ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ཟུར་བཀོད།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ལྔ་པ་སྙིང་པོ་བགྲང་བ་ནི།ཨོཾ་ན་མོ(ཕྱག་འཚལ་ལོ)བྷ་ག་ཝ་ཏེཿབྷེ་ཥ(སྨན་པ་བེེཌྰུརྱ)ཉྫེ་གུ་རུ་བེེཌྰུརྱཿཔྲ་བྷ(འོད་ཀྱི་རྒྱལ་པོ)རྭ་ཛ་ཡཿཏ་ཐ་ག(དེ་བཞིན་གཤེགས)ཏ་ཡཿཨ་ར་ཧ(དགྲ་བཅོམ་པ)ཏེཿསམ་མྱག(ཡང་དག་པར་རྫོགས་པའི་སངས་རྒྱས)སམ་བྷ་དྷུ་ཡཿཏ་ཡ་ཐཿ(འདི་ལྟ་སྟེ)ཨོཾ་བྷེ(སྨན་པའི་སྨན་པ)ཥཉྫེཿབྷེ་ཥ་ཉྫེཿམ་ཧ(སྨན་པ་ཆེན་མོ)བྷེ་ཥ་ཉྫེཿར་ཛ་ས(རྒྱལ་པོ་ཀུན་གཤེགས་པའི)མུན་ག་ཏེཞི་ཚུབསསྭ་ཧཿ
དྲུག་པ་རིག་འཛིན་མཆོད་པ་ནི།གཟུངས་ལན་བདུན་བཟླས་པའི་སྨན་དེ་དག་བདུད་རྩི་དྲི་མ་མེད་པ།ཁ་དོག་དཀར་པོ་རོ་བརྒྱ་དང་ལྡན་པ།ནད་གདོན་ཐམས་ཅད་མ་ལུས་སེལ་བའི་ནུས་པ་དང་ལྡན་པར་སྒོམ་ལ།སྨན་གྱི་ཕུད་དེ་མཆོད།
བདུན་པ་དངོས་གྲུབ་བླང་བ་ནི།སངས་རྒྱས་སྨན་བླ་དྲང་སྲོང་བརྒྱུད་པ་དང༌།རིག་འཛིན་སྨན་གྱི་ལྷ་མོ་དང་བཅས་པ་ཐམས་ཅད་ལ་མཆོད་པ་ཕུལ་བས་མཉེས་པར་བསམ་མོ།།རང་གི་ལྕེ་ལ་སྨན་ཅུང་ཟད་ཅིག་བཞག་པའི་བདུད་རྩི་གང་སྟེ།ནད་གདོན་བར་གཅོད་རྣམས་བསལ།ཚེའི་དངོས་གྲུབ་ཐོབ་པར་བསམ་ལ།ནུབ་ཨུ་རྒྱན་གནས་མཆོགརྒྱལ་སྲས་དྲང་སྲོང་རྣམས་ཀྱི་ཕོ་བྲང་དེ།།སྐལ་བཟང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀྱི་སྲས།།ཛི་ན་མི་ཏྲ་དྲང་སྲོང་བཅུ་ཕྲག་གཅིག།དུག་གསུམ་ནད་གསོ་སྟོང་ཕྲག་དགུ་བཅུ་གཅིག།དེའི་ཉི་ཁུར་སྡེ་སྐོར་བརྒྱ་བཅུ་རུ།།ཡང་དག་ཚིག་གི་ཟེར་བ་བཏུས་པ་
ཡེ་འདྲོག་ཡིན་ནམ་དཔྱད།
ཤན་སྦྱར་འདི་འཁྲུགས་འདུག་པས་རྒྱུད་འགྲེལ་བེ་སྔོན་སོགས་དང་བསྡུར་བར་བྱ།
ཉིང་ཁུ་ཡིན་ནམ་དཔྱད།
སོགས།།དྲང་སྲོང་སྙན་བརྒྱུད་དམར་ཁྲིད་མཛུབ་ཚུགས་ནི།།འགྲོ་བའི་ཟུག་རྔུ་ཉི་མར་བ་མོ་ལྟར།།མ་ལུས་ཞི་ཕྱིར་སྐྱེས་བུ་མེ་ལྷ་ཡིས།།བདུད་རྩི་སྨན་ལ་བྱིན་གྱིས་རློབ་ཏུ་གསོལ།།ཡར་ཧའིརྟོགས་པ་དང༌།།བིརྺ་པའི་ནུས་མཐུ་དང༌།།ཀླུ་སྒྲུབ་སྙིང་བོ་མཁྱེན་པ་དང།། འཇམ་པའི་དབྱངས་ཀྱི་ཤེས་རབ་དང༌།།སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌།།ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས།།སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།གསེར་ཐུབ་མཁན་གྱི་ཆགས་པ་དང༌།།འོད་སྲུང་མཁན་གྱི་ཏིང་འཛིན་དང༌།།ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས།། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།དེ་ལྟར་བསྟོད་པའི་བསྟོད་དང་ནི།།སྨན་གྱིས་ནད་ཀུན་སེལ་བར་བྱེད།།སྐྱེས་བུ་སེང་གེའི་ལྷ་ལ་ཕྱག་འཚལ་ལོ།།སྐྱེས་བུ་མེའི་ལྷ་ལ་ཕྱག་འཚལ་ལོ།།ཇི་ལྟར་ཁྱབ་འཇུག་ཡུལ་འཁོར་སྲུང༌།།གཞན་གྱིས་ཕན་པར་མ་གྱུར་བ།།བདེན་པའི་ཚིག་ནི་འདི་དག་གིས།།ནད་པ་རྣམས་ཀྱི་ནད་སེལ་ཅིང༌།།ཉེས་པ་ཐམས་ཅད་གྲོལ་བྱེད་པའི།།སྨན་རྣམས་བདུད་རྩིར་འགྱུར་བར་ཤོག།ཉི་མ་ཟླ་བ་སྒྲ་གཅན་གྱི་ཁ་ནས་ཐར་བ་བཞིན་ནད་གདོན་བགེགས་བར་དུ་གཅོད་པ་སྤང་བྱ་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ནས།ཤིན་ཏུ་ཡང་བཀྲ་ཤིས་པར་གྱུར་ཅིག
བརྒྱད་པ་ནད་པས་བསྟེན་པ་ནི།འཕྲོད་པར་འགྱུར་ཞིང་བྱིན་གྱིས་བརླབས་པའི་སྨན་དེ།ནད་གདོན་ཐམས་ཅད་བསལ་ལ་འཆི་བ་སོས་པར་བསམ་ལ་འཐུང་གཞུག་གོ།
དགུ་བ་དམ་ཚིག་དེ་རྣམས་སྲུང་བའི་འབྲས་བུ་ནི།སྨན་བླ་དྲང་སྲོང་སྨན་གྱི་ལྷ་མོའི་ཚོགས་དང་བཅས་པ་རྣམས་ཀྱིས་བྱིན་རླབས་ཕོགབཀྲ་ཤིས་པ་དང་བསོད་ནམས་དང་སྙན་གྲགས་ཆེར་འབྱུང་བའོ།
ཕུན་ཚོགས་སྐུ་ལ་མཚན་དཔེའི་བཀྲ་ཤིས་ཅན།།ཕུན་ཚོགས་སྨན་པའི་རྒྱལ་པོའི་བཀྲ་ཤིས་ཤོག།ཕུན་ཚོགས་ཐུགས་ལ་མཁྱེན་བརྩེའི་བཀྲ་ཤིས་ཤོག།ཕུན་ཚོགས་སྨན་པའི་རྒྱལ་པོ་བཀྲ་ཤིས་ཤོག།དཔལ་ལྡན་ས་སྐྱ་སྨན་གྲོང་བ།།དྲང་ཏི་ཡབ་སྲས་རྒྱུད་པ་ཡི།།རྒྱུད་འཛིན་གོང་སྨན་ཞང་དབོན་པའི།།བྱིན་རླབས་བཀའ་བབས་ལྡན་པར་ཡོད།།ཡེ་དྷརྨྰ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥྰ་ན་ཏ་ཐ་ག་ཏོ་བྱེ་ཝ།དར་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཁ་དྰི་མ་ཧཱ་ཤྲ་མ་ཎཿཡེ་སཱ་ཧཱ།འདི་སོགས་ཁྲིགས་སུ་བསྡེབས་པ་ཡིས།།གསོ་རིག་བསྟན་པ་རྒྱས་པ་དང༌།།འགྲོ་ཀུན་ནད་ལས་གྲོལ་བ་དང༌།།བེེཌྰུརྱ་ཡི་ཞིང་དུ་སྐྱེས་པར་ཤོག།
ཅེས་པ་འདི་ནི་མཁས་པའི་དབང་བོ་སྨན་བླ་གཉིས་པ་གོང་སྨན་དཀོན་མཆོག་ཕན་དར་གྱི་ཞབས་
ས་ར་ཧ་ཡི་ཞེས་པའི་རྒྱ་གར་གྱི་སློབ་དཔོན་ཆེན་མོ་དེ་ལ་ཟེར་རམ་དཔྱད།
པད་ཡུན་རིང་བརྟེན་ཅིང༌།གསོ་བ་རིག་པའི་ཚུལ་ལ་ཐོས་བསམ་གྱི་བྱ་བ་ལན་གཅིག་མ་ཡིན་པར་བྱས་པའི་ཟུར་འཚོ་བ་ཕྱག་ན་རྡོ་རྗེ་མགོན་པོ་ཡིས།རྒྱ་བོད་མཁས་གྲུབ་དུ་མའི་གསུང་རྒྱུན་དང༌།ཁྱད་པར་གོང་སྨན་ཡབ་སྲས་ཀྱི་ཐུགས་བཅུད་འོ་མའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བས།གཅེས་བསྡུས་རིན་ཆེན་ཕྲེང་བ་འདི་ཉིད།དད་ལྡན་གྱི་བུ་སློབ་དུ་མ་དག་ལ་མེ་ཏོག་དང་བཅས་ཏེ་བསྐུལ་བའི་ངོར་སྦྱར་བའོ།འདིས་ཀྱང་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་ནུས་པར་གྱུར་ཅིག།དགེ་ལེགས་འཕེལ་ཞིང་འཕྲིན་ལས་རྒྱས་པརཤོག།བཀྲཤིས།མངྒལཾ།རྫོགས་སོ།།
(སྐལ་བཟང་རྡོ་རྗེ།ཤ་བོ་བྲུག་མོ)
 
བསམ་གཞིགས།
༡སྨན་ལ་རབ་གནས་བྱེད་པར་དགོས་པ་ཅི་ཡོད།
༢སློབ་དཔོན་ལ་སངས་རྒྱས་ཀྱི་བློ་དང་དེའི་གསུང་ལ་དྲང་སྲོང་རྒྱུད་པ་དང་བཅས་པའི་བློ་འཇོག་དགོས་པའི་རྒྱུ་མཚན་ཅི།
༣སྨན་རྣམས་ནོར་བུ་དང་བདུད་རྩི།མཆོད་རྫས་སུ་ཤེས་དགོས་པའི་རྒྱུ་མཚན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号