ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ཟུར་བཀོད།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
གསུམ་པ།སྨན་ལ་རབ་གནས་བྱེད་པའི་ཡིག་ཆུང་བཞུགས
ཟུར་འཚོ་བ་ཕྱག་རྡོར་མགོན་པོས་མཛད།
 
༄༅།།ཨོཾ་ཨ་ཐྰ གུ་རུ་བེེཌྰུརྱ་ལ་ན་མོ།གསོ་བ་རིག་པ་སྡེ་སྣོད་ཚུལ་བཞིན་འཛིན་པ་ལས།རྒྱུ་དྲུག་ནང་ནས་དམ་ཚིག་དང་ལྡན་པ་གལ་ཆེར་བཤད།དེ་ལ་བཞག་པར་བྱ་བའི་དམ་ཚིག་དྲུགབཟུང་བར་བྱ་བའི་དམ་ཚིག་གཉིས།ཤེས་པར་བྱ་བའི་དམ་ཚིག་གསུམ་དང་བཅས་པ་ཡིན་པ་ལས།དང་པོ་བློ་ལ་བཞག་པར་བྱ་བའི་དམ་ཚིག་དྲུག་ནི།སློབ་དཔོན་ལ་སངས་རྒྱས་ཀྱི་བློ་བཞགདེའི་གསུང་ལ་དྲང་སྲོང་རྒྱུད་པ་དང་བཅས་པའི་བློ་བཞགགསོ་དཔྱད་གཞུང་དང་མན་ངག་རྣམས་ལ་ནི།དེ་བཞིན་གཤེགས་པའི་བཀའ་མདོ་རྒྱུད་ཀྱི་བློ་བཞགཆེད་གྲོགས་ལ་སྤུན་གྱི་བློ་བཞགནད་པ་ལ་བུ་ཚའི་བློ་བཞགརྣག་ཁྲག་དང་མི་གཙང་བ་མཐོང་ཞེརྟོག་པ་མེད་པར་ཁྱི་ཕག་ཏུ་བློ་བཞག་པ་དང་དྲུག་གོ།
གཉིས་པ་བཟུང་བར་བྱ་བའི་དམ་ཚིག་གཉིས་ནི།སྨན་བླ་རྒྱུད་པ་དྲང་སྲོང་རིག་འཛིན་སྨན་གྱི་ལྷ་མོའི་ཚོགས་དང་བཅས་པ་རྣམས་ལ་ཡི་དམ་དང་བཀའ་སྲུང་ལྟ་བུར་བཟུང་སྟེ།སྒྲུབ་ཅིང་མཆོད་བསྟོད་ལ་སོགས་པ་བྱའོ།དཔྱད་ཀྱི་ལག་ཆ་རྣམས་ཡི་དམ་གྱི་ཕྱག་མཚན་ལྟ་བུར་བཟུང་སྟེ་མི་འབྲལ་བར་བྱའོ།
གསུམ་ཤེས་པར་བྱ་བའི་དམ་ཚིག་གསུམ་ནི།སྨན་ནོར་བུར་ཤེས་པར་བྱ་བ་དང༌།བདུད་རྩིར་ཤེས་པར་བྱ་བ་དང༌།མཆོད་རྫས་སུ་ཤེས་པར་བྱ་བ་དང་གསུམ་མོ།།
དེ་ཡང་རབ་ཏུ་གནས་པར་བྱ་བ་དང་འོད་དགུའོ།།
སྨན་ལ་རབ་གནས་སམ་བྱིན་རླབས་བྱེད་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་
ཆོས་སུ་གྲུབ་ཅིང༌།ཆོ་ག་དེས་སྨན་གྱི་ནུས་པ་བསྐྱེད་ནུས་པར་ཡིད་ཆེས་ཤིང་ལག་ལེན་དུ་འཁྱེར་ནས་ཡུན་རིང་སོང་ཡང་དེང་དུས་རྒྱུན་ཆད་ལ་ཉེ་བས་ལག་ལེན་འདིའི་རིགས་ལ་ལྟ་རྟོགས་ཡོང་ཕྱིར།འདིར་གོང་སྨན་དཀོན་མཆོག་ཕན་དར་གྱི་སློབ་མ་ཟུར་འཚོ་བ་ཕྱག་རྡོར་མགོན་པོས་མཛད་པའི་རབ་གནས་བྱེད་ཚུལ་གྱི་ཡིག་ཆུང་འདི་བཀོད་པའོ།།ཡིག་ཆུང་འདིའི་མཛད་པ་པོ་ཟུར་འཚོབ་ཕྱག་རྡོར་མགོན་པོ་ནི་རྣམ་ཐར་རྒྱས་པ་མཇལ་བའི་སྐལ་བ་མ་བྱུང་བས་གསལ་བོ་བཤད་རྒྱུ་མི་འདུག་ཀྱང༌།རབ་བྱུང་དགུ་བའི་ནང་ཙམ་ལ་གཙང་གི་ས་སྐྱའི་སྨན་གྲོང་དུ་བྲང་ཏིའི་སྨན་རྒྱུད་གོང་སྨན་དཀོན་མཆོག་ཕན་དར་ཀྱི།་ཞབས་ལ་གཏུགས་ནས་གསོ་བ་རིག་པ་སྦྱངས་ཤིང་གཅེས་བསྡུས་རིན་ཆེན་ཕྲེང་བ་དང༌།ཕྱི་རྒྱུད་ཀྱི་ས་བཅད་སོགས་མཛད་པར་གྲགས།
