ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་གསུམ་པ། གཡུ་ཐོག་སྔོ་འབུམ་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་གསུམ་པ།གཡུ་ཐོག་སྔོ་འབུམ་བཞུགས་སོ།།

གཡུ་ཐོག་ཡོན་ཏན་མགོན་པོས་མཛད།

 
སྨན་བླ་མི་འཛད་སྨན་གྱི་མཛོད།།རྒྱུ་འབྲས་ནད་ཀུན་འཇོམས་ལ་འདུད།།སྐྱེ་བའི་སྔོ་དང་སྨན་གྱི་མཛོད།།འཁྲུངས་དཔེ་སྣྭ་ཚོགས་བྱེ་བྲག་རྣམས།།རབ་ཏུ་གསལ་བ་འདིར་བཤད་བྱ།།
ནད་རྣམས་ཐམས་ཅད་སེལ་བའི་སྨན།།མོན་སྣེ་དམར་པོ་ཞིང་ལ་སྐྱེ།།ལོ་མ་དམར་སྨུག་རྐོ་མ་མཆུ།།འབྲས་བུ་ཞིབ་མོ་འཕུང་བ་དེ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།ཁུ་བ་དམར་པོ་སོན་ཆབ་རྒྱུ།།དུག་ནད་སེལ་བའི་སྨན་གྱི་མཆོག།
ཨ་བྷིཥ་ཞེས་བྱ་བ་ནི།།སྤེན་མ་དམར་བཤད་[སྨག་ཤད]ནང་དུ་སྐྱེ།།ངར་བ་ཆིག་སྐྱེས་འདྲ་ཞིང་མཁྲང༌།།རིང་ཐུང་ཁྲུ་རེ་རྐང་རེ་ཙམ།།ལོ་མ་ར་མོ་ཤག་དང་མཚུངས།།མེ་ཏོག་དབྱི་མོང་ཅུང་ཟད་འདྲ།།གང་བུ་སུལ་མང་ཐོག་ལེགས་འདྲ།།རྩ་བ་སྒོག་སྐྱ་ཆིག་སྐྱེས་འདྲ།།ནུས་པས་མགོ་ཆག་སེལ་བ་དང༌།།དུག་རིགས་ཐམས་ཅད་འདི་ཡིས་འཇོམས།།
ཡུ་གུ་ཤིང་ནི་སྲིབས་ལ་སྐྱེ།།སྐྱེ་ཕོན་བསྟན་མ་རེ་ལྕག་འདྲ།།རིང་ཐུང་རྐང་རེ་མཐོ་རེ་ཙམ།།ངར་བ་ཕྲ་ཞིང་དྲང་བ་ལ།།ལོ་མ་རྒྱབ་སྐྱ་ནང་ནི་སྔོ།།མེ་ཏོག་རྒྱབ་སྔོན་ནང་ནི་སྐྱ།།ཐད་དེ་སྤྲ་བའི་རང་བཞིན་ཅན།།ནུས་པས་རྨ་ནི་འདྲུབ་བྱེད་ཅིང༌།།དུག་ནད་མ་ལུས་སེལ་བའི་མཆོག།
སུ་མི་དམར་ནི་རི་ལ་སྐྱེ།།འདབ་མ་ས་འབྱར་ཉ་ག་ཅན།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རྩེ་མོ་ཕྲ་ཞིང་སྤྲ་བ་ཡོད།།མེ་ཏོག་ཁྲོག་ཆུང་ཅུང་ཟད་འདྲ།།རོ་ནི་བསྐ་སྐྱུར་བཤལ་བྱེད་
གཡུ་ཐོག་སྔོ་འབུམ་དུ་གྲགས་པ་འདི་ནི།གཞུང་རང་གི་མཇུག་བྱང་དུ་སྔོ་འབུམ་མཐོང་འགྲོལ་ཆེན་པོ་འདི།ཡི་དམ་འཕགས་པ་འཇམ་དཔལ་དང༌།།རྗེ་བཙུན་སྒྲོལ་མའི་སྔོ་འབུམ་དང༌།།དྲང་སྲོང་ཆེན་པོའི་གསུང་རྒྱུན་ལ།།བསྟེན་ནས་གཡུ་ཐོག་མགོན་པོས་བསྡེབས།།ཞེས་གསུངས་པར་གཞིགས་ན་འཇམ་དབྱངས་སྔོ་འབུམ་དང་སྒྲོལ་མའི་སྔོ་འབུམ་སོགས་ལ་གཞི་བཅོལ་ནས་བསྒྲིགས་པར་མངོན་ལ།སྒྲིག་པ་པོ་