ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༥༣༽

སྤྱིར་གསུངས་པ་ཡིན་པར་ཅིས་ཞེས་ན། རྣམ་འབྱེད་འགྲེལ་ལས། ཡང་ཞེས་བྱ་བ་ནི་སྤྱིར་བཏང་བའི་དོན་ཏོ་ཞེས་ཏེ། ཡང་ཞེས་ལུས་ལས་དངོས་སུ་གསུང་པ་དེའི་དོན་བཤད་པས་མ་གྲུབ་བོ། །མ་བྱིན་ལེན་ལ་སོགས་་་་་་གསོད་ཕམ་དང་རྫུན་གྱི་ཕམ། པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་ཀྱང་། ཡང་དགེ་སློང་གང་ཞེས་བྱ་བ་ནི། དོན་འདིར་གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་དུ་དགོངས་ཏེ། ཞེས་གསུངས་པ་དང་། ཞུ་བ་་་་་་ཉུང་ཤོས། ལས་ཀྱང་སྔར་ལྟུང་བ་་་་་་ཕམ་པ་འཆབ་བཅས་བྱུང་བ་དང་རྐུ་ཐབས་སུ་གནས་་་་་་པ་སྡོམ་པ་མ་སྐྱེས་པ་དང་དང་པོ་འཁྲུགས་པ་ནི་་་་་་ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེས་བསྙེན་པར་རྫོགས་པར་བྱེད་ན་གང་ཟག་དེ་ནི་དང་པོ་འཁྲུགས་པ་ཡིན་པས་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པ་ཡིན་ཞེས་ལུང་རྣམ་འབྱེད་ལས་བཤད་དོན་དེ་ལྟར་ཞུ་བ་ལས་ཀྱང་བཤད་དོ། །དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བས་སྡོམ་པ་མ་སྐྱེས།་་་་་ནི་ཉེས་བྱས་སུ་འགྱུར་རོ་ཞེས་ཕམ་པ་དང་ལྷག་མ་ལ་སོགས་པའི་ལྟུང་བ་རྣམས་ཀྱི་སྐབས་སུ། བསླབ་པའི་ཡན་ལག་མ་ཚང་ན་རང་རང་གི་ལྟུང་བ་མི་རྫོགས་པར་དངོས་སུ་གསུངས་སོ། །དེ་ལྟར་སྐབས་སྒྲུབ་པ་བསྟན་ཟིན་ནས། ད་ནི་དངོས་ཀྱི་དོན་བསྟན་པར་བྱ་སྟེ། དེ་ལ་གཉིས་ལས། དང་པོ་སློབ་པ་པོའི་གང་ཟག་ཉེ་བར་བསྒྲུབ་པའོ། །དེ་དང་པོར་སྟོན་ཏེ་ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །ཞེས་་་་་་རབ་ཏུ་བྱུང་བའི་གཞི། དང་པོར་གསུངས་པའི་ཕྱིར་དང་། ཊཱི་ཀ་ལས་ཀྱང་། བསླབ་པའི་གཞི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཁོ་ནའི་ཡིན་པར་གསུངས་ཀྱི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་རོ་ཞེས་སོ། །འདི་ལ་ལུང་གི་བྱེ་བྲག་གསུམ་ལས་ལུང་གཞིས་བརྗོད་པ་དང་པོར་སྟོན་ཏེ། རྩ་བ་ཡིན་པའི་ཕྱིར་རོ། །འདི་ལ་གཉིས་ལས། སྔོན་གྱི་ཆོ་ག་དང་པོར་སྟོན་ཏེ། ལུང་ལས་ཤཱ་རིའི་བུ་དང་རབ་བྱུང་དང་ཞེས་་་་་་སྔོན་གྱི་ཆོ་ག དང་པོར་གསུངས་པའི་ཕྱིར་དང་། ཊཱི་ཀ་ལས་ཀྱང་། དང་པོར་བསྟན་པའི་ཕྱིར་དང་བརྗོད་པར་བྱ་བ་ཉུང་བའི་ཕྱིར་རོ་ཞེས་སོ། །སྔོན་གྱི་ཆོ་ག་ནི་དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ཏེ། བསྙེན་པར་རྫོགས་པ་བཅུར་དབྱེ་བ་དང་། སྔོན་གྱི་ཆོ་ག་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་ལུང་མ་མོའི་རྗེས་སུ་འབྲངས་ཏེ།

༼༥༤༽

མཛོད་འགྲེལ་ལས། སངས་རྒྱས་དང་རང་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང་། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པས་དང་། གྲགས་པའམ་མཆོག་ཟུང་གཅིག་ལྟ་བུ་ཚུར་ཤོག་གིས་དང་། སྡེ་བཟང་དྲུག་ཅུའི་ཚོགས་སྐྱབས་འགྲོ་ལན་གསུམ་བཟླས་པས་དང་། འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང་། བྲམ་ཟེ་སོ་ད་ཡ་ལེགས་སྦྱིན་དྲི་བས་མཉེས་པས་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ཤཱཀྱའི་བུད་མེད་ལྔ་བརྒྱ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་དང་། བུ་མོ་ཆོས་སྦྱིན་མ་འཕྲིན་གྱིས་དང་། ཡུལ་དབུས་ཀྱི་མི་རྣམས་བཅུའི་ཚོགས་ཀྱིས་དང་། མཐའ་འཁོབ་ཀྱི་མི་རྣམས་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་བཅུའོ། །བཅུར་འབྱེད་ལུགས་དེ་ཁོ་ན་ལྟར་་་་་་བེ་ཤ་ཀའི། མེ་ཏོག་ཕྲེང་རྒྱུད་དང་འདུལ་བ་བསྡུས་པ་ལས་ཀྱང་བཤད་དོ། །བཅུར་འབྱེད་ལུགས་གཞན་ཡང་ལུང་གཅིག་ལས་འཕྲོས་པ་ལས་ནི་བསྙེན་པར་རྫོགས་པ་བཅུ་སྟེ་ཞེས་གསུངས་ནས་སྐྱབས་འགྲོ་ཁས་བླངས་མ་བགྲངས་པར་གསོལ་བཞིའི་སྔོན་ཆོག་བགྲངས་ཏེ་་་་་་གཞན་དགུ་པོ་སྔར་བཞིན་བགྲངས་པ། བཅུར་གསུངས་སོ། །དེ་ལྟར་ན་་་་་་ལུང་གཅིག་ལས་འཕྲོས་པ་ལས་གསུངས་པ་བཅུ་སྐྱབས་འགྲོ་ཁས་བླངས་དང་བཅུ་གཅིག་ཡོད་པས། སྤྱིར་ན་བསྙེན་པར་རྫོགས་པའི་ཚུལ་བཅུ་བས་མང་བ་ཡོད་ཀྱང་། གདུལ་བྱ་བཅུ་ཚན་ལ་དགའ་བའི་ངོར་བཅུ་ཚན་དུ་མཛད་པ་ཙམ་མོ། །གཉིས་པ་སྔོན་གྱི་ཆོ་ག་བྱེད་བྲག་ཏུ་བསྟན་པ་ལ་གཉིས་ལས། དང་པོ་སྔོན་ཆོག་གི་དགོས་པའི་དོན་ནི། ཚེགས་ཆུང་ངུས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པའོ། །གཉིས་པ་སྔོན་ཆོག་གཏན་ལ་དབབ་པ་ལ་གསུམ་སྟེ། སྔོན་ཆོག་ལ་སྒྲོ་འདོགས་དགག་པ་དང་། སྔོན་ཆོག་དངོས་ཀྱི་དོན་བསྟན་པ་དང་། དབྱེ་བ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྔོན་ཆོག་བཅུར་འདོད་པ་དགག་པ་དང་། ཞར་ལ་བྱུང་བའོ། །དང་པོ་ནི་ཁ་ཅིག་་་་་་ཤ་ལུགས་བྱ་ལུགས་ཀྱི་འདུལ་འཛིན་ཆེན་པོ་རྣམས། ན་རེ་སྔོན་གྱི་ཆོ་ག་བཅུ་སྟེ། སངས་རྒྱས་རང་བྱུང་རང་རྒྱལ་མཁན་སློབ་མེད། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང་། །སྟོན་པར་ཁས་བླངས་དྲི་མཉེས་ལྕི་ཆོས་སྤོང་། །འཕྲིན་དང་གསོལ་བཞིའི་ལས་དང་སྔོན་ཆོག་བཅུ། །དེ་ཡང་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང་། རང་སངས་རྒྱས་མཁན་སློབ་མེད་པར་བསྙེན་པར་རྫོགས་པ་དང་

