ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༨༢༦༽

རྒྱ་ཆེ་འགྲེལ་པས་ཁུངས་སུ་དྲངས་པའི་ལུང་རྣམ་འབྱེད་ལས་དགེ་སློང་གིས་ནམ་མ་ལངས་པ་ལ་མ་ལངས་པར་འདུ་ཤེས་པས་བཙུན་མོའི་འཁོར་གྱི་སྒོ་གཏན་འདའ་ནའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་དེང་སང་གི་ལུང་རྣམ་འབྱེད་ལས་ནི་དགེ་སློང་གིས་ནམ་མ་ལངས་པ་ལ་མ་ལངས་པར་འདུ་ཤེས་པས་བཙུན་མོའི་འཁོར་གྱི་སྒོ་གཏན་འདའ་ན་ལྟུང་བྱེད་དུ་འགྱུར་རོ། །ནམ་མ་ལངས་ལ་ལངས་པར་འདུ་ཤེས་པས་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་བཙུན་མོའི་འཁོར་དང་འབྲེལ་བ་མེད་པར་དགོངས་སོ། །བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདའ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་བཙུན་མོའི་འཁོར་ནི་འཇིགས་པ་ཆེན་པོའི་གནས་ཡིན་པས་ཐག་རིང་དུ་སྤང་བ་ཡིན་པའི་ཕྱིར་ལྟུང་བྱེད་ཀྱི་རྒྱུ་ཉིད་ཡིན་ནོ་ཞེས་གསུངས་ཤིང་། དེ་དང་མཐུན་པར་སོ་སོ་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ་ལས་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན་ཉེས་བྱས་སོ། །བཙུན་མོའི་འཁོར་གྱི་སྒོ་གཏན་ལས་འདའ་ན་ལྟུང་བྱེད་དོ་ཞེས་བཤད་དོ། །འོན་ཀྱང་ཉེས་བྱས་སུ་བཤད་པ་དེའི་རྗེས་སུ་མི་འབྲང་སྟེ། མདོ་རྩ་འགྲེལ་བྱུང་ཁུངས་དང་བཅས་པ་ལས་ལྟུང་བྱེད་དུ་གསུངས་པ་དེ་གཙོ་བོར་གཟུང་ངོ་། །འདི་ལ་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ངོ་ཞེས་པ་འདིར་ཞག་གཅིག་ལ་དུས་ཀྱི་བྱེ་བྲག་གིས་མུ་བཞིར་འགྱུར་རོ།་་་་་ཉི་མ་ཕྱེད་ཡོལ་ནས་མཚན་མོར་མ་གྱུར་པའི་བར་དང་། མཚན་མོར་གྱུར་ནས་སྐྱ་རེངས་དང་པོ་མ་ཤར་བའི་བར་དང་། སྐྱ་རེངས་དང་པོ་ཤར་ནས་སྐྱ་རེངས་ཐ་མ་མ་ཤར་བའི་བར་དང་། ནམ་ལངས་ནས་ཉི་མ་ཕྱེད་པའི་བར་སྟེ། དུས་བཞི་པོ་དེ་དག་གི་ཚེ་ན། དགེ་སློང་གིས་མ་སྨྲས་པར་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་ནི། དུས་མ་ཡིན་པར་གྲོང་དུ་འགྲོ་བ་ཁོ་ནའི་ལྟུང་བྱེད་འབྱུང་བའི་མུ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དང་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་གཉིས་ཀ་འབྱུང་བའི་མུ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ཁོ་ནའི་ལྟུང་བྱེད་དུ་འབྱུང་བའི་མུ་དང་། ལྟུང་བྱེད་དེ་གཉིས་གང་ཡང་མི་འབྱུང་བའི་མུ་སྟེ་གོ་རིམ་བཞིན་ནོ། །ད་ནི་ཁྱད་ད་གསོད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསླབ་པའི་གཞི་ཁྱད་དུ་གསོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆེས་ཁྱད་དུ་གསོད་པས་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པ་དང་