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཡིན་ངེས་ཏེ།གསར་མའི་རྣམ་ཐར་དུ།ཆ་ལག་གི་གྲས་ཡིན་ངེས་སྔོའི་མན་ངག་འཁྲུགས་སེལ་སྒྲོན་མེ།གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གཉིས་དང༌།གཞན་ཡང་སྨན་པའི་རྒྱལ་པོ་གཡུ་ཐོག་པ་དེས་སྔོ་འབུམ་ཆེན་མོ་དང།།མན་ངག་གི་སྙིང་བོ་དྲིལ་བ་འབུམ་ཁུ་ཚུར།བུ་དོམ་མ་སོགས་མཛད་ཅེས་འབྱུང་བ་ལས་རྙིང་མའི་རྣམ་ཐར་དུ་སྔོ་འབུམ་མཛད་པའི་བགྲོས་མི་འདུག་པས་སོ།།དེས་ན་སྔོ་འབུམ་ཆེན་མོ་ཞེས་པ་ནི་གཞུང་འདི་ཉིད་ཡིན་ངེས་ཀྱང་དུས་ཟིང་གི་དབང་གིས་འཐོར་གྱེཌཕྱྭདང་ལྡེབས་འཁྲུགས་པ་སོགས་ལས་ཆ་མ་ཚང་ངམ་སྙམ་སྟེ་དཔྱད་པར་བྱའོ།།
ཅིང༌།།དུག་རིགས་མ་ལུས་འཇོམས་པའི་མཆོག།
དཔའ་བོ་སེརཔོ་བྲག་ལ་སྐྱེ།།ལོ་མ་ལྕ་ཆུང་འདྲ་བ་ལ།།སྐྱེ་ལུགས་ངར་བ་སྤྲུ་དཀར་འདྲ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།རྩ་བ་མེ་ཏོག་སེར་བ་དེ།།རོ་ཁ་དུག་རིགས་མ་ལུས་སེལ།།
བྲག་སྤོས་རེ་རལ་རི་སུལ་སོགས།།བྱང་བལྟས་བྲག་གི་སྲིབས་ལ་སྐྱེ།།འདབ་མ་ཆིག་སྐྱེས་ལྗང་སེར་བ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།རྒྱབ་ན་གསེར་གྱི་ཐིག་ལེ་ཡོད།།དྲི་ཞིམ་ནུས་པས་རྨ་ལ་ཕན།།དུག་ནད་སེལ་བའི་སྨན་གྱི་མཆོག།
ལུག་རུ་དཀར་པོ་སྲིབས་ལ་སྐྱེ།།ལོ་མ་མེ་ཏོག་གླང་སྣ་འདྲ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ༌ཏོག་དཀར་པོ་བྱ་མགོ་འདྲ།།དུག་རྣམས་སྡུད་པའི་སྨན་དུ་བཤད།།
ལུག་རུ་དམར་པོ་མུ་ལ་སྐྱེ།ངར་བ་ཆིག་སྐྱེས་ཕྲ་བ་སྟེ།།མེ་ཏོག་དམར་པོ་ལུག་རུ་འཁྱིལ།།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།དུག་སྡུད་ཤ་དུག་སེལ་བར་བྱེད།།
  ལུག་རུ་སེར་པ་ན་ལ་སྐྱེ།།ལོ་མ་མཛེར་བ་སྤུངས་པ་འདྲ།།མེ་ཏོག་སེར་པོ་ལུག་རུ་འཁྱིལ།།དུག་སྡུད་མགོ་ཆག་ཤ་དུག་སེལ།།
བྲག་སྐྱ་ཧ་བོ་བྲག་ལ་སྐྱེ།།ལོ་མ་ས་འབྱར་མཐུག་ལ་གྱོང༌།།རྒྱབ་ན་བ་སྤུ་སེར་པོ་ཡོད།།མེ་ཏོག་སྔོན་པོ་དྲིལ་བུ་ཁ།།ངར་བ་རིལ་མོ་ཕྲ་བ་སྟེ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།ནུས་པས་ཁྲག་གཅོད་རྒྱུ་གཟེར་དང༌།།དུག་གི་ནད་ལ་བསྔགས་པ་ཡིན།།