༼༥༥༽

ཞེས་པ་ནས། ཡུལ་གཞན་ནས་འོངས་པ་ལ་བརྟེན་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དང་བཅུའོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། འདུལ་བའི་ལུང་དང་བསྟན་བཅོས་རྣམས་ལས་བསྙེན་པར་རྫོགས་པ་བཅུ་ཞེས་གསུངས་ཀྱི། སྔོན་གྱི་ཆོ་ག་བཅུ་ཞེས་པ་ནི་གཞུང་གང་ལས་ཀྱང་མ་གསུངས་པས། སྔོན་ཆོག་བཅུར་འདོད་པ་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང་། སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང་རང་སངས་རྒྱས་མཁན་སློབ་མེད་པར་བསྙེན་པར་རྫོགས་པ་དང་ཞེས།་་་་་དང་པོ་གཉིས་ཐ་དད་དུ་བགྲང་བ་ནི་མི་འཐད་དེ། མཛོད་འགྲེལ་་་་་་བསྙེན་པར་རྫོགས་པ་བཅུའི་སྐབས་ལས། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ་ཞེས་པ་་་་་་གཅིག་ཏུ་བགྲངས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། འདྲེན་པ་རང་རྒྱལ་རང་བྱུང་གིའོ་ཞེས་པ་དང་། བསྙེན་པར་རྫོགས་པ་བཅུའི་སྐབས་ཀྱི།་་་་་བསྡུས་པ་ལས་ཀྱང་། སློབ་དཔོན་མེད་པར་་་་་་བསྙེན་པར་རྫོགས་པ། ནི་དེ་བཞིན་གཤེགས་པ་རྣམས་དང་རང་སངས་རྒྱས་རྣམས་སོ། །ཞེས་སངས་རྒྱས་དང་རང་རྒྱལ་བསྙེན་པར་རྫོགས་པའི་ཚུལ་གཅིག་ཏུ་གསུངས་པ་དང་འགལ་ལོ། བསྡུས་པ་ལས་དེ་བཞིན་གཤེགས་པ་དང་རང་སངས་རྒྱས་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་ཚུལ་གཅིག་ཏུ་གསུང་པ་དེ་བཞིན་དུ།་་་་་ལུང་མ་མོ་ལས། དེ་བཞིན་གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་ཞེས་གསུངས་པ་ཡང་། སངས་རྒྱས་དང་རང་རྒྱལ་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་ཞེས་ཚུལ་གཅིག་ཏུ་བགྲངས་པའི་གཞུང་ཡིན་ཏེ། ལུང་མ་མོ་ཉིད་ལས། དེ་བཞིན་གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་ཞེས་གཅིག་ཏུ་བགྲངས་ནས། ཡེ་ཤེས་ཁོང་དུ་ཆུད་པ་ལ་སོགས་པ་གཞན་དགུ་དང་བཅས་ཏེ་བསྙེན་པར་རྫོགས་པ་བཅུ་གསུངས་པའི་ཕྱིར་རོ། །ཁྱད་པར་དུ་ཡང་འཕྲིན་སྔོན་གྱི་ཆོ་གར་འདོད་པ་འདི་ལ་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང་གནོད་བྱེད་གསུམ་སྟེ། གནོད་བྱེད་དང་པོ་ནི། འཕྲིན་གྱིས་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་ཆོས་ཅན། གང་ཟག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་རིམ་གྱིས་ཐོབ་བྱེད་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་ནི་གཞུང་གིས་གྲུབ་སྟེ།

༼༥༦༽

སྔོན་ཆོག་གི་སྐབས་ཀྱི་རང་གི་རྣམ་བཤད་ལས། རབ་ཏུ་བྱུང་བ་ཉིད་དང་བསྙེན་པར་རྫོགས་པ་དུས་མཉམ་དུ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ནོ། །ཞེས་པ་དང་། སྔོན་ཆོག་གི་སྐབས་ཀྱི་ཊཱི་ཀ་ལས་ཀྱང་། དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་བསྒྲུབ་པར་གྱུར་པ་སྟེ། རིམ་གྱིས་ནི་མ་ཡིན་ནོ་ཞེས་སོ། །འདོད་ན་ལུང་ཕྲན་ཚེགས་ལས། བུ་མོ་ཆོས་སྦྱིན་མ་ལ་དགེ་སློང་མའི་དགེ་འདུན་དང་ངའི་བཀས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་བཏང་སྟེ་སྐྱབས་སུ་འགྲོ་བ་གསུམ་ནས་རིམ་པ་བཞིན་དུ་རབ་ཏུ་ཕྱུང་ལ་བསླབ་པའི་གཞི་བཅུ་ཡང་བྱིན་ནས། ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་བྱིན་ནོ་ཞེས་བྱ་བ་ནས། ཆོས་སྦྱིན་མ་ནི་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བསླབས་ཟིན་གྱིས། དེ་ཡང་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་ལ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་སྟེ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བསླབ་པ་རྣམས་རིམ་གྱིས་བྱིན་པར་གསུངས་པ་དང་འགལ་ལོ། །གནོད་བྱེད་གཉིས་པ་ནི། འཕྲིན་གྱིས་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་ཆོས་ཅན། མཁན་པོ་དང་བཅས་པ་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་ནི་གཞུང་གིས་གྲུབ་སྟེ། ལུང་གཞི་ལས། སྔོན་གྱི་ཆོ་གས་དེ་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་མཁན་པོ་མེད་པ་དང་སློབ་དཔོན་མེད་པས་ཞེས་པ་དང་། ཊཱི་ཀ་ལས་ཀྱང་། མཁན་པོ་དང་སློབ་དཔོན་གྱིས་གནང་བ་ལས་སྔར་བཤད་པས་ན་དེའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། དེ་གཉིས་མེད་པར་ཡང་སྔོན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་བྱུང་ཞེས་སོ། །འདོད་ན་ཊཱི་ཀ་ལས། མཁན་པོ་ལ་སོགས་པས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་རབ་ཏུ་བྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མངགས་པ་དེས་རྗེས་སུ་བསྒྲུབ་པར་བྱ་ཞེས་པ་དང་། འགྲེལ་ཆུང་ལས་ཀྱང་། མཁན་མོ་ལས་ལུང་མནོས་ཏེ་ཕོ་ཉས་ཁྲིམས་དབོག་ཅེས་གསུངས་པ་དང་འགལ་ལོ། །གནོད་བྱེད་གསུམ་པ་ནི། འཕྲིན་གྱིས་ཚུལ་ཁྲིམས་འབོགས་པའི་ཆོ་ག་ཆོས་ཅན། དེང་སང་བྱར་རུང་མ་ཡིན་པར་ཐལ། སྔོན་གྱི་ཆོ་ག་ཡིན་པའི་ཕྱིར་རོ། །

