ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༥༤༠༽

མདོ་ཉིད་ལས། འདི་ནི་དགེ་འདུན་ལ་སྤང་ངོ་ཞེས་གསུངས་སོ། །དེ་ལས་གཞན་པ་ཐམས་ཅད་ནི་དགེ་སློང་གང་ཟག་ལ་སྤང་སྟེ། མདོ་ཉིད་ལས། དགེ་སློང་ལ་སྤང་བར་བྱའོ་ཞེས་གསུངས་ཤིང་། ཊཱི་ཀ་ལས་དགེ་འདུན་ལ་སྤང་མི་སྤང་ལ་བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤོང་ངོ་ཞེས་བཤད་དོ། །འོ་ན་བསྡུས་པ་ལས། གསེར་ལ་སོགས་པ་དང་། ཞག་བདུན་པ་ནི་བསྙེན་པར་མ་རྫོགས་པ་ལ་སྤང་ངོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་ཞག་བདུན་པ་གསོག་འཇོག་ཏུ་གྱུར་པ་ནི་དགེ་སློང་རྣམས་ལ་མི་རུང་བའི་དངོས་པོ་ཡིན་པས། བསྙེན་པར་མ་རྫོགས་པ་ལ་བཙོང་བའམ་སྦྱིན་པར་དགོངས་པ་ཡིན་གྱི། ཕྱིར་བཅོས་པའི་ཆེད་དུ་སྤང་བ་ནི་མ་ཡིན་ཏེ། ཊཱི་ཀ་ལས་བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤང་ངོ་ཞེས་བཤད་ཅིང་གཞན་དུ་ན་བདག་ཉིད་ཀྱི་གནས་ངན་ལེན་བརྗོད་པའི་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །དགེ་སློང་གང་ཟག་དེ་ཡང་ཆོས་་་་་་ཤ་མི་ལ་སོགས་པ་ན་རེ་ཆོས་བདུན་ལྡན་ཟེར་ཡང་། བརྒྱད་ལྡན་ལ་སྤང་སྟེ། དེ་ཡང་ཆོ་ག་རྣམ་གཞག་གི་དགེ་སློང་ཆོས་དྲུག་ལྡན་སྔར་བཤད་པའི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པ་མ་བྱུང་བ་སྟེ། འདུལ་བ་ཀུན་ལས་བཏུས་ལས་ལྟུང་བ་མིང་རིགས་མི་མཐུན་པ་གཅིག་ལ་སྤང་སྟེ་བཞག་པར་བྱ་སྟེ་ཞེས་གསུངས་སོ། །སྤངས་པ་དང་མ་སྤངས་པའི་བྱེ་བྲག་ཤེས་པ་སྟེ། མདོ་འདི་ཉིད་ལས། མི་གསལ་བ་ཡང་མི་བྱའོ་ཞེས་སོ། །དེ་ལ་སྤངས་ནའང་སྤང་བ་ཙམ་དུ་ནི་འགྱུར་རོ།་་་་་དགེ་སློང་མཚམས་ཀྱི་ནང་ན་གནས་པ་ལ་སྤངས་དགོས་གསུང་ཡང་འདུལ་བ་ཀུན་ལས་བཏུས་ལས། བྲལ་བ་སྔོན་དུ་བཏང་བ་ནི། རྫས་དེ་དགེ་སློང་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ། ལྟུང་བ་དང་མིང་རིགས་མི་མཐུན་པ། མཚམས་ཀྱི་ནང་ན་འདུག་པ་ཡང་རུང་ཕྱི་རོལ་ན་འདུག་པ་ཡང་རུང་བ་གཅིག་ལ་བཞག་པར་བྱ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི་རྟེན་ཆོས་ལྔ་ལྡན་གྱིས་སྤངས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། གནས་ནས་མ་ཕྱུང་བ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གང་ཟག་ཁྱད་པར་ཅན་མ་ཡིན་པ་སྟེ་གཞན་ནི་སྔར་བསྟན་ལ། ཐ་མ་ནི་གང་ཟག་ཁྱད་པར་ཅན་ཡིན་ན་སྤང་མི་དགོས་པའི་ཕྱིར་རོ། །གསུམ་པ་ནི་སྤང་ལྟུང་བྱུང་བའི་གཞིའི་དངོས་པོའམ་སྤང་ཤན་

༼༥༤༡༽

བརྡེགས་པ་ཡིན་པ་དང་། ད་ལྟ་སྤང་བར་འོས་པའོ། །གལ་ཏེ་སྤང་ལྟུང་བྱུང་བའི་གཞིའི་དངོས་པོ་སྤང་དགོས་ན། སྲ་བརྐྱང་འབྱིན་པའི་སྤང་ལྟུང་གི་ཊཱི་ཀ་ལས། སྲ་བརྐྱང་གི་རྙེད་པ་དེ་ཡང་བགོས་པ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ་དེའི་ཚེ་ན་ནི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་སྤང་ལྟུང་བྱུང་བའི་གཞིའི་དངོས་པོ་དེ་སྤང་མི་དགོས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སོ་སོར་བགོས་པས་ཚད་དང་མི་ལྡན་པར་གྱུར་པ་ལ་དགོངས་སོ་ཞེས་རིགས་སོ། །སྤང་ཤན་བརྡེགས་ན་ནི་འདི་ཉིད་ལས་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་གསུངས་ལ་ད་ལྟར་སྤང་བར་འོས་པ་ནི། སྤང་ཤན་བརྡེག་བྱའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །བཞི་པ་ནི་གནས་ཁང་ཐ་དད་དུ་སྤང་སྟེ། རྣམ་འབྱེད་འགྲེལ་ལས་བྲལ་བར་མ་བྱས་པ་ནི་གནས་གཞན་དུ་ཞག་ལོན་པར་མ་བྱས་པའོ་ཞེས་གསུངས་པས་ཤེས་སོ། །བླ་གབ་ཐ་དད་པ་་་་་་གཞན་ཐམས་ཅད་དུ་ཡང་ཞེས་པ་དང་དེ་ནི་ཕྱིར་ཡིན་པར་བྱ་བ་ཉིད་ཡིན་ཞེས། ཙམ་དུ་སྤངས་པས་ནི་་་་་་ཆོག་ཅེས་ཚ་རོང་པ་གསུང་ཡང་དེས། སྤངས་ཤིང་བྲལ་བ་མ་ཡིན་ཏེ། མདོ་རྩ་བ་ཉིད་ལས་མཛོད་ནི་ཁོངས་སུ་གཏོགས་པ་ཉིད་དོ་ཞེས་བླ་གབ་ཐ་དད་ཀྱང་གནས་གཅིག་ཏུ་གསུངས་ལ། གནས་གཅིག་ཏུ་ནི་སྤངས་ཀྱང་བྲལ་བའི་ཐ་སྙད་མེད་པའི་ཕྱིར་རོ། །ལྔ་པ་ནི་གཏན་དུ་སྤང་བ་དང་། རེ་ཞིག་པའི་སྤང་བ་གཉིས་ལས། ལྷུང་བཟེད་འཚོལ་བའི་ཕྱོགས་གཅིག་དང་བྱིན་འཕྲོག་ནི་གཏན་དུ་སྤང་བ་སྟེ། མདོ་འདི་ཉིད་ལས་བཤད་དོ། །དེ་གཉིས་ལས་གཞན་ནི་རེ་ཞིག་པའི་སྤང་བ་སྟེ། རེ་ཞིག་སྤངས་ཤིང་ཞག་གཅིག་བྲལ་བར་བྱས་པའོ། །དེ་ཡང་ཊཱི་ཀ་ལས་ཕྱིར་བཅོས་པའི་ཕྱིར་བཞག་པ་ཡིན་གྱི་སྦྱིན་པའི་ཕྱིར་བཞག་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་ཅིང་། ཊཱི་ཀ་ལས་སྤངས་པ་དེ་དང་ཞག་གཅིག་བྲལ་བར་བྱ་ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དོན་ནི། གོས་ཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་དགོས་པ་ཉིད་དུ་མི་འགྱུར་ཏེ་ཊཱིཀ་ལས་སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་བཞིན་དུ་ཟས་ཁམ་དུ་མ་ལོངས་པ་དང་སྣོད་སྤྱད་ཕོར་བུ་ལ་སོགས་ཀྱི་བྱ་བ་མི་འགྲུབ་པ་དང་། རིན་པོ་ཆེ་གོས་ཁྲུ་གང་དུ་རི་བང་