འོམ་བུ་འབབ་ཆའི་གླིང་དུ་སྐྱེ།།ལོ་མ་ལྗང་འདྲ་ཁྲུག་ཁྲུག་པོ།འབྲས་བུ་ཆུང་ཞིང་འཕུངས་པ་སྟེ།།ཤ་དུག་ཀུན་འཇོམས་དུག་སྨན་སྟེ།
འཇིབ་རྩི་ཞིང་ཚིགས་སྐམ་ལ་སྐྱེ།།དྲི་ཞིམ་(མེ་ཏོག)སྔོན་པོ་ཅན།འདབ་མ་ཕྲ་ཞིང་གུར་ཀུམ་མཚུངས།།རིང་ཐུང་མཐོ་རེ་ཁྲུ་རེ་ཙམ།།ཕོ་མཆིན་ནད་དང་རིམས་ཚད་སེལ།།
པར་པ་ཏ་ནི་ལྗོངས་སུ་སྐྱེ།།ངར་བ་སར་འབྱར་སྨུག་པ་ལ།།འདབ་མ་ལྗང་སྐྱ་ཕྲ་ལ་སིབ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།བཅད་ན་ཞོ་འབྱུང་མེ་ཏོག་དཀར།།རོ་ཁ་རིམས་ནད་ཐམས་ཅད་འཇོམས།།
མ་རུ་གླ་སྒང་ན་ལ་སྐྱེ།།སྐྱེ་ལུགས་རམ་བུ་ཅུང་ཟད་འདྲ།། འདབ་མ་སར་འབྱར་སྣུམ་ལ་གྱོང༌།།སྙེ་མ་དཀར་པོ་བོན་ཚེ་འདྲ།། ངར་བ་ཕྲ་ཞིང་དྲང་བ་སྟེ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།འབྲས་བུ་རྩི་འཇམ་ཟུར་གསུམ་པ།།རོ་ནི་མངར་ཞིང་ནུས་པ་ཡིས།རིམས་ནད་མ་ལུས་སེལ་བར་བྱེད།།
རིང་ཆུང་བ་ནི་སྲིབས་ལ་སྐྱེ།།ངར་བ་དམར་པོ་སྨག་ཤད་འདྲ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།སེར་འབྲུག་འབྲུག་པོ།སྡོང་དམར་རོ་ནི་བསྐ་ལ་སྐྱུར།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།ནུས་པས་རྨ་ནི་འདྲུབ་པར་བྱེད་ཅིང༌།།དུག་ནད་མ་ལུས་སེལ་བའི་མཆོག།
ཡུངས་དཀར་ཞིང་དང་ལྡུམ་རར་སྐྱེ།།ལོ་མ་འཇམ་ཞིང་ངར་བ་འཁྱོག།རིང་ཐུང་ཁྲུ་མདའ་མེ་ཏོག་སེར།།དུག་ནད་སེལ་དང་སྲུང་བར་བྱེད།།
བྱིའུ་ལ་ཕུག་གྲམ་ལ་སྐྱེ།།ལོ་མ་ལྗང་སྐྱ་རྩུབ་པ་ལ།།མེ་ཏོག་དཀར་ཞིང་ངར་བ་ཕྲ།རིང་ཐུང་མཛུབ་རེ་མཁྱིད་རེ་ཙམ།།ལ་ཕུག་རོ་འདྲ་ནུས་པ་ཡིས།།ཟས་འཇུ་ཤ་དུག་སེལ་བར་བྱེད།།
ཤང་ཤང་དྲིལ་བུ་ན་ལ་སྐྱེ།།འདབ་མ་ལྗང་སེར་དྲི་མ་དུགས།།མེ་ཏོག་སེར་པོ་དྲིལ་བུ་ཁ།།ངར་བ་དྲིལ་མོ་སྲང་བ་སྟེ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།རྨ་དང་ཤ་དུག་གཉིས་ཀ་གསོ།།འདི་ལ་མེ་ཏོག་རིགས་ལྔར་དབྱེ།།
བྱ་ནེ་ན་ནི་ས་ངན་སྐྱེ།།ངར་བ་ས་འབྱར་ངར་བ་ལྡུམ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།སྐྱེ་ལུགས་སྣེ་སྔོན་ཅུང་ཟད་ཙམ།།མེ་ཏོག་གཡུ་ཡི་དྲིལ་ཆུང་འདྲ།།རིམས་ནད་མ་ལུས་སེལ་བར་བྱེད།།
