ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༧༥༽

སྤྱིར་ན་འཇིག་རྟེན་གྱི་ལྷ་དང་། སྐྱེ་བོའི་ལྷ་དང་། རྣམ་པར་དག་པའི་ལྷ་དང་གསུམ་་་་་་ནི་རྒྱལ་པོ་རྣམས་དང་། རྒྱལ་ཆེན་རིགས་བཞི་པའི་ལྷ་ལ་སོགས་པ་རྣམས་དང་། རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་དེ་དག་སྟེ་གོ་རིམ་བཞིན་ནོ། །དེ་ལྟར་མྱ་ངན་ལས་འདས་པའི་མདོ་ལས་གསུངས་པ་དེ་དག ལས་འདི་ནི་ཕྱི་མའོ། །གོས་ལ་སོགས་པ་བརྙན་པ་སྟེ་གཡར་བ་ངེས་པར་གཏན་དུ་བྱིན་པ་ཉིད་བཞིན་དུ་བསྲི་བ་མེད་པར་རྐུ་སེམས་ཀྱིས་ཉེ་བར་ལོངས་སྤྱོད་ན་ཕམ་པའི་སྦྱོར་བ་བཞིན་དུ་སྦོམ་པོར་འགྱུར་བ་ཡིན་ནོ། །དེའང་དངོས་གཞི་རྣམ་པའི་སྦོམ་པོའོ། །འདི་ལ་ཕམ་པ་མི་བསྐྱེད་པ་དེ་ཡན་ལག་གང་མ་ཚང་ཞེ་ན། ཁ་ཅིག་ན་རེ་དངོས་པོ་ཅུང་ཟད་སྤྱད་པས་རིན་ཐང་ཚང་བ་མི་སྲིད་པའི་ཕྱིར་ཟེར་ཏེ། ཊཱི་ཀ་ལས་དངོས་པོ་ཚང་ན་སྦོམ་པོ་ཞེས་པ་དང་འགལ་ལོ། །ཁ་ཅིག་ན་རེ་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་གང་ལ་རྐུ་བའི་ཡུལ་དང་གང་གིས་རྐུ་བའི་རྟེན་དང་། གང་བརྐུ་བྱའི་རྫས་དང་གསུམ་དགོས་པ་ལ། འདི་ལ་བརྐུ་བྱའི་རྫས་ལོགས་སུ་གྲུབ་པ་དེ་མ་ཚང་པའོ་ཟེར་ཏེ། བརྐུ་བྱའི་རྫས་ལོགས་སུ་གྲུབ་པ་མེད་ཀྱང་དང་ན་ཐེན་ཡང་མ་བརྐུས་པ་མ་ཡིན་ནོ་ཞེས་པ་དང་འགལ་ལོ། །ཁ་ཅིག་ན་རེ་མཐར་ཐུག་མ་ཚང་བ་ཡིན་ཟེར་ཏེ། མཐར་ཐུག་མ་ཚང་བའི་སྦོམ་པོ་ཡིན་ན་སྦྱོར་བའི་སྦོམ་པོ་ཡིན་པར་འགྱུར་བ་ལས་སྦྱོར་བ་བཞིན་ནོ་ཞེས་སྦྱོར་བ་དང་འདྲ་བར་གསུངས་པ་འགལ་ཏེ། འདྲ་བའི་ཕྱིར་ན་དངོས་མ་ཡིན་ཞེས་བརྗོད་དོ། །འོ་ན་གང་ཞེ་ན། འདི་ལ་ཕམ་པ་མི་བསྐྱེད་པ་ནི། རྐུ་སེམས་ཙམ་པོ་ཡོད་ཀྱང་རྐུ་སེམས་ཀྱི་ངོ་བོ་རྫོགས་པ་མེད་པའི་ཕྱིར་ཏེ། བསྲི་བ་མེད་པར་ལོངས་སྤྱོད་པ་འདི་མི་འཐད་དེ་འོན་ཀྱང་གཡར་དུ་བཅུག་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །གསང་སྔགས་དང་་་་་་སྨན་པ་དག་གིས་ཞེས་པ་ནི་འགུག་པ་བྱ་བའི་སྨན་ཡིན་ནམ། དབང་དུ་བྱ་བའི་སྨན་ཡིན་ཞེས་ན། འོད་ལྡན་ལས་འགུགས་པར་བྱ་བའི་ཕྱིར་གང་བྱིན་པ་དེའི་རྒྱུས་རྙེད་པའི་ཕྱིར་བསམ་པ་ལོག་པ་བྱུང་ན་ལོག་འཆོར་གཤོགས་པའི་ཉེས་པར་འགྱུར་གྱི། རྐུ་བར་གཏོགས་པ་ནི་མ་ཡིན་ཞེས་བཤད་དེས་འདི། སྨན་དག་གིས་་་་་་དབང་དུ་བྱས་ཏེ་དབུལ་དུ་བཅུག་ན་སྦོམ་པོ། ཞེས་པ་ཡང་རྐུ་སེམས་ཀྱིས་ངོ་བོ་མ་རྫོགས་པ་སྟེ་སྔ་མ་བཞིན་ནོ། །ཁ་ཅིག་དེ་ལ་སྦོམ་པོ་མཚན་ཉིད་པ་མེད་དོ། །རྐུ་སེམས་མེད་པའི་ཕྱིར་ཞེས་ཟེར་ཏེ། ཊཱི་ཀ་ལས། རྐུ་སེམས་ཀྱིས་ན་སྦྱོར་བ་བཞིན་ནོ། །ཞེས་བྱ་བའི་རྗེས་སུ་སྦྱར་བར་བྱའོ་ཞེས་པ་དང་འགལ་ལོ། །ཞུ་འགྲེལ་ལས་གསང་སྔགས་ལ་སོགས་

༼༣༧༦༽

པས་དབང་དུ་བྱས་ནས་སྦྱིན་དུ་འཇུག་པ་ལ། ཉེས་པ་སྦོམ་པོ་ཞེས་སྨོས་པ་མི་འཐད་དེ། དངོས་པོ་ཚང་ན་མཚན་ཉིད་དུ་གྱུར་པའི་ཕམ་པར་འགྱུར་བའི་ཕྱིར་རོ་ཞེས་་་་་་དབང་སྡུད་ཀྱི་སྔགས་ཀྱིས་གཟིར་ནས་རང་དབང་མེད་པར་འབུལ་དུ་བཅུག་ན་ཕམ་པར་བསྐྱེད་པར། བཤད་ཀྱང་། མདོ་རྩ་འགྲེལ་ལས་སྦོམ་པོར་གསུངས་པ་དེ་འདིས་ངེས་པར་གཟུང་ངོ་། །རྟོག་པས་ཀྱང་ངོ་ཞེས་པ་འདི་ལ་འགྲེལ་པ་མཁན་གྱིས་བཤད་ལུགས་གསུམ་ཡོད་དེ། ཞུ་འགྲེལ་ལས་རྐུན་པོ་ལ་ཞུགས་པ་འགའ་ཞིག་དངོས་གཞིའི་ཁ་ན་མ་ཐོ་བ་ཡོངས་སུ་སྤང་བའི་ཕྱིར། འདི་སྙམ་དུ་རྟོག་པར་བྱེད་དེ། ཆོས་ཐམས་ཅད་ནི་བདག་མེད་པའོ། །ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པའོ། །ཆོས་ཐམས་ཅད་ནི་འབྲེལ་བས་སྟོང་པ་སྟེ་བདག་པོས་ཡོངས་སུ་གཟུང་བ་མེད་པའི་འདུ་ཤེས་ངེས་པ་རྒྱུན་ཆགས་པ་བསྐྱེད་པར་བྱེད་དོ། །འདུ་ཤེས་དེ་ལྟ་བུར་རྟོག་པ་དེས་ན་ཡན་ལག་གཞན་ན་ཡོད་ན་སྦོམ་པོར་འགྱུར་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ། སྲོག་གཅོད་པ་ལ་སོགས་པ་ཐམས་ཅད་ལ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྟོག་པས་ཀྱང་ངོ་ཞེས་པ་འདི་འགྲེལ་ཆུང་ལས་མི་ཆུས་ཁྱེར་བ་ཕྱུང་བ་ལྟ་བུ་ཁོས་སྲོག་བླུད་མ་བྱིན་པ་ལ་འདི་ཙམ་གྱི་ཚོད་ཅིག་བདག་དབང་ཞེས་ཏེ་ཐུག་ཐུབ་ཏུ་ནོར་ཁྱེར་ན་སྦོམ་པོ་ཞེས་བཤད་དོ། །དེ་ནི་བདག་ཉིད་དབང་ངོ་སྙམ་པའི་རྟོག་པ་སྟེ། ཊཱི་ཀ་ལས་བདག་གི་ཡིན་ནོ་སྙམ་པའི་རྟོག་པ་ཞེས་པ་དེའི་ཁོངས་སུ་འདུས་སོ། །རྟོག་པས་ཀྱང་ངོ་ཞེས་པ་འདི་ཊཱི་ཀ་ལས། རྟོགས་པ་ནི་གཉིས་ཏེ། གཤགས་འགྱེད་པའི་དུས་ན་ཁ་གསད་ཀྱིས་གསོད་པ་ཕ་རོལ་པོའི་ཚིག་གི་སྐབས་མེད་པར་བྱ་བའི་ཕྱིར་ལན་འདེབས་པའི་རྟོག་པ་དང་། ཉེས་པའི་རྣམ་པ་ཐེ་ཚོམ་དང་འབྲེལ་བའི་རྟོག་པའོ།་་་་་འདི་ནི་གང་ལ་ཐེ་ཚོམ་ཟ་བ་ཡིན་སྙམ་ན་ཁ་ཅིག་ན་རེ་ཉེས་པ་འབྱུང་ངམ་མི་འབྱུང་ཐེ་ཚོམ་ཟ་བའི་ཕྱིར་ཏེ་ཟེར་རོ། །ཊཱི་ཀ་ལས་འདི་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ངེས་པར་བྱས་ན་འཇུག་པར་བྱེད་དོ། །ཞེས་བཤད་པ་དང་འགལ་ལོ། །འདི་ནི་ཉེས་པའི་རྣམ་པ་ཞེས་ཉེས་པའི་བྱེ་བྲག་སྟེ་ཉེས་བྱས་སྦོམ་པོའམ་ཉེས་པ་ཆེ་ཆུང་གང་བྱུང་ངམ་སྙམ་དུ་ཐེ་ཚོམ་ཟ་བའོ། །དང་པོ་ལ་ཕམ་པ་དངོས་གཞི་བསྐྱེད་པར་གོང་དུ་་་་་་ཤགས་ཀྱིས་གལ་ཏེ་བླའི་གྲར་རྒྱལ་ནས་ཞེས། བཤད་ཟིན་ཏོ། །གཉིས་པ་ནི་སྐབས་འདིར་བསྟན་ཏེ། འདི་ལ་གསུམ་སྟེ་བདག་གི་ཡིན་ནོ་སྙམ་པའི་རྟོག་པའམ། བདག་པོ་མེད་དོ་སྙམ་པའི་རྟོག་པའམ། བདག་ལ་སྦྱིན་ནོ་སྙམ་པའི་རྟོག་

