་གོས་དང་ཤམ་ཐབས་རྒྱ་ཁྱོན་གྱི་ཚད་མཉམ་པར་གོ་བར་བྱ་བའི་ཕྱིར་རོ། །སྔ་མ་ཐོབ་ན་ཞེས་པ་ནི་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་པས་སྔར་བསྟན་པས་ན་སྔ་མ་སྟེ། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་དམ་འབྲིང་ཚད་ཐོབ་ནའོ། །ཊཱི་ཀ་ལས་ཁྱིམ་པའི་སྟོད་གཡོགས་ཆུང་ཚད་ནི་ཞེང་དུ་ཁྲུ་ཕྱེད་དང་གསུམ་པ་དང་། སྲིད་དུ་ཁྲུ་ཕྱེད་དང་ལྔ་པ་ཡིན་ཞིང་ཁྱིམ་པའི་སྨད་གཡོགས་

༼༥༨༥༽

ཆུང་ཚད་ནི། འཁོར་གསུམ་ཁེབས་པ་ཡིན་པར་བཤད་དོ། །གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་སྔ་མ་ཐོབ་ན་སྟེ། ཁྱིམ་པའི་གོས་ཟུང་ཆུང་ཚད་ཐོབ་ན་འབྲིང་ཚད་དམ་རབ་ཚད་དུ་ཁ་བསྐང་བ་ཡང་བསླང་བྱ་བ་ཉིད་མ་ཡིན་ནོ་ཞེས་སྦྱར་རོ། །ཁ་བསྐང་བ་དེ་བསླང་ན་ལྷག་པ་སློང་བའི་སྤང་བའི་ལྟུང་བར་འགྱུར་ཏེ། བསམ་པའི་དོན་ཡོངས་སུ་རྫོགས་པར་ཐོབ་པ་ལས་ལྷག་པ་བསླངས་པ་ཡོད་པའི་ཕྱིར་རོ། །འདིར་བསམས་པའི་དོན་ཡོངས་སུ་རྫོགས་པ་ཐོབ་པ་དེ་ཅིའི་ཕྱིར་སྙམ་ན།་་་་་གོས་མ་དྲས་པ་་་་་་རྔུལ་གཟན་ན་ཤམ་ཐབས་ལྟ་བུ། བྱ་སྙམ་པའི་བསམ་པས་བསླངས་པ་ལས་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་ཐོབ་ན། བསམ་པའི་དོན་ཡོངས་སུ་རྫོགས་པར་ཐོབ་པ་ཡིན་ཏེ། ཆོས་གོས་ཀྱི་བྱིན་རླབས་ཡོངས་རྫོགས་འཆགས་པའི་ཕྱིར་རོ། །དེ་ཡང་ཊཱི་ཀ་ལས།་་་་་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་དེ་ལ་ཡང་རྔུལ་གཟན་དང་ཤམ་ཐབས་ལྟ་བུའི་བྱིན་རླབས་ཡོངས་རྫོགས་འཆགས་ཀྱི་རྐྱེན་དབང་གི་བྱིན་རླབས་ཀྱི་ཆོ་གས། འདོད་ན་་་་་་བར་ཆད་མ་བྱུང་ན་སྟེ་འཚལ་ལ་བར་ཆད་མ་བྱུང་ན། ཞེས་བྱ་བའི་སྒྲ་མེད་པར་་་་་་ཡོངས་རྫོགས་བྱིན་གྱིས་བརླབ་ཏུ་རུང་སྟེ། མ་་་་་་རྔུལ་གཟན་ཤམ་ཐབས་ལྟ་བུ། དྲས་པ་ཡིན་པའི་ཕྱིར་རོ་ཞེས་སོ། །འོན་ཀྱང་་་་་་ཁ་བསྐང་བ་བླང་དུ་རུང་བའི་སྐབས་གཉིས་ཡོད་དེ། ཁྱིམ་པའི་སྟོད་གཡོགས་ཆུང་ཚད་དེ་བས་ཀྱང་ཆུང་བ་ཞིག་ཐོབ་ན་ནི། ཊཱི་ཀ་ལས་དེ་བས་ཆེས་ཆུང་བ་ཞིག་ཐོབ་ན་ནི་དེའི་ཁ་བསྐང་བ་བསླང་བར་བྱ་སྟེ། ཆེས་ཆུང་བ་ལ་ནི་་་་་་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་གསུམ། བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར་རོ་ཞེས་སོ། །གལ་ཏེ་གོས་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་པ་ལ་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་དམ་འབྲིང་ཚད་དུ་ཐོབ་པ་ལ་ནི་རབ་ཚད་དུ་ཁ་བསྐང་བ་སློང་བ་ལ་ཉེས་པ་མེད་དེ། བསམ་པའི་དོན་ཐོབ་པ་ལས་ལྷག་པར་བསླང་བ་མེད་པའི་ཕྱིར་རོ།་་་་་ལུང་རྣམ་འབྱེད་ལས་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་བས། དགེ་སློང་གི་སྟོད་གཡོགས་དང་བཅས་པ་ཐོབ་ན་གལ་ཏེ་ཆུང་ན་བསླང་བར་བྱ་ཞེས། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་མ་ལྷག་ན། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་་་་་་སྲིད་དུ་ཁྲུ་བདུན་པ་ཞེང་དུ་ཁྲུ་དོ་པ། རབ་ཚད་ལས་ལྷག་པ་བྱིན་པར་བྱ་བ་ཉིད་མ་ཡིན་ཏེ། བསམ་པའི་དོན་ལས་ལྷག་