ཧོང་ལེན་གཡའ་སྤང་མཚམས་སུ་སྐྱེ།།ལོ་མ་མཐུག་འཇམ་སོག་ལེ་ཁ།།མེ་ཏོག་ནས་ཀྱི་འབྲོང་ལོ་འདྲ།།ངར་བ་སྨུག་པོ་རིལ་མོ་ལ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།རྩ་བ་གོང་མོའི་བྲུན་དང་འདྲ།།དྲི་མེད་རོ་ནི་ཁ་ལ་དྭངས།ཁྲག་སྐེམས་འཁྲུགས་ཚད་གདོན་ཚད་སེལ།།
སྤང་རྩི་དོ་བོ་སྤང་སྨད་སྐྱེ།།ལོ་མ་ས་འབྱར་ཉ་ག་ཅན།།མེ་ཏོག་དམར་སྨུག་སྤོག་མགོ་འདྲ།།ངར་བ་རིལ་མོ་མཐོ་རེ་ཙམ།།རྩ་བ་ལྤགས་ནག་རོ་ནི་ཁ།།རིམས་དུག་རྙིངས་ཚད་སེལ་བར་བྱེད།།
ཟིལ་བ་ཅན་ནི་གཡའ་སྟོད་ཀྱི།།ན་སྤང་སྐྱེ་ཡི་ཆུ་འགྲམ་སྐྱེ།།མེ་ཏོག་ཤང་ཤང་ལོ་མ་འདྲ།།སྐྱེ་ཕོན་བྲང་ག་རེ་ལྕག་འདྲ།མེ་ཏོག་དམར་ཞིང་རོ་ནི་ཁ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།ཚད་པའི་ནད་རྣམས་ཀུན་ལ་ཕན།།
སྤང་སྤོས་སྤང་གི་སྲིབས་ལ་སྐྱེ།ལོ་མ་རྩུབ་པོ་རྐོ་མ་མཆུ།མེ་ཏོག་སེར་ཞིང་ངར་བ་སྐྱོག།རིང་ཐུང་སོར་བཞི་སོར་ལྔ་ཙམ།།རོ་ཁ་ནུས་པས་ཚད་རྙིངས་སེལ།།
འབུ་སུ་ཧང་ནི་ཞིང་ནང་སྐྱེ།།ལོ་མ་རྩུབ་པོ་རྐོ་མ་མཆུ།མེ་ཏོག་སེར་ཞིང་ངར་བ་སྐྱོག།རིང་ཐུང་སོར་བཞི་སོར་ལྔ་ཙམ།།གང་བུ་སྣུམ་པོ་སྲན་སྐོགས་འདྲ།།མཁལ་ཚད་གློ་ཚད་རྙིང་བ་སེལ།།
      ནིང་དང་ཞིང༌།ཆིང་གང་ཡིན་མི་གསལ།
གསེར་ཏིག་སྤང་གི་སྲིབས་ལ་སྐྱེ།ལོ་མ་ལྗང་སེར་རྐོ་མ་མཆུ།།མེ་ཏོག་སེར་པོ་ངུར་ཐིག་ཅན།།ངར་བ་ཕྲ་ཞིང་དྲང་བ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རོ་ཁ་ཁྲག་མཁྲིས་རིམས་ནད་སེལ།།
  ལྕགས་ཏིག་པ་ནི་མུ་ལ་སྐྱེ།།འདབ་མ་ཆུང་ཞིང་མེ་ཏོག་སྔོ།།ངར་བ་ནག་ཅིང་ཕྲ་བ་སྟེ།།རོ་ཁ་རྨ་དང་རིམས་མཁྲིས་སེལ།།
ཟངས་ཏིག་པ་ནི་སྐམ་སར་སྐྱེ།།འདབ་མ་ཡུངས་དཀར་ཅུང་ཟད་འདྲ།།ངར་བ་དམར་ཞིང་ཡལ་ག་དམར།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་དམར་སྐྱ་རོ་ནི་ཁ།།རིམས་ནད་མཁྲིས་ཚད་སེལ་བར་བྱེད།།
ཟྭ་ནི་རི་ཐང་མཚམས་སུ་སྐྱེ།།སྐྱེ་ཕོན་སེ་བ་སྨག་ཤད་འདྲ།།ངར་བ་སྨུག་ཅིང་དྲང་བ་སྟེ།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།ལོ་མ་ལྗང་ནག་འཇུག་པར་བྱེད།།ཕོ་བའི་དྲོད་སྐྱེད་རླུང་འཇོམས་ཞིང༌།།ཚད་པ་རྙིང་བ་སེལ་བར་བྱེད།།