༼༣༧༧༽

པས་ཀྱང་གཞན་གྱིས་ཡོངས་སུ་གཟུང་བའི་ནོར་རྫས་ཁྱེར་ན་དངོས་གཞི་རྣམ་པའི་སྦོམ་པོའོ་ཞེས་སོ། །དོན་དེ་ལྟར་རང་གི་རྣམ་བཤད་ལས་ཀྱང་གསུངས་སོ། །འདི་ནི་སྦོམ་པོ་བཏགས་པ་བ་ཡིན་གྱི་རྐུ་བའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ། བདག་ཉིད་དབང་ངོ་སྙམ་པ་ན་རྐུ་སེམས་མཚན་ཉིད་པ་མེད་པའི་ཕྱིར་རོ། །ཊཱི་ཀ་ལས། མདོ་འདིའི་ཡུལ་ལ་འདུ་ཤེས་བཞིན་དུ་ཡིད་གཉིས་ནི་མེད་དེ། གང་ཡང་རུང་བའོ་སྙམ་པའི་དེ་ལྟ་བུའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་པ་ནི། རྟོགས་པས་ཀྱང་ངོ་ཞེས་པའི་མདོ་འདིའི་ཡུལ་ལ་ངེས་པའི་འདུ་ཤེས་བཞིན་དུ་ཡིད་གཉིས་ནི། འདུ་ཤེས་དང་འདྲ་ཞེས་བསྟན་པ་འདི་ལ་མེད་དེ། བདག་དབང་ངམ་གཞན་དབང་ངམ་སྙམ་དུ་ཡིད་གཉིས་ཟ་བཞིན་དུ། བརྐུས་ན་ཕམ་པར་འགྱུར་བའི་ཕྱིར་རོ། །དེས་ན།་་་་་ངེས་པའི་རྟོག་པ་གསུམ་པོ་བདག་གི་ཡིན་བདག་པོ་མེད་བདག་ལ་བྱིན་སྙམ་པ་ཏེ་དེ་གསུམ་གང་ཡང་རུང་བའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་པའོ། །སྣམ་བུ་བཅུག་དང་ཤིང་ལ་བཀལ་ཏེ་འདུག་པ་ན། སྣམ་བུ་གང་བཟང་བ་གཅིག་རྐུའོ་སྙམ་སྟེ།་་་་་འདམས་ཏེ་བཟང་པོ་རྐུ་བར་འདོད་པ་ནི་བཟང་པོ་རྐུར་འདོད་པས་འདམས་པ་ལ་ཡང་ངོ་ཞེས་སྔ་ཕྱི་བསྒྱུར་ཏེ་རྫས་གང་བཟང་བ་འདམས་ཏེ། རྫས་སྔ་མ་རྣམས་ལ་ནོམ་ཉུག་བྱེད་པ་ལ་ཡང་དངོས་གཞིའི་རྣམ་པའི་སྦོམ་པོའོ་ཞེས་སྔ་མར་སྦྱར་རོ། །དེའང་རྫས་ཕྱི་མ་བརྐུས་པའི་སྦྱོར་སྦོམ་ལས་ཐ་དད་པར་བསྟན་པའི་ཕྱིར་དངོས་གཞིའི་རྣམ་པ་ཞེས་གསུངས་ཀྱི། མཐར་ཐུག་གི་སྦོམ་པོ་ནི་མ་ཡིན་ཏེ། དེའི་ཚེ་ན་མཐར་ཐུག་མ་གྲུབ་པའི་ཕྱིར་རོ། །འདིར་བླ་མ་་་་་་ཤ་ཤུགས་པ། རྣམས་ནི་རྫས་དེ་རྣམས་གང་བཟང་འདམས་པའི་ཕྱིར་རྫས་སྔ་མ་ལ་ནོམ་ཉུག་བྱེད་པའི་སྦོམ་པོ་འདི་ནི་རྫས་ཕྱི་མ་བརྐུ་བའི་ཕམ་པའི་སྦྱོར་སྦོམ་དང་རྫས་གཅིག་གོ་ཞེས་གསུང་ཡང་། འདིར་རྫས་ཕྱི་མ་བརྐུ་བའི་ཕམ་པའི་སྦྱོར་སྦོམ་ལས་ཐ་དད་དེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དངོས་གཞིའི་རྣམ་པའོ་ཞེས་པ་དང་། ཊཱི་ཀ་ལས་རྐུ་བའི་ཕྱིར་ནོམ་པར་བྱེད་པ་ལ་སྦོམ་པོར་བསྟན་པ་དེ་ལས་ཐ་དད་པའི་སྦོམ་པོ་གཞན་དུ་འགྱུར་རོ་ཞེས་པ་དང་། རིགས་པས་ཀྱང་རྫས་ཕྱི་མ་