༼༥༧༽

རྟགས་ཁས་བླངས། ཁྱབ་པ་མེད་ན་སྔོན་གྱི་ཆོ་ག་ཡིན་པ་དང་འགལ་ལོ། །འདོད་ན་མདོ་རྩ་བ་ལས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་རབ་ཏུ་འབྱིན་ཏུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་པ་དང་། དེའི་འགྲེལ་ཆུང་ལས་ཀྱང་། དེ་བཞིན་དུ་ཡོན་ཏན་ཡོད་ན་དེང་སང་ཡང་ཕོ་ཉས་ཁྲིམས་དབོག་ཏུ་རུང་ངོ་ཞེས་པ་དང་། ཉན་ཐོས་ཀྱི་མདོ་སྡེ་ལས་ཀྱང་། བཀའ་སྩལ་པ། ཆོས་སྦྱིན་མ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གིས། ཕྱིན་ཆད་གཞན་ཡང་འདི་འདྲ་བ་བྱུང་ན་དེ་ཡང་འཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་གསུངས་པ་དང་འགལ་ལོ།་་་་་སྡོམ་པ་ལེན་པ་པོ་དེ་ཚེ་དེ་ལ་མཐོང་ལམ་སྐྱེར་རུང་ཡན་ཆད་ཡིན་པ་དང་། ལེན་པ་པོ་དེ་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ཡིན་པར་མཁན་པོ་ལ་སོགས་པ་དག་གིས་ཤེས་པ་དང་། ལེན་པ་པོ་དེ་མཁན་པོ་ལ་སོགས་པའི་དྲུང་དུ་འོང་བའི་དབང་མེད་པ་སྟེ། དེ་གསུམ་ཚང་ན་དེ་ཡང་འཕྲིན་གྱིས་ཚུལ་ཁྲིམས་དབོག་ཏུ་རུང་བའོ། །ཞར་ལ་བྱུང་བ་ནི། ཤ་མི་སྦས་ཏི་ལ་སོགས་པ།་་་་་ཁ་ཅིག་ན་རེ། འཕྲིན་གྱིས་བསྙེན་པར་རྫོགས་པ་འདི་ནི། བྱུང་ངུས་གསོལ་བཞིའི་སྔོན་ཆོག་གི་སྔར་བྱུང་ཞིང་། སྒྲུབ་བྱེད་དགེ་འདུན་ལ་མི་བརྟེན་ལ་ཆོ་ག་ལས་ལ་མི་བརྟེན་པ་ཡིན་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། སྐྱེ་དགུའི་བདག་མོས་མཁན་མོ་བྱས་ཏེ་ཨུཏྤ་ལའི་མདོག་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པར་གསུངས་ལ། ལུང་ཕྲན་ཚེགས་ལས། དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་སྟེ། ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག །ཅེས་གསུངས་པས་འཕྲིན་གྱིས་བསྙེན་པར་རྫོགས་པ་འདི་ད་ལྟར་གྱི་ཆོ་ག་བཅས་པའི་ཕྱི་ནས་མཛད་པར་གྲུབ་བོ། །སྒྲུབ་བྱེད་དགེ་འདུན་ལ་བརྟེན་པ་ཡིན་ཏེ། ལུང་ཕྲན་ཚེགས་ལས། དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་འཕྲིན་པར་ཐོང་སྟེ་ཞེས་གསུངས་སོ། །ཆོ་ག་ལས་ལ་བརྟེན་པ་ཡིན་ཏེ། ལུང་མ་མོ་ལས། འཕྲིན་ནི་སོ་སོའི་སྐྱེ་བོ་དགེ་བ་ཅན་ཆོས་སྦྱིན་མ་དང་འདྲ་བ་གང་ཕྱིར་བྱུང་ན་བར་ཆད་དུ་འགྱུར་བ་དེ་ལ་ཕོ་ཉས་ལས་སུ་བྱའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཀྱང་། མངགས་པའི་ལས་ཀྱིས་བསླབ་པ་སྦྱིན་ཞེས་གསུངས་སོ། །གཉིས་པ་སྔོན་ཆོག་དངོས་ཀྱི་དོན་བསྟན་པ་ལ་གཉིས་ལས། དང་པོ་སྔོན་ཆོག་གི་དགོས་པའི་དོན་ནི། ཚོགས་ཆུང་ངུས་རབ་