༼༨༢༧༽

རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཡིད་རྨོངས་པ་མ་ཡིན་པས་གསོ་སྦྱོང་གི་སོ་སོ་ཐར་པའི་མདོ་འདོན་པའི་དུས་སུ་རང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞིའི་དངོས་པོ་ལ་ངག་གི་རིག་བྱེད་ཀྱིས་ཁྱད་དུ་གསོད་དེ་ཕ་རོལ་པོས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ཁྱད་དུ་གསོད་པའི་དངོས་པོ་དང་། གང་གིས་ཁྱད་དུ་གསོད་པའི་རྟེན་དང་། གང་གི་ཚེ་ཁྱད་དུ་གསོད་པའི་དུས་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ལ་གསུམ་ལས་འདུལ་བར་གཏོགས་པ་ཡིན་པ་སྟེ། བསླབ་པའི་གཞིའི་དངོས་པོ་ལ་ཞེས་པ་དང་། མདོ་སྡེ་དང་ལྡན་པ་སྨྲ་བ་ན་ཡང་ངོ་ཞེས་གསུངས་པས་སོ། །རང་གི་བསླབ་པ་ཡིན་པ་སྟེ། མཚན་གཞན་གྱི་འདོན་པའི་ཚེ་ཞེས་གསུངས་པས་སོ། །དོན་གྱི་བདག་ཉིད་ཡིན་པ་སྟེ། །བསླབ་པའི་གཞིའི་དངོས་པོ་ལ་ཞེས་དངོས་པོ་ཡན་ལག་ཏུ་གསུངས་པ་དང་། འདུལ་བའི་ཚིག་ཁྱད་དུ་གསོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་སྔར་བསྟན་ཟིན་པས་སོ། །གཉིས་པ་གང་གིས་ཁྱད་དུ་གསོད་པའི་རྟེན་ནི། གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །ཊཱི་ཀ་ལས་ལན་གཉིས་ཉམས་སུ་མ་མྱོང་བ་དེ་ལ་ནི་ཉེས་བྱས་ཁོ་ནར་འགྱུར་ཏེ་ཞེས་བཤད་ཅིང་། ཡིད་རྨོངས་པས་དེ་སྐད་སྨྲས་པ་ལ་ནི་ལྟུང་བ་མེད་དོ་ཞེས་ཊཱི་ཀ་ལས་ཏེ། ཡིད་རྨོངས་པས་ད་གཟོད་ཤེས་སོ་ཞེས་དྲང་པོར་སྨྲས་ན་ལྟུང་བ་མེད་དོ།་་་་་གསུམ་པ་ནི་གསོ་སྦྱོང་གི་དུས་ཡིན་པ་སྟེ། ཊཱི་ཀ་ལས་གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོ་ཐར་པའི་མདོ་གདོན་པ་ན་བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི། དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ་ཞེས་གསུངས་པས་སོ། །བཞི་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། གསོ་སྦྱོང་དེ་ལ་གཏོགས་པ་སྟེ། གསོ་སྦྱོང་གི་དུས་སུ་ཁྱད་དུ་གསོད་པ་ཡན་ལག་ཏུ་གསུངས་པས་ཤེས་སོ་ཞེས་གསུང་ངོ་། །བསམ་པའི་ཡན་ལག་ལ་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཞད་གད་ཡན་ཆད་ཀྱི་ཁྱད་དུ་གསོད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཁྱད་དུ་

༼༨༢༨༽

གསོད་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི་སོ་སོ་ཐར་པའི་ཞེས་སོ། །དེའང་ལན་གཉིས་ཉམས་སུ་མྱོང་བ་དང་། ཡིད་རྨོངས་པ་མ་ཡིན་པ་གཉིས་ཀ་ཡན་ལག་ཏུ་དགོས་ཏེ་ཊཱི་ཀ་ལས་སོ། །མདོ་སྡེ་དང་ལྡན་པར་སྨྲ་ན་ཡང་ངོ་ཞེས་པ་ནི་ལུང་ལས་འདུལ་བ་དང་ལྡན་པའི་མདོ་མ་གཏོགས་པའི་མདོ་སྡེ་ལ་ཞེས་སོ། །ད་ནི་ཁབ་རལ་འཆོས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་མང་པོ་རྣམས་ཀྱིས་ཁབ་རལ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རང་ཆེད་དུ་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་ལས།་་་་་བ་སོ་དང་རུས་པ་ལ་སོགས་པ། ཁབ་རལ་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། བ་སོ་དང་རུས་པ་དང་ཞེས་གསུངས་པས་སོ། །རང་གི་ཡིན་པ་སྟེ། གཞན་གྱི་ཡིན་ན་་་་་་འདོད་པ་ཆེས་པ་ལ་སོགས་པའི་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །རུང་བའི་ཡན་ལག་མ་ཚང་ན་ཉེས་བྱས་ཏེ་ལུང་ཞུ་བ་ལས། དགེ་སློང་གིས་རིན་པོ་ཆེ་ལས་བགྱིས་པའི་ཁབ་རལ་བགྱིད་དུ་བཅུག་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུང་ངོ་། །ཚད་དང་ལྡན་པས་་་་་་འདིའི་ཚད་ནི་ཁབ་གཞུག་ཏུ་རུང་ཞིང་། གྲགས་སྡེའི་ཚད་ལས་འདས་པའོ། །གཞན་དུ་ན་ཉེས་བྱས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཁབ་རལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཁབ་རལ་གྱི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཟིན་པར་བྱས་པའོ། །ཡན་ལག་གི་དོན་ལ་བ་སོ་ནི་སྤྱིར་བཏང་ལ་མི་རུང་བའི་རྫས་ཡིན་ཡང་། ཁབ་རལ་དང་རྒྱ་བཅང་བ་ལ་ནི་རུང་བ་ཉིད་དོ།་་་་་བྱེད་དུ་འཇུག་པ་འབའ་ཞིག་ཏུ་གསུངས་མོད་ཀྱི། རང་བྱེད་པ་ལ་ཁ་ན་མ་ཐོ་བ་ཆེས་ལྕི་བས་དེས་ན། འདིར་བྱེད་པ་པོ་ཞེས་བྱ་བའི་སྒྲ་ཡང་བསྡུས་པ་ལས་སོ་ཞེས་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་དོ།