༼༥༨༦༽

པར་བསླང་བ་མེད་པའི་ཕྱིར་རོ། །འདིར་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་རབ་ཚད་ཆེ་བར་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། སྔ་མའི་རབ་ཚད་དེས་ཕྱི་མའི་རབ་ཚད་སྣམ་སྦྱར་ཉིས་རིམ་ཚལ་བུ་དང་བཅས་པ་མི་ལྡང་བའི་ཕྱིར་རོ། །ཕྱི་མ་ཐོབ་ན་ལྷག་པ་སྦྱིན་ཞེས་བྱ་ནི། གོས་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ཀྱང་རུང་། གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ཀྱང་རུང་སྟེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་ལྷག་པ་ཐོབ་ན་ལྷག་པ་སྦྱིན་པར་བྱ་བ་ཉིད་དེ། བསམ་པའི་དོན་ཡོངས་སུ་རྫོགས་པ་ལས་ལྷག་པའི་ཕྱིར་རོ།་་་་་དེ་ལྟར་ཊཱི་ཀ་ལས་དོན་ཡོངས་སུ་རྫོགས་པ་དེ་ལས་ལྷག་པའི་ཕྱིར་ཞེས་གསུངས་སོ། །ཊཱི་ཀ་ལས་བསླང་བར་བྱ་བ་མ་ཡིན་པ་སྟེ། བསླང་བར་མི་འོས་པའི་རྔ་བལ་ལ་སོགས་པ་སློང་ན་སྦྱོར་བའི་ཉེས་བྱས་སོ། །ཐོབ་ན་དངོས་གཞིའོ་ཞེས་པ་ནི་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་ཡི་དངོས་གཞིའི་སྟེ་ཉེས་བྱས་ལྕི་བའོ། །ཞེས་བཤད་ཅིང་དེ་དང་མཐུན་པར་རང་གི་རྣམ་བཤད་ལས་ཀྱང་གསུངས་སོ།་་་་་འབྲེལ་ཆུང་ལས་ཀྱང་། བཙོས་ལ་སོགས་པ་མ་བརྟགས་པར་བསླངས་ན་ཉེས་བྱས་བཙོས་ལ་སོགས་མ་བརྟགས་པ་ཐོབ་པ་ནི་ཉེས་བྱས་ལྕི་བ་ཞེས་བཤད་དོ། །དེ་ལྟར་རྔ་བལ་དང་རི་དྭགས་ཀྱི་པགས་པ་ལ་སོགས་པ་རུང་བ་མ་ཡིན་པ་བསླངས་ཏེ་ཐོབ་ན་ཉེས་བྱས་སུ་བསྟན་པས། རུང་བ་བསླངས་ཏེ་ཐོབ་ན་སྤང་ལྟུང་དངོས་གཞི་བསྐྱེད་ཅེས་ཤུགས་ཀྱིས་བསྟན་ཏེ། བསླང་བྱ་མ་ཡིན་པ་བསླངས་ན་ཞེས་པའི་མདོ་འདི་གཉིས་ལ་འགྲེལ་ཆུང་ལས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་སློང་བ་ནི་ཉེས་བྱས། ཚད་ལས་འདས་པར་བསླངས་པ་ནི་སྤང་བའི་ལྟུང་བ་ཞེས་བཤད་ཅིང་། དེ་དང་མཐུན་པར་འགྲེལ་བ་པྲཛྙཱ་ཀ་ར་ལས་ཀྱང་བཤད་དོ། །བཤད་ལུགས་དེ་ལྟར་ན་འདི་སྐད་བསྟན་ཏེ། ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་སྨོས་ན། དེ་བསླངས་ན་ཅིར་འགྱུར་ཞེ་ན། བསླང་བར་བྱ་བ་མ་ཡིན་པ་གོས་ཟུང་གཅིག་ལས་ལྷག་པ་སློང་ན་སྦྱོར་བའི་ཉེས་བྱས་སོ། །གོས་ཟུང་གཅིག་ལས་ལྷག་པ་དེ་ཐོབ་ན་སྤང་ལྟུང་གི་དངོས་གཞིའོ་ཞེས་སྐབས་ཀྱི་དོན་ཡིན་ནོ། །སློང་བར་རིགས་པའི་སྤང་བའོ། །ཞེས་པ་ནི་སློང་བར་རིགས་པ་ལས་ལྷག་པ་ཡིན་པའི་སྤང་བའོ་ཞེས་ཊཱི་ཀར་བཤད་དོ། །ད་ནི་སྤགས་པ་སློང་བའི་སྤང་བ་འཆད་དེ། སྤགས་པ་མ་ཕུལ་བར་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་