བོང་རྣ་བ་ནི་མུ་ལ་སྐྱེ།།མེ་ཏོག་དཀར་ཆུང་ངར་བ་ཕྲ།།རྩེ་མོ་ཕྱིར་ལ་བཟློག་པ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རོ་ནི་ཁ་བསྐ་ཚད་ནད་སེལ།།
བྱ་ཁྱུང་གཡའ་ཡི་སྟོད་དུ་སྐྱེ།།ལོ་མ་ས་འབྱར་ཕྲ་བ་སྟེ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་འབྲས་བུ་གང་ཡང་མེད།།རོ་ཁ་ཚད་ནད་སེལ་བར་བྱེད།།
ཤེལ་དར་སྲིབས་ཀྱི་ནགས་གསེབ་སྐྱེ།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།ལོ་མ་ལུག་ཆུང་ལྟ་བུ་ལ།།ངར་བ་ཟུར་ལྔ་མེ་ཏོག་ནི།།སེར་དང་སྔོན་པོ་པུ་ཤུད་མགོ།རོ་ཁ་རིམས་ནད་སེལབར་བྱེད།།
བྷྲི་གུ་གཡའ་སྤང་མཚམས་སུ་སྐྱེ།།འདབ་མ་ས་འབྱར་ཕྲ་བ་ལ།།མེ་ཏོག་སེར་པོ་འཕུང་བ་སྟེ།།བཅད་ན་ཞོ་འབྱུང་རོ་ནི་ཁ།།རིམས་མཁྲིས་སེལ་བར་བྱེད་པ་ཡིན།།
གསོ་འབི་ཤིང་ནི་གཡའ་ལ་སྐྱེ།།འདབ་མ་འབོལ་མོ་པད་ཁ་འདྲ།།མེ་ཏོག་འབྲས་བུ་དམར་བ་སྟེ།།གང་བུ་སོར་བཞི་རོ་ནི་ཁ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།ཚད་པའི་སྨན་གྱི་མཆོག་གཅིག་ཡིན།།
བོང་ང་ནག་པོ་མུ་ལ་སྐྱེ།།ལོ་མ་ལྗང་ནག་ངར་བ་ནག།རྩ་བ་རྡོག་དྲིལ་མེ་ཏོག་སྔོ། །རོ་ནི་ཁ་མ་ཡིག་གི་ཡི་གེ་མི་གསལ།
ཞིང་ནུས་པ་ཡིས།།གཉན་ནད་མ་ལུས་སེལ་བར་བྱེད།།
       འཛིན་པ་ཉིན་གྱི་སྨད་དུ་སྐྱེ།ལོ་མ་ཕྲ་ཞིང་ངར་བ་ནག།མེ་ཏོག་སྔོན་པོ་བྱ་མགོ་བ།།རྩ་བ་རྡོག་འདྲིལ་རོ་ནི་ཁ།།གཉན་ནད་མ་ལུས་སེལ་བར་བྱེད།།
ཤུག་པ་ཆུ་ཡི་རླན་ལ་སྐྱེ།ལོ་མ་ལྗང་འདས་ལྟ་བུ་ལ།།ཕྱོགས་གཉིས་མདེའུའི་གཞུང་དང་འདྲ།།རྩ་བ་ཚིགས་མང་རམ་པ་འདྲ།།དྲི་ཆེ་གཉན་ནད་མ་ལུས་སེལ།།
ཁྱི་དུག་དཀར་པོ་སྐམ་སར་སྐྱེ།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།མེ་ཏོག་ཤང་ཆུ་བཏགས་པ་འདྲ།།གང་བུ་སྨྱུག་མ་བཅད་པ་འདྲ།།འབྲས་བུ་ནག་ལེབ་མཁལ་མ་འདྲ།།རོ་ཚ་བྱེད་ཅིང་སྲིན་ནད་སེལ།།
ཁྱི་དུག་ནག་པོ་བྲག་འཁྲིས་སྐྱེ།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།མེ་ཏོག་དམར་སྨུག་ཁ་ཟླུམ་པ།།འབྲས་བུ་ནག་པོ་མཁལ་མ་འདྲ།།སྲིན་གྱི་ནད་ལ་རབ་ཏུ་བསྔགས།།