༼༥༤༢༽

མ་ལོངས་པའང་སྤང་དགོས་པ་ཉིད་དུ་མི་འགྱུར་རོ་ཞེས་སྦྱར་རོ། །བགོ་རིས་སུ་བཅད་པའི་དགེ་འདུན་དང་བགོ་རིས་སུ་མ་བཅད་པའི་དགེ་འདུན་གཉིས་ལས་བགོ་རིས་སུ་མ་བཅད་པའི་དགེ་འདུན་གྱི་དངོས་པོ་ཡང་ངོ་སྟེ་སྤང་དགོས་པ་ཉིད་དུ་མི་འགྱུར་རོ་ཞེས་སྦྱར་རོ། །འདིར་ཆེན་པོ་རྣམས་ནི་སྣོད་སྤྱད་ཕུལ་དགུ་མི་ཤོང་བ་སྤང་མི་དགོས་ཟེར་ཡང་། རྣམ་འབྱེད་ལས་ཕོར་བུ་རྙེད་ན་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །དཔེར་ན་སྣམ་སྦྱར་གྱི་མཐའ་ཚད་མ་ལོངས་ཀྱང་ཁྲུ་གང་སྤང་དགོས་པ་ལྟར། ལྷུང་བཟེད་ཀྱི་མཐའ་ཚང་མ་ལོངས་ཀྱང་ཕོར་བུའམ་སྨན་ཕོར་ལ་སོགས་ཀྱི་དགོས་པ་འགྲུབ་ན་སྤང་དགོས་སོ།་་་་་།དེའི་རྒྱུ་མཚན་ནི་ཊཱི་ཀ་ལས་བདག་གིར་བྱ་བ་མི་འབྱུང་བས་ཞེས་བཤད་དོ། །བགོ་རིས་སུ་བཅད་པའི་དགེ་འདུན་གྱི་དངོས་པོ་་་་་་ཡང་སྤང་མི་དགོས་ཞེས་ཤ་མི་ལ་སོགས་པ་གསུང་ཡང་དེ། ནི་སྤང་དགོས་ཏེ། སྲ་བརྐྱང་འབྱིན་པའི་སྤང་ལྟུང་གི་ཊཱི་ཀ་ལས་སྲ་བརྐྱང་གི་རྙེད་པ་དེ་ཡང་དགེ་འདུན་ལས་མ་བགོས་པའི་གནས་སྐབས་ཁོ་ན་སྤང་བར་བྱ་བ་ཉིད་ཡིན་ཞེས་བཤད་ཅིང་། འགྲེལ་ཆུང་ལས་ཀྱང་ཕྱོགས་བཅུའི་དགེ་འདུན་གྱི་ནི་སྤང་དུ་མི་དབང་ལ། མཚམས་གཅིག་གི་དགེ་འདུན་གྱི་ནི་སྤང་དགོས་ཞེས་བཤད་དོ། །འོ་ན་དགེ་འདུན་དབང་བའི་དངོས་པོ་ལས་འཆང་འཇོག་གི་ཉེས་པ་འབྱུང་ངམ་མི་འབྱུང་ཞེ་ན་བགོ་རིས་སུ་བཅད་པའི་དགེ་འདུན་དབང་བའི་དངོས་པོ་ལས་ནི་འཆང་འཇོག་གི་ཉེས་པ་འབྱུང་ལ། བགོ་རིས་སུ་མ་བཅད་པའི་ཕྱོགས་བཞི་པའི་དགེ་འདུན་དབང་བའི་དངོས་པོ་ལས་ནི་འཆང་འཇོག་གི་ཉེས་པ་མི་འབྱུང་སྟེ། ཊཱི་ཀ་ལས་དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ། དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པ་དང་། དགེ་འདུན་མངའ་བའི་རིས་སུ་མ་བཅད་པའོ། །དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་ཀྱི་རིས་སུ་བཅད་པའི་དངོས་པོ་ལ་ནི་འཆང་བ་དང་འབྲལ་བ་དང་འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་འབྱུང་སྟེ། དེ་ལ་ཐམས་ཅད་གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ། །དགེ་འདུན་མངའ་བས་རིས་སུ་མ་བཅད་པ་ལ་ནི་གང་ཟག་གི་དང་འདྲ་བར་བདག་གིར་བྱ་བར་མི་འབྱུང་བས་དེ་ལ་ནི་སྔར་བསྟན་པ་ཐམས་ཅད་མི་འབྱུང་ངོ་ཞེས་བཤད་དོ། །ཁ་ཅིག་ན་རེ། ཊཱི་ཀ་ལས་དགེ་

༼༥༤༣༽

འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་སུ་ཞེས་གསུངས་པ་དེ་ནི་གང་ཟག་སོ་སོར་བགོས་པ་ལ་དགོངས་པ་ཡིན་གྱི་བགོ་རིས་སུ་བཅད་པའི་དགེ་འདུན་ལ་འཆང་འཇོག་གི་ཉེས་པ་མི་འབྱུང་སྟེ། དགེ་འདུན་ལ་འཆང་འཇོག་གི་ཉེས་པ་འབྱུང་ན་འཆང་འཇོག་གི་དགག་བྱ་འདོད་པ་ཆེས་པ་ཡིན་པའི་ཕྱིར་དགེ་འདུན་ལ་འདོད་ཆེན་གྱི་དགག་བྱ་ཡོད་པར་ཐལ་བར་འགྱུར་ལ། འདོད་ན་དགེ་འདུན་ལ་འདོད་ཆེན་གྱི་དགག་བྱ་མེད་པར་གསུངས་ཏེ། ལུང་ཕྲན་ཚེགས་ལས། ལོངས་སྤྱོད་་་་་་ནི་གྲོང་དང་ཞིང་། དང་ལོངས་སྤྱོད་ཀྱི་མཆོག་་་་་་བ་ལང་དང་མ་ཧེ་སོགས། དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་ཞེས་གསུངས་པ་དང་། དཀོན་མཆོག་གི་དོན་དུ་བསྐྱེད་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། གང་ཟག་སོ་སོར་དགོས་པ་ཡིན་ན། ཊཱི་ཀ་ཉིད་ལས། གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ་ཞེས་བཤད་པས། འདྲ་བའི་ཕྱིར་ན་དངོས་མ་ཡིན་པ་དང་འགལ་ཞིང་། ཊཱི་ཀ་ལས་དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ་ཞེས་དགེ་འདུན་དབང་བར་གསུངས་པ་དང་ཡང་འགལ་ལོ། །འཆང་འཇོག་གི་དགག་བྱ་འདོད་ཆེན་ཡིན་ཡང་དགེ་འདུན་ལ་འདོད་ཆེན་གྱི་དགག་བྱ་ཡོད་པར་ཐལ་བར་མི་འགྱུར་ཏེ། ལྟུང་བ་བསྐྱེད་པ་ལ་བྱ་བ་དེ་འབྲེལ་གྱི་དགག་བྱ་ཡོད་པས་མ་ཁྱབ་པའི་ཕྱིར་མི་དགའ་བའི་བསམ་པ་མ་སྐྱེས་ཀྱང་ངོ་ཞེས་གསུངས་པས་འགྲུབ་བོ། །སྤང་བར་བྱ་བ་འདི་ལ་དངོས་པོ་དེ་ཚིག་གམ་གཏོར་བས་གང་ཟག་དེ་ལ་མེད་པ་དེ་ཉིད་སྤང་བའི་གཙོ་བོའོ།་་་་་བཙོངས་པའམ་བརྗེས་པས་ནི་སྤངས་པའི་གོ་ཆོད་ལ། གནས་སྐབས་དབང་བྱར་མེད་པ་ཙམ་གྱིས་ནི་སྤངས་པའི་གོ་མི་ཆོད་གསུང་ངོ་། །དངོས་པོ་དེ་མེད་པ་ཉིད་དུ་གྱུར་ན། ཞག་འདས་པ་ལ་ལྟོས་ནི་མི་དགོས་ཏེ། བརླག་པར་ཤེས་པ་ཙམ་གྱིས་ཐམས་ཅད་དུ་བདག་གིར་བྱས་པ་དང་བྲལ་བའི་ཕྱིར་རོ་ཞེས་གསུང་ངོ་། །འོན་ཀྱང་འདུལ་བ་ཀུན་ལས་བཏུས་ལས་་་་་་བྱིན་འཕྲོག་གི་སྐབས་སུ། ཕྱིར་སྦྱིན་པ་འདི་ནི་སྤང་ཞིང་བྲལ་བར་བྱ་བའི་ཆོ་ག་ཡིན་ལ་དེའི་འོག་ཏུ་ཞག་གཅིག་ལ་སོགས་པ་ལོན་ན། ལྟུང་བ་དེ་ཕྱིར་བཅོས་པར་བྱའོ་ཞེས་དེ་ཡང་ཞག་འདས་

༼༥༤༤༽

པ་ལ་ལྟོས་པར་བཤད་དོ། །ལྔ་པ་དང་པོ་གསུམ་གྱི་ཐུན་མོང་ནི་ཆོས་གོས་གསུམ་ཚང་བར་སྲ་བརྐྱང་དུ་བཏིང་བ་ལ་བཏིང་བར་ཤེས་བཞིན་སྲ་བརྐྱང་གི་བྱིན་རླབས་ཆགས་ལ་མ་ཞིག་པ་དང་ལྡན་པའི་དགེ་སློང་ཆོས་ཅན། འཆང་འབྲལ་འཇོག་པའི་ལྟུང་བ་འདི་གསུམ་གྱི་རྒྱུན་དང་པོ་ནི་མི་འབྱུང་སྟེ། འཆང་འབྲལ་འཇོག་པའི་བཅས་པ་བག་ཡངས་དང་ལྡན་པའི་ཕྱིར་རོ། །དེ་ཡང་སྲ་བརྐྱང་འདིངས་པའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བྱས་ཀྱང་ལྟུང་བ་འདི་གསུམ་མི་འབྱུང་བར་ནི་མ་ངེས་ཏེ། མདོ་ཉིད་ལས་མི་འབྱུང་བ་ཉིད་ཀྱི་ཁ་སྐོང་དུ་མི་འབྱུང་བ་ཉིད་མ་ཡིན་ནོ་ཞེས་གསུངས་ཏེ།་་་་་དབྱར་ཁས་མ་བླངས་པ་ལ་སོགས་པ། སྲ་བརྐྱང་མི་འབྱུང་བ་ཉིད་ཀྱིས་སྲ་བརྐྱང་འདིངས་པའི་་་་་་དགེ་འདུན་གྱི། གྲངས་ཀྱི་ཁ་བསྐང་དུ་རུང་ཡང་སྲ་བརྐྱང་མི་འབྱུང་བ་དེ་་་་་་འཆང་འབལ་མི་འབྱུང་བ་ལ་སོགས་པ། སྲ་བརྐྱང་གི་ཕན་ཡོན་མི་ཐོབ་པའི་ཕྱིར་རོ། །སྲ་བརྐྱང་བཏིང་ཡང་ཆོས་གོས་སྲ་བརྐྱང་དེ་ཉིད་དང་བྲལ་ན་ནི་འབྲལ་ལྟུང་འབྱུང་སྟེ། ཊཱི་ཀ་ལས་དགེ་སློང་འགའ་ཞིག་སྲ་བརྐྱང་གི་གནས་སུ་བཞག་པར་བྱ་སྟེ། གཞན་དུ་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་རང་འཇུག་པ་དང་བྲལ་བར་འགྱུར་བ་དང་བྲལ་བའི་ཉེས་པར་ཡང་འགྱུར་རོ་ཞེས་འབྲལ་ལྟུང་འབྱུང་བ་དང་སྲ་བརྐྱང་འཇིག་དུས་མཉམ་པར་བཤད་དོ། །དེས་ན་སྲ་བརྐྱང་བཏིང་བ་ལ་འབྲལ་ལྟུང་འབྱུང་ཡང་སྲ་བརྐྱང་ལྡན་པ་ལ་མི་འབྱུང་ངོ་ཞེས་རིག་པར་བྱའོ།་་་་་ཡང་ཡང་ཟ་བ་ལ་སོགས་ཀྱི་ལྟུང་བ་ཡང་སྲ་བརྐྱང་བཏིང་བ་ལ་མི་འབྱུང་བར་ལུང་གཞི་ལས་གསུངས་ན་ཅིའི་ཕྱིར་འདི་གསུམ་ཁོ་ན་སྨོས་ཞེས་ན། ལུང་རྣམ་འབྱེད་ལས་འདི་གསུམ་མི་འབྱུང་བར་གསུངས་པས། དེའི་དོན་བསྡུས་པའོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། སྤང་ལྟུང་ཐུན་མོང་བའི་རྣམ་པར་བཤད་པ་རྫོགས་སོ།།    །།སྤང་བའི་ལྟུང་བྱེད་སོ་སོར་བསྟན་པ་འདི་ལ་བཅུ་ཚན་གསུམ་ལས། བཅུ་ཚན་དང་པོའོ། །དེ་ལ་སྤང་ལྟུང་བཅུ་ལས། དང་པོ་གོས་འཆང་པའི་སྤང་བ་ནི། ཡོད་ནའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ལ་གཉིས་ལས་སྔར་བཅས་ནི་མཉན་ཡོད་དུ་དགེ་སློང་རྣམས་ཆོས་གོས་མང་པོ་འཆང་བར་བྱེད་པ་ལ་བརྟེན་ནས་དགེ་སློང་གིས་ཆོས་གོས་གསུམ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བསླབ་པའི་གཞི་བཅའ་བར་མཛད་

༼༥༤༥༽

དོ། །རྗེས་བཅས་ནི་རྒྱལ་པོའི་ཁབ་ཏུ་འོད་སྲུངས་ཆེན་པོའི་བྱུང་བ་ལ་བརྟེན་ནས་དགེ་སློང་གིས་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་གོས་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང་། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་བདུན་ལས། གོས་ཡིན་པ་སྟེ། གོས་ལའོ་ཞེས་སོ། །རུང་བ་དང་ཁྲུ་གང་དུ་ལོངས་པ་ཡན་ཆད་ཀྱི་ཚད་དང་ལྡན་པ་སྟེ། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་པ་དང་། ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་སོ། །སེལ་བ་ནི་མི་རུང་བ་དང་ཚད་དུ་མ་ཆོག་པ་ལས་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་སྟེ། ཡོད་ནའོ་ཞེས་སོ། །གཞན་དུ་ན་ལྟུང་བ་མེད་དོ། །རང་ཉིད་དབང་བ་ཡིན་ན་སྟེ། རང་གི་ཉིད་དོ་ཞེས་སོ། །གཞན་འབའ་ཞིག་དབང་བའི་གོས་ཡིན་ན་ལྟུང་བ་མེད་དོ། །བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ། འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་ཡིན་པ་སྟེ། གཞུང་ཉིད་ལ་གསལ་ལོ། །ཟླ་འཇོག་གི་གོས་ཁ་བསྐང་བ་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་བསོགས་ཀྱི་གོས་མ་ཡིན་པ་སྟེ། ཟླ་འཇོག་གི་སྐབས་ནས་གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ་ཞེས་སོ། །གཉིས་པ་གང་གིས་འཆང་བའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་སྟེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་དཔྱད་ན་ཞེས་སོ། །ཀུན་སློང་ནི་རང་དོན་དུ་གོས་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་དེ་བྱིན་རླབས་མ་བྱས་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ། བྱ་བ་མི་