དེ་ཡང་རབ་ཏུ་གནས་པམབྱ་བ་དང་པོ་རིན་པོ་ཆེ་ལྟར་བཙལ་ཞིང་བཅང༌།གཉིས་པ་ལེགས་པར་སྦྱར།གསུམ་པ་བདག་སྐྱེད་བཟུང་བ།བཞི་བ་ཤིས་པ་བརྗོད་པ།ལྔ་བ་སྙིང་བོ་བགྲང་བ།དྲུག་པ་རིག་འཛིན་མཆོད་པ།བདུན་པ་དངོས་གྲུབ་བླང་བ།བརྒྱད་པ་ནད་པས་བསྟེན་པ།དགུ་བ་ཕན་ཡོན་བཀྲ་ཤིས་བརྗོད་པ་དགུའོ།།ཞེས་པའི་དང་པོ་ནས་ཕན་ཡོན་བར་ཆད་དམ་སྙམ།འོད་ནི་ཕན་ཡོན་གྱི་ཡོན་ནོར་རམ་དཔྱད།
དང་པོ་རིན་པོ་ཆེ་ལྟར་བཙལ་ཞིང་བཅང༌།གཉིས་པ་ལེགས་པར་སྦྱར། གསུམ་པ་བདག་སྐྱེད་བཟུང་བ།བཞི་བ་ཤིས་པ་བརྗོད་པ།ལྔ་བ་སྙིང་བོ་བགྲང་བ།དྲུག་པ་རིག་འཛིན་མཆོད་པ།བདུན་པ་དངོས་གྲུབ་བླང་བ།བརྒྱད་པ་ནད་པས་བསྟེན་པ།དགུ་བ་ཕན་ཡོན་དང་བཀྲ་ཤིས་བརྗོད་པའོ།
དང་པོ་རིན་པོ་ཆེ་ལྟར་བཙལ་ཞིང་བཅང་བ་ནི།འཇིག་རྟེན་ན་གསེར་ལ་རིན་པོ་ཆེའི་མཆོག་ཏུ་བྱེད་མོད་ཀྱི།དེས་ནི་འཆི་བ་ཟློག་མི་ནུས་ལ།སྨན་བཟང་བོས་ནི་དུས་མ་ཡིན་པར་འཆི་བ་ཟློག་ནུས་པ་ཡིན།རིན་པོ་ཆེའི་མཆོག་ཡིན་ཏེ།ཚ་བའི་ནད་ལ་བསིལ།གྲང་བའི་ནད་ལ་དྲོད།རླུང་གི་ནད་ལ་བཅུད་སྦྱར་དུ་རུང་ཞིང༌།བདག་གཞན་གཉིས་ཀའི་དགོས་འདོད་འབྱུང་བའི་ཕྱིར།རིན་ཆེན་ཁོ་ན་ཡིན་ཏེ།དཀའ་བས་བསྡོས་ཏེ་བཙལ་ཞིང༌།རྙེད་ན་ཆུད་ཟོས་མེད་པར་བཅང་སྟེ།དགོས་པའི་དུས་སུ་སྤྱད་པར་བྱ།
གཉིས་པ་འཕྲོད་པར་སྦྱར་བ་སྨན་བདུད་རྩིར་ཤེས་པར་བྱ་བ་ལས།ཐོག་མར་ནུས་ཞོ་ཞུ་རྗེས་གསུམ༩འཕྲོད་ཅིང་ལེགས་པར་སྦྱར་བ་ལས། གསོ་བ་རིག་པའི་བཀའ་བསྟན་ཆོས། རྒྱུད་མན་ངག་རྣམས་ལེགས་པར་མཐོང་ཞིང༌།དོན་ཁོག་ཏུ་ཆུད་ཅིང༌།གསོ་ཡུལ་ནད་ལ་གྲངས་མེད་རྩིས་མེད་ཅིང༌།སྟོང་ཉིས་བརྒྱ།བཞི་རྒྱ་རྩ་བཞི།བརྒྱ་རྩ་གཅིག་ལེགས་པར་ངོས་བཟུང་ལ།སྡེ་དང་ལྡན་པ་བྱས་ལས་།དེ་རྣམས་ཀྱི་གཉེན་པོ་སྟོང་རྩ་གཉིས།ལག་ལེན་སུམ་བརྒྱ་དྲུག་ཅུ།སུམ་ཅུ་རྩ་གསུམ་ལག་ལེན་སྙིང་པོ། ཟས་སྤྱོད་སྨན་སྐྱེད་[དཔྱད]བཞིའི་སྒོ་ནས།རོ་ནུས་ཞུ་རྗེས་ལེགས་པར་སྦྱོར་བའོ།
གསུམ་པ་བདག་སྐྱེད་བཟུང་བ་ནི།སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སོགས་སྤྱི་དང་འདྲ།ལྷུན་གྲུབ་གཞལ་ཡས་ཁང་གི་སྐྱེད་མཆོག་ནི།གཞལ་ཡས་ཁང་གྲུ་བཞི་བ།ཤར་དུ་དཀར་པོ་ལ་གྲུབ་པ།ལྷོ་བེེཌྰུརྱ་སྔོན་པོ་ལ་གྲུབ་པ།ནུབ་པདྨ་ར་ག་དམར་པོ་ལ་གྲུབ་པ།བྱང་ཨིཎ་ཌ་ནི་ལལྗང་ཁུ་ལ་གྲུབ་པར་རྟ་བབ་བཞིས་བརྒྱན་པ།ཀ་རྒྱན་གྱིས་མཛེས་པ།རྩིག་པ་རིན་པོ་ཆེ་ལྔ་དང་ལྡན་པ།རིན་པོ་ཆེའི་སྣོམ་བུ་དང་བདུག་དང༌།རྒྱལ་མཚན་དང་བ་དན་དང༌།དྲིལ་བུ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བརྒྱན་པ།རྩིག་པའི་ཕྱི་རོལ་ཏུ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཛེས་ཤིང༌།གཞན་ཡང་རྡོ་རྗེའི་རྭ་བའི་ས་གཞི་ལ།མཆོད་པའི་སྤོས་སྤྱད་རིན་པོ་ཆེ་སྣ་ལྔ།འདོད་ཡོན་ལྔ་ལ་སོགས་པས་ཇི་ལྟར་མཛེས་ཤིང་སྤྲས་པའོ།།གཞན་ཡང་དེའི་དབུས་ནས།སྐྱོན་གྱི་མ་གོས་པའི་པདྨ།ཐབས་དང་ཤེས་རབ་ཉི་ཟླའི་གདན་ལས།རང་ཉིད་སྨན་པའི་རྒྱལ་པོ་སྐུ་མདོག་མཐིང་གཞལ་གཅིག་ཕྱག་གཉིས་པ།ཕྱག་གཡས་ན་ནད་འཇོམས་སྨན་མཆོག་ཨ་རུ་ར་རྣམ་རྒྱལ་བཟང་པོ་བསྣམས་པ།གཡོན་པ་སྨན་གྱིས་གང་བའི་ལྷུང་བཟེད་འཛིན་པ།མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌།དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ།དར་དམར་པོའི་ཆོས་
རོ་ནུས་ཞུ་རྗེས་གསུམ་ཡིན་ནམ་དཔྱད།
གོས་གསོལ་བ།ཞབས་གཉིས་རྡོ་རྗེ་སྐྱི་ཀྲུང་དུ་བཞུགས་པ།དེའི་སྤྱི་བོར་ཨོ་དཀར་གོའགྲིན་པར་ཨཱ་དམར་པོ །ཐུགས་ཁར་ཧྰུྃ་སྔོན་པོ།ཐུགས་ཁའི་ཧྰུྃ་ལས་འོད་ཟེར་འཕྲོས་པས།མདུན་གྱི་ནམ་མཁར་སངས་རྒྱས་སྨན་བླ།དྲང་སྲོང་རིག་འཛིནརྐྱུད་པ་དང་བཅས་པ་སྤྱན་དྲངས།བཛྲ་ས་མ་ཡ་ཛ།ཛ་ཧྰུྃ་བོཾ་ཧོ།གཉིས་སུ་མེད་པར་གྱུར།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌།།བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།།དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་བའི།།བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས།།བདེ་བར་གཤེགས་པ་སངས་རྒྱས་སྨན་བླ་ཡང༌།།སུམ་ཁྲི་དྲུག་སྟོང་འཁོར་དང་ལྷན་ཅིག་ཏུ།།སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ།།སྨན་གྱི་ལྷ་དང་རིག་འཛིན་དྲང་སྲོང་དང༌།།རིག་གསུམ་མགོན་དང་ཀླུ་སྒྲུབ་ཡབ་སྲས་རྣམས།།འཆི་མེད་བདུད་རྩི་འདི་ལ་དབང་བསྐུར་ཞིང༌།།འགྲོ་བའི་དོན་ཕྱིར་མཆོད་ཅིང་གཤེགས་སུ་གསོལ།།ང་ཡི་ཡིད་ལ་བསམ་པ་ལྷ་མོ་ཁྱོད།།མཛེས་ཤིང་སྨན་གྱི་བུམ་པ་ལེགས་འཛིན་ཅིང༌།།དགའ་བའི་མིག་གིས་ལྟ་བྱེད་ཡིད་འོང་མ།།དྲི་ཞིམ་མདངས་ལྡན་ལྷ་མོ་ད་ཚུར་བྱོན།།ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ།།རི་རབ་གླིང་བཞི་ཉི་ཟླས་བརྒྱན་པོ་དི།།སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།།འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།ཨོྃ་གུ་རུ་རཏྣ་ན་མཎ་ལ་པུ་རྫ་མཾ་གྷ་ས་མུ་དྲ་ས་ཕར་ན་ས་མ་ཡ་ས་ཏྭ་ཨ་ཧྰུྃ།
[བཞི་པ་ཤིས་པ་བརྗོད་པ]།ཚོགས་གཉིས་རབ་རྫོགས་མཁྱེན་བརྩེའི་རྒྱན་གྱིས་སྤྲས།།སྤྲིན་བྲལ་ཉི་མ་བྱེ་བའི་འོད་ཟེར་ཅན།།འགྲོ་བའི་ནད་སེལ་དཔལ་མགོན་སྐྱབས་གཅིག་པོ།།འདྲེན་མཆོག་མཚུངས་མེད་ཤཱཀྱའི་སྟོབས་ལ་འདུད།།ཚོགས་གཉིས་རྫོགས་མཛད་འཁོར་འདས་ཐམས་ཅད་ཀུན།།མཁྱེན་བརྩེ་ནུས་པའི་ཕྱག་གིས་མྱུར་སྲོང་ནས།།རྣམ་དག་དོན་གཉིས་ཆོས་སྐུར་སྨིན་མཛད་པ།།སྨན་པའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ།།འགྲོ་བ་ཀུན་གྱི་ཀུན་ཁྱབ་ཐུན་མོང་ནད།།མ་རིག་འབྱུང་བ་བཞི་བརྒྱ་རྩ་བཞི་དང༌།།སྟོང་དང་ཉིས་བརྒྱ་བརྒྱད་ཁྲི་བཞི་སྟོང་སོགས།།མ་ལུས་ཞི་མཛད་བེེ་ཌྰུརྱ་ལ་འདུད།།འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས།།དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།སྐུ་མདོག་མཐིང་ཁ་བེེ་ཌྰུརྱ་ཡི་འོད།།སྤྲུལ་བའི་སྐུ་ལ་མཚན་དང་དཔེ་བྱད་ལྡན།།རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལས།།ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར།ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས།།བེེ་ཌྰུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད།།ཚེ་ལ་དབང་བའི་དངོས་གྲུབ་བཅུད་ལེན་བརྙེས།།མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས།།དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ།།དྲང་སྲོང་རྒྱུད་སྲུང་[གསུང]ལུང་རིག་མན་ངག་ཀུན།།ལེགས་པར་ཐུགས་ཆུད་འཆད་རྩོད་རྩོམ་པ་ཡིས།། གསོ་དཔྱད་བསྟན་པའི་ཚུལ་ཀུན་རྒྱས་པར་མཛད།།རྗེས་འཇུག་འབད་པ་དུ་མས་དོན་ཆེན་གྲུབ།།ཡན་ལག་བཞི་ལྡན་ཀུན་གྱིས་འགྲན་ཟླ་སྤང༌།།ཉི་ཟླ་ལྟ་བུར་གྲགས་པ་སྨན་པའི་རྗེ།།རྩོད་དུས་འདི་ན་སྨན་བླ་གཉིས་པ་སྟེ།།ཡོན་ཏན་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ།།དྲང་སྲོང་རྒྱུད་པས་བྱིན་རློབས་ཤིང༌།།ལུང་རིག་མན་ངག་ཤེས་བྱའི་དཀྱིལ་འཁོར་ལས།།ཇི་བཞིན་རྟོགས་པའི་བློ་གྲོས་སྤྱན་ཡངས་པོ།།དྲང་སྲོང་འཇམ་དཔལ་འཚོ་བྱེད་ལ་ཕྱག་འཚལ།།ཚོགས་གཉིས་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང༌།།སྒྲུབ་པ་གཉིས་ལ་བརྩེ་བའི་ཡིད་བཞིན་ནོར།།དོན་གཉིས་འགྲོ་ལ་ཕན་བདེའི་ནུས་ལྡན་པ།།མཁས་དབང་རྡོ་རྗེའི་མཚན་ཅན་ཞབས་ལ་འདུད།།གངས་ཅན་མཁས་པའི་གཙུག་རྒྱན་བྲང་ཏི་པ།།དེ་ཡི་རྒྱུད་པ་འཛིན་པ་སྐྱེས་བུའི་མཆོག།རིགས་དྲུག་འགྲོ་དོན་མཛད་པའི་བྱང་ཆུབ་སེམས།།ཆོས་རྒྱལ་བཀྲ་ཤིས་ཞབས་ལ་ཕྱག་འཚལ་ལོ།།གསོ་རིག་བཀའ་དང་བསྟན་བཅོས་ཀུན་ལ་མཁས།།མན་ངག་ཟབ་མོ་དུ་མ་རྒྱན་གྱིས་མཛེས།།སྨན་བླའི་རྣམ་སྤྲུལ་དྲང་སྲོང་རྒྱུད་འཛིན་སྲས།།དཀོན་མཆོག་བདེ་ལེགས་ཞབས་ལ་ཕྱག་འཚལ༌ལོ།།གསོ་རིག་གཙུག་རྒྱན་སྨན་པ་ཀུན་གྱི་རྗེ།།བཀའ་དང་བསྟན་འཆོས་མན་ངག་ཀུན་ལ་མཁས།།འགྲོ་བ་ནད་པ་རྣམས་ཀྱི་སྐྱབས་གཅིག་པུ།།དཀོན་མཆོག་ཕན་དར་ཞབས་ལ་ཕྱག་འཚལ་ལོ།།ད་ལྟ་འཛམ་གླིང་འདི་ནས་མཁས་གྱུར་ཞིང༌།།རྒྱུད་པའི་བྱིན་རླབས་མ་ལུས་བཞུགས་པའི་མཆོག། ཕྱི་ནང་གསང་བའི་ནད་ལས་ཐར་མཛད་པའི།།དཀོན་མཆོག་ཕན་དར་ཞབས་ལ་ཕྱག་འཚལ་ལོ།།རིག་བྱེད་ལྷ་མོ་གྲུབ་པའི་བློ་གྲོས་དང༌།།གཟི་བརྗིད་འོད་འཆང་སྨུག་ཟིལ་མ་དང་ནི།།མདངས་ལྡན་བདུད་རྩི་མ་ལ་སོགས་པ་ཡི།།སྨན་གྱི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།།བདུད་རྩི་སྨན་ལ་བྱིན་གྱིས་བརླབ་ཏུ་གསོལ།།ཚངས་པ་སྐྱེས་དགུའི་བདག་དང་ཐ་སྐར་བུ།།དྲག་པོ་དབང་བོ་ཉི་ཟླ་ས་མེ་རླུང༌།།དྲང་སྲོང་སྨན་གྱི་ཚོགས་དང་བཅས་པ་དང༌།།འབྱུང་བའི་ཚོགས་ཀྱིས་ཁྱེད་ལ་སྲུང་བར་ཤོག།རྫོགས་པའི་སངས་རྒྱས་རྣམ་པར་[སངས་]རྒྱས་ཚེ།།འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནལ།སྣོད་བཞི་དག་ནི་བླང་ནས་ནི།།བདེ་བར་གཤེགས་ལ་ཕུལ་བ་དང༌།།མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ།།ལྷ་ཡི་སྣོད་མཆོག་དེ་དང་ནི།།བདུད་རྩི་འདྲ་བའི་སྨན་རྣམས་ནི།།སྟོན་པའི་ཕྱག་ན་བསྣམས་གྱུར་བ།།བདེན་པའི་ཚིག་ནི་འདི་དག་གིས།།སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།དེ་ནས་ལྷ་མོ་འཕྲོག་མ་ཡིས།།ལྷ་རྫས་དགེ་བ་ཨ་རུ་ར།བླངས་ནས་སྟོན་ལ་རབ་ཏུ་ཕུལ།།བདུད་རྩི་འདྲ་བའི་སྨན་བསྣམས་ཞེས།།བདེན་པའི་ཚིག་ནི་འདི་དག་གིས།།ནད་པ་རྣམས་ཀྱི་ནད་སེལ་ཞིང༌།།ཉེས་པ་ཐམས་ཅད་འཕྲོག་བྱེད་པ།།སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།སངས་རྒྱས་རྣམས་ཀྱི་གཟི་བརྗིད་དང༌།། གཙུག་ཏོར་ཅན་གྱི་སྟོབས་རྣམས་དང༌།།ཐམས་ཅད་སྐྱབས་ཀྱི་བདེན་ཚིག་དང༌།།ལོག་དང་སེལ་གྱི་ཏིང་འཛིན་དང༌།།གསེར་ཐུབ་ཞེས་བྱའི་ཡེ་ཤེས་དང༌།།འོད་འཁྱུང་མཁན་གྱི་རྫུ་འཕྲུལདང༌།།ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས།།སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།ནད་པ་ཤར་ཕྱོགས་ཁ་བསྟན་ལ།།སྨན་རྣམས་ཉེ་བར་བསྩལ་བར་བྱས།།དེའི་གེ་[རྗེས]ནས་རིག་སྔགས་འདི།།ལག་མཐིལ་བཞག་ལ་ལྷག་པར་གྱིས།།སད་རྱ་ཐེ་དམ་ཁ་ཊ་བི་ཁ་ཐེ་རྩ་ལ་བི་རྩ་ལེ་བི་ལཾ་བེ་ལེ་བ་ལ་བ་སྟེ་སྩན་དེ་རྩ་རེ་ཎ།ཨསྨྲི་ཏ་ནི་གྷོ་ཎེ་སྭ་ཧཱཿརླུང་ལས་གྱུར་དང་མཁྲིས་ལས་གྱུར།བད་ཀན་ལས་གྱུར་འདུས་ལས་གྱུར།ནད་རྣམས་ཐམས་ཅད་རབ་བཅོམ་སྟེ།།བདག་ལ་རྟག་ཏུ་བདེ་ལེགས་ཤོག།ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌།།དྲང་སྲོང་རྣམས་ཀྱི་གཙུག་གི་ནོར་བུ་ལྟར།མངོན་ཤེས་རྣམས་ཀྱི་སྙིང་རྗེའི་འགྲོ་མཆོག་འདུ་བ་སྙོམ།།ཁྱོད་ལ་སྨནའདི་ཉེ་བར་གནས་གྱུར་ཅིག།རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད།།ཚེ་ལ་བར་དུ་གཅོད་པ་ཞི་བ་དང༌།།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌།།ཡིད་འཕྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ།།སེམས་ལ་བར་དུ་གཅོད་པ་ཞི་བར་མཛོད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号