༼༣༧༨༽

ལ་ནོམ་དུས་ན་་་་་་རྫས་ཕྱི་མ་བཟང་པོ་དེ་བརྐུ་བའི་འདུན་པ་མ་ལོག་ཀྱང་། རྫས་སྔ་མ་དེ་རྐུ་བའི་འདུན་པ་ལོག་པའི་ཕྱིར་རྫས་ཕྱི་མ་བརྐུས་པའི་སྦྱོར་སྦོམ་དང་རྫས་གཅིག་པ་ཡིན་པར་མི་རིགས་སོ། །འོ་ན་ཊཱི་ཀའི་སྐབས་གཞན་ལས། ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་དུ་རྐུ་བའི་བསམ་པ་ཕྱིར་མ་ལོག་གི་བར་དུ་ནི་སྦོམ་པོ་གཅིག་ཁོ་ནའོ་ཞེས་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། འདི་ནི་སྤྱིར་རྐུ་བའི་བསམ་པ་ཕྱིར་མ་ལོག་ཀྱང་རྫས་ཀྱི་བྱེ་བྲག་དེ་ཉིད་ཀྱི་རྐུ་བའི་བསམ་པ་ཕྱིར་ལོག་པའི་ཕྱིར་རོ། །འདམས་ཏེ་བཟང་པོ་རྐུ་བར་འདོད་པའི། སྐབས་འདིར་མདོ་་་་་་སྦོམ་པོ་ཐ་དད་པའི་བཞེད་པས། རྩ་འགྲེལ་བཞེད་པ་དང་། དགེ་ལེགས་བཤེས་གཉེན་་་་་་ནི་སྦོམ་པོ་གཅིག་ཏུ་འདོད་པས། འདོད་ཚུལ་མི་མཐུན་ཏེ། ཞུ་འགྲེལ་ལས། གང་བཟང་བ།་་་་་འདམས་པའི་རེག་པ་ཡང་གནས་ནས་སྦེད་པའི་སྔ་རོལ་ན་ཡིན་པའི་ཕྱིར་སྦྱོར་བའི་ཁོངས་སུ་འདུས་པས་སྦྱོར་བར་གཏོགས་པའི་སྦོམ་པོ་གཅིག་ཁོ་ནར་ཟད་ཀྱི་་་་་་སྦོམ་པོ་ཐ་དང་། གཞན་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །པཎྜི་ཏའི་འདོད་ཚུལ་ཐ་དད་པར་ཟད་དོ། །རྒྱན་ལ་་་་་་གཡོ་བྱེད། དོར་བྱེད་ན་རྒྱན་རྒྱལ་ཙམ་ན་ཕམ་པ་བསྐྱེད་ལ་གྲངས་ལ་གཡོ་བྱེད།་་་་་དོར་བྱེད་ན་ནོར་རྫས་ལ་ཐོབ་བློ་སྐྱེས་པ་ལ་ལྟོས་དགོས་པ་ནི། རྒྱན་དང་རྩིས་གཉིས་ཡུལ་ཆོས་ཀྱིས་གཉན་མི་གཉན་ཡོད་པའི་ཕྱིར་དང་རྫས་མངོན་སུམ་ན་སྣང་མི་སྣང་གི་ཁྱད་པར་གྱིས་ཐོབ་བློ་སྐྱེ་བ་དཀའ་སླ་ཡོད་པའོ། །རྩིས་ལ་དོར་བྱེད་པ་ན། བཅུ་ཁྲམ་དང་བརྒྱ་ཁྲམ་ལ་སོགས་པའི་མཚན་མ་ཕྱིས་པ་སྟེ་མེད་པར་བྱས་པ་དང་། མཚན་མ་བསྣན་པ་སྟེ་ལྷག་པར་བསྣན་པ་གཉིས་དང་། བཅུ་ཁྲམ་དང་བརྒྱ་ཁྲམ་ལ་སོགས་པའི་མཚན་མ་གནས་གཞན་དུ་ལྟག་འོག་བསྣོར་ཅིང་བཞག་པ་་་་་་རྩིས་བྱེད་ལོ་ལ་བདག་རྒྱལ་བར་བྱེད་པའི་ཕྱིར་བཅུ་ཤོད་དང་བརྒྱ་ཤོད་ཀྱི་གོ་སྣོར་ན་ཉེས་བྱས་ཞེས་འགྲེལ་ཆུང་ལས་བཤད། ཡང་། དོར་བྱེད་པ་དེ་ཉིད་ཡིན་ཏེ། སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་བསྐྱེད་དོ། །མདོ་འདི་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། རྩིས་ལ་དོར་བྱེད་པ་གཅིག་པུར་མ་ཟད་ཀྱི། དེ་དང་མཚུངས་པའི་གནས་སྐབས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པར་བཤད་དོ། །ཚོམས་གཞན་དུ་བགྲང་བ། ཞེས་པ་དང་། སྔ་མ་ཉིད་ཕྱི་མ་དག་ལ། ཞེས་པ་དང་། མི་དབང་པ་དབང་བར་ཞེས་པ་སྟེ། དེ་གསུམ་གྱི་ཁྱད་པར་གང་

༼༣༧༩༽

ཞེ་ན། སྔ་མ་ནི་ལུས་ཀྱིས་བགྲང་བ་སྟེ། ཕྱི་མ་གཉིས་ནི་ངག་གིས་བསྙོན་པའོ། །དེ་གཉིས་ཀྱི་ཁྱད་པར་ནི་སྐལ་བ་གཅིག་དབང་བ་ན་སྐལ་བ་གཉིས་ཡན་ཆད་ཐོབ་པར་འདོད་པ་དང་། སྐལ་བ་གཅིག་ཀྱང་མི་དབང་བ་ན་སྐལ་བ་གཅིག་ཡན་ཆད་ཐོབ་པར་འདོད་པ་སྟེ་གོ་རིམ་བཞིན་ནོ། །གལ་ཏེ་་་་་་རྫས་གནས་ནས་སྤོ་བའི། སྔར་མི་སྦྱིན་པར་ཐག་བཅད་ནས་ཕྱིས་བསྙོན་ན་ནི་སྔར་ཐག་བཅད་པ་དེ་ཕྱིས་བསྙོན་པ་ལས་སྦྱོར་བ་ཐ་དད་གཞན་ཉིད་དེ་སྦོམ་པོ་ཐ་དད་བསྐྱེད་དེ། འདིར་ཊཱི་ཀ་ལས་བརྣོགས་པ་་་་་་སྟེ་མི་སྦྱིན་པར་ཐག་བཅད་པ་ནི་དངོས་གཞིའི་རྣམ་པའི་སྦོམ་པོ་ཡིན་པའི་ཕྱིར་རོ་ཞེས་པ་ནི་དངོས་གཞིའི་རྣམ་པ་བཏགས་པ་བ་སྟེ། སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོ་ཡིན་ནོ། །གལ་ཏེ་སྔར་ནི་སྦྱོར་བ་གཞན་ཉིད་དོ་ཞེས་པ་འདི་ཉིད་ཀྱི།་་་་་འགྲེལ་ཆུང་ལས་ནོར་བདག་དེ་ཉིད་ཀྱིས་ནོར་སྦས་ཏེ་གཏམས་པ་དེ་གནས་གུད་དུ་མ་སྤོས་པར་མི་སྦྱིན་པར་བསམས་པ་ནི་ཕམ་པར་མི་འགྱུར་ཏེ་ཉེས་བྱས་ཞེས་བཤད་ཀྱང་། མདོ་རྩ་འགྲེལ་དང་ལུང་ལས།་་་་་རྫས་གནས་ནས་སྤོ་བའི་སྔ་རོལ་ཏུ་མི་སྦྱིན་བར་ཐག་བཅད་ན་སྦོམ་པོར་གསུངས་པ་གཙོ་བོར་གཟུང་ངོ་། །རྟ་ལ་སོགས་པའི་་་་་་སྒྱིད་པ་གཅོད་པ་དང་གསོད་པ་ནི་ཏཱི་ཀ་ལས་སྦོམ་པོར་འགྱུར་གྱི་ཕམ་པར་ནི་མི་འགྱུར་བར་ཤེས་པར་བྱའོ་ཞེས་ཏེ། ཆུད་གཟན་པ་འབའ་ཞིག་གི་བསམ་པའི་དབང་དུ་བྱས་པ་ཡིན་ནོ། །གལ་ཏེ་བདག་ཉིད་ཀྱི་འཚོ་བ་སྒྲུབ་པའི་བསམ་པ་ཡོད་ན་ནི། ལུང་ཞུ་བ་ལས་དགེ་སློང་གིས་མི་རྣམས་ཀྱི་གླང་པོ་ཆེ་དང་རྟ་དང་རྔ་མོ་ལ་སོགས་པ་སྲོག་དང་བྲལ་བར་བགྱིད་ན་ཅིར་འགྱུར། གལ་ཏེ་བདག་ཉིད་ཀྱི་འཚོ་བ་བསྒྲུབ་པའི་དོན་དུ་སྲོག་དང་འབྲལ་བར་བྱེད་ན། དངོས་པོ་ཚང་ན་མཐར་འགྱུར་རོ། །ཇི་སྟེ་ཆུད་གཟན་པའི་སླད་དུ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ཞུ་བའི་འགྲེལ་པར་ལུང་དྲངས་སོ། །མཚམས་ཀྱི་ནམ་མཁའ་ལ་ཤོ་གམ་འབྲལ་ན་ཡང་་་་་་མ་བྱིན་ལེན་གྱི། ཕམ་པར་མི་འགྱུར་ཏེ། རྒྱལ་པོ་ནམ་མཁའ་ལ་མི་དབང་བས་ན་བདག་པོའི་ཡན་ལག་མ་ཚང་བའི་ཕྱིར་རོ། །རྒྱལ་པོ་ནམ་མཁའ་ལ་མི་དབང་བས། དོན་ལ་ཤོ་གམ་གཞལ་མི་དགོས་ཡང་རྐུ་སེམས་བྱུང་བའི་དབང་གིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །རྐུ་སེམས་སྐྱེད་པའི་རྒྱུ་ནི་ཊཱི་ཀ་ལྟར་