༼༥༤༦༽

བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ།་་་་་ལྐུགས་དཀར་བ་ན་རེ་འཆང་བ་གཉིས་དང་ཟླ་འཇོག་ལ་སྦྱར་བ་མེད་ཅེས་ཟེར་ཏེ་འདུལ་བ་བསྡུས་པ་ལས། སྦྱོར་བ་ལ་རྣམ་པ་གཉིས་ཏེ། བྱ་བ་དང་བྱ་བ་མ་ཡིན་པའི་སྦྱོར་བའོ། །ཞེས་གསུངས་པ་དང་འགལ་ལོ། །མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །ཡན་ལག་གི་དོན་ནི་ཡོད་ནའོ་ཞེས་པ་བྱིན་གྱིས་བརླབས་པ་ལ་རང་དབང་དུ་ཡོད་ན་སྟེ། གོས་དེ་གཞན་གྱི་མཛོད་དམ་པར་ཚུད་པ་་་་་་ཅིང་ལྡེ་མིག་ཡུལ་གཞན་དུ་ཁྱེར་བའམ་གོས་དེ་ཡུལ་གཞན་དུ་ལུས། ལ་སོགས་པ་ལ་ནི། བྱིན་རླབས་མེད་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་མི་འབྱུང་སྟེ། རང་དབང་དུ་བྱིན་གྱིས་བརླབས་ཏུ་མེད་པའི་ཕྱིར་རོ་ཞེས་བླ་མ་རྣམས་གསུང་ངོ་། །ཁ་ཅིག་ན་རེ་དེ་ལ་ཡང་ཞག་བཅུ་འདས་ན་འཆང་ལྟུང་དུ་འགྱུར་ཏེ། བསྔོ་བ་ལ་རང་དབང་དུ་ཡོད་པའི་ཕྱིར་ཞེས་ཟེར་རོ། །འོན་ཀྱང་་་་་་གཞན་གྱི་མཛོད་དུ་ཚུད་པའི། གོས་དེ་གཞན་ལ་བསྔོས་ནས་བྱིན་མ་བྱིན་གཉིས་ལས། བསྔོས་པ་མ་བྱིན་ན་ཉེས་བྱས་སུ་འགྱུར་ལ་གོས་དེ་གང་ལ་བསྔོས་པ་དེ་ལ་བྱིན་ན་ཡང་བདག་ཉིད་ཆོས་གོས་ཀྱིས་ཕོངས་པར་འགྱུར་མི་འགྱུར་གཉིས་ལས། གཉིས་པ་ལྟར་ན་ནི་གོས་དེ་གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ན་འཆང་ལྟུང་དུ་འགྱུར་བ་བདེན་ཡང་། དང་པོ་ལྟར་ན་ཆོས་གོས་དེ་་་་་་བྱིན་རླབས་མེད་ཅིང་། གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་མི་འབྱུང་སྟེ། ལོངས་སྤྱོད་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པའི་ཕྱིར་རོ། །ཞག་བཅུ་རྗེས་སུ་ཞུགས་པ་ཞེས་གསུངས་ཏེ། འོ་ན་གོས་བྱིན་གྱིས་མ་བརླབས་པར་ཞག་བརྒྱ་ལ་སོགས་པ་འདས་ན་ཅིར་འགྱུར་ཞེ་ན། འདི་ལ་སྔ་རབས་ཀྱི་འདུལ་འཛིན་རྣམས་ལ་འདོད་ལུགས་བཞི་བྱུང་སྟེ། འཆང་ལྟུང་ཁ་སྦྱར་བའི་ཚེ་ཡིན་ཟེར་བ་དང་། དཀར་འབྱམ་དུ་འདོད་པ་དང་། ནག་འབྱམ་ཆུང་ངུར་འདོད་པ་དང་། ནག་འབྱམ་ཆེན་པོར་འདོད་པའོ། །བླ་མ་རྣམས་ནི་ནག་འབྱམ་ཆེན་པོ་སྟེ། འཐད་ལྡན་དུ་འདོད་དོ། །ཞག་བཅུ་ནས་ཞག་རེ་རེ་ལ་སྤང་ལྟུང་རེ་རེ་འབྱུང་སྟེ་གྲོང་རྒྱུ་བའི་ཊཱི་ཀ་ལས་ཁྱིམ་རེ་རེར་སོང་བ་ལས་ལྟུང་བྱེད་རེ་རེ་འགྱུར་ཞེས་ནག་འབྱམ་དུ། གསུངས་པ་དང་། པུ་ནྱ་ཤྲཱི་གདམས་ངག་ལས་ཀྱང་ནུབ་ལྷག་པར་ཉལ་བས་མཚན་མོ་གསུམ་པ་ནས་ནུབ་རེ་རེ་ལ་ལྟུང་བྱེད་རེ་རེ་འགྱུར་བར་གསུངས་པ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རིགས་པས་ཀྱང་ཞག་རེ་རེ་ལ་དགག་བྱ་སྔ་མའི་རྒྱུན་གནས་པའི་ཕྱིར་རོ། །འོ་ན་སྤངས་པའི་ནུབ་མོ་ཡང་འཆང་བའི་

༼༥༤༧༽

སྤང་ལྟུང་འབྱུང་བར་འགྱུར་རོ་ཞེ་ན། དེའི་ཚེ་ན་འཆང་ལྟུང་མི་འབྱུང་སྟེ་གནས་སྐབས་དབང་དུ་བྱར་མེད་པའི་ཕྱིར་རོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་གསུངས་པ་འདི་དང་། ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་གསུངས་པ་འགལ་ཞེ་ན། ཆུང་བ་ཁྲུ་གང་ཡན་ཆད་ལས་ཀྱང་འཆང་བའི་སྤང་ལྟུང་དུ་འགྱུར་མོད་ཀྱི། ཁ་བསྐང་བ་ལ་རེ་བ་ཡོད་ཀྱང་ཟླ་འཇོག་ཏུ་མི་འགྱུར་བར་འཆང་ལྟུང་དུ་འགྱུར་བའི་གོས་ཀྱི་མཐའ་ཚད་བསྟན་པའི་ཕྱིར་་་་་་པུས་མོའི་འཁོར་ལོ་གཉིས། ལྟེ་བའི་འཁོར་ལོ་སྟེ། འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་གསུངས་སོ། །འགྲེལ་ཆུང་ལས་་་་་་འཁོར་གསུམ་ཁེབས་པའི་མཐའི་ཚད། འདི་ནི་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་སུ་རུང་བ་ཚད་ཅེས་བཤད་དེ། ཚད་དེ་ལ་ཆོས་གོས་གསུམ་གྱི་བྱིན་རླབས་ཆགས་པས་ཟླ་འཇོག་ཏུ་འཇོག་པ་མ་གནང་བའོ། །ཞག་ཤན་ཁྱད་པར་ཅན་ནི་འབྲེལ་ཀྱང་ཞེས་པ་ནས་སོ། །ད་ནི་འབྲལ་བའི་སྤང་བ་འཆད་དེ། ལུང་ཕྲན་ཚེགས་ལས་དགེ་་་་་་དགེ་སློང་རྣམས་གདིང་བ་མེད་པར་ཡུལ་གཞན་དུ་དོང་བ་ན་དེ་རྣམས་འགྱོད་པར་གྱུར་པ་ལས་འདི། སློང་དག་ངས་ཆོས་གོས་གསུམ་དང་འབྲལ་བ་ནི་གསུངས་ཀྱི། གདིང་བ་དག་ནི་མ་ཡིན་ཏེ། ཞེས་གསུངས་པ་འདིར་བསྡུས་ཏེ། གདིང་བ་དང་བྲལ་བ་ལ་ནི་ཞེས་སོ། །ཆ་ལུགས་པ་རྣམས་འདིར་མི་རྒྱབ་ནག་པོའི་གླིང་གཞིའི་འདྲེན་དེ་ནོར་རོ།་་་་་མ་རྙེད་ན་བླ་གོས་བཞི་བལྟབས་སུ་བྱས་པའི་སྟེང་དུ་ཉལ་བ་གནང་གི གདིང་བ་མེད་པར་དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱོད་པ་མ་གནང་སྟེ་གདིང་བ་མི་འཁྱེར་བའི་རྒྱུར་འགྲོ་འགོག་པའོ། །དགེ་སློང་དང་བཅས་པ་ཉིད་དང་ཞེས་པ་ལ་སོགས་པ་ནི་ལུང་གོས་ཀྱི་གཞི་ལས་སྣམ་སྦྱར་བཞག་ཏུ་རུང་བ་ནི་ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་གླེགས་དང་བཅས་པ་དང་། ཆར་འབབ་པའམ་ཆར་འབབ་ཏུ་དོགས་པ་དང་། འབབ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་དང་། སྲ་བརྐྱང་གཏིང་བའི་གནས་དང་། དགེ་འདུན་གྱི་གནང་བ་བྱིན་པར་གྱུར་པའོ་ཞེས་གནང་བ་ལྔ་གསུངས་པའི་ཤུགས་ཀྱིས་དགག་པ་ལྔ་བསྟན་པ་རྣམས་་་་་་དགེ་སློང་དང་བཅས་པ་ཉིད་དང་སྒོ་གླེགས་དང་བཅས་པའི་གནས་གཞན་དག་ཏུ་སྣམ་སྦྱར་མེད་པར་གང་ཡང་འགྲོ་བས་མི་བྱའོ། །ཆར་འབབ་པ་དང་། འབབ་ཏུ་དོགས་པ་མེད་ན་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན་རྣམ་སྦྱར་མེད་པར་གང་ཡང་འགྲོ་བར་མི་བྱའོ། །གནང་

༼༥༤༨༽

བ་མ་བྱིན་པས་སྣམ་སྦྱར་མེད་པར་གང་ཡང་འགྲོ་བར་མི་བྱའོ། །སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གང་ཡང་འགྲོ་བར་མི་བྱའོ་ཞེས་ལྔ་པོ་དེ། མདོ་འདིར་བསྡུས་པའོ། །སྐབས་འདིར་མུ་བཞི་སྲིད་དེ།་་་་་ཆུད་འཛའ་བྱེད་ཆར་འབབ་པ་དང་འབབ་ཏུ་དོགས་པ་དང་ཆུ་ཀླུང་གིས་ཆོད་པར་འགྲོ་བ་ཡོད་ཅིང་ཆུད་འཛའ་བ་སྲུང་བྱེད་དགེ་ང་དང་བཅས་པ་དང་སྡོམ་བྱེད་སྒོ་གླེགས་དང་བཅས་པ་ཡོད་པ་སྟེ། སྣམ་སྦྱར་་་་་་འགྲོ་བ་ཚེ་ཆུད་འཛའ་བྱེད་དང་་་་་་བཞག་ན་ཆུད་འཛའ་བ་སྲུང་བྱེད་གཉིས་ཀ་ཡོད་པ་དང་། གཉིས་པ་མེད་པ་དང་། ཆུད་འཛའ་བྱེད་ཡོད་ལ་དེ་སྲུང་བྱེད་མེད་པ་དང་། ཆུད་འཛའ་བྱེད་མེད་ལ་ཆུད་འཛའ་བ་སྲུང་བྱེད་ཡོད་པའོ། །མུ་དང་པོ་ལ་སྣམ་སྦྱར་ཁྱེར་ན་ཉེས་བྱས་དང་། མུ་གཉིས་པ་དང་གསུམ་པ་ལ། སྣམ་སྦྱར་མ་ཁྱེར་ན་ཉེས་བྱས་སུ་འགྱུར་བ་ནི་་་་་་གནང་བ་ཐོབ་རུང་མ་ཐོབ་རུང་སྲ་བརྐྱང་བཏིང་རུང་མ་བཏིང་རུང་། གང་ཟག་ཐམས་ཅད་ལའོ།་་་་་མུ་གསུམ་པ་འདིར་ཆར་འབབ་པ་ལ་སོགས་པ་ཡོད་ཀྱང་སྣམ་སྦྱར་མ་ཁྱེར་བར་བཞག་སྟེ་འགྲོ་ན་ཉེས་བྱས་སུ་འགྱུར་བ་ནི། ཆུད་ཟོས་པ་ལས་གཏན་བརླག་དགག་བྱ་ཆེ་བའི་ཕྱིར་རོ། །མུ་བཞི་པ་ལ། སྣམ་སྦྱར་མ་ཁྱེར་་་་་་བར་གཞི་ལ་བཞག་སྟེ་འགྲོ། ན་ཉེས་བྱས་སུ་འགྱུར་བ་ནི་གང་ཟག་གི་བྱེ་བྲག་ལ་སྟེ། གནང་བ་མ་བྱིན་པ་དང་སྲ་བརྐྱང་མ་གཏིང་བའི་དགེ་སློང་ལ་ཉེས་བྱས་འདི་བསྐྱེད་ཀྱི་གནང་བ་བྱིན་པ་དང་སྲ་བརྐྱང་བཏིང་བ་ལ་ནི་ཉེས་པ་མེད་དོ། །ཆོས་གོས་ཀྱི་ཕྱུང་སྟེ་ཞེས་པ་ནི་ལུང་ཕྲན་ཚེགས་ལས་སྔ་མ་རང་གི་སེམས་ཀྱིས་ཕྱུང་སྟེ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་ལ། འགྲེལ་ཆུང་ལས་ཆོས་གོས་དེ་ལག་ན་འདུག་པ་ཙམ་དུ་བསམས་ཏེ་གྲོགས་པོ་གཅིག་གི་གནས་སུ་དབྱུང་བའི་སྔགས་བྱས་ལ་ཞེས་སོ། །གཞུང་དེ་གཉིས་འགལ་ལམ་སྙམ་ན།་་་་་ཕྱི་མ་ནི་དགེ་སློང་གཞན་ཡོད་པའི་དབང་དུ་བྱས་པ་དང་། སྔ་མ་ནི་དགེ་སློང་གཞན་མེད་པའི་དབང་དུ་བྱས་པ་སྟེ། ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབས་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱི་རྣམ་པར་བརྟགས་པས་འཆགས་སོ་ཞེས་འབྱུང་བས་སོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན་ཞེས་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་བྱིན་པ་འདིའི་སྤྱི་དོན་ལ་གཉིས་ལས་དང་པོ་དགོས་པའི་དོན་ནི། སྣམ་སྦྱར་དང་བྲལ་ཡང་ལྟུང་བ་མི་འབྱུང་བ་དང་། ལས་ཀྱི་ཆོ་གས་བྱིན་པས་བཅས་པ་འདིའི་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་ཀྱི་གཞིར་འཆད་ཅིང་། རྒན་པའམ་ནད་པ་ཡིན་པ་དང་། སྔར་གནང་བ་བྱིན་པ་དང་མ་

༼༥༤༩༽

འབྲེལ་བ་སྟེ། རྒན་པོ་དང་ནད་པ་དག་ལའོ་ཞེས་པ་དང་། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་་་་་་འཁོར་དང་འཁོར་མང་ཉེ་བར་འཇོག་སོགས་ལ་གསུངས། པའི་གནད་ཀྱིས་སྦྱར་བའོ། །གཉིས་པ་རྟེན་གང་གིས་གནང་བ་བྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་གཞི་གང་ལ་གནང་བ་བྱིན་པ་ནི་སྣམ་སྦྱར་ལྕི་བ་ཡིན་ན་ཞེས་སོ། །སྣམ་སྦྱར་ཡང་བ་དང་བླ་གོས་དང་མཐང་གོས་གཉིས་ལ་ནི་གནང་བ་འདི་མི་འཆགས་ཏེ་གནང་བར་འཆགས་པའི་རྐྱེན་མེད་པའི་ཕྱིར་དང་། དེ་གཉིས་མ་ཁྱེར་ན་རབ་ཏུ་བྱུང་བའི་རྟགས་ཙམ་ཉམས་པར་འགྱུར་བས་དགག་བྱ་ཆེ་བའི་ཕྱིར་རོ། །བཞི་པ་ཆོ་ག་གང་གིས་གནང་བ་བྱིན་པ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བའི་ཆོ་ག་ནི་བཞི་་་་་་ལུང་ལས་གསུངས། སྟེ། འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། ཕྱག་འཚལ་ཞིང་་་་་་ལུང་ལས་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟན་པ་དང་། དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་པ་དང་། གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་གནང་བ་འཇིག་པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་བཅས་པ་དང་ཤི་བ་དང་ནད་བསོས་པར་གྱུར་པ་ལ་སོགས་པའོ།་་་་་མཚན་གྱུར་གྱི་སྐབས་ལས་འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་པ་དང་། བཅས་པ་འདིར་ཆགས་པའི་ཞིང་མ་ཡིན་པར་གསུངས་པའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །འབྲལ་བའི་ལྟུང་བའི་རྣམ་པར་བཞག་པ་ནི། བྱིན་གྱིས་བརླབས་པ་དང་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཆོས་གོས་དང་བྲལ་བར་བྱེད་པ་ལས་སྤང་བའི་ལྟུང་བྱེད་བཅས་པའོ། །དགག་བྱ་ནི་བསྙེན་རྫོགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཉམས་པ་དང་། ཆོས་གོས་གསུམ་ཆུད་ཟོས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གང་ཡང་རུང་བ་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འབྲལ་བའི་དངོས་པོ་དང་། གང་དུ་འབྲལ་བའི་གནས་དང་། གང་གིས་འབྲལ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། ཆོས་གོས་གསུམ་

༼༥༥༠༽

ལས་གང་ཡང་རུང་བ་དང་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་ཡང་རུང་བ་དང་ངོ་ཞེས་གསུངས་སོ། །དེ་གསུམ་ལས་གཞན་གདིང་བ་ལ་སོགས་པ་དང་བྲལ་ཡང་ཉེས་པ་མེད་དོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་དང་ལྡན་པ་སྟེ། བྱིན་གྱིས་བརླབས་པ་ནི་བྱེད་པ་པོ་ཉིད་དོ་ཞེས་པས་སོ། །མཁོ་བ་དང་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་བྱིན་རླབས་མེད་པའི་ཆོས་གོས་དང་བྲལ་བ་ལ་ནི་ཉེས་པ་མེད་དོ།་་་་་གནས་སུ་ཕྱིན་པར་མི་འགྱུར་ན་བྱིན་རླབས་འཕྱུང་སྟེ་ཞེས་བཤད་པས་སོ། །རུང་བ་དང་། ཆོས་གོས་རང་རང་གི་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །དགོན་པ་བས་འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པ་མ་ཡིན་པ་སྟེ། དགོན་པ་བའི་ཆོས་གོས་གཅིག་ལ་ནི་ཞེས་པས་སོ། །གཉིས་པ་གང་དུ་འབྲལ་བའི་གནས་ནི། ཆོས་གོས་ཀྱི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ། དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ན་ཞེས་སོ། །གསུམ་པ་གང་གིས་འབྲལ་བའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང་། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་དང་། འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པའི་ཆ་ནས་དགོན་པ་བའི་ཡི་དམ་དང་མི་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་ཆོས་གོས་དང་མཚམས་ཐ་དད་དུ་འབྲལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཆོས་གོས་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །མཐར་ཐུག་ནི་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་མའོ། །ཡན་ལག་གི་དོན་ནི། བྱིན་གྱིས་བརླབས་པ་དང་ཞེས་སོ། །མདོ་རྩ་བ་དང་རང་འགྲེལ་ལས་སྐྱ་རེངས་ཤར་ནའོ་ཞེས་གསུངས་པ་དང་། དེའི་ཊཱི་ཀ་ལས་སྐྱ་རེངས་དང་པོ་འཆར་ཀའི་སྐད་ཅིག་མ་དང་པོ་ལའོ་ཞེས་གསུངས་ཏེ་གཞུང་དེ་དག་སྐད་ཅིག་སྔ་ཕྱི་འགལ་ལོ་སྙམ་ན། མཚན་མོ་མཐའི་སྐད་ཅིག་སྟེ་སྐྱ་རེངས་འཆར་ཀའི་སྐད་ཅིག་ཉིད་ན་དངོས་གཞི་བསྐྱེད་ཅིང་། སྐྱ་རེངས་ཤར་བ་ན་དངོས་གཞི་སྐྱེས་པ་སྟེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས།་་་་་འབྲལ་བའི་སྐབས། ནུབ་གཅིག་གིས་མཐར་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་མའི་རྣམ་འབྱེད་ཀྱི་འབྲལ་བའི་སྤང་བའི་སྐབས་ལས་སྐྱ་རེངས་ཤར་ན་

༼༥༥༡༽

སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་ཤིང་འགྲེལ་ཆུང་ལས་ཀྱང་སྐྱ་རེངས་བྱུང་བ་ན་ཆོས་གོས་དང་འབྲལ་བའི་སྤང་བའི་ལྟུང་བར་འགྱུར་རོ་ཞེས་སོ། །ཁང་པ་གཅིག་ལ་བདག་པོ་ཐ་དད་པ།་་་་་བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་སེག་དང་རེ་ལྡེ་ལ་སོགས་པ་རྣམས་ནི་གནས་་་་་་དངོས་གཞི་བསྐྱེད་པ། ཐ་དད་པ་ཉིད་དོ་སྟེ། ཞུ་བ་ལས་བཙུན་པ་དགེ་སློང་གིས་གནས་གཅིག་ལ་སྟེང་གཡོགས་ཀྱང་གཅིག་པར་གནས་པ་་་་་་གནས། དེ་ཉིད་དུ་ཆོས་གོས་ཀྱང་བཞག་ན་ཆོས་གོས་དང་བྲལ་བར་གྱུར་པ་མཆིས་སམ། ཡོད་དེ་གནས་དེར་མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་དང་ཀུན་ཏུ་རྒྱུ་རྣམས་དང་སྤུན་སོ་སོར་བགོས་པ་རྣམས་སུའོ་ཞེས་གསུངས་སོ། །ནོར་ཐ་དད་ཀྱང་གནས་ཁང་སོ་སོར་མ་བགོས་ན་མི་འབྲལ་ཏེ། ཊཱི་ཀ་ལས་་་་་་ནོར་སོ་སོར་བགོས་པའི་སྤུན། བདག་པོ་མང་པོ་་་་་་ཁང་པ་དབང་པའི། དོན་གཅིག་པ་དག་ཆ་སོ་སོ་་་་་་བགོས་པ། མ་ཡིན་པར་ཁྱིམ་གཅིག་པའི་ཚུལ་གྱིས་གནས་པ་དེ་ནི་བར་གྱི་མཚམས་ཐ་དད་པ་ཉིད་མ་ཡིན་ཏེ། སྤུན་་་་་་ཁང་པ་མ་བགོས་པའི་ཁྱིམ་གཅིག་པའི། ལ་སོགས་པ་ཐམས་ཅད་ལ་་་་་་ཁྱིམ་གཙོ་བོ་ཉིད་ཡིན་པའི་ཕྱིར་ཞེས་སོ། །ཁྱིམ་རྗེ་དཔོན་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །སྐབས་་་་་་བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ་ཞེས་པའི། འདིར་ཊཱི་ཀ་ལས་མདོ་འདི་ལ་དགག་པ་བསྡུ་བར་ནི་མི་འགྱུར་ཏེ། དེས་ན་མདོ་འོག་མའི་རྗེས་སུ་ཡང་སྦྱར་རོ་ཞེས་པ་ནི་བདག་པོ་གཅིག་པ་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་ཅེས་དངོས་སུ་སྨོས་པས། བདག་པོ་གཅིག་པ་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་མ་ཡིན་ཏེ་ཞེས་ཤུགས་ཀྱིས་བསྟན་ཏེ། ཐ་དད་པ་ཉིད་མ་ཡིན་ནོ་ཞེས་པའི་དགག་པ་དེ་ནི་མདོ་རྩ་བར་དངོས་སུ་བསྡུས་པ་དེ་ནི་མ་ཡིན་ཏེ། དགག་པ་དེ་ནི་མདོ་འོག་མ་ནོར་ལས་ཐ་དད་པ་མ་ཡིན་པའི་ཡང་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་སྨོས་པའི་རྗེས་སུ་མཐུན་པ་ཡང་སྦྱར་རོ་ཞེས་པའོ། །ཊཱི་ཀ་ལས་ད་ནི་མདོ་བརྩམས་པའི་འབྲས་བུ་བསྟན་པར་བྱ་སྟེ་ཞེས་པ་ནི་འབྲས་བུ་ཞེས་པ་སྐབས་འདིར་ལུང་རྣམ་འབྱེད་ལས། ཁྱིམ་གཅིག་དང་ནི་ཁྱིམ་གཉིས་དང་། །ཁྱིམ་གྱི་ཚོགས་དང་ལྡན་པ་དང་། །རྩིག་པ་རིབ་མ་འོབས་སྐོར་

༼༥༥༢༽

དང་། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །རྟེན་འགྲོ་མུ་སྟེགས་འཚོང་རྡལ་དང་། །འཚོང་ཁང་དགྲ་ཁང་གཡུལ་ཁང་ནི། །གཡུལ་ཚོམས་གྲུ་དང་ཤིང་རྟ་དང་། །ལྗོན་ཤིང་ཀུན་དགའ་ར་བ་ཡིན། །ལམ་དུ་འགྲོ་སྡོད་ཉལ་འདུག་དང་། །ཐད་ཀར་ཡང་ནི་དེ་བཞིན་ཏེ། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་སོ། །རྣམ་བཞིར་བྱ་བ་གྲོང་ཞེས་པ་ནི་གྲོང་ཉེ་འཁོར་གཅིག་པ་དང་གྲོང་ཉེ་འཁོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་ཉེ་འཁོར་ཐ་དད་པའོ། །རྣམ་བཞིར་བྱ་བ་ཁྱིམ་ཞེས་ཀྱང་དེ་བཞིན་དུ་སྦྱར་རོ། །རྣམ་འབྱེད་འགྲེལ་ལས་སྟེན་འགྲོ་ནི་རོལ་མོ་མཁན་གྱི་བྱེ་བྲག་གོ །ཚོང་རྡལ་ནི་ཚོང་་་་་་དེར་ཉིན་མོ་ཟོང་ཁྱེར་ཏེ། ཟོང་འཚོང་བར་བྱེད་པའི་གནས་སོ། །ཚོང་ཁང་ནི་ཟོང་་་་་་དེར་མཚན་མོ་ཡང་གནས་ཤིང་། གཙོང་བའི་གནས་སོ། །དགྲ་ཁང་ནི་དགྲ་བསྲུང་བའི་གནས་སོ་ཞེས་བཤད་དོ། །ཊཱི་ཀ་ལས་གཡུལ་ནི་ལོ་ཏོག་བཅགས་པའི་གཞིའི་ཞེས་སོ། །གཡུལ་ཚོམས་ནི་དེའི་ཚོམས་སོ་སོ་སྟེ། དེ་དག་ཐམས་ཅད་ལ་རང་རང་གི་ཐུན་མོང་གི་གནས་དང་མི་འབྲལ་ལོ། །ནོར་ལས་དང་ལྟ་བ་ལས། དད་པ་ཐ་དད་པ་མ་ཡིན་པའི་ཡང་་་་་་གནས། ཐ་དད་པ་མ་ཡིན་ནོ་ཞེས་སྦྱར་ཏེ། །ཡང་ངོ་ཞེས་པ་འདི་ནི་མདོ་སྔ་མ་ལ་བསྙེག་པ་མ་ཡིན་གྱི། མདོ་འདི་ཉིད་ཀྱི་ཚིག་གི་ཆ་ཤས་སྔ་མ་་་་་་ཐ་དད་མ་ཡིན་ཞེས་པ། ལ་སྙེགས་སོ། །ཡལ་ག་དང་ཞེས་པ་ལ་སོགས་པ་ནི་དགེ་སློང་ལྗོན་ཤིང་ལ་བརྟེན་ཅིང་་་་་་གཙུག་ལག་ཁང་གི གནས་ན་ཆོས་གོས་འབྲལ་བ་དང་མི་འབྲལ་བ་སྟོན་ཏེ། ཡལ་ག་དང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ནི་རྩ་བ་ཐ་དད་ཀྱང་གནས་གཅིག་པ་་་་་་ནགས་ཚལ་ཏེ། སྟེ་བདག་པོ་གཅིག་ན་དབུས་ནས་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་གནས་གཅིག་པ་ཉིད་དོ།་་་་་དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་ཐ་དད་པ་ཉིད་ཅེས་སོ། །ལྗོན་ཤིང་གི་ཡལ་ག་ཐ་དད་པ་རྣམས་ཀྱི་རྩ་བ་ཐུན་མོང་དེ་་་་་་གཙུག་ལག་ཁང་གི གནས་ཁང་ཐ་དད་པ་རྣམས་ཀྱི་ལྕགས་རིས་ཐུན་མོང་གི་སྡུད་བྱེད་དུ་འདྲ་ཡང་།་་་་་གཙུག་ལག་ཁང་གི གནས་ཁང་ཐ་དད་ནི་མ་རེག་ཀྱང་མི་འབྲལ་ལ་ཤིང་ལྗོན་པའི་ཡལ་ག་ཕན་ཚུན་མ་རེག་ན་འབྲལ་བའི་རྒྱུ་མཚན་ནི།་་་་་ཡལ་ག་ཕན་ཚུན་མ་རེག་པ། དེ་ལ་ཉེ་འཁོར་འབྲེལ་བ་མེད་དེ། ནམ་མཁའ་མཚམས་གཞན་གྱིས་བར་དུ་ཆོད་པའི་ཕྱིར་ཞེས་གསུངས་སོ། །ལྗོན་ཤིང་ཉེ་