༼༨༢༩༽

།འོ་ན་ལུང་ལས་བྱེད་པ་དང་བྱེད་འཇུག་གཉིས་དངོས་སུ་གསུངས་པ་དང་འགལ་ཞེ་ན་དེ་ཡང་། །ལུང་་་་་་དགེ་སློང་ཕ་མའི་རྣམ་འབྱེད་གཉིས་ཀ་ལས་ཁབ་རལ་བྱེད་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ།་་་་་འོན་ཀྱང་རང་འགྲེལ་དང་ཊཱི་ཀའི་བཤད་པ་དེ་ནི་རྩ་བ་སོ་སོ་ཐར་པའི་མདོ་ལས་བྱེད་དུ་འཇུག་པ་འབའ་ཞིག་གསུངས་པ་ལ་དགོངས་སོ་ཞེས་རིགས་སོ། །ད་ནི་ཁྲི་རྐང་འཆོས་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་རྐང་པ་དམའ་བ་དང་ཞེས་པ་ནས་སོ།་་་་་།ཊཱི་ཀ་ལས་ཁྲི་རྐང་ལ་འདུག་པའི་དགེ་སློང་གཉིད་གཡུར་བའི་མགོ་ས་ལ་ཐུག་པར་འགྱུར་བའི་ཁྲི་དེ་ལྟ་བུ་ལ་ཉལ་བར་མི་བྱ་སྟེ། དེ་ནི་གླེང་གཞི་ལས་ཤེས་པར་བྱའོ་ཞེས་སོ། །ལྷམ་ཡོད་པས་སོ་ཞེས་པ་ནི་ལྷམ་ཡོད་པས་ནི་མལ་ཁྲིའི་ཉེ་འཁོར་ཕྱོགས་བཞི་པོ་གང་དུ་ཡང་རྐང་པ་བཀྲུ་བར་མི་བྱ་སྟེ། དེར་རྐང་པ་བཀྲུས་པའི་ས་གཞིའི་བརླན་ལས་སྲོག་ཆགས་སྐྱེས་ཤིང་དེ་དག་དགེ་སློང་གི་རྐང་པས་གནོད་པར་འགྱུར་བ་དེ་སྤང་བའི་ཕྱིར་རོ། །འོན་ཀྱང་ལྷམ་མེད་པ་གཞན་གྱིས་ནི་མགོ་ལོགས་དང་རྐང་པ་ལོགས་མ་གཏོགས་པར་རྐང་པ་བཀྲུ་བར་མི་བྱའོ། །དེ་ལྟར་ལྷམ་ཡོད་མེད་གཉིས་ལ་མལ་ཁྲིའི་ཉེ་འཁོར་མགོ་ལོགས་དང་རྐང་ལོགས་གཉིས་སུ་བཀྲུ་བ་གནང་མི་གནང་གི་ཁྱད་པར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། ཉན་ཐོས་ཀྱིས་ལས་མཚན་མོའི་སུམ་ཆ་འདས་ཏེ་ཉལ་ཁར་རྐང་པ་འཁྲུ་བར་གསུངས་པ་བཞིན་དུ་མལ་གྱི་ཉེ་འཁོར་ལས་འདས་ཏེ་རྐང་བ་འཁྲུར་འགྲོ་བ་ན་རྐང་པ་ལ་སྦྲུལ་གྱིས་གནོད་པར་འགྱུར་བའི་ཉེན་ཅན་ཡིན་པ་ལས། ལྷམ་མེད་ན་གནོད་པར་འགྱུར་བ་དེ་ཡོད་པའི་ཕྱིར་དང་ལྷམ་ཡོད་ན་གནོད་པར་འགྱུར་བ་དེ་མེད་པའི་ཕྱིར་རོ། །འོ་ན་ལྷམ་མེད་པ་ནི་མལ་ཁྲིའི་མགོ་ལོགས་དང་རྐང་པ་ལོགས་གཉིས་སུ་རྐང་པ་འཁྲུ་བ་གནང་ན་མལ་ཁྲིའི་གཡས་གཡོན་གཉིས་སུ་རྐང་པ་འཁྲུ་བ་མི་གནང་སྟེ། ཕྱོགས་གཉིས་ལ་གནང་མི་གནང་གི་ཁྱད་པར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། མལ་ཁྲིའི་སྟེང་ནས་ཤོད་དུ་འབབས་པ་ན་སྔས་ངོས་དང་མལ་མཇུག་ངོས་སུ་བབས་པ་འབྱུང་རིང་བས་ས་གཞིའི་སྲོག་ཆགས་ལ་གནོད་པ་འབྱུང་ཉེ་བ་མ་ཡིན་པའི་ཕྱིར་དང་། མལ་ཁྲིའི་གཡས་གཡོན་ངོས་ནས་འབབས་པ་འབྱུང་ཉེ་བས་ས་གཞིའི་སྲོག་ཆགས་ལ་རྐང་པས་གནོད་པ་འབྱུང་བར་ཉེ་བའི་ཕྱིར་རོ།་་་་་ལྟུང་བ་རྣམ་གཞག་ནི་ཚད་ལས་ལྷག་པར་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཁྲི་རྐང་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། དགེ་འདུན་གྱི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་ཤིང་གི་ཁྲིའམ་ཁྲིའུ་རྐང་