༼༥༨༧༽

གཞི་ནི་མཉན་ཡོད་དུ་ཉེ་དགའ་ལ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་བར་ལྷག་པ་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་པའོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པ་སྟེ་གོས་སློང་བ་བཞིན་ནོ། །ངོ་ཏི་ནི་ཁ་ཅིག་ན་རེ་སྤགས་པ་སྔ་ཚོམས་སུ་ལོངས་པའི་ལྟུང་བ་ཡིན་ཞེས་འཆད་ཀྱང་། དེ་ནི་ལུང་རྣམ་འབྱེད་ལས་དགེ་སློང་གིས་ཀར་ཤ་པ་ན་ལྔ་རི་བའི་གོས་ཐོབ་པ་ན། དེ་ལས་ལྷག་པ་སློང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་་་་་་ཀར་ཤ་པ་ན་ལྔ་རི་བ་དེ་ཐོབ་པ། སྔར་སྤགས་པ་དེ་ཐོབ་པ་ལྟུང་མེད་དུ། གསུངས་པ་དང་འགལ་ཞིང་། ལུང་རྣམ་འབྱེད་དང་དེའི་འགྲེལ་བ་དང་ཞུ་འགྲེལ་དང་གསུམ་ག་ལས། སྤགས་པ་ལས་ལྷག་པ་སློང་བའི་སྤང་བའོ་ཞེས་གསུངས་པ་དང་་་་་་ལུང་རྣམ་འབྱེད་ཀྱི་གླེང་གཞི་ལས་ཀྱང་གང་བྱིན་པ་དེ་མི་ལེན་པར་ལྷག་པར་སློང་བར་བྱེད་དོ་གང་བྱིན་པས་མི་མགུ་ཞིང་ལྷག་པར་སློང་བ་ཞེས་གསུངས་པ་དང་ཡང་། འགལ་ལོ། །འོ་ན་གང་ཞེ་ན། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ཁྱིམ་པས་གོས་སྦྱིན་པར་བསམས་པས་སྤགས་པ་ལ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་དེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་སློང་ལ་གོས་དེ་སྤགས་པར་བྱས་པ་པོ་ཡིན་པ་དང་། སྦྱིན་བདག་སྤུངས་ཆུང་བ་སྟེ། སྤུངས་ཆེ་ན་ལྟུང་བ་འོག་མར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་དངོས་པོ་ཆོས་བཞི་ལྡན་ཏེ་སློང་བར་རིགས་པའི་སྐབས་དང་འདྲའོ། །གསུམ་པ་ནི་རྟེན་ཆོས་གཉིས་ལྡན་ཏེ་གོས་སློང་བའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྤགས་པ་དེ་ལས་ལྷག་པའི་གོས་རང་དོན་དུ་ངག་གིས་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷག་པའི་གོས་