༼༣༨༠༽

ན་རྫུ་འཕྲུལ་དམན་པས་བྱས་ཏེ། ཊཱི་ཀ་ལས། མངོན་པར་ཤེས་པ་ལས་བྱུང་བ་མ་གཏོགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལ་སོགས་བདག་གིས་ནམ་མཁའ་ལ་འདའ་བར་བྱེད་ན་སྦོམ་པོའོ་ཞེས་སོ། །འོད་ལྡན་ལྟར་ན་རྐུ་སེམས་སྐྱེད་པའི་རྒྱུ་ནི་ནོར་རྫས་ནམ་མཁའ་ལ་ཁྱེར་ཡང་བདག་ཉིད་ས་ལ་ཕྱིན་པས་བྱས་ཏེ། འོད་ལྡན་ལས། འདག་ཉིད་ནམ་མཁའ་ལ་འདུག་ནས་ནོར་རྫས་ས་ལ་འདའ་བར་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་པས་གྲུབ་བོ། །འདིར་ཁ་ཅིག་་་་་་ཕྱོགས་སྔར་བཀོད་པ་པཎྜི་ཏ། ན་རེ་ཤོ་གམ་གྱི་མཚམས་ཀྱི་ཕྱི་རོལ་ནས་ནམ་མཁའ་ལས་འདའ་བར་བྱེད་ན་སྦོམ་པོའོ། །མཚམས་ཀྱི་ནང་ནས་ནམ་མཁའ་ལ་འདའ་བར་བྱེད་ན་ཕམ་པར་འགྱུར་ཞེས་ཟེར་རོ། །ཊཱི་ཀ་ལས་དེ་ནི་དེ་ལྟར་མི་བཞེད་དེ། རྒྱལ་པོ་དག་ནི་ས་ལ་དབང་བ་ཡིན་གྱི་ནམ་མཁའ་ལ་་་་་་དབང་བ། མ་ཡིན་པས། མཚམས་སུ་མ་ཕྱིན་ན་གཞལ་བ་ཉིད་ཀྱང་མི་འབྱུང་ན་ལྟུང་བར་འགྱུར་བ་འབྱུང་རེ་སྐན་ཞེས་བཤད་དེ། ཤོ་གམ་གྱི་མཚམས་སུ་མ་ཕྱིན་ན་ཤོ་གམ་གཞལ་དགོས་སུ་གཞི་མ་གྲུབ་པའི་ཐ་ཚིག་གོ །ཊཱི་ཀ་ལས་དགེ་སློང་མཚམས་ཀྱི་ནང་དུ་ཕྱིན་པས་བསྒོམས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་ཤོ་གམ་གཞལ་དགོས་ཀྱི་རྫས་ནམ་མཁའ་ལས་སམ་གང་ཡང་རུང་བས་ཁྱེར་བ་ལ་ནི་་་་་་རྐུ་བའི་ལྟུང་བ་རྣམ་གཞག་གི་ཉེས་པ་མེད་དེ། རྐུ་བའི་སེམས་མེད་པའི་ཕྱིར་རོ་ཞེས་སོ།་་་་་འདི་ལ་རྐུ་སེམས་མེད་པའི་རྒྱུ་མཚན་ནི། ཞུ་འགྲེལ་ལས། མངོན་པར་ཤེས་པའི་རང་བཞིན་གྱི་ནི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་སྐྱེས་པ་ཉིད་ཀྱིས་རྐུ་སེམས་ཀྱི་སྣོད་མ་ཡིན་པའི་ཕྱིར་ཞེས་སོ། །འདི་ལ་་་་་་ནི་ཤོ་གམ་གཞལ་དགོས་དང་བཅས་ཏེ་ལམ་དུ་འཇུག་པའི། བསླབ་བྱའི་ཉེས་བྱས་ཀྱང་མི་འབྱུང་བའོ། །ཤོ་གམ་གྱི་མཚམས་ལས་གཞན་་་་་་འགྲེལ་ཆུང་ལས། ཤོ་གམ་མེད་པའི་ལམ་དུ་ཤོ་གམ་མ་གཞལ་བ་ལ་ཉེས་པ་མེད་པ་ཉིད་དོ། །ཚོང་པ་ལ་སོགས་པ་གཞན་ལ་ཤོ་གམ་དྲོལ་ཅིག་ཅེས་དགེ་སློང་གིས་བསྒོ་ན་རྐུ་སེམས་མེད་ན་བསླབ་བྱའི་ཉེས་བྱས་སོ། །རྐུ་སེམས་བྱུང་ན་ནི་སྦྱོར་བའི་ཉེས་བྱས་སོ། །མཐར་ཐུག་གྲུབ་ན་གཞན་དོན་དུ་རྐུར་འཇུག་པའི་སྦོམ་པོ་ཡང་འབྱུང་སྲིད་དོ།

༼༣༨༡༽

།ཚོང་པ་ལ་སོགས་པ་ཤོ་གམ་འདྲལ་བའི་ལམ་གཞན་གསེབ་ལམ་ལྟ་བུ་དགེ་སློང་གིས་སྟོན་ན་ཡང་རྐུ་སེམས་མེད་ན་བསླབ་བྱའི་ཉེས་བྱས་སོ། །རྐུ་སེམས་བྱུང་ན་ནི་སྔ་མ་བཞིན་ནོ། །ཤོ་གམ་དྲོལ་ཅིག་ཅེས།་་་་་བསྒོ་བ་དང་ལམ་གཞན་སྟོན་པ་དེ་གཉིས་ཀ་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་པ་སྟེ་ཟུར་གྱིས་བརྗོད་ན། ཉེས་བྱས་ཕྲ་མོར་འགྱུར་རོ། །དེ་ཡང་རྐུ་སེམས་ཡོད་མེད་གཉིས་ལས། རྐུ་སེམས་མེད་པར་ཐབས་ཀྱིས་བརྗོད་ན་ནི་བསླབ་བྱའི་ཉེས་བྱས་ཕྲ་མོར་འགྱུར་ཏེ། ཕྲ་མོ་དེ་ཡང་སྦྱོར་བའི་སྦྱོར་བའི་གནས་སྐབས་ནའོ། །རྐུ་སེམས་ཡོད་པས་ཐབས་ཀྱིས་བརྗོད་ན་ནི། སྦྱོར་བའི་སྦྱོར་བའི་གནས་སྐབས་ན་མ་བྱིན་ལེན་གྱི་ཉེས་བྱས་ཕྲ་མོའོ་ཞེས་པའོ། །གལ་ཏེ་འདི་ལ་རྐུ་སེམས་ཡོད་ན་ནི་གཞན་དོན་དུ་མ་བྱིན་པར་ལེན་དུ་བཅུག་པ་ཡིན་པས་མཐར་ཐུག་ལ་སྦོམ་པོར་འགྱུར་ལ། སྦྱོར་བའི་སྦྱོར་བའི་གནས་སྐབས་སུ་ནི་ཐབས་ཀྱིས་བརྗོད་ན་ཡང་་་་་་ཉེས་བྱས་ཕྲ་མོར་འགྱུར་གྱི། ཉེས་བྱས་རྫོགས་པར་འགྱུར་ཏེ། མ་བྱིན་ལེན་གྱི་སྦྱོར་བ་གསལ་མི་གསལ་ལ་ལྟུང་བ་ཆེ་ཆུང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་་་་་་བླ་མ་གོང་མ་རྣམས་མཐུན་པར། གསུངས་སོ། །ཁ་དང་ཚེམ་བུ་ནི་ཞེས་པ།་་་་་གསེར་དངུལ་ལྟ་བུ་ཁའི་ནང་དུ་བཅུག་པའམ་འགྲེལ་ཆུང་ལས་ལྟོར་མིད་པ་དང་ཞེས་གསུངས་པ་དང་། གོས་ཀྱི་ཚེམ་བུའི་བར་དུ་བཅུག་པ་ནི་་་་་་བསྐུང་ས་གཞན་སྒྲོ་བ་དང་གལ་ལ་སོགས་པ་དང་འདྲ་སྟེ། ཁ་དང་ཚེམ་བུའི་བར་དུ་བཅུག་སྟེ་ཤོ་གམ་མ་གཞལ་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་རོ། །ལུས་དང་འཚོ་བའི་ཡོ་བྱད་ཀྱི་གོས་ལ་ཤོ་གམ་མེད་པས་ན་ཊཱི་ཀ་ལས་ལུས་དང་ཚེམ་བུའི་ནང་དུ་བཅུག་པའི་རྫས་ལ་ཡང་ཤོ་གམ་མེད་དོ་སྙམ་དུ་སེམས་པ་བཟློག་པའི་ཕྱིར་ཞེས་སོ། །སྦྱོར་བ་ལ་རྐུ་སེམས་དེ་མེད་ཀྱང་དངོས་གཞིའི་དུས་ན་རྐུ་སེམས་དེ་ཡོད་ན་དངོས་གཞི་དེ་མ་བྱས་པ་ཉིད་མ་ཡིན་ཏེ། ཊཱི་ཀ་ལས་དངོས་གཞིའི་ལྟུང་བ་རྫོགས་པར་འགྱུར་རོ། །ཞེས་སོ། །འོད་ལྡན་ལས་ཅི་སྟེ་དངོས་གཞི་ཁོ་ན་ལ་རྐུ་བའི་སེམས་ཡོད་ན་དེའི་ཚེ་དངོས་གཞི་ཁོ་ན་ཡིན་གྱི། སྦྱོར་བའི་ལྟུང་བ་ནི་མེད་དེ་ཞེས་གསུངས་ཤིང་།་་་་་འདིར་འགྲེལ་ཆུང་ལས།་་་་་གཞན་གྱི་ཁང་པའི་ཆོས་གོས་ཀྱི་གདང་ལས་དགེ་སློང་གིས་རང་གི་ཆོས་གོས་ཡིན་པའི་འདུ་ཤེས་ཀྱིས་བླངས་ནས་རང་གི་ཁང་པར་གདང་ལ་བཀལ་བ་ན་དེ་