༼༥༨༽

བྱུང་དང་བསྙེན་རྫོགས་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས། དང་པོ་སྔོན་ཆོག་གི་དབྱེ་བ་ནི་བརྒྱད་དེ། འདྲེན་པ་་་་་་དང་རང་རྒྱལ་་་་་་ནི་རང་བྱུང་་་་་་གིས་བསྙེན་པར་རྫོགས་པའི། ཚུལ་གཅིག་ཅིང་། ཡེ་ཤེས་ཁོང་ཆུད་་་་་དང་། ཚུར་ཤོག་དང་། སྐྱབས་འགྲོ་དང་། སྟོན་པར་ཁས་བླངས་་་་་་དང་། མས། དྲི་་་་་་མས་མ་ཉེས་་་་་་པ་དང་། ལྕི་ཆོས་སྤོང་་་་་་དང་། གསོལ་བཞིའི་ལས་ཀྱི་སྔོན་གྱི་ཆོ་གའོ་་་་་་དང་བརྒྱད་ཡོད་པ། ཞེས་གཟུང་ངོ་། །གཉིས་པ་སྔོན་ཆོག་གི་བསྡུ་བ་ནི། ཡུལ་གྱི་ཆ་ནས་བསྡུ་ན་གསུམ་དུ་འདུས་ཏེ། བུད་མེད་ཁོ་ན་ལ་གནང་བ་དང་། སྐྱེས་པ་བུད་མེད་ཐུན་མོང་ལ་གནང་བ་དང་། སྐྱེས་པ་ཁོ་ན་ལ་གནང་བའོ། །དེ་ཡང་ལྕི་བའི་ཆོས་བརྒྱད་སྤོང་བ་དང་། ཚུར་ཤོག་དང་། དེ་གཉིས་ལས་གཞན་པའི་སྔོན་ཆོག་རྣམས་ཏེ་གོ་རིམ་བཞིན་ནོ། །སྒྲུབ་བྱེད་ཀྱི་ཆ་ནས་བསྡུ་ན། སྒྲུབ་བྱེད་དགེ་འདུན་ལ་བརྟེན་པ་དང་། མི་བརྟེན་པ་གཉིས་སུ་འདུས་ཏེ། གསོལ་བཞིའི་སྔོན་ཆོག་དང་སྔོན་ཆོག་གཞན་རྣམས་སོ། །ཆོ་གའི་ཆ་ནས་བསྡུ་ན་ཆོ་ག་ལས་ལ་བརྟེན་པ་དང་། ལས་ལ་མི་བརྟེན་པ་གཉིས་སུ་འདུས་ཏེ། གསོལ་བཞིའི་སྔོན་ཆོག་དང་སྔོན་ཆོག་གཞན་རྣམས་སོ། །གསུམ་པ་སྔོན་ཆོག་གི་མཚན་ཉིད་ནི། ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པའོ།་་་་་ཉ་པ་ལྔ་བརྒྱ་ལ་དུས་གཅིག་ཚུར་ཤོག་གིས་བསྙེན་རྫོགས་མཛད་ཀྱང་གང་ཟག་དེའི་ནང་ན་མཚན་ཉིད་དེ་ཡོད་དོ། །བཞི་པ་གང་ཟག་གང་ལ་གནང་བ་ནི། བ་རང་ཆོས་དགའ་ན་རེ་ཚོགས་ལམ་ཆེན་པོ་པ་ཡན་ཆད་ན་གནང་སྟེ། ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་ལོ་བཅུ་གཉིས་པོ་དག་ལ་ནི་དང་པོ་ཐར་པའི་ཆ་དང་མཐུན་པ་ཡོངས་སུ་སྨིན་པ་དག་རབ་ཏུ་བྱུང་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ་ཞེས་གསུངས་པ་ལ་བརྟེན་པའོ། །འོན་ཀྱང་བླ་མ་རྣམས་ཀྱི་བཞེད་པ་ནི།་་་་་ཚེ་དེ་ལ་མཐོང་ལམ་སྐྱེར་རུང་ཡན་ཆད་ལ་གནང་སྟེ། མཐོང་ལམ་སྐྱེར་རུང་ལ་གནང་བ་ནི་ཉ་པ་ལྔ་བརྒྱ་ལ་ཚུར་ཤོག་མཛད་པ་ལྟ་བུའོ། །མཐོང་ལམ་སྐྱེས་ཟིན་པ་ལ་གནང་བ་ནི་མཆོག་ཟུང་གཅིག་ལ་ཚུར་ཤོག་མཛད་པ་ལྟ་བུའོ། །ཁྱད་པར་དུ་ཡང་ཚུར་ཤོག་ནི་སྲིད་པ་ཐ་མ་པ་ཁོ་ན་ལ་གནང་སྟེ། ལུང་མ་མོ་ལས། དགེ་སློང་ཚུར་ཤོག་ཅེས་བྱ་བ་དེ་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་སྟེ་ཞེས་གསུངས་སོ། །རང་བྱུང་དང་ཡེ་ཤེས་ཁོང་ཆུད་དང་སྟོན་པར་ཁས་བླངས་དང་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་

༼༥༩༽

བསྙེན་པར་རྫོགས་པའང་སྲིད་པ་ཐ་མ་པ་ཁོ་ན་ལ་མཛད་དོ། །ལྔ་པ་དུས་ནམ་གྱི་ཚེ་གནང་བ་ལ་གཉིས་ཏེ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ཡན་ཆད་དུ་ནི་རབ་ཏུ་བྱུང་བ་ཐམས་ཅད་ལ་སྔོན་གྱི་ཆོ་ག་མཛད་ལ། ལོ་དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ་། །སྔོན་ཆོག་འགའ་ཞིག་ནི་ད་ལྟར་གྱི་ཆོ་ག་གནང་བའི་ཕྱི་ནས་མཛད་པའང་ཡོད་དེ་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པའི་ཕྱིར་དང་། འོད་སྲུངས་སྟོབས་བཅུ་པས་མཁན་པོ་བྱས་ཏེ།་་་་་ཀུན་དགའ་བོ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པའི་རྗེས་སུ། ཀུན་དགའ་བོས་ཞུས་ཏེ་སྐྱེ་དགུའི་བདག་མོ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་བསྙེན་པར་རྫོགས་པ་མཛད་པའི་ཕྱིར་རོ། །གཉིས་པ་ཞར་ལས་བྱུང་བ་་་་་་ད་ལྟར་གྱི་ཆོ་ག་དུས་ནམ་གྱི་ཚེ་བྱུང་ཞེ་ན། འདིར་གཏན་ལ་དབབ་པ། ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཤ་མི།་་་་་ཁ་ཅིག་ན་རེ་ད་ལྟར་གྱི་ཆོ་ག་བྱུང་བའི་དུས་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་བཅུ་གསུམ་ན་བྱུང་ཞེས་ཟེར་རོ། །དེ་དང་མཐུན།་་་་་འགྲེལ་ཆུང་ལས་ཀྱང་། ཀོའུ་ཌིནྱ་ལ་སོགས་པ་ཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་སྔོན་གྱི་ཆོ་ག་དེ་ལྟར་བྱེད་དོ། །ལོ་བཅུ་གཉིས་ཚུན་ཆད་ཀྱི་ཆོ་ག་ནི་འོག་ནས་བཤད་པ་་་་་་ད་ལྟར་གྱི་ཆོ་ག འདི་ཡིན་ཏེ་ཞེས་སོ། །དེ་ནི་མི་བཟུང་སྟེ། ལུང་རྣམ་འབྱེད་འཁྲུར་འཇུག་གི་སྐབས་ལས་ནི་ཤཱ་རིའི་བུས་མཁན་པོ་བྱས་ཏེ་འཆར་ཀ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ནས་དེས་ཕོ་ཉ་བྱས་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་བྱོན་ཞེས་གསུངས་ཤིང་། ལུང་རྣམ་འབྱེད་ཉེས་བྱས་ཀྱི་སྐབས་ལས། བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང་སངས་རྒྱས་ནས་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་ཏེ་འཆར་ཀས་ཁྲིའུ་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་ད་ལྟར་གྱི་ཆོ་ག་བྱུང་སྟེ། དེའི་ལུང་རྣམ་འབྱེད་སྔར་དྲངས་ཟིན་ཏོ། །གསུམ་པ་རྩོད་པ་སྤང་བ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པའི་ཚེ་ན་ཆོས་ཅན། ཕམ་པའི་ལྟུང་བར་འགྱུར་བའི་ཆོས་བཞི་