ཆིག་ཐུབ་ན་ཡི་སྐམ་སར་སྐྱེ།།ལོ་མ་ངར་བ་འཇག་མ་འདྲ།།སྙེ་མ་འོད་ཅན་ཟོར་བ་འདྲ།།གཉན་གྱི་ནད་དང་གཟེར་ཐུང་འཇོམས།
ཕུར་མོང་དཀར་པོ་སྲིབས་ལ་སྐྱེ།ལོ་མ་ཕྲ་སིབ་དྲི་མ་དྭངས།སྐྱེ་ཕོན་སྲན་མ་རེ་ལྕག་འདྲ།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།སྐྲན་བཤིག་གཉན་འཇོམས་སྲིན་ནད་སེལ།།
ལ་ཐོད་དཀར་པོ་རྫ་ལ་སྐྱེ།ལོ་མ་མཐུག་ལ་དྲི་མ་དུགས།།ཕྱི་ནང་སྲིན་བལ་ལྟ་བུས་གཡོགས།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།རྩ་བ་སྤར་ལོ་སྤོར་ལོ་འདྲ།།མགོ་རྨ་སྐྲངས་དང་ལྷོག་པ་འདུལ།།
ཉ་དུགཔ་ནི་ན་ལ་སྐྱེ།ལོ་མ་ས་འབྱར་སྲན་ཆུང་འདྲ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་དམར་པོ་སྲན་མ་འདྲ།།རོ་ནི་ཚ་མངར་སྲིན་བུ་གསོད།།སྐྱུག་ཅིང་གཉན་འཇོམས་ཉ་རྣམས་འཆི།།
རྒུ་དྲུས་ཤག་གསེབ་འགྲམ་ལ་སྐྱེ།སྐྱེ་ཕོན་སྲན་མ་རེ་ལྕག་འདྲ།།རིང་ཐུང་ཁྲུ་རེ་རྐང་རེ་ཙམ།།མེ་ཏོག་དམར་སྨུག་མང་བ་སྟེ།།རོ་ནི་ཚ་མངར་དྲི་མ་དུགས།།གཟེར་ཐུང་གཉན་ནད་གག་ལྷོག་སེལ།།
སྤྲུ་མ་ནག་པོ་སྲིབས་ལ་སྐྱེ།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།ལོ་མ་མཐུག་འཇམ་སྣུམ་པ་ལ།།མེ་ཏོག་སེར་པོ་ཨུག་ཆོས་འདྲ།།གག་ལྷོག་ཐམས་ཅད་འཇོམས་པར་བྱེད།།
སྤྲུ་མ་དཀར་པོ་ཞིང་ཚིགས་སྐྱེ།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།འདབ་མ་ཆེ་ཞིང་དྲི་མ་དུགས།།ངར་བ་འཁྱོག་ཅིང་མེ་ཏོག་དཀར།།ཁྲག་གཅོད་སྐྲངས་འདུལ་གཉན་སྲིན་འཇོམས།།
རྟ་ལྤགས་ནག་པོ་ན་ལ་སྐྱེ།འདབ་མ་མི་རྒན་བྲང་ལྤགས་འདྲ།།ངར་བ་གྲུ་བཞི་མེ་ཏོག་སྨུག།རིང་ཐུང་མཐོ་རེ་ཁྲུ་རེ་ཙམ།།ཁོང་དུ་བཏང་དང་བྱུག་པ་ཡིས།།སྐྲངས་དང་ཆུ་སེར་ལྷོག་པ་འཇོམས།།
སྒ་དྲོ་གཡེར་དྲོ་ཞིང་ནང་སྐྱེ།།ལོ་མ་ལྗང་ནག་རྐོ་མ་མཆུ།།སྙེ་མ་ཁྱི་ཡི་མཇུག་མ་འདྲ།།མེ་ཏོག་དཀར་ཆུང་མང་དུ་ལྡེམས།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།དྲི་ཆེ་རོ་ནི་ཚ་ལ་མངར།།ནུས་པས་གག་ལྷོག་སེལ་བར་བྱེད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号