༼༥༨༨༽

ལ་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི། སྤགས་པ་མ་ཕུལ་བར་ཞེས་སོ། །སྤགས་པ་དགེ་སློང་གིས་མི་ཤེས་པ་དེ་ཉིད་སློང་ན་སྤགས་པ་སློང་བ་ལས་གཞན་གོས་སློང་བ་ཡིན་ནོ། །ཊཱི་ཀ་ལས། གོས་སློང་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས་བཤད་དེ། གོས་སློང་བའི་དངོས་གཞི་མི་བསྐྱེད་པ་ནི་དོན་དང་འདུ་ཤེས་མ་ཕྲད་པའི་ཕྱིར་རོ།་་་་་སྟེ་གོས་དེ་དགེ་སློང་ལ་བསྔོས་ཟིན་པས་དགེ་སློང་དབང་ཡང་ཁྱིམ་པ་དབང་སྙམ་དུ་དགེ་སློང་འདུ་ཤེས་འཁྲུལ་བའི་ཕྱིར། །ད་ནི་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འཆད་དེ། སྦྱིན་པར་བྱེད་པ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི། དགག་བྱ། ངོ་ཏི་དང་གསུམ་ནི་སྔར་སྤགས་པ་སློང་བ་དང་འདྲ་བ་ལས། ཁྱད་པར་ནི་སྔར་ཁྱིམ་པ་ཕོ་མོ་གཉིས་ཀྱི་གོས་གཅིག་སྤགས་པ་ཡིན་ལ། འདི་ནི་ཁྱིམ་པ་ཕོ་མོ་གཉིས་ཀྱི་གོས་རེ་རེ་སོ་སོ་ནས་སྤགས་པས་ཁྱད་པར་དུ་བྱས་སོ། །ཡན་ལག་ལའང་གཞན་ཐམས་ཅད་སྔ་མ་་་་་་སྤགས་པ་སློང་བ། དང་འདྲ་བ་ལས་འདིར་ཁྱད་པར་ནི་དགེ་སློང་ལ་གོས་དེ་དག་སོ་སོ་ནས་སྤགས་པར་བྱེད་པ་པོ་ཡིན་པ། སྦྱིན་བདག་སྤུངས་ཆེ་བ་སྟེ། སྤུངས་ཆེ་བ་ཡང་ངོ་ཞེས་སོ། །ཀུན་སློང་ནི་སོ་སོ་ནས་སྤགས་པ་དེ་ལས་ལྷག་པའི་གོས་སློང་བར་འདོད་པས་ཁྱད་པར་དུ་བྱས་སོ། །ཡན་ལག་གི་དོན་ནི།་་་་་ཁྱིམ་བདག་ཕོ་མོ་གཉིས་ཀྱིས་གོས་གཉིས་སོ་སོ་ནས་སྤངས་པར་ནུས་པ། སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཡང་ངོ་ཞེས་སོ།་་་་་སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ་དེ་ཉིད་གཞན་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །སྤུངས་ཆེ་བའི་ཚད་ནི་འདིར་ཁྱིམ་པ་ཕོ་མོ་གཉིས་ཀྱིས་གོས་གཉིས་སོ་སོ་ནས་སྤགས་པར་ནུས་པའོ། །སྦྱོར་བའི་འཇུག་ཡུལ་གཅིག་ཅིང་སྦྱོར་བ་གཅིག་པའི་ཕྱིར་ན་ཆོས་གོས་སོ་སོ་བ་གཅིག་ཐོབ་ནའང་སྤང་བའི་ལྟུང་བ་གཅིག་ཉིད་དོ། །ཊཱི་ཀ་ལས་གོས་སློང་བ་དང་སློང་བར་རིགས་པ་དང་སྤགས་པ་སློང་བ་ལ་སྦྱོར་བ་གཅིག་གིས་གོས་དུ་མ་ཐོབ་པ་དེ་དག་ལ་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །ལྷུང་བཟེད་དང་རས་ཆེན་ཐོབ་པ་ལ་ཡང་དེ་བཞིན་ནོ་ཞེས་སོ།་་་་་སོ་སོ་ནས་སྤགས་པ་ལས། ལྷག་པ་སླང་བའི་སྤང་བའོ། །ཞེས་ལུང་རྣམ་འབྱེད་དང་དེའི་འགྲེལ་བ་དང་ཞུ་འགྲེལ་དང་གསུམ་ལས་བཤད་དོ། །ད་ནི་བསྐུར་བའི་སྤང་བ་འཆད་དེ་བསྐུར་བ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགའ་ལ་བྲམ་ཟེ་དབྱར་ཚུལ་གྱིས་གོས་ཀྱི་རིན་ཀར་ཤ་པ་ན་བསྐུར་བ་དེ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号