༼༨༣༠༽

པ་ཚད་ལས་ལྷག་པ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་ལས། དགེ་འདུན་དབང་བའི་ཁྲིའམ་ཁྲིའུ་ཡིན་པ་སྟེ། དགེ་འདུན་གྱིའོ། །ཁྲིའམ་ཁྲིའུ་དག་གིའོ་ཞེས་གསུངས་པས་སོ། །གང་ཟག་གི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་ན་ནི། རྣམ་འབྱེད་འགྲེལ་ལས་གང་ཟག་གི་ལ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །རུང་བ་ཡིན་པ་དང་། རྒྱ་ཁྱོན་གྲགས་སྡེའི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་གསུངས་པས་སོ། །རྐང་པ་ཚད་ལས་ལྷག་པ་སྟེ། རྐང་པ་དག་གིའོ་ཞེས་གསུངས་པས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཚད་ལས་ལྷག་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བསྐོས་པས་ཚད་ལས་ལྷག་པར་བྱེད་པར་ཞགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །ཡན་ལག་གི་དོན་ནི་ཚད་ལས་ལྷག་པར་བྱེད་དམ་ཞེས་སོ། །ད་ནི་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་འཆད་དེ། ཤིང་བལ་གྱིས་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་འདུག་པའི་སེམས་ཀྱིས་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། གཞན་གྱི་གོས་ལ་སོགས་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མལ་ལ་ཤིང་བལ་གྱིས་གོས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡ་ལག་ལ་གཉིས་ཏེ། གང་ལ་གོས་པར་བྱ་བའི་ཡུལ་དང་། གང་གིས་གོས་པར་བྱེད་པའི་དངོས་པོའོ། །དང་པོ་ལ་གསུམ་ལས། དགེ་འདུན་དབང་བའི་གནས་མལ་ཡིན་པ་སྟེ། འོག་མ་ལ་ཡང་ངོ་ཞེས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ། སྤྱིར་བསྟན་པ་ལས་སོ། །གཉིས་པ་གང་གིས་གོས་པར་བྱེད་པའི་དངོས་པོ་ལ་གསུམ་ལས། ཤིང་བལ་ཡིན་པ་སྟེ་ཤིང་བལ་གྱིས་གོས་པར་ཞེས་གསུངས་པས་སོ། །གྲགས་སྡེའི་ཚད་དུ་ཆོག་པ་སྟེ། གོས་ལ་སོགས་


༼༨༣༡༽

པ་ཚད་དང་ལྡན་པའི་གནད་ཀྱིས་སྦྱར་རོ། །ཤིང་བལ་བརྡལ་བའི་བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཤིང་བལ་བརྡལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བསྐོས་པས་ཤིང་བལ་བརྡལ་བར་ཞུགས་པའོ། །མཐར་ཐུག་ནི་བརྡལ་བ་རྫོགས་པའོ། །ཡན་ལག་གི་དོན་ནི་ཤིང་བལ་གྱིས་ཞེས་སོ། །ད་ནི་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་ཚད་ལས་ལྷག་པའི་ལྟུང་བྱེད་གསུམ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་དང་གཡས་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་དོན་དང་བྱ་བ་མང་བ་དང་། འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ལ་རང་གི་དོན་དུ་རང་ངམ་གཞན་བསྐོས་པས་སོར་ཕྱེད་ཡན་ཆད་ཚད་ལས་ལྷག་པར་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་ལས། གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་པོ་རང་རང་གི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། གདིང་བའོ་ཞེས་པ་ལ་སོགས་པ་གསུངས་པས་སོ། །རང་གི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་ཚད་དང་ལྡན་པ་སྟེ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་ཚད་ལས་ལྷག་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཚད་ལས་ལྷག་པར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །ཡན་ལག་གི་དོན་ནི། གདིང་བ་ཚད་ལས་ལྷག་པའི་ལྟུང་བྱེད་ནི་གདིང་བའི་འོ་ཞེས་ཏེ། ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་གོང་དུ་སྦྱར་རོ། །དགེ་སློང་ལུང་བོང་ཤིན་ཏུ་ཐུང་བ་དང་ལུས་བོང་ཆེ་བ་དང་འབྲིང་པོ་སྟེ་


༼༨༣༢༽

གསུམ་གྱི་གདིང་བ་ནི་ཚད་མཉམ་སྟེ། འོག་མ་དག་ལ་ཡང་ངོ་ཞེས་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་དང་གསུམ་ནི་རང་གི་ལུས་ཁྲུས་ཚད་གཞལ་བ་མ་ཡིན་གྱི་རྡུལ་ཁྲུ་ནས་བརྩི་བ་སྟེ། དེ་ལྟར་ལུང་རྣམ་འབྱེད་ལས་གསུངས་སོ། །དེ་ལྟར་ན་རྡུལ་ཁྲུ་ནས་བརྩི་སྟེ་བདེ་བར་གཤེགས་པའི་ཁྲུའི་སུམ་ཆས་ཁྲུ་ཚད་དུ་བྱས་ནས་གདིང་བ་ལ་སོགས་གསུམ་པོའི་ཚད་བརྩི་བར་བྱའོ། །འཆར་ཀ་ལྟ་བུ་ལུས་བོང་ཧ་ཅང་རིང་བ་ལ་ནི་གདིང་བའི་སྲིད་ད་རྡུལ་ཁྲུ་ནས་བརྩིས་པའི་ཁྲུ་གསུམ་གྱིས་མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་སྐྱེད་དོ།་་་་་འཆར་ཀ་ལུས་བོང་ཚད་ལས་ཧ་ཅང་ལྷག་པས་དེའི་གདིང་བ་དེས་མི་ཆོག་ནས། གནས་མལ་བསྐྱབ་པའི་ཕྱིར་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་པ་ལས་འདི་གསུང་པའོ། །གཡན་པ་དགབ་པའི་ཚད་ལས་ལྷག་པའི་ལྟུང་བྱེད་ནི་གཡན་པ་དགབ་པའི་འོ་ཞེས་སོ། །རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་ནི་དབྱར་གྱི་རས་ཆེན་གྱིའོ་ཞེས་སོ། །ད་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བཟོ་བྱེད་པའི་ལྟུང་བྱེད་འཆད་དེ། སྟོན་པ་རང་གི་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་བཟོ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བླ་མ་ལྟར་འཆོས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལུས་བོང་སངས་རྒྱས་ཀྱི་སྐུ་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་རང་ངམ་བསྐོས་པས་བཟོ་བྱ་བ་སྟེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བྱ་བའི་དངོས་པོ་དང་། གང་གིས་བྱེད་པའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ཆོས་གོས་བྱེད་དམ་ཞེས་གསུངས་པས་སོ། །རུང་བ་ཡིན་པ་སྟེ་སྤྱིར་བསྟན་པ་ལས་རུང་བ་ཉིད་དང་ཞེས་གསུངས་པས་སོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པར་ཡིན་པ་སྟེ། དེའི་ཚད་དམ་ལྷག་པའི་ཞེས་གསུངས་པས་སོ།་་་་་གཞན་དུ་ན་ལྟུང་བ་མེད་པ། ལུང་ཕྲན་ཚེགས་ལས་གཅུང་མཛེས་དགའ་པོའི་ལུས་ནི། སངས་རྒྱས་ཀྱི་སྐུ་ལས་སོར་བཞིས་ཐུང་བར་གསུངས་པ་ལྟ་བུ་ཡང་དེ་བཞིན་ནོ། །དེའི་སེལ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་པས་ནི་ཆུང་ལ་རང་གི་ལུས་པས་