༼༣༨༢༽

གཞན་གྱི་ཆོས་གོས་ཡིན་པར་ཤེས་ནས་རྐུ་སེམས་ཀྱིས་གསང་ནས་བདག་པོ་ལ་མི་གཏོད་པར་འཇོག་པ་ལྟ་བུ། རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ་བརྐུས་ན་ཉེས་བྱས་དང་སྦོམ་པོ་ནི་མེད་ཕམ་པར་ནི་འགྱུར་ཞེས་བཤད་དེ། ཁད་རིང་བའི་སྦྱོར་བ་ལ་རྐུ་སེམས་མེད་ཀྱང་ཁད་ཉེ་བའི་སྦྱོར་བ་སྟེ་མཐར་ཐུག་སྐད་ཅིག་སྔ་ལོགས་ལ་སོགས་པ་ན་རྐུ་སེམས་ཡོད་པས་སྦྱོར་ལྟུང་མེད་པའི་ཕམ་རྐྱང་དེ་མི་རིགས་པར་སེམས་སོ། །ནན་ཁུགས་ནི་དབང་གིས་མནན་ཅིང་ལེན་པ་སྟེ། ཊཱི་ཀ་ལས་ནན་ཁུགས་ནི་མཐུས་རྐུ་བའོ། །དངན་ཐེན་ནི་རྫས་ཁྱེར་བ་མི་སྟེར་བའོ་ཞེས་སོ། །དངན་ཐེན་ཞེས་པ་འགྲེལ་ཆུང་ལས་གླར་བླངས་ཏེ་ལས་བྱེད་པ་ལས་གླ་མ་བྱིན་ན་ཕམ་པའོ་ཞེས་སོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རྐུ་བ་རྣམ་པ་དུ་མཆིས། ཉེ་བར་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་ཐེན་གྱིས་རྐུ་བ་དང་། ཆོས་རྐུ་བའོ། །དེ་དག་ལས་དུ་ཞིག་གིས་མཐར་འགྱུར། ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐར་འགྱུར་རོ་ཞེས་གསུངས་སོ། །ཊཱི་ཀ་ལས་ཆོས་རྐུ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་བློ་ལ་འཛིན་པ་སྟེ། དེ་ལ་ནི་རྐུ་སེམས་ཀྱིས་ཀུན་ཏུ་སྤྱོད་པ་མེད་དོ། །ཞེས་སོ། །ནན་ཁུགས་དང་དངན་ཐེན་གཉིས་འདིར་སྨོས་པ་ནི་འཇིག་རྟེན་ན་རྐུ་བ་ཞེས་མ་གྲགས་པས་བརྐུས་པ་མ་ཡིན་ནམ་སྙམ་དུ་དོགས་པ་བཅད་པའོ། །གཞན་རྣམས་ཀྱང་གཞུང་གོང་དུ་བསྟན་ཏེ། སྒྱུ་ཐབས་ཀྱིས་རྐུ་བ་ནི་རྐུའམ་ཞེས་པ་དང་རྒྱན་ལ་དོར་བྱེད་ན་ཞེས་པས་སོ། །གཏམས་པ་རྐུ་བ་ནི་གཏམས་པ་རྣམས་བསྙོན་པ་ནི་ཞེས་པས་སོ། །ཕྱིར་བསབ་པ་རྐུ་བ་ནི་བརྙས་པ་དང་བསྐྱིས་པ་་་་་་འོ་ན་འདི་དང་དངན་ཐེན་ལ་ཁྱད་པར་ཅི་ཡོད་སྙམ་ན་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ཞེས་པས་སོ། །རྟ་ལ་སོགས་པ་བསད་པ་ཉིད་ནི་ཆུད་གཟན་པ་ཉིད་ཡིན་གྱི་བརྐུས་པའི་མཐར་ཐུག་པ་ཉིད་མ་ཡིན་ནོ། །འོད་ལྡན་རྩ་བ་ལས། བསད་པ་ཉིད་ནི་ནམ་ཡང་བརྐུས་མིན་ཏེ། དེ་ནི་རྐུ་བའི་སྦྱོར་བ་ཡིན་པར་བསྟན་་་་་་རྟ་འདི་བསད་ལ་རྐུའོ་སྙམ་ནས་བསད་དེ་བརྐུས་ན་རིན་ཐང་རྟ་རོ་ལ་བརྩི་བར་བྱ་སྟེ། ཞེས་སོ། །བཤིག་སྟེ་རྐུ་བ་ལ་ནི་ཞེས་པ།་་་་་ཤིང་ཐོག་སྤྲུགས་ཏེ་རྐུ་བ་ལྟ་བུ་ལྷུང་བ་ནི་ལྷུང་བའི་རྩ་བ་