༼༦༠༽

བརྗོད་པ་ཡོད་པར་ཐལ། ད་ལྟར་གྱི་ཆོ་ག་ཡོད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་གཞུང་གིས་གྲུབ། འདོད་ན་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སུ་སྐྱོན་མེད་ཅིང་། ལོ་བཅུ་གསུམ་ལ་བབ་པ་ན་མི་ཚངས་པར་སྤྱོད་པའི་ཕམ་པར་བཅས་སོ་ཞེས་གསུངས་པ་་་་་་ལོ་བཅུ་གསུམ་གྱི་སྔ་རོལ་ན་ཕམ་པའི་བཅས་པ་མཛད་མ་ཟིན། དང་འགལ་ལོ་ཞེ་ན། ཁྱབ་པ་མེད་དེ་གཞན་དུ་ན། ཀུན་དགའ་བོ་བསྙེན་རྫོགས་བྱེད་པའི་ཚེ་ཆོས་ཅན། ཕམ་པའི་ལྟུང་བར་འགྱུར་བའི་ཆོས་བཞི་བརྗོད་པ་ཡོད་པར་ཐལ། ད་ལྟར་གྱི་ཆོ་ག་ཡོད་པའི་ཕྱིར་རོ། །རྟགས་ལུང་གིས་གྲུབ་སྟེ་རྣམ་འབྱེད་ལས་འོད་སྲུངས་སྟོབས་བཅུ་པས་མཁན་པོ་བྱས་ཏེ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པའོ། །འདོད་ན་ལུང་རྣམ་འབྱེད་ལས། སྔར་ཀུན་དགའ་བོ་བསྙེན་པར་རྫོགས་ཟིན་ནས་ཕྱིན་ཕམ་པ་ཕྱི་མ་གསུམ་བཅས་པར་ལུང་རྣམ་འབྱེད་ཀྱི་གླེང་གཞི་ལས་་་་་་དགེ་སློང་ཀུན་དགའ་བོས་རིན་ཐང་གི་ཚད་དྲིས་ཏེ་དེའི་རྗེས་སུ་མ་བྱིན་ལེན་གྱི་ཕམ་པ་བཅས་པ་དང་གསོ་སྦྱོང་གི་གནས་སུ་དགེ་སློང་ཉུང་བའི་རྒྱུ་མཚན་དགེ་སློང་ཀུན་དགའ་བོས་བརྗོད་ནས་དེའི་རྗེས་སུ་གསོད་པའི་ཕམ་པ་བཅས་པ་དང་། ཉ་པ་ལས་དགེ་སློང་དུ་གྱུར་པ་ལྔ་བརྒྱ་པོ་ལ་ཁྱེད་ཅག་གང་དུ་དབྱར་གནས་པར་ཁས་བླངས་ཞེས་དགེ་སློང་ཀུན་དགའ་བོས་དྲིས་ནས། དེའི་རྗེས་སུ་རྫུན་སྨྲའི་ཕམ་པ་བཅས་པར། གསུངས་པ་དང་འགལ་ལོ། །དེས་ན་ཕམ་པ་བཅས་པའི་སྔ་རོལ་ན་ད་ལྟར་གྱི་ཆོ་ག་ལ་ཕམ་པ་བཞི་བརྗོད་པ་མེད་པ་ལས། ཕྱིས་ཕམ་པ་བཞི་བཅས་ནས་ད་ལྟར་གྱི་ཆོ་ག་ལ་ཕམ་པ་བཞི་བརྗོད་དགོས་པར་གསུངས་པའོ།་་་་་ཀླུགས་དཀར་ཁ་ཅིག་ན་རེ་ལོ་བཅུ་གཉིས་བསྟན་པ་ལ་སྐྱོན་མེད་དེ་ཞེས་པ་དེ་མངོན་པར་བྱུང་ནས་ལོ་བཅུ་གཉིས་ཡིན་ཞེས་ཟེར་ཏེ། དེ་ལ་སྒྲུབ་བྱེད་མེད་ཅིང་བམ་པོ་ལྔ་བཅུ་པ་ལས་བཅོམ་ལྡན་འདས་སངས་རྒྱས་ཏེ། ཉན་ཐོས་ཀྱི་འཁོར་བརྙེས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་ཉན་ཐོས་ཀྱི་དགེ་འདུན་ལ་སྐྱོན་མེད་ཅིང་བསླབ་པའི་གཞི་བཅས་པ་མེད་དོ་ཞེས་པ་དང་འགལ་ལོ། །ཀ་བ་ཁ་ཅིག་ན་རེ་བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ན་ད་ལྟར་གྱི་ཆོ་ག་བྱུང་བ་དང་། ལོ་བཅུ་གཉིས་སུ་བསྟན་པ་ལ་སྐྱོན་མེད་ཅེས་གསུངས་པ་ནི། རྒྱ་གར་ན་ལོ་ལ་བརྩི་ལུགས་གཉིས་ཡོད་དེ་ཟླ་བ་བཅུ་གཉིས་ལ་ལོ་རེར་བརྩིས་པའི་ལོ་དྲུག་དང་ཟླ་བ་དྲུག་ལ་ལོ་རེར་བརྩིས་པའི་ལོ་བཅུ་གཉིས་ཡིན་ཟེར་ཏེ། མཛོད་ལས་ཟླ་བ་