༼༨༣༣༽

ནི་ཆེ་བའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ནི་ཉེས་བྱས་སོ། །རང་གི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། སྔར་་་་་་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་གང་གིས་བྱེད་པའི་རྟེན་ནི། རང་གི་ལུས་ལ་བདེ་བར་གཤེགས་པའི་སྐུའི་བོང་ཚད་ཙམ་མེད་པ་སྟེ། དེའི་ལུས་ཙམ་མེད་པར་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པའི་ཆོས་གོས་ཀྱི་བཟོ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་དེའི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོ་ཟིན་པའོ། །ཡན་ལག་གི་དོན་ནི་སྟོན་པ་རང་གི་ཞེས་སོ། །ཊཱི་ཀ་ལས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ཞེས་པ་ནི་་་་་་ཆུ་ཞེང་གཉིས་ཀར་རང་གི་ཁྲུ་ཚད་ལས་སུམ་འགྱུར་དུ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བའོ་ཞེས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་གོས་གཅིག་ལ་ནི་དགེ་སློང་ལུས་བོང་འབྲིང་པོའི་ཆོས་གོས་དགུའོ། །འོ་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བགྱིས་པ་ལ་ཉན་ཐོས་དགེ་སློང་གི་ཆོས་གོས་བྱིན་གྱི་རློབ་པ་འཆགས་སམ་མི་འཆགས་ཞེ་ན། བམ་པོ་ལྔ་བཅུ་པ་ལས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པ་ལ་བྱིན་གྱིས་རློབ་ན་མི་འཆགས་ཏེ་ཉེས་བྱས་སོ་ཞེས་སོ། །དམིགས་བསལ་ནི་ལྷག་པ་ཡང་ངོ་ཞེས་ཆོས་གོས་ཚད་ལས་ལྷག་པ་ལས་ཆོས་གོས་སྲ་བརྐྱང་གི་བྱིན་རླབས་འཆགས་པའི་སྐབས་ཀྱི་རང་གི་རྣམ་བཤད་ལས། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ཤིན་ཏུ་ཆེན་པོ་ལ་ཡང་འདི་འཕངས་པ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་སོ། །བདེ་བར་གཤེགས་པའི་ཆོས་གོས་སམ་དེ་བས་ལྷག་པ་་་་་་དེ་བཅང་བར་མི་བྱའོ་ཞེས་གསུངས་པས་གོས་དེ་གང་ཟག་གམ་དགེ་འདུན་ལ་ཕུལ་ཏེ་ལྟུང་བ་ཕྱིར་བཅོས་བྱ་བའོ།་་་་་བཅང་བཞིན་དུ་ལྟུང་བ་མཐོ་ལ་ཚངས་བྱས་ཀྱང་ཚངས་པར་མི་འགྱུར་རོ་ཞེས་འགྲེལ་ཆུང་ལས་བཤད་དོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེ་བཅང་བར་མི་བྱའོ་ཞེས་བྱ་བ་ནི་ལུས་དང་འབྲེལ་བས་སམ་་་་་་ལུས་དང་འབྲེལ་པ་ལས། གཞན་བཟོད་དུ་བཞག་པ་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་སམ་རྣམ་པར་


༼༨༣༤༽

བརྟགས་ནས་སམ། རྣམ་པར་མ་བརྟགས་པར་ཡང་བཅང་བར་མི་བྱའོ་ཞེས་སོ།་་་་་དགེ་སློང་རང་གི་ལུས་སངས་རྒྱས་ཀྱི་སྐུའི་བོང་ཚད་ཙམ་ཡོད་པས་ནི་དེ་ལྟར་མ་ཡིན་ཏེ་བྱིན་གྱིས་བརླབས་པ་ཡང་ཆགས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། །ལྟུང་བྱེད་འབའ་ཞིག་པའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་སོ་སོར་བཤགས་པར་བྱ་བའི་སྡེ་འཆད་དེ། འདི་ལ་བཞི་ལས་དང་པོ་དགེ་སློང་མ་ལ་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་ནི་ཤེས་གཙོ་འོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཟས་བླང་བ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་ན་འདུག་པས་དགེ་སློང་མ་གནས་དེ་གསུམ་གང་ཡང་རུང་བ་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བླང་བའི་ཡུལ་དང་། གང་བླང་བའི་དངོས་པོ་དང་། གང་དུ་བླང་བའི་གནས་སོ། །དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ཏེ་སྔར་་་་་་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ལ་ལྔ་ལས། དུས་སུ་རུང་བ་ཡིན་པ་སྟེ། བཅའ་བ་དང་བཟའ་བ་ཞེས་གསུངས་པས་སོ། །མོ་ཉིད་ཟ་བའི་ཆེད་དུ་སྒྲུབ་པ་ཡིན་པ་སྟེ། དགེ་སློང་མ་་་་་་རང་གིས་་་་་་དགེ་སློང་གི་དགེ་འདུན་ལ་མི་འདྲིམ་པར་་་་་་མོ་ཉིད་ཟ་བའི་ཆེད་དུ་སྒྲུབ་པ་ཞེས་གསུངས་པས་སོ། །དགེ་སློང་མ་དེ་དང་འབྲེལ་བར་གནས་པ་སྟེ། འཇོག་པར་བྱེད་པ་ཉེ་བར་མི་གནས་ན་་་་་་གཞན་པ་ལེན་པ་ནི་དེ་ལས་མ་ཡིན་ནོ་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གསུམ་པ་གང་དུ་བླང་བའི་གནས་ནི་དགེ་སློང་གི་གནས་གྲོང་དང་གྲོང་གི་ཉེ་འཁོར་དང་ལམ་པོ་ཆེ་དང་གསུམ་པོ་གང་རུང་ཡིན་པ་སྟེ། དགེ་སློང་་་་་་བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཞེས་གསུངས་པ་དང་། དེས་གྲོང་གི་ཉེ་འཁོར་ཡང་མཚོན་པ་དང་། ཊཱི་ཀ་ལས་དགེ་སློང་ལམ་པོ་ཆེ་ན་འདུག་པས། དགེ་སློང་མ་གནས་གསུམ་པོ་་་་་་གང་ཡང་རུང་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཞིང་ཟ་བར་བྱེད་ན་དངོས་གཞིར་འགྱུར་རོ་ཞེས་གསུངས་སོ། །དགེ་སློང་

༼༨༣༥༽

མའི་གནས་ཀྱང་གྲོང་དང་གྲོང་གི་ཉེ་འཁོར་དང་ལམ་པོ་ཆེ་དང་གསུམ་པོ་གང་རུང་ཡིན་པ་སྟེ། སོ་སོ་ཐར་བ་ལས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་ཞེས་གསུངས་པས་གྲོང་དང་གྲོང་གི་ཉེ་འཁོར་ཡང་དེ་དང་རྒྱུ་མཚན་མཚུངས་ཤིང་། དགེ་སློང་གྲོང་ན་འདུག་པའི་གནད་ཀྱིས་སྦྱར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་དགེ་སློང་མ་ལ་ཟས་ལེན་ཞིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དགེ་སློང་མ་ལ་ངག་གི་རིག་བྱེད་ཀྱིས་ཟས་བླངས་ཏེ་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ།་་་་་འདིར་ལྟུང་མེད་སུམ་ཅུ་རྩ་གཉིས་ཞེས་འཆད་པ་ནི་ཚིག་མང་ལ་དོན་ཡང་འདུས་ཏེ། འདིར་ཚིག་ཉུང་ལ་དོན་འདུས་པ་འདི། །དགེ་སློང་དབྱར་ཁང་ན་འདུག་པས་དགེ་སློང་མ་གནས་གང་ཡང་རུང་བ་ན་འདུག་པ་ལ་ཟས་བླངས་ཏེ་ཟ་ན་ཅིར་འགྱུར་ཞེ་ན། དབྱར་ཁང་ནི་གྲོང་་་་་་ལུང་ཞུ་བ་ལས་དང་འདྲ་བ་ཉིད་མ་ཡིན་ནོ་ཞེས་བཤད་དོ། །དབྱར་ཁང་ནི་དགེ་སློང་མའི་གཙུག་ལག་ཁང་སྟེ་དགེ་སློང་དབྱར་ཁང་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ། དེ་ལ་དགེ་སློང་མ་གཙུག་ལག་ཁང་དང་དབྱར་ཁང་དང་གྲོང་དང་དེ་གསུམ་གྱི་ཉེ་འཁོར་དང་ནམ་མཁའ་དང་ལམ་པོ་ཆེ་དང་གྲུ་དང་ལྗོན་ཤིང་ལ་སོགས་གང་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་པ་ལ་ལྟུང་བ་འདི་མི་སྐྱེད་པ་སྟེ། ལྟུང་བ་འདི་མི་སྐྱེད་པ་ཉིད་དུ་བཅས་པའི་དབང་གིས་སོ། །དབྱར་ཁང་གིས་ནི་དེའི་ཉེ་འཁོར་ཡང་མཚོན་སྟེ། དགེ་སློང་དབྱར་ཁང་གི་ཉེ་འཁོར་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ་དེ་ལ་ཟས་བླངས་ཏེ་ཟོས་པ་ལ་ལྟུང་བ་འདི་མི་འབྱུང་ངོ་། །འོ་ན་དགེ་སློང་གཙུག་ལག་ཁང་ན་འདུག་པས་དགེ་སློང་མ་གནས་གང་ཡང་རུང་བ་ན་འདུག་པ་ལ་ཟས་བླངས་ཏེ་ཟ་ན་ཅིར་འགྱུར་ཞེ་ན། དགེ་སློང་གི་གནས་གཙུག་ལག་ཁང་དག་ཀྱང་གྲོང་དང་འདྲ་བ་ཉིད་མ་ཡིན་ནོ་ཞེས་བཤད་དོ། །དགེ་སློང་གཙུག་ལག་ཁང་ན་འདུག་པས་ནི་དགེ་སློང་མ་གནས་གང་ན་འདུག་ཀྱང་རུང་སྟེ། དེའང་དགེ་སློང་མ་གཙུག་ལག་ཁང་དང་དབྱར་ཁང་དང་གྲོང་དང་དེ་གསུམ་གྱི་ཉེ་འཁོར་དང་ནམ་མཁའ་དང་ལམ་པོ་ཆེ་ལ་སོགས་པ་གང་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་པ་ལ་ལྟུང་བ་འདི་མི་

༼༨༣༦༽

སྐྱེད་པ་སྟེ། ལྟུང་བ་འདི་མི་སྐྱེད་པ་ཉིད་དུ་བཅས་པའི་དབང་གིས་སོ། །གཙུག་ལག་ཁང་གིས་ནི་དེའི་ཉེ་འཁོར་ཡང་མཚོན་ཏེ། སྔ་མ་བཞིན་ནོ། །ནམ་མཁའ་ནི་ཕྱེད་ཉིད་དོ་ཞེས་པ་ནི་དགེ་སློང་ནམ་མཁའ་ལ་འདུག་པས་དགེ་སློང་མ་གྲོང་ལ་སོགས་པ་གནས་གང་ན་འདུག་པ་ལ་ཟས་བླངས་ཀྱང་རུང་སྟེ་ཟོས་ན་ལྟུང་བ་དངོས་གཞིའི་ཕྱེད་ཉིད་དེ་ཉེས་བྱས་བསྐྱེད་པ་ཉིད་དོ། །དེ་བཞིན་དུ་དགེ་སློང་གྲོང་དང་གྲོང་གི་ཉེ་འཁོར་དང་ལམ་པོ་ཆེ་དང་གསུམ་པོ་གང་ཡང་རུང་བ་ན་འདུག་པས། དགེ་སློང་མ་གནས་དེ་གསུམ་ལས་གཞན་པ་གང་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་ན་ཡང་ཉེས་བྱས་སོ། །ཟས་གྲོང་དུ་་་་་་འཇོག་པར་བྱེད་པ་་་་་་དགེ་སློང་མ་དེ་གུད་དུ་སོང་སྟེ་ཟས་བཞག་པའི་གནས་དེ་ན་ཉེ་བར་མི་གནས་ན་་་་་་གྲོང་དུ་བཞག་པ་་་་་འི་ཟས་དགེ་སློང་གིས་ལེན་པ་དག་སློང་མ་ནི་དེ་ལས་་་་་་བླངས་པ་མ་ཡིན་ཏེ་ལྟུང་བ་མེད་དོ་ཞེས་རང་གི་རྣམ་བཤད་དང་ཊཱི་ཀ་དང་འགྲེལ་ཆུང་དང་གསུམ་ཆར་ལས་བཤད་འདི་ལ་བླ་མ་རྣམས་ནི་ཉེས་བྱས་སུ་འགྱུར་ཞེས་གསུངས་ཏེ། འགྲེལ་བ་དེ་གསུམ་ལས་ལྟུང་མེད་དུ་གསུངས་པ་དང་འགལ་ལོ་་་་་་དོ། །ད་ནི་སོ་སོར་བཤགས་པར་བྱ་བ་གཉིས་པ་འཆད་དེ། དེའམ་དགེ་སློང་གཞན་ལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོད་སྟོན་འདྲེན་པ་ན། དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་དང་། གྲོགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་གསུམ་ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གི་བཟའ་བའི་སྦྱིན་བདག་དང་། གང་དག་དང་ཟ་བའི་གྲོགས་དང་། གང་བཟའ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས་ཁྱིམ་པ་ཡིན་པ་དང་། དགེ་སློང་མ་དེའི་ཉེ་དུ་མ་ཡིན་པ་དང་། མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། ཁྱིམ་དུའོ་ཞེས་པའི་ཊཱི་ཀ་ལས་སྦྱིན་བདག་ཁྱིམ་གྱི་མི་ཞེས་དང་། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ནའོ་ཞེས་པ་དང་མགྲོན་དུ་བོས་པས་ཟོས་ནའོ་ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་

༼༨༣༧༽

པར་གནས་པ་གཉིས་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དག་དང་ཟ་བའི་གྲོགས་ནི། དགེ་སློང་ཆོས་དྲུག་ལྡན་གྱི་དང་པོ་ལྔའི་སྟེང་དུ། རང་མ་གཏོགས་པ་གཉིས་ཡན་ཆད་ཡིན་པ་སྟེ། དགེ་སློང་གསུམ་ལ་སོགས་པ་ཞེས་གསུངས་པས་སོ། །གསུམ་པ་གང་བཟའ་བའི་དངོས་པོ་ནི་བཞི་ལས་དུས་སུ་རུང་བ་ཡིན། ཚད་དང་ལྡན་པ་ཡིན། དགེ་སློང་མ་ཆོས་བརྒྱད་ལྡན་གྱིས་བསྐོ་བཤམ་བྱས་པ་ཡིན་པ་སྟེ། ཆོས་བརྒྱད་ལྡན་ནི་་་་་་འཁྲུར་འཇུག་གི་སྐབས་སུ་སྔར་བཤད་པའི་ཆོས་བདུན་ལྡན་གྱི་་་་་་ཉེ་དུ་མིན་པ་ན། དགེ་སློང་མ་དེ་སྦྱིན་བདག་དེའི་ཉེ་དུ་མིན་པའོ་དེའི་སྟེང་དུ་ཚིག་དེ་ཉེ་བར་གདགས་སུ་རུང་བ་ན་གནས་པ་སྟེ། གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ན་ནིའོ་ཞེས་གསུངས་པས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི། བསྐོ་བཤམ་བྱེད་པ་དེ་མ་བཟློག་པ་ལ་དེ་ལྟར་ཤེས་པ་སྟེ། མ་བསྒོ་བར་ཞེས་པ་དང་། ཤེས་གཙོའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱས་པ་དེ་རང་དོན་དུ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི་དེའམ་དགེ་སློང་གཞན་ལ་ཞེས་སོ། །བཏུང་བའམ་ཞེས་པ་ནི་བཟའ་བའི་ཟླ་དང་བཅས་པ་ལས་ཡིན་གྱི། བཏུང་བཀང་པ་ལས་ནི་སྐབས་འདིའི་ལྟུང་བ་ཉེས་བྱས་སུ་འགྱུར་གྱི། ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། དངོས་པོ་དུས་སུ་རུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེའང་ལུང་རྣམ་འབྱེད་ལས་བཅའ་བ་ལྔ་དང་བཟའ་བ་ལྔ་དག་གོ་ཞེས་དུས་སུ་རུང་བ་ཡན་ལག་ཏུ་གསུངས་སོ། །གྲལ་པོ་འདིར་ཟས་ཀྱི་སྐལ་བ་བྱིན་དགོས་ཡོད་དོ་ཞེས་དགེ་སློང་གི་གྲལ་བོའི་་་་་་བྱུག་རིས་དགེ་སློང་མས་སྟོན་པ་དང་ཟས་འདྲེན་པ་པོས་བརྗེད་ནས་གྲལ་ན་གནས་པའི་དགེ་སློང་ལ་ཟས་ཀྱི་སྐལ་བ་བྱེད་པའོ།་་་་་མ་བྱིན་པ་ལ་དགེ་སློང་མས་སྦྱིན་དུ་འཇུག་པ་་་་་་ནི་ལྟུང་བ་འདི་སྐྱེད་པ་ལ་མ་གཏོགས་ཏེ། དགེ་སློང་མ་བསྐོ་བཤམ་བྱས་པ་ཙམ་ཞིག་ཡོད་ཀྱང་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་སྟེ་གཏམ་ཐ་མལ་པ་ཐོས་སུ་རུང་བ་ན་གནས་པ་ལ་མ་བསྐོས་པར་ཟོས་ན་དངོས་གཞིའོ། །གལ་ཏེ་ཚིག་དེ་

༼༨༣༨༽

ཉེ་བར་གདགས་སུ་མི་རུང་ན་སྟེ་གཏམ་ཐ་མལ་པ་མི་ཐོས་པ་ཙམ་གྱི་ས་ཐག་གིས་བར་དུ་ཆོད་ན་་་་་་དེ་ལ་མ་བསྒོ་བར་ཟོས་ན་ཉེས་བྱས་ཀྱིའོ།་་་་་དགེ་སློང་མ་སྒོ་ཁང་ན་འདུག་སྟེ། བསྐོ་བཤམ་ཕྱིན་ཅི་ལོག་བྱེད་པ་ན། དགེ་སློང་བར་ཁང་ན་ཟ་བ་དག་གིས་དགེ་སློང་མ་དེ་ལ་མ་བསྒོ་བར་ཟ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། སྒོ་བ་བྱས་སམ་ཞེས་དགེ་སློང་རྣམས་ལ་་་་་་དྲི་བ་འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་ཅིང་། དགེ་སློང་མ་་་་་་བསྒོ་བ་འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱ་ཞེས་འགྲེལ་ཆུང་ལས་བཤད་དེ། དོན་ལ་རང་འགྲེལ་དང་ཊཱི་ཀ་ལྟར་ཡིན་པར་ཐེ་ཚོམ་མེད་དོ།་་་་་འགྲེལ་ཆུང་ལས་བཤད་པ་དེ་ནི་མི་རིགས་ཏེ། དེ་ལས་དགེ་སློང་གང་ཡང་རུང་བ་ཞེས་གསུངས་པས། བསྒོ་བ་འདི་ལ་བསླབ་པ་རྒན་གཞོན་ལ་གོ་རིམ་ངེས་པ་མེད་དོ། །ད་ནི་སོ་སོར་འཆགས་པར་བྱ་བ་གསུམ་པ་འཆད་དེ། བསླབ་པར་བྱ་བ་ནི་དད་པ་ཅན་ལ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། དངོས་སུ་ཁྱིམ་བདག་དེ་ཕོངས་པར་འགྱུར་བ་དགག་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཁྱིམ་གྱི་བསླབ་པའི་སྡོམ་པ་ཡུལ་གང་ལ་སྦྱིན་པ་ནི། ཁྱིམ་པ་ཆོས་བརྒྱད་དང་ལྡན་པ་ལ་སྟེ། ལྷུང་བཟེད་ཁ་སྦུབ་པའི་སྐབས་སུ་་་་་་ཞར་བྱུང་དུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་སྦྱིན་པ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་གཉིས་ལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། ཁྱིམ་པ་དེས་ཕྱག་འཚལ་ཞིང་གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞི་ནི་གསོལ་བ་འབའ་ཞིག་པའི་ལས་བྱ་བའོ། །འདི་ལ་མཇུག་གི་ཆོ་ག་ནི་མེད་དེ་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །བཞི་པ་བསླབ་བྱ་ནི་ཟས་བསླང་བའི་དོན་དུ་དེའི་ཁྱིམ་དུ་མི་འགྲོ་བ་ལ་སོགས་པའོ། །ལྟུང་བ་རྣམ་པར་བཞག་པ་ནི་བྱིན་པའི་མདུན་རོལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡངས་པ་ཅན་དུ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ལས་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་དངོས་སུ་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང་། དགེ་འདུན་གྱི་ནང་ཁྲིམས་དྲལ་བས་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་གྱི་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号