༼༣༨༣༽

དེ་ལས་འོག་གཞིར་ཁྱེར་ན་སྟེ་འོག་གཞིར་ལྷུང་ན་བརྐུས་པ་ཡིན་ནོ་ཞེས་ཊཱི་ཀ་དང་འོད་ལྡན་ལས་སོ། །གཅིག་གིས་གཅིག་ལ་རྐུ་བ་དང་། གཅིག་གིས་དུ་མ་ལ་རྐུ་བ་དང་། དུ་མས་གཅིག་ལ་རྐུ་བ་དང་། དུ་མས་དུ་མ་ལ་རྐུ་བ་དང་། མུ་བཞི་ཡོད་དེ། མུ་དང་པོ་ནི་སྔར་བསྟན་པའི་གཞུང་ཕལ་ཆེ་བ་རྣམས་དེའི་དབང་དུ་བྱས་སོ། །མུ་གཉིས་པ་ནི་དབྲལ་བར་བྱ་བ་ཞེས་ཏེ། བགོང་རྫས་ཀྱི་འབྲུའི་ཕུང་པོ་རྐུ་བ་ལྟ་བུ་ལ་དབྲལ་བར་བྱ་བ་རྫས་ཀྱི་བདག་པོ་དུ་མ་ཡིན་ན། རྫས་ཀྱི་བདག་པོ་དུ་མ་དེའི་རིན་ཐང་གི་ཆ་སོ་སོ་ཉིད་དུ་བརྩིའོ། །རྫས་ཀྱི་བདག་པོ་དུ་མས་ཤོར་བ་རྣམས་ཀྱི།་་་་་རིན་ཐང་སྤྱིར་བསྡོམས་ཏེ་མི་བརྩིའོ། །མུ་གསུམ་པ་ནི་རྐུན་པོ་རྣམས་ཀྱང་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ་ཞེས་སྔ་མར་སྦྱར་ཏེ། རིན་ཐང་སྤྱིར་བསྡོམས་ཏེ་མི་བརྩིའོ། །རིན་ཐང་གི་ཆ་སོ་སོར་བརྩི་བ་འདི་ནི་བགོད་རྫས་ལའོ།་་་་་སྟེ་འབྲུའི་ཕུང་པོ་ལྟ་བུ་སོ་སོར་བགོད་པ་ལ། དགེ་འདུན་གྱི་ཞིང་ངམ་ཐངས་སྤྱད་ལྟ་བུ་སྤྱི་བར།་་་་་འཇོག་རྫས་ལ་ནི་རིན་ཐང་ཚང་བ་གཅིག་གིས་ཆོག་སྟེ། འོད་ལྡན་རྩ་བ་ལས་དགེ་འདུན་ཆེད་བྱས་སྐལ་བ་མི་རྟག་སྟེ། ཞིང་་་་་་རྐུན་པོ་དུ་མ་དེ་རྣམས་ཀྱིས་ཐོབ་པའི། བགོ་མིན་ཕྱིར་ཞེས་གསུངས་སོ། །མུ་བཞི་པ་ནི། ཊཱི་ཀ་དང་འོད་ལྡན་ལས་དོན་འདི་ལྟར་བཤད་དེ། བདག་པོ་བཅུ་དབང་བའི་བགོད་རྫས་འབྲུའི་ཕུང་པོ་གཅིག་ལ། དགེ་སློང་བཅུས་བགོད་རྫས་སུ་བརྐུས་ན་དགེ་སློང་རེ་རེས་བདག་པོ་རེ་རེ་ལ་ལྟོས་པའི་རིན་ཐང་ཚང་བ་རེ་ཐོབ་ན་ཕམ་པར་འགྱུར་གྱི་སྤྱིར་བསྡོམས་ཏེ་རིན་ཐང་ཚང་བས་ནི་ཕམ་པར་མི་འགྱུར་རོ།་་་་་དཔེར་ན་རིན་ཐང་གི་ཚད་ནས་ཁ་ལ་གཅིག་ཡིན་པ་དབང་བཙན་དུ་བྱས་ན། བདག་པོ་བཅུས་བགོད་རྫས་སུ་བྱེད་པའི་ནས་ཀྱི་ཕུང་པོ་གཅིག་ལ་དགེ་སློང་བཅུས་བགོད་རྫས་སུ་བརྐུས་ན་ནས་ཁལ་བརྒྱ་ཐོབ་ན། ཕམ་པ་བརྒྱ་འབྱུང་སྟེ། དགེ་སློང་བཅུ་པོ་རེ་རེས་རིན་ཐང་ཚང་བ་རེ་རེ་ཐོབ་སྟེ། རིན་ཐང་ཚང་ན་དེ་ལ་ཕམ་པ་བཅུ་བཅུ་འབྱུང་ལ་ནས་ཁལ་བརྒྱར་གཅིག་གིས་མ་ཆོག་པར་ཐོབ་ན་སྦོམ་པོ་བརྒྱ་འབྱུང་བ་ལྟ་བུའོ། །ད་ནི་འདུལ་བྱེད་ཀྱི་སྐབས་སྟོན་ཏེ།་་་་་རྐུ་བ་པོ་རང་ཁོངས་སུ་གཏོགས་པའི་དགེ་འདུན་ནི། རང་དང་ནོར་མ་བགོས་པའི་ཕུ་ནུ་དང་འདྲ་བས་ཞེས་ཏེ། རང་ཁོངས་སུ་གཏོགས་པའི།་་་་་དགེ་འདུན་སྤྱིའི་ཆེད་དུ་བརྐུས་ན་ཕམ་པ་བསྐྱེད་པའོ། །འདི་ལ་རང་བྱུང་རེ་རེ་ནས་རིན་ཐང་སོ་སོར་

༼༣༨༤༽

བརྩི་འམ་སྙམ་ན། འཇོག་རྫས་སུ་བྱེད་ན་རིན་ཐང་ཚང་བ་གཅིག་གིས་ཕམ་པར་འགྱུར་ཏེ། འོད་ལྡན་རྩ་བ་ལས། དགེ་འདུན་ཆེད་བྱས་སྐལ་བ་མི་བརྟག་སྟེ། །ཞིང་བགོ་མིན་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །གཞན་དུ་ལུང་ལས་རིན་ཐང་བཅད་མི་འགྱུར་ཞེས་སོ། །ཡོངས་སུ་འཛིན་པ་དང་བཅས་པའི་ཞེས་པ་འདི་ལ། འགྲེལ་པ་མཁན་གྱི་བཤད་ལུགས་གཉིས་ལས། འོད་ལྡན་ལྟར་ན། རྫས་དེ།་་་་་དོན་་་་་་རིགས་ངན་ལ་སོགས་པའི། ལ་བདག་པོ་ཡོད་ཅིང་བསམ་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རོ་གོས་ལ་སོགས་པ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། དངོས་པོ་མི་དམན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་འོད་ལྡན་ལས། འཇིག་རྟེན་ན་དུར་ཁྲོད་པའི་རྫས་ཐ་ཆད་ཡིན་པས་མངོན་པར་ཞེན་པ་ཤིན་ཏུ་ཞེན་པའི་ཕྱིར་དམན་པ་སྦོམ་པོར་འགྱུར་ཞེས་བཤད་དོ། །སློབ་དཔོན་ཡོན་ཏན་འོད་དང་དྷརྨ་མི་ཏྲ་ནི་དེ་ལྟར་མི་བཞེད་དེ་རང་གི་རྣམ་བཤད་ལས་དུར་ཁྲོད་ནས་ལེན་པའོ་ཞེས་བྱ་བ་ནི་འདིར་ལེན་པའི་བདག་ཉིད་ཅན་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ལ་ཕམ་པར་བཅས་པ་ཉིད་དོ་ཞེས་གསུངས་ཤིང་། ཊཱི་ཀ་ལས་དུར་ཁྲོད་འདི་ཐམས་ཅད་བདག་གིའོ་ཞེས་བདག་པོས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་ནི་ཕམ་པར་འགྱུར་རོ་ཞེས་སོ། །དེ་དང་མཐུན་པར་འགྲེལ་ཆུང་ལས་ཀྱང་དུར་ཁྲོད་ཀྱི་རོའི་རྫས་ལ་རྣམ་པ་བཞི་སྟེ། རྒྱལ་པོས་འཚོ་བ་རོའི་རྫས་ལ་གཏད་པ་དང་། ལས་བྱེད་པའི་ཕྱིར་རོའི་རྫས་ལ་གཏད་པ་དང་། དཔྱ་དབུལ་བའི་ཕྱིར་རོའི་རྫས་ལ་གཏད་པ་དང་གསུམ་ལ་བརྐུས་ན་ནི་ཕམ་པའོ། །གསོད་པའི་གཤེད་མར་བཏང་སྟེ་རོའི་རྫས་ལ་བྱིན་པ་ལས་བརྐུས་ན་སྦོམ་པོའོ་ཞེས་བཤད་དེ་ཐ་མ་ནི་ངའི་འོ་ཞེས་བསམ་པས་ཡོངས་སུ་བཟུང་ཡང་དོན་ལ་མི་དབང་བས་བདག་པོ་མེད་པའི་དབང་དུ་བྱས་ལ་དང་པོ་གསུམ་ནི་དོན་ལ་དབང་བའི་དབང་དུ་བྱས་ཏེ་བརྐུས་ན་ཕམ་པའོ། །འོན་མོད་རྩ་བ་ལས་སྦོམ་པོར་བསྟན་པ་འདི་གང་གི་སེལ་བ་ཡིན་ཞེ་ན། བདག་པོའི་སེལ་བ་སྟེ། ཊཱི་ཀ་ལས་དུར་ཁྲོད་ཀྱི་རྫས་དེ་དག་ལ་བདག་པོ་ཉིད་མེད་མོད་

༼༣༨༥༽

ཀྱི། འོན་ཀྱང་བཀྲེན་པ་ལ་སོགས་པས་འདི་བདག་གིས་འཐོབ་སྙམ་དུ་དེ་ལ་བདག་གིར་བྱ་བའི་བློ་སྐྱེ་བ་དེ་གལ་ཏེ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་བའོ་ཞེས་བཤད་དོ།་་་་་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་གྱི་རྫས་ལ་གནས་སྐབས་གཉིས་ཏེ། རྫས་དེ་རིགས་ངན་ལ་སོགས་པས་བསམ་པས་ཡོངས་སུ་འཛིན་ཅིང་དོན་ལ་དབང་བས་བདག་པོར་གྱུར་པ་དང་། བསམ་པས་ཡོངས་སུ་འཛིན་ཡང་དོན་ལ་མི་དབང་བའོ། །དང་པོ་བརྐུས་ན་ཕམ་པ། གཉིས་པ་བརྐུས་ན་སྦོམ་པོར་བཞེད་པའོ། །དེ་ལྟར་ན་དོན་ལ་རིགས་ངན་གྱི།་་་་་བདག་པོ་མེད་ཅིང་བསམས་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རོ་གོས་ལ་སོགས་པ་དགེ་སློང་གིས་རྐུ་སེམས་ཀྱིས་དེ་བླངས་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། རིགས་ངན་གྱིས་བསམ་པས་ཡོངས་སུ་འཛིན་པ་དང་བཅས་ཀྱང་།་་་་་དོན་ལ་བདག་པོ་མེད་པས་བདག་པོའི་ཡན་ལག་མ་ཚང་བའི་ཕྱིར་རོ། །འགྲེལ་པ་མཁན་གྱིས།་་་་་དེ་ལྟར་བཤད་ལུགས་གཉིས་ལས་བླ་མ་རྣམས་ནི་འོད་ལྡན་གྱི་རྗེས་སུ་འབྲང་ཡང་། ཁོ་བོ་ནི་མདོ་རྩ་བའི་རང་འགྲེལ་དང་ཊཱི་ཀའི་རྗེས་སུ་འབྲང་སྟེ། དུར་ཁྲོད་ནས་བྱུང་བའི་རྫས་ཡིན་པར་ཤེས་བཞིན་དུ་གསེར་མང་དུ་འཇལ་བ་མཐོང་བས་ན། འདི་བརྐུས་ན་དངོས་པོ་དམན་པའི་ཆ་ནས་ཕམ་པ་མི་བསྐྱེད་པར་འཆད་པ་དེ་མི་རིགས་སོ་སྙམ་མོ། །ནད་པ་ལ་སོགས་པ་དག་གིས། གཞན་དགེ་འདུན་གྱི་དོན་དུ་བྱིན་པའི་རྫས་དེ་ནད་གཡོག་ལ་སོགས་པས་བགོད་པ་ཡང་སྦོམ་པོའོ། །འདི་ལ་ཕམ་པ་མི་བསྐྱེད་པ་ནི། ཊཱི་ཀ་ལས་དགེ་འདུན་གྱིས་མ་ཚོར་བས་དེ་ལ་བདག་གིར་བྱ་བའི་སེམས་མི་སྐྱེ་བའི་ཕྱིར་ཞེས་སོ། །དེ་ལ་རྩོད་པ་སྤང་བ་ནི། ཁ་ཅིག་་་་་་འོད་ལྡན་དུ་གཞན་འདོད་བཀོད་པ་ལས་པཎྜི་ཏ། ན་རེ། རྫས་དེ་ལ་ནད་པ་དབང་སྟེ། བསམ་པ་ཐག་པ་ནས་མ་བཏང་བའི་ཕྱིར་ཏེ། འདུལ་བྱེད་ལས་དགེ་འདུན་ལ་འབུལ་ཞེས་ལྟོས་བཅས་ཀྱི་ཚིག་བྱུང་བས་གྲུབ་བོ་ཞེ་ན། དེ་ནི་མ་གྲུབ་སྟེ་དགེ་འདུན་ལ་ཞེས་གཉིས་པ་ཡུལ་གྱི་སྒྲར་སྨོས་པའི་ཕྱིར་ལྟོས་མེད་ཡིན་ནོ། །ལྟོས་བཅས་ཡིན་ན་གཞན་དུ་ན་དགེ་འདུན་གྱི་ཕྱིར་ཞེས་བཞི་པ་

༼༣༨༦༽

ཆེད་དུ་བྱ་བའི་སྒྲར་སྨོས་པར་རིགས་སོ། །ནད་པ་དབང་ན་རྫས་དེ་སོ་སོར་བགོས་པ་ལ་ཕམ་པ་བསྐྱེད་པར་རིགས་པ་ལས། ལུང་ལས་སྦོམ་པོར་གསུངས་པ་དང་འགལ་ལོ།་་་་་རྣམ་པར་བཤད་པ་དེ་རྣམས་འོད་ལྡན་ལས་བཤད་དོ། །ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཞེས་པ་ནི་ཟན་དྲོན་དང་ཕྱེ་ལ་སོགས་པ་མི་དབང་བའི་བསོད་སྙོམས་ལེན་ན་སྦོམ་པོའོ། །འདི་གང་གི་སེལ་བ་ཡིན་ཞེ་ན། འོད་ལྡན་ལས་ཅིའི་ཕྱིར་མཐར་མི་འགྱུར་ཞེ་ན། ཁ་ཟས་ལ་མངོན་པར་ཞེན་པའི་བསམ་པ་ཞན་པའི་ཕྱིར་ཉེས་པ་སྦོམ་པོ་ཁོ་ནར་མངོན་གྱི། རིན་ཐང་མ་ཚང་བའི་ཕྱིར་ནི་མ་ཡིན་ཏེ། རིན་ཐང་བརྩི་བར་བྱའོ་ཞེས་མ་གསུངས་པའི་ཕྱིར་རོ་ཞེས་བཤད་་་་་་སློབ་དཔོན་ཤཱཀྱ་འོད་དེ་ལྟར་བཞེད། དོ། །འོ་ན་མུ་གེའི་ཚེ་ན་ཟན་དྲོན་དང་འབྲས་ཆན་དང་ཕྱེ་ཁལ་བརྒྱ་བརྐུས་ཀྱང་་་་་་དངོས་པོ་མི་དམན་པའི་ཡན་ལག་མ་ཚང་བའི་ཕྱིར་རྐུ་བའི། ཕམ་པ་མི་བསྐྱེད་པར་ཐལ་བར་འགྱུར་ཏེ་ཧ་ཅང་ཐལ་ཆེས་སོ། །དེས་ན་སྐབས་འདིར་སྦོམ་པོར་གསུངས་པ་ནི་མི་དབང་བའི་བསོད་སྙོམས་ཉུང་ཤས་ལེན་པ་དེ་རིན་ཐང་མ་ཚང་བའི་དབང་དུ་བྱས་ནས་ལུང་ལས་སྦོམ་པོར་གསུངས་སོ་ཞེས་རིགས་སོ། །རྙེད་པ་བགོད་པ་ན་་་་་་མཁན་པོའི་སྐལ་བ་སློབ་མས་བླངས་པ་ལྟ་བུ། དགེ་སློང་རང་གི་སྐལ་བ་གཞན་གྱིས་བླངས་ཟིན་པ་ལ་བླངས་ཟིན་པར་རྒྱུས་མི་ཤེས་པས་སླར་ཡང་རང་སྐལ་རང་གིས་ལེན་པ་དང་སློབ་མ་གཉིས་ཀྱིས་མཁན་པོའི་སྐལ་བ་སོ་སོར་བླངས་པ་ལྟ་བུ་གཞན་གྱི་སྐལ་བ་གཞན་གྱིས་བླངས་ཟིན་པ་ལ་བླངས་ཟིན་པར་རྒྱུས་མི་ཤེས་པར་སླར་ཡང་གཞན་གྱི་སྐལ་བ་ལེན་པ་ནི། ལེན་པ་དེ་ཉེས་མེད་ཀྱི་གཞི་ཡོད་པ་སྟེ། ཉེས་མེད་ཀྱི་གཞི་མེད་པ་ཉིད་མ་ཡིན་པས་ཉེས་པ་མེད་དོ།་་་་་རང་དོན་དུ་ལེན་པ་ལ་ཉེས་པ་མེད་པ་དང་། གཞན་དོན་དུ་ལེན་པ་ལ་ཉེས་པ་མེད་པ་སྟེ་ཉེས་མེད་གཉིས་སོ། །འགྲེལ་ཆུང་ལས་སླར་ཕུལ་ན་ཉེས་པ་མེད་དོ་ཞེས་སོ། །ཁོ་བོའི་སྐལ་བ་ཁྱེད་ཀྱིས་ལོང་ཞིག་ཅེས་མ་བཅོལ་བས་་་་་་ཉེས་མེད་ཀྱི། གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་པ་ནི་ཊཱི་ཀ་ལས་ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོང་ཞིག་ཅེས་མ་བཅོལ་བར་གཞན་ཞིག་གིས་གཞན་གྱི་སྐལ་བ་མི་དབང་བ་བླངས་ན། བདག་པོར་གྱུར་པ་དེ་ལ་མི་དབང་བ་བླངས་པའི་

༼༣༨༧༽

ཉེས་པ་མེད་དེ། རང་གིས་མ་བླངས་པའི་ཕྱིར་དང་། གཞན་ལ་ཡང་མ་བཅོལ་བའི་ཕྱིར་རོ། །ཞེས་གསུངས་སོ།་་་་་ཆེད་དུ་བྱ་བ་དེ་ལ་ཉེས་པ་མེད་པར་བསྟན་ཏོ། །ལེན་པ་པོ་དེ་ལ་ཉེས་པ་མེད་པར་བསྟན་པ་ནི། ཊཱི་ཀ་ལས་གཞན་དག་ན་རེ་ཁོ་བོའི་སྐལ་བ་ལོང་ཞིག་ཅེས་མ་བཅོལ་བར་དགེ་སློང་གིས་གཞན་གྱི་དོན་དུ་གཞན་མི་དབང་བ་ལ་གཞན་དེ་དབང་བའི་བློས་བླངས་ན་ལེན་པ་པོ་དེ་ལ་ཉེས་པ་མེད་དེ། ཉེས་མེད་ཀྱི་གཞི་ཡོད་པ་སྟེ་གཞི་མེད་པ་ཉིད་མ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོང་ཞིག་ཅེས་མ་བཅོལ་བར་དགེ་སློང་གིས་གཞན་མི་དབང་བའི་བློས་བླངས་ན་དེ་ཡང་ཉེས་མེད་ཀྱི་གཞི་ཡོད་པ་སྟེ། གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་པཎྜི་ཏའི་གཞན་འདོད་བཀོད་ནས་དེ་ལ་ཡང་ལུང་སྣང་ངོ་ཞེས་ཊཱི་ཀ་ལས་བཤད་དོ། །དགེ་སློང་མགྲོན་དུ་མ་བོས་པར་སྦྱིན་བདག་གི་ཟས་ཟ་ན་ཉེས་བྱས་སོ། །འདི་ནི་ཊཱི་ཀ་ལྟར་ན་སྦྱིན་བདག་གིས་ཤེས་རུང་མ་ཤེས་རུང་ཐོབ་རུང་མ་ཐོབ་རུང་སྟེ་ཡ་རབས་ཀྱི་ཚུལ་མ་ཡིན་པའི་ཕྱིར་བསླབ་བྱའི་ཉེས་བྱས་སོ། །རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། མགྲོན་དུ་མ་བོས་པའི་རྙེད་པ་ནི་རྣམ་པ་གཉིས་ཏེ། འདི་ནི་ཁོ་བོས་མགྲོན་དུ་མ་བོས་སོ་སྙམ་དུ་སྦྱིན་བདག་གིས་རིག་པ་དང་མི་རིགས་པའོ། །སྔ་མ་ནི་སྦྱིན་བདག་གིས་རིག་བཞིན་དུ་བསྟབས་པ་ཡིན་པའི་ཕྱིར་མ་བྱིན་ལེན་གྱི་ལྟུང་བ་མེད་དོ། །ཕྱི་མ་ཤོས་ལ་ནི་ཡོན་ཟོང་ཡོད་མེད་གཉིས་ལས། མེད་ན་ནི་ཁ་ཟས་ངན་ངོན་ཙམ་བྱིན་པའི་ཕྱིར་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ལ་ཡོན་ཟོང་རིན་ཐང་ཚང་བ་ཡོད་ན་ཕམ་པར་འགྱུར་ཞེས་ཟེར་ཏེ། ཊཱི་ཀ་ལས་འདི་ལ་ཁ་ཅིག་ཕམ་པར་འགྱུར་བར་སྨྲ་སྟེ་དེ་དག་གིས་ནི་ལེགས་པར་མ་བརྟགས་སོ་ཞེས་སོ།་་་་་མགྲོན་དུ་མ་བོས་པར་ཟ་བ་འདི་ནི་ཊཱི་ཀ་ལས་མ་བྱིན་པ་མ་ཡིན་པའི་ཕྱིར་དང་རྐུ་སེམས་མེད་པའི་ཕྱིར་ཕམ་པར་ཡང་མི་འགྱུར་ལ་སྦོམ་པོར་ཡང་མི་འགྱུར་རོ་ཞེས་བཤད་དོ། །རྣམ་བཤད་ཉིད་མའི་འོད་ཟེར་ལས། ཕམ་པ་གཉིས་པའི་སྐབས་རྫོགས་སོ། །གསུམ་པ་སྲོག་གཅོད་ཕམ་པའི་སྐབས་སུ། བསླབ་པར་བྱ་བ་ནི་ནད་པ་ལ་ཞེས་པ་མཚོན་པ་སྟེ་གཞན་ཡང་དེ་བཞིན་ནོ། །འོ་ན་་་་་་འདིའི་གླེང་གཞི་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མི་སྡུག་པ་བསྒོམ་པའི་ཆོས་བཤད་པས་ཤི་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་ཆོས་བཤད་པས་

༼༣༨༨༽

ཤི་བ་མ་ཡིན་གྱི་མྱོང་ངེས་ཀྱི་ལས་ཀྱིས་ཡིན་ཏེ། འོད་ལྡན་དུ་ལས་བཟློག་པར་དཀའ་བར་གཟིགས་ནས་ཆོས་བསྟན་པས་ཐར་པའི་ས་བོན་བརྟས་པར་མཛད་ཅེས་བཤད་དོ། །བྱ་བ་མ་ཡིན་པ་བྱེད་པ་ལ་ཞེས་པ་མངལ་ན་གནས་པ་རླུགས་པ་ལ་སོགས་པ་རང་ངམ་གཞན་གྱིས་ད་ལྟར་དང་འདས་པ་དང་མ་འོངས་པ་ན་རྗེས་སུ་སྒྲུབ་པ་ལ་སེམས་ཀྱིས་ཞེས་པ་མཚོན་པ་ཙམ་སྟེ་ལུས་ངག་གིས་ཀྱང་རྗེས་སུ་ཡིད་རང་བར་མི་བྱའོ། །བྱེད་ན་བསླབ་བྱའི་ཉེས་བྱས་སོ།་་་་་སྐབས་འདིར། ཊཱི་ཀ་ལས་ལུས་དང་ངག་གི་སྔོན་དུ་འགྲོ་བ་ནི་སེམས་ཡིན་པའི་ཕྱིར་རོ། །དེ་བཀག་པས་ལུས་ངག་ཀྱང་བཀག་པར་གྲུབ་པ་ཡིན་ནོ་ཞེས་སོ། །འདིར་ལུང་ལས་མངལ་ན་གནས་པ་རླུགས་པ་སྟེ་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བར་མི་བྱའོ་ཞེས་གསུངས་པ་ནི་མཚོན་པ་སྟེ། རྐུ་བ་དང་རྫུན་སྨྲ་བ་ལ་སོགས་པ་ལ་ཡི་རང་ན་ཡང་རང་རང་གི་བསླབ་བྱའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས་བྱ་བ་མ་ཡིན་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་བསྡུས་ཏེ་སྤྱིར་མདོ་འདི་བྱས་སོ་ཞེས་སོ། །ལྟུང་བ་རྣམ་པར་བཞག་པ་ནི། སྲོག་བཅད་ནའོ་ཞེས་པས་བསྟན་ཏེ། འདི་ལ་གཉིས་ལས་སྤྱིའི་དོན་ཏོ། །འདི་ལ་བཞི་ལས་དང་པོ་གླེང་གཞི་ནི། ཡུལ་སྤོང་བྱེད་དུ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་དགེ་སློང་རབ་ཏུ་མང་པོས་དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ།་་་་་མེ་ཏོག་ཕྲེང་རྒྱུད་དང་སོ་སོ་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་དང་གངས་ཅན་འདི་ན་དེང་སང་འདུལ་བ་འཛིན་པ་ཕལ་ཆེར་རྣམས་ན་རེ། སྲོག་གཅོད་པའི་ཕམ་པ་འདི་ནི་རི་དྭགས་བཟློག་དགེ་སྦྱོང་སྦེད་ལ་བཅས་སོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། རི་དྭགས་བཟློག་དགེ་སྦྱོང་སྦེད་ཅེས་བྱ་བ་ནི་ཀུན་ཏུ་རྒྱུ་ཞིག་གི་མིང་སྟེ་ཞེས་གསུངས་ཏེ་མུ་སྟེགས་ཀུན་ཏུ་རྒྱུ་ལ་བསླབ་པ་མི་འཆའ་བས། ལུང་ལས་རི་དྭགས་བཟློག་དགེ་སྦྱོང་སྦེད་ཀྱི་གཏམ་རྒྱུད་གསུངས་པ་ནི་ཞར་ལ་བྱུང་བ་ཙམ་མོ། །འདིའི་སྐབས་དོན་ནི་ལུང་རྣམ་འབྱེད་ལས་དགེ་སྦྱོང་གིས་དགེ་སློང་ལ་རྩོལ་བར་བྱེད་ཅེས་གསུངས་པ་སྟེ། དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །དེ་དག་དང་མཐུན་པར་སོ་སོ་ཐར་བའི་འགྲེལ་བ་དང་གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་། དགེ་སློང་རབ་ཏུ་མང་པོ་ལ་བརྟེན་ནས་བཅས་ཞེས་གསུངས་པ་དེ་ལེགས་བཤད་ཡིན་ནོ། །དགག་བྱ་ནི་སྲོག་གཅོད་པའི་བྱ་བ་དང་འབྲེལ་ནས་མིའི་སྲོག་ལ་གནོད་པའོ། །གསུམ་པ་ལྟུང་བའི་ངོ་ཏི་ནི་བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号