ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
འདི་ལྟར་གཟུགས་ཐམས་ཅད་ནི་རྣམ་པ་གསུམ་དུ་འདུས་ཏེ།བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་དང༌།བལྟར་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་དང་བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་སོ།།དེ་ལ་བལྟར་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་མིག་གི་དབང་པོའི་ཡུལ་དུ་གཞག་པ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ།།བལྟར་མི་སྣང་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌།སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཡུལ་བཞི་སྟེ་དགུའོ།།བལྟར་ཡང་མི་སྣང་ལ་ཐོགས་པ་ཡང་མེད་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ།།
༤གཟུགས་རྡུལ་གྱི་མཐའ་བཤད་པ།
དབང་དོན་བཅུ་པོ་དེ་དག་རྡུལ་ཕྲན་བསགས་པ་ཡིན་པའི་ཕྱིར་གཟུགས་ཀྱི་མཐའ་ཕྲ་རབ་ཆ་མེད་ཀྱི་རྡུལ་ལས་བརྩམས་ཏེ་ཇེ་རྒྱས་སུ་འགྱུར་ཏེ།ཇི་ལྟར་ན་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་ཅེས་བྱའོ།།དེ་བཞིན་དུ་བདུན་འགྱུར་གྱིས་ལྕགས་རྡུལ་འཕྱི་བ་དང་ཆུ་རྡུལ་འཐག་པ་དང་རི་བོང་རྡུལ།ལུག་རྡུལ།གླང་རྡུལ།འདི་གསུམ་སྤུ་རྩེལ་ཕྲ་སྦོམ་ཡོད་པ་དེའི་ཚད་དང་ཉི་ཟེར་གྱི་རྡུལ་དང།སྲོ་མ་དང༌།ཤིག་དང༌།ནས་དང་སོར་ཚིགས་ཀྱི་ཚད་ཀྱི་བར་དུའོ།།སོར་མོ་ཉེར་བཞི་ལ་ཁྲུ་གང་ང༌།།ཁྲུ་བཞི་གཞུ་འདོམ་གང་ངོ༌།།གཞུ་འདོམ་ལྔ་བགྱོལ་རྒྱང་གྲགས་ཀྱི་ཚད་ཅེས་བྱའོ།།གྲོང་ལས་རྒྱང་གྲགས་འདིའི་ཕྱེད་བསྲིང་བ་ལ་བས་མཐལདང༌།རྒྱང་གྲགས་གཅིག་གྲོང་ལས་བསྲིང་བ་དགོན་པའི་ཚད་དོ།།རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ།དཔག་ཚད་དེས་རི་གླིང་སོགས་ཀྱི་ཚད་འཇལ་བར་བྱེད་དོ།།འདོད་པའི་ཁམས་ན་མིག་སོགས་དབང་པོ་དང་ཟིན་མ་ཟིན་གྱི་སྒྲ་མེད་པའི་ཉི་རྡུལ་ལྟ་བུ་རྡུལ་གོང་ལ་ཡང་རྒྱུ་འབྱུང་བ་བཞི་དང་འབྲས་བུ་གཟུགས་དྲི་རོ་རེག་གི་རྡུལ་བརྒྱད་ཡོད་ལ།དྲིལ་བུའི་སྒྲ་ལྟ་བུ་སྒྲ་ཡོད་ན་སྒྲ་རྡུལ་དང་དགུ།ལུས་ཀྱི་དབང་པོ་ཡོད་ན་དེའི་རྡུལ་དང་བཅུ།མིག་སོགས་དབང་པོ་གཞན་ཡོད་ན་ལུས་དབང་དེ་དང་ལྷན་ཅིག་ཡོད་པས་རྡུལ་རིགས་མི་འདྲ་བ་བཅུ་གཅིག་ཡོད་དོ།།
 
                                              (རྟ་མགྲིན་རྒྱལ།ཚེ་རིང་རྣམ་རྒྱལ།)
   SANY0093.JPG
བསམས་གཞིགས།
༡གཟུགས་ཀྱི་ཕུང་པོ་དང་གཟུགས་ཀྱི་སྐྱེ་མཆེད་ཅེས་པའི་གཟུགས་གཉིས་ཀྱི་ཁྱད་པར་གང༌།
༢གཟུགས་ཀྱི་མཚན་ཉིད་ཅི།
༣འབྱུང་བའི་མཚན་ཉིད་དང་དོན་ཅི།
༤གསོ་བ་རིག་པའི་གཞུང་དུ་འབྱུང་བ་ལྔ་བསྟན་ལ་འདིར་འབྱུང་བ་ཆེན་པོ་བཞི་མ་གཏོགས་མ་བཤད་པས་དེ་གཉིས་འགལ་བ་ཡིན་ནམ།རྒྱུ་མཚན་ཅི།
༥འབྱུང་བ་ཆེན་པོ་བཞི་ལ་རྒྱུ་གཟུགས་ཞེས་བྱ་བའི་རྒྱུ་མཚན་ཅི།
༦རྒྱུ་གཟུགས་དང་འབྲས་གཟུགས་སོ་སོ་གང་དག་ཡིན།དེ་གཉིས་ཀྱི་འབྲེལ་བ་ཅི།
༧གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་དུ་ཡོད།གང་དག་ཡིན།
༨སྒྲ་ལ་སྤྱིའི་དབྱེ་བ་དུ་ཡོད།གང་དག་ཡིན།རེ་རེའི་མཚན་གཞི་གང༌།
༩རྗོད་བྱེད་ཀྱི་སྒྲ་ལ་དབྱེ་ན་དུ་ཡོད།རེ་རེའི་མཚན་གཞི་གང༌།
༡༠རེག་བྱ་ལ་དབྱེ་ན་དུ་ཡོད།གང་དག་ཡིན།
༡༡རྣམ་པར་རིག་བྱེད་མ་ཡིན་པ་ཞེས་པའི་མཚན་ཉིད་གང༌།དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས།དེ་གཟུགས་སུ་བསྡུ་དགོས་པའི་རྒྱུ་མཚན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号