༼༥༥༣༽

འཁོར་ཐ་དད་པ་ལ་སོགས་པ་མདོ་རྩ་བར་བསྡུས་ལ། སྟེན་འགྲོ་མུ་སྟེགས་ཚོང་རྡལ་ལ་སོགས་པ་རྣམས་འདིར་མ་བསྡུས་པའི་རྒྱུ་མཚན་ཅི་ཞེ་ན། ལྗོན་ཤིང་གི་སྐབས་རྣམས་འདིར་བསྟན་པས་སྟེན་འགྲོ་ལ་སོགས་ཀྱང་མཚོན་ནས་རྟོགས་པར་བྱ་བའི་ཕྱིར་རོ་ཞེས་གསུངས་སོ། །འོན་ཀྱང་སྟེན་འགྲོ་ལ་སོགས་པ་རྣམས་ཀྱང་མདོ་རྩ་བར་དངོས་སུ་བསྡུས་ཏེ། ཉེ་འཁོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་པ་དང་། གནས་དེའི་འཕྲལ་གྱི་བྱ་བ་དང་ཞེས་པ་དང་། ཐུན་མོང་བ་དག་གིས་ཞེས་པས་བསྡུས་སོ། །དེའང་མདོ་གསུམ་པོ་དེ་རྣམས་ཀྱི་དོན་ལུང་ལས་སྟེན་འགྲོ་མུ་སྟེགས་ཚོང་རྡལ་ལ་སོགས་པ་རྣམས་ཀྱི་སྐབས་སུ་རེ་རེ་ནས་གསུངས་ཏེ། ལུང་དེ་རྣམས་མདོ་གསུམ་པོ་དེ་དག་ཏུ་བསྡུས་སོ། །བ་གླང་དྲུག་གིས་དྲངས་དགོས་པའི་ཤིང་རྟའི་ལམ་གྱི་ཞེང་ཚད་ནི་འདོམ་དགུ་སྟེ། དེ་ཡང་བ་གླང་དྲུག་ལ་གཉའ་ཤིང་གཏད་དེ་གྲལ་བྱས་པ་ན། བ་གླང་དྲུག་གི་བར་ལྔ་ལ་འདོམ་ལྔ་དང་བ་གླང་རེ་རེའི་ངོས་ལ་འདོམ་ཕྱེད་ཕྱེད་དེ་འདོམ་གསུམ་དང་། མཐའ་གཉིས་སུ་འདོམ་ཕྱེད་ཕྱེད་དེ་འདོམ་གང་དང་བཅས་པ་འདོམ་དགུའོ་ཞེས་གསུང་ངོ་། །ཤིང་རྟ་སྨྱིག་མ་ཅན་གྱི་ལམ་གྱིས་ཇི་ཙམ་དུ་ཁྱབ་པའོ་ཞེས་སྦྱོར། རྩིག་པས་བསྐོར་བ་ལ་སོགས་པ་གསུམ་གྱི་ཉེ་འཁོར་གསུམ་ནི་འདོམ་དགུ་དང་དྲུག་དང་གསུམ་གོ་རིམ་བཞིན་ནོ། །དེ་ལྟར་ཉེ་འཁོར་ཆེ་འབྲིང་གསུམ་འོང་བ་ནི་ལོངས་སྤྱོད་ཆེ་འབྲིང་ཆུང་གསུམ་ཡོད་པའི་དབང་དུ་བྱས་པ་སྟེ། གོ་རིམ་བཞིན་དུ་ཤིང་རྟ་དང་ར་ལུག་དང་ཕྱག་དར་གྱིས་མཚོ་ནས་བྱུང་བས་ཤེས་སོ་ཞེས་གསུང་ངོ་། །གྲོང་གཅིག་ལ་རྩིག་པ་རིབ་མ་འོབས་དང་གསུམ་གས་བསྐོར་བ་ལ་ཉེ་འཁོར་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་གཉིས་བསྡུས་ཏེ། སྤོ་པ་སྤྱོད་་་་་་པ་ན་འཆབ་པ་ཡུན་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་སྡུད་པར་གསུངས། པའི་གནད་ཀྱིས་སྦྱར་རོ། །ཊཱི་ཀ་ལས་རྩིག་པས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་འོབས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་དང་པོ་ཤོས་ནི་བསམ་པས་རིས་སུ་བཅད་པའི་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་འོབས་ཀྱིས་བསྐོར་བའི་གྲོང་གི་འོག་མ་ཤོས་ནི་བྱ་བ་སྒྲུབ་པའི་ཉེ་འཁོར་ཡིན་ཏེ་ཞེས་པ་ནི་བསམ་པས་རིས་སུ་བཅད་པ་དང་། བྱ་

༼༥༥༤༽

བ་སྒྲུབ་པ་ལ་ལྟོས་པ་སྟེ། འདི་ཚུན་ཆད་ཉེ་འཁོར་དུ་རྩིའོ། །ཞེས་བསམ་པས་རིས་སུ་བཅད་པ་དང་། བཤང་བ་དང་ཕྱག་དར་བོར་བ་ལྟ་བུའི་བྱ་བ་སྒྲུབ་པ་ལ་ལྟོས་ཏེ་ཉེ་འཁོར་དུ་རྩིའོ། །ཉེ་བར་སྤྱོད་པའི་ཉེ་འཁོར་ནི། གནས་དེའི་འཕྲལ་གྱི་བྱ་བ་་་་་་ལུང་རྣམ་འབྱེད་ལས། འབྲས་དྲུ་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། ཁྱིའུ་སུས་བྱེད་པ་དང་། འབྲུ་འཕྱར་བར་བྱེད་པ་དང་། ཉོ་འཚོང་བྱེད་པ་དང་། འཇལ་བར་བྱེད་པ་དང་། གཞན་དུ་འགྲོ་བའི་ཚེ་ཁལ་འགེལ་བ་ལྟ་བུ་དང་། འདུག་པའི་ཕྱིར་འོངས་པ་ན་ཁལ་འབོགས་པ་ལྟ་བུ། བྱ་བ་དེ་རྣམས་ཀྱི་རྡུལ་དག་གིས་མཚམས་དེར་གཏོགས་པ་ཇི་ཙམ་དུ་ཁྱབ་པ་དེ་ཉེ་འཁོར་ཡིན་པའོ། །ཉེ་བར་སྤྱོད་པའི་འདི་ནི་གྲོང་ཁྱེར་གྱི་སྒོ་མོའི་དྲུང་ལྟ་བུ། ཕྱོགས་གཅིག་ན་ཡོད་ཀྱི་ཕྱོགས་ཐམས་ཅད་དུ་འཁོར་བ་ནི་མ་ཡིན་ནོ། །ལོངས་སྤྱོད་ཆེ་ཆུང་གི་ཁྱད་པར་གྱིས་ཉེ་བར་སྤྱོད་པའི་ཉེ་འཁོར་དེ་ཡང་ཆེ་ཆུང་དུ་འགྱུར་དེ་ཚད་ངེས་པ་མེད་དོ། །ལམ་དུ་འགྲོ་བའི་ཉེ་འཁོར་ནི་མཚམས་མེད་པའི་ལམ་དུ་འགྲོ་བ་ལ་ནི་ལུང་རྣམ་འབྱེད་ལས་དགེ་སློང་གི་ཆོས་གོས་དག་དགེ་སློང་ལ་གཏད་དེ་ལམ་དུ་འགྲོ་ན་དེའི་ཉེ་འཁོར་གང་ལགས། ངས་བྲམ་ཟེ་གྲོ་བཞིན་སྐྱེས་པ་ལ་ཨ་མྲའི་སྡོང་པོ་མེ་ཏོག་དང་འབྲས་བུ་དང་ཡལ་གའི་ཚོགས་ཕུན་སུམ་ཚོགས་པ་འདོམ་བདུན་གྱིས་བར་དུ་ཆོད་པའི་ཨ་མྲི་སྡོང་བོ་བདུན་པོ་དེ་དག་ལ་འདོམ་བཞི་བཅུ་རྩ་དགུ་ཡོད་པར་བསྟན་པ་དེ་དག་ནི་དགེ་སློང་ལམ་དུ་འགྲོ་བའི་ཆོས་གོས་ཀྱི་ཉེ་འཁོར་ཡིན་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་དགེ་སློང་ཉིད་ཀྱི་མདུན་རོལ་རྒྱབ་རོལ་གཉིས་གར་འདོམ་བཞི་བཅུ་རྩ་དགུ་དགུར་ཤེས་པར་བྱའོ་ཞེས་སོ། །འགྲེལ་ཆུང་ལས་བར་དུ་ཆུ་དང་གྲོག་པོས་མ་ཆོད་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ནི་འབྲལ་བར་མི་འགྱུར་རོ་ཞེས་སོ། །འོ་ན་ལམ་དུ་འགྲོ་བ་ལ་སྔ་ཕྱིར་འདོམ་བཞི་བཅུ་རྩ་དགུ་ཉེ་འཁོར་ཡིན་ན་ལམ་གྱི་འགྲམ་གཡས་གཡོན་ནས་ཐད་་་་་་ཡང་ནི་དེ་བཞིན་ཏེ་ཞེས་གསུངས་ཏེ། ཀར་འགྲོ་བའི་ཉེ་འཁོར་གྱི་་་་་་ལམ་གྱི་ཞིང་། ཇི་ཙམ་ཞེ་ན། ལུང་རྣམ་འབྱེད་ལས་ཐད་ཀར་འགྲོ་བའི་ཉེ་འཁོར་ཡང་འདོམ་གང་ཁོ་ར་ཁོར་ཡུག་གོ་ཞེས་གསུངས་སོ། །འདོམ་གང་ནི་མཚོན་པ་སྟེ། ཊཱི་ཀ་ལས་སྐྱེ་བོ་དག་གིས་ལམ་གཅིག་ཏུ་གཏོགས་པ་ཉིད་དུ་ཤེས་

༼༥༥༥༽

པ་དེ་ཙམ་ཚུན་ཆད་ནི་འདིར་ཞིང་ལས་ལམ་གཅིག་ཏུ་གཏོགས་པ་ཉིད་ཡིན་ནོ་ཞེས་པ་དང་། རྣམ་་་་་་གཡས་གཡོན་ཕན་ཚུན། འབྱེད་འགྲེལ་ལས་ཀྱང་གློར་ནི་ལམ་གྱི་འགྲམ་ཚུན་ཆོད་ཀྱི་ཚད་་་་་་ལམ་གྱི་ཞེང་། ཇི་ཙམ་ཡོད་པ་དང་སྦྱར་གྱི་འདོམ་བཞི་བཅུ་རྩ་དགུར་ངེས་པ་མེད་དོ་ཞེས་སོ། །མཚམས་མེད་པའི་ལམ་དུ་ཡང་ལུང་རྣམ་འབྱེད་ལས་འགྲེང་བ་དང་འདུག་པ་དང་ཉལ་བའི་ཉེ་འཁོར་ནི་འདོམ་གང་ཁོ་ར་ཁོར་ཡུག་གོ་ཞེས་གསུངས་སོ། །གནས་ཀྱི་བདག་པོ་ཐ་དད་པའམ་ནམ་མཁའ་འམ་ཆུས་བར་དུ་ཆོད་པའི་མཚམས་གཞན་ནི་དྲུང་ན་འདུག་ཀྱང་ཉེ་འཁོར་མ་ཡིན་ནོ། །བདག་པོ་གཅིག་པའི་གྲོང་ཁྱེར་ཐོག་འབྲེལ་བ་ལྟ་བུ་འམ་ཡལ་ག་ལོ་འདབ་འབྲེལ་བའི་ནགས་ཚལ་བདག་པོ་གཅིག་ན་དབུས་ནས་ཕྱོགས་ཐམས་ཅད་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་ནི་མཚམས་གཅིག་པ་ཉིད་ཡིན་ཏེ་གནས་ཀྱང་དེ་ཡིན་ལ་ཉེ་འཁོར་ཡང་དེ་ཡིན་པས་དེ་ཕན་ཆད་ནི་གནས་དང་ཉེ་འཁོར་ཐ་དད་པ་ཉིད་དོ། །ཞུ་བའི་སྐབས་ནི། དམ་དུམ་དུ་གྱུར་པ་ལ་ཞེས་པ་འཚོ་བའི་ཡོ་བྱད་ཆོས་གོས་གསུམ་གང་རུང་དུ་བྱིན་གྱིས་བརླབས་པ་དེ། དམ་དུམ་དུ་གྱུར་ཏེ་འཁོར་གསུམ་ཁེབས་པ་ཡན་ཆད་དུ་ལོངས་ན་གཅིག་ཉིད་ལ་བྱིན་རླབས་ཡོད་ཅིང་། དེ་ལས་གཞན་ལ་ནི་བྱིན་རླབས་མེད་དེ། བག་ཡངས་ཀྱི་གོས་སྲ་བརྐྱང་ལས་གཞན་པའི་སྐབས་སུ་འཚོ་བའི་ཡོ་བྱད་ཀྱི་གོས་རེ་རེ་བར་ངེས་པའི་ཕྱིར་རོ། །ཆོས་གོས་ཕྱེད་ཚལ་དུ་གྱུར་ཏེ་གཉིས་བཟང་ངན་མ་ཕྱེད་ན་དོན་ལ་ནི། འཚོ་བའི་ཡོ་བྱད་ཀྱི་གོས་རེ་རེར་ངེས་པའི་ཕྱིར།་་་་་ཚལ་པ་གཅིག་ལ་བྱིན་རླབས་ཡོད་ཀྱང་འབྲལ་བ་ནི་གཉིས་ཀ་ལ་བསྲུང་བར་བྱ་སྟེ། ཡིད་་་་་་མ་བསྲུངས་ན་བྱིན་རླབས་མེད་པ་དེ་དང་བྲལ་བ་ལས་ཀྱང་། གཉིས་ནི་འདུ་ཤེས་དང་འདྲ་བའི་ལྟུང་བ་འབྱུང་བའི་ཕྱིར་རོ། །འཁོར་གསུམ་ཁེབས་པའི་ཚད་ལས་ཆུང་བའི་དམ་དུམ་དུ་གྱུར་ན་ནི་བྱིན་རླབས་མེད་པར་གྱུར་པ་སྟེ། ཞིང་་་་་་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་པའི། མ་ཡིན་པར་གྱུར་པའི་ཕྱིར་མཚན་གཉིས་ཅིག་ཅར་བྱུང་བས་སྡོམ་པ་བཏང་བ་བཞིན་ནོ། །དེ་བཞིན་དུ་་་་་་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་ལ་སོགས་པ། འཚོ་བའི་ཡོ་བྱད་་་་་་གཅིག་ལ་བྱིན་གྱིས་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号