༼༦༡༽

བཅུ་གཉིས་ལ་ལོ་གཅིག་ཅེས་གསུངས་ཀྱི་ཟླ་བ་དྲུག་ལ་ལོ་གཅིག་ཏུ་བརྩི་བ་གཞུང་གང་ལས་ཀྱང་གསུངས་པ་མེད་དེ། རྒྱ་གར་ཐ་མལ་པ་ལ་ཟླ་བ་དྲུག་ལ་ལོ་གཅིག་ཏུ་བརྩི་བའི་ལུགས་ཀྱང་ཡོད་པར་སྣང་སྟེ་གཞུང་ལུགས་མིན་ནོ། །དྲུག་པ་སྔོན་ཆོག་མང་པོར་འོང་བའི་འཐད་པ་ནི། སངས་རྒྱས་ཀྱིས་གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་མང་དུ་མཁྱེན་པའི་ཕྱིར་རོ། །བདུན་པ་གསོལ་བཞིའི་སྔོན་ཆོག་འདིར་སྨོས་ལ་སྔོན་ཆོ་ག་གཞན་འདིར་མ་སྨོས་པའི་འཐད་པ་ནི།་་་་་སྔོན་ཆོག་ཐམས་ཅད་ལ་ད་ལྟར་ཕྱག་ལེན་མི་བྱེད་པར་མཚུངས་ཀྱང་། མདོ་རྩ་བར་གསོལ་བཞིའི་སྔོན་ཆོག་སྨོས་ལ། ཚུར་ཤོག་ལ་སོགས་པ་མ་སྨོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། གསོལ་བཞིའི་སྔོན་ཆོག་འདི་ནི་ད་ལྟར་གྱི་ཆོ་ག་དང་རྣམ་པ་འདྲ་བས་ད་ལྟར་ཡང་བྱར་རུང་ངམ་སྙམ་པའི་དོགས་པ་བསལ་དགོས་པའི་ཕྱིར་དང་། ཚུར་ཤོག་ལ་སོགས་པ་ནི་དེང་སང་བྱ་རུང་སྙམ་པའི་དོགས་པ་བསལ་མི་དགོས་པའི་ཕྱིར་རོ། །བརྒྱད་པ་སྔོན་ཆོག་གི་སྒྲ་བཤད་པ་ནི། ད་ལྟར་གྱི་ཆོ་ག་བས་རིགས་ཙམ་ཞིག་སྔར་བྱུང་བས་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། ཊཱི་ཀ་ལས་སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་བས་སྔར་གྱི་ཆོ་ག་རིགས་པ་རྣམ་པ་གཞན་དེ་ལྟ་བུ་བྱུང་ངོ་ཞེས་སོ།་་་་་རིགས་ཙམ་ཞིག་སྔར་བྱུང་བ་ཡིན་གྱི་རྫས་ནི་ཕྱིས་བྱུང་བ་ཡང་ཡོད་དེ། མྱ་ངན་ལས་འདའ་ཁའི་ཚེ་ན་ཡང་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་ཕྱིར་རོ། །དགུ་པ་སྔོན་དང་ད་ལྟར་གྱི་ཁྱད་པར་ནི། ཆོ་ག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཡིན་པ་དང་མ་ཡིན་པ་ལ་སོགས་པ་ཁྱད་པར་མང་དུ་ཡོད་དེ་གཞུང་གི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་དབྱེ་བ་ལ་རྩོད་པ་སྤང་བ་ནི།་་་་་ལ་གསུམ་ལས་དང་པོ། ཁ་ཅིག་་་་་བྱང་བརྩོན། ན་རེ་སྔོན་གྱི་ཆོ་ག་ནི་གསོལ་བཞིའི་སྔོན་ཆོག་གཅིག་པུ་ཡིན་གྱི། རང་བྱུང་དང་ཚུར་ཤོག་ལ་སོགས་པ་རྣམ་པ་གཞན་ནི་སྔོན་ཆོག་མ་ཡིན་ནོ། །གཞན་དུ་ན་ཊཱི་ཀ་ལས་གསོལ་བཞིའི་སྔོན་ཆོག་གི་སྐབས་ན། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུ་རིག་པར་བྱའི་རྣམ་པ་གཞན་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ཞེ་ན། ཊཱི་ཀ་ལས་བཤད་པ།་་་་་དེའི་དགོངས་པ་ནི་སྔོན་གྱི་ཆོ་གའི་རྣམ་པ་ནི། རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་པར་བྱེད་པའི་རྣམ་པ་དེ་ལྟ་བུ་རིག་པར་བྱའི། རྣམ་པ་གཞན་རིམ་གྱིས་ཐོབ་པ་ནི་མ་ཡིན་ནོ་ཞེས་པ་སྟེ། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་བསྒྲུབ་པར་གྱུར་པ་སྟེ། རིམ་གྱིས་ནི་མ་ཡིན་ནོ་གསུངས་པས་ཤེས་སོ། །གལ་ཏེ་སྔོན་གྱི་ཆོ་ག་གཅིག་ཁོ་ན་ཡིན་ན་ནི། སྔོན་གྱི་ཆོ་ག་ཆོས་ཅན། དུ་མའི་དབྱེ་བ་མེད་པར་ཐལ། གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །

༼༦༢༽

འདོད་ན་རང་གི་རྣམ་བཤད་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་ལས་སྔ་རོལ་ཏུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན་ཞེས་བཤད་དོ། །ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་པ་དང་འགལ་ཏེ། སྔོན་གྱི་ཆོ་ག་གཅིག་ཁོ་ན་ཡིན་ན་ནི། ལྟ་བུ་ཞེས་དུ་མའི་ནང་ནས་བྱེ་བྲག་ལ་མཚོན་པའི་ཚིག་ཏུ་གསུངས་པ་དང་འགལ་ལོ།་་་་་ལྟ་བུ་ཞེས་པ་འདི་ཁྱེད་ལྟར་ན་ཡི་གེ་ལྷག་མར་ཐལ་བར་འགྱུར་རོ། །རྩོད་སྤང་གཉིས་པ་ནི།་་་་་གལ་ཏེ་རང་བྱུང་དང་ཚུར་ཤོག་ལ་སོགས་པ་དེ་རྣམས་ཆོས་ཅན། སྔོན་གྱི་ཆོ་ག་མ་ཡིན་པར་ཐལ། ཆོ་ག་རང་མ་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། ཚུར་ཤོག་ལ་སོགས་པ་དེ་རྣམས་ནི་ཆོ་ག་ཡིན་ཏེ། རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར་དང་། མི་རིགས་པ་རྗེས་སུ་བསྒྲུབ་པ་མ་ཡིན་གྱི།་་་་་རིགས་པ་རྗེས་སུ་བསྒྲུབ་པ་ཡིན་པའི་ཕྱིར་རོ་ཞེས་རེ་རེ་ནས་བརྗོད་དོ། །དེ་ཡང་ལུང་རྣམ་འབྱེད་ལས་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་ཆོས་ཡིན་པའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས། ཆོ་ག་ཞེས་བྱ་བ་ནི་རིགས་པ་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ།་་་་་དེ་ལྟར་ཚུར་ཤོག་ལ་སོགས་པ་དེ་རྣམས་ཆོས་ཅན། སྔོན་གྱི་ཆོ་ག་ཡིན་ཏེ། སྔོན་དག་པའི་གང་ཟག་ཁོ་ན་ལ་མཛད་པའི་རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར་རོ། །སྟོན་པར་ཁས་བླངས་པ་ལན་གསུམ་བརྗོད་པ་དེ་དང་སྐྱབས་འགྲོ་ཁས་བླངས་པ་ཡང་ཆོ་ག་གཏན་ནས་མ་ཡིན་པར་འདོད་པ་དེ་ནི་མི་རིགས་ཏེ་ད་ལྟར་གྱི་ཆོ་གའི་སྐབས་སུ་སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་ཡན་ཆོ་ག་མ་ཡིན་ནམ་ཅི་ཞེས་བརྗོད་དོ། །རྩོད་སྤང་གསུམ་པ་ནི།་་་་་གལ་ཏེ་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང་ལྔ་སྡེ་ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་ཆོས་ཅན། ཆོ་ག་ལས་ཐོབ་པ་མ་ཡིན་པར་ཐལ། ཟག་མེད་ཀྱི་སྡོམ་པ་ཆོས་ཉིད་ཀྱིས་ཐོབ་པ་དང་ཐོབ་ཚུལ་མཚུངས་པའི་ཕྱིར་རོ། །དེ་ཡང་།་་་་་ཟག་པ་མེད་པའི་ཆོས་ཐོབ་པས་སྡོམ་པ་ཐོབ་པར་མཚུངས་པའི་ཕྱིར་ཏེ། མཛོད་ཀྱི་འགྲེལ་བཤད་གང་སྤེལ་ལས། རང་བྱུང་གིས་བསྙེན་པར་རྫོགས་པ་ནི་ཡེ་ཤེས་བརྙེས་པས་བསྙེན་པར་རྫོགས་པ་སྟེ། དེ་དག་གི་ཡེ་ཤེས་ནི་རང་བྱུང་ཡིན་ནོ་ཞེས་པ་དང་། གཞི་འགྲེལ་ལས། ཀོའུ་ཌི་ནྱ་ཡ་ཟག་པ་མེད་པའི་ཆོས་ཐོབ་པས་དགེ་སློང་གི་སྡོམ་པ་སྐྱེས་པའི་ཕྱིར་ཞེས་་་་་་པ་དང་རྣམ་འབྱེད་འགྲེལ་ལས་ཀྱང་ལྔ་སྡེ་རྣམས་མཐོང་བའི་ལམ་སྐྱེས་པས་དགེ་སློང་གི་སྡོམ་པ་ཉིད་ཐོབ་པ་སྟེ་ཞེས། བཤད་པས་གྲུབ་བོ་ཞེ་ན། ཐོབ་ཚུལ་མཚུངས་པ་རྟགས་མ་གྲུབ་སྟེ། སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་

༼༦༣༽

པ་ནི་སྔོན་འགྲོ་རབ་བྱུང་གི་ཆ་ལུགས་ཁྱད་པར་ཅན་བསྒྲུབས་པ་ལ་བརྟེན་པའི་ཕྱིར་དང་། ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་ནི་ཉེ་བའི་སྦྱོར་བ་བདེན་བཞིའི་ཆོས་བསྟན་པ་ལ་བརྟེན་པའི་ཕྱིར་རོ། །དེ་དག་ཀྱང་སྔོན་འགྲོ་སྦྱོར་བའི་གནས་སྐབས་སུ་རིག་བྱེད་ལ་བརྟེན་ཡང་། དངོས་གཞིའི་གནས་སྐབས་སུ་ནི་ངེས་པ་ཁོ་ནར་རིག་བྱེད་ལ་རག་ལས་པ་མ་ཡིན་ཏེ། མཛོད་འགྲེལ་ལས་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རིག་བྱེད་ལ་རག་ལས་པ་ནི་མ་ཡིན་ནོ་ཞེས་པའི།་་་་་མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། སངས་རྒྱས་ལ་སོགས་པའི་ནི་རྣམ་པར་རིག་བྱེད་ལ་རག་མ་ལས་པའི་ཕྱིར་རོ་ཞེས་པ་དང་། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་འབྲངས་ལས། ལྔ་སྡེ་རྣམས་རྣམ་པར་རིག་བྱེད་མེད་པར་སོ་སོ་ཐར་པའི་སྡོམ་པ་ཐོབ་བོ་ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དོན་ལ་བཞི་ལས། གང་ལ་ནོད་པ་ཡུལ་གྱི་ཁྱད་པར་ནི། དགེ་འདུན་ཞེས་པའོ། །འདི་ལ་ངག་དོན་དང་གཞུང་གི་དོན་གཉིས་ལས། དང་པོ་ལ་གསུམ་སྟེ། མཚན་ཉིད་དང་། དགོས་པ་དང་། ཁྱད་པར་རོ། །དང་པོ་ནི། དགེ་འདུན་མཚན་ཉིད་གསུམ་ལྡན་ཏེ། དེའང་བཞི་ཡན་ཆད་ཀྱིས་གྲངས་ཚང་བ་སྟེ། བཞིར་མ་ཚང་ན་ནི་དགེ་འདུན་ཉིད་མ་ཡིན་པ་ལས། འདིར་དགེ་འདུན་ཞེས་གསུངས་པའི་ཕྱིར་དང་། ལྔ་ལ་སོགས་པའི་གྲངས་ཀྱི་ངེས་གཟུང་མ་གསུངས་པའི་ཕྱིར་རོ། །ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། ལས་ཆགས་པ་ལ་དགོས་པའི་དགེ་འདུན་ཡིན་པའི་ཕྱིར་རོ། །མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་སྟེ། མ་འདུས་པའི་མི་མཐུན་པ་མེད་པ་དང་། འདུས་པ་ཕྱིར་བཟློག་གི་མི་མཐུན་པ་མེད་པའོ། །དང་པོ་ནི་དགེ་འདུན་ཐམས་ཅད་འདུས་ཞེས་པས་བསྟན་ཅིང་། གཉིས་པ་ནི་འདིའི་ཆོ་ག་ལས་བཟོད་ཅིང་གནང་ནས་ཞེས་པས་བསྟན་ཏོ། །དགོས་པ་ནི་་་་་་འདུ་བའི་དགེ་འདུན་ལ་བརྟེན་ནས། སྔོན་གྱི་ཆོ་ག་ལ་དགེ་སློང་བཞི་ཡན་ཆད་དང་ད་ལྟར་གྱི་ཆོ་ག་ལ་ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པ་སྟེ། ཁྲེལ་ཡོད་སྐྱེ་ཞིང་ལས་ཆགས་པའོ། །སྔོན་དང་ད་ལྟར་གྱི་ཁྱད་པར་ནི། གྲངས་ཉུང་བ་དང་མང་བའོ། །གཞུང་གི་དོན་ནི་དགེ་འདུན་ཞེས་པ་བཤད་ཟིན་ཏོ། །ཐམས་ཅད་ཅེས་པ་ནི་མ་ལུས་པ་སྟེ། རྫས་མ་ལུས་པ་རྣམ་པ་མ་ལུས་པ་གཉིས་ལས་འདི་ནི་ཕྱི་མའོ།་་་་་འགྲེལ་ཆུང་ལས་དགེ་འདུན་ཐམས་ཅད་ཅེས་པ་ནི།

༼༦༤༽

ཕྱོགས་བཅུའི་དགེ་འདུན་ཐམས་ཅད་ལ་བྱ་བ་མ་ཡིན་གྱི། མཚམས་གཅིག་གི་ནང་དུ་འཁོད་པ་ཀུན་འདུས་པ་ལ་བགྱི་ཞེས་སོ། །ཐམས་ཅད་འདུས་ཞེས་པ་ནི། ལྕགས་རིས་བསྐོར་བ་གཅིག་གི་ནང་ལྟ་བུ།་་་་་མཚམས་ནང་དེ་ན་དགེ་སློང་བརྒྱ་ཡོད་ན་ཡང་བརྒྱ་པོ་ཐམས་ཅད་འདུས་པ་སྟེ། ཊཱི་ཀ་ལས། མཚམས་ནང་དེ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ལས་ཀྱི་གནས་དེར་ལྷགས་པ་ཡིན་ཞེས་བཤད་དོ། །ཐམས་ཅད་འདུས་པ་ཞེས་པ་འདིས་ནི་ཆོས་གཉིས་རྣམ་པར་བཅད་དེ། འདུན་པ་ཕུལ་ཏེ་དངོས་སུ་མ་འདུས་པར་ལས་བྱེད་པ་དང་། དཀྱིལ་འཁོར་པ་བཅད་དེ་རང་བཞིན་གྱི་མཚམས་ནང་དེ་ན་ཡོད་པ་ཁ་ཅིག་མ་འདུས་པར་ལས་བྱེད་པ་རྣམ་པར་བཅད་པ་སྟེ། དེའི་ཚེ་་་་་་གསོལ་བཞིའི་སྔོན་ཆོ་ག་མཛད་པའི་དུས། ན་འདུན་པ་འབུལ་བའི་ཆོ་ག་དང་དཀྱིལ་འཁོར་པ་བཅད་པའི་ཆོ་ག་བཅས་མ་ཟིན་པའི་ཕྱིར་རོ། །ཊཱི་ཀ་ལས་ཀྱང་། དགེ་འདུན་ཐམས་ཅད་ཅེས་བྱ་བའི་ཚིག་ནི་དཀྱིལ་འཁོར་བ་ཕྱོགས་གཅིག་གི་དགེ་འདུན་འདུས་པ་དགག་པའི་དོན་ཏོ་ཞེས་སོ། །གང་གིས་ནོད་པ་རྟེན་གྱི་ཁྱད་པར་ནི་བཞི་ལས། ཆ་ལུགས་ཀྱི་ཁྱད་པར་ནི། ཆ་ལུགས་ཞེས་ཏེ། འདིའི་ངག་དོན་ལ་གསུམ་ལས། མཚན་ཉིད་ནི་སྡོམ་པ་ལེན་པ་པོ་དེས་ཉན་ཐོས་དགེ་སློང་གི་ཆ་ལུགས་འདི་བཞིན་དུ་བྱས་པའོ། །དགེ་སློང་གི་ཆ་ལུགས་ལ་བརྟེན་ནས།་་་་་དགོས་པ་ནི་ཁྲེལ་ཡོད་སྐྱེ་ཞིང་དགེ་སློང་གི་སྡོམ་པའི་རྟེན་དུ་རུང་བའོ། །ཁྱད་པར་ནི་སྔོན་གྱི་ཚུར་ཤོག་ལྟ་བུ་ལ་དགེ་སློང་གི་ཆ་ལུགས་འབད་རྩོལ་ལ་མི་ལྟོས་པའང་ཡོད་ལ་་་་་་རང་བྱུང་གིས་བསྙེན་པར་རྫོགས་པ་ལ་སྔོན་འགྲོའི་ཚེ་ན་དབུ་སྐྲ་ཉིད་ཀྱིས་འབྲེག་པ་ལ་སོགས་པ་དགེ་སློང་གི་ཆ་ལུགས་འབད་རྩོལ་གྱིས་བསྒྲུབ་པའང་ཡོད་ཅིང་། ད་ལྟ་ནི་འབད་རྩོལ་ལ་ངེས་པར་ལྟོས་པའོ། །བསྙེན་རྫོགས་བྱེད་པའི་ཚེ་ན་ཆོས་གོས་དང་ལྷུང་བཟེད་ལ་བྱིན་གྱིས་བརླབ་པ་ཡོད་པ་དང་མེད་པ་སྟེ། སྔོན་གྱི་ཆོ་ག་ལ་མེད་ཅིང་། ད་ལྟར་བསྙེན་རྫོགས་བྱེད་པ་ལ་ཡོད་པའོ། །གཞུང་གི་དོན་ནི་འགྲེལ་ཆུང་ལས། ཤཱཀྱ་ཐུབ་པའི་ཆ་ལུགས་འདི་ཚུལ་དུ་བྱས་ཞེས་བཤད་ཀྱང་། དེ་ལྟར་མི་འདོད་དེ། ལུང་གཞི་ལས།་་་་་རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། སངས་རྒྱས་གྱི་ལྷུང་བཟེད་ནི་རྡོའི་ལྷུང་བཟེད་ཡིན་པར་གསུངས་ལ། ཉན་ཐོས་རྣམས་ལ་ནི་ལྔ་ཚན་ལུང་་་་་་ལྔ་ཚན་པ་ལས་ལྷུང་བཟེད་ལྔ་ནི་བཅང་བར་མ་བྱེད་ཅིག ལྔ་གང་ཞེ་ན་རྡོའི་ལྷུང་བཟེད་དང་ཞེས་གསུངས་ཤིང་མ་མོ་ལས་


༼༦༥༽

ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། རྡོ་ལ་བྱས་པ་དང་ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་བསྡུས་པ་ལས་ལྷུང་བཟེད་རྡོ་ལས་བྱས་པ་ནི་ས་ལས་བྱས་པའི་ནང་དུ་འདུའོ། །གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་མི་རུང་བ་འཆང་ཞེས་པ་དང་འགལ་སྙམ་ན་སྔར་གྱི་ལུང་དེ་གཉིས་དང་འགལ་བས་ན་མི་རིགས་སོ། །པ་དང་མ་མོ་ལས་རྡོའི་ལྷུང་བཟེད་མི་རུང་བར་གསུངས་པའི་ཕྱིར་དང་། འོད་ལྡན་ལས། སངས་རྒྱས་ནི་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བའི་ཆོས་གོས་གསོལ་ཡང་། ཉན་ཐོས་རྣམས་ལ་དེ་མི་རུང་པར་་་་་་འོད་ལྡན་ལས། གསུངས་པའི་ཕྱིར་རོ། །ཆ་ལུགས་འདི་བཞིན་བྱས་ཞེས་པ།་་་་་འདི་ནི་རབ་བྱུང་དང་བསྙེན་རྫོགས་ལེན་པར་འདོད་པ་དེས་ཉན་ཐོས་དགེ་སློང་གི་ཆ་ལུགས་འདི་བཞིན་དུ་བྱས་པ་སྟེ། ཊཱི་ཀ་ལས། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དེས་ཆ་ལུགས་འདི་བཞིན་བྱས་པ་སྟེ་ཞེས་སོ།་་་་་བསྙེན་པར་རྫོགས་པར་འདོད་པ་སྡོམ་པ་ལེན་པ་པོས་དམ་བཅའ་འདོད་པ་ཡིན་ནོ་ཞེས་པ་ནི་རུང་བ་ཡིན་ཏེ་ཞེས་གསུངས་པ་ཡང་མི་རིགས་སོ། །དགེ་འདུན་རྣམས་ཀྱི། ཆ་ལུགས་འདི་བཞིན་བྱས་ཞེས་ནི་གཞུང་འདིས་མ་བསྟན་ཏེ། མ་སྨོས་ཀྱང་དོན་གྱིས་གོ་བའི་ཕྱིར་རོ། །གུས་པས་འཇུག་པའི་ཁྱད་པར་ནི། །རྒན་རིམ་ལ་ཕྱག་འཚལ་ཏེ་ཞེས་སོ། །འདིའི་ངག་དོན་ལ་གསུམ་སྟེ། མཚན་ཉིད་ནི་དགེ་འདུན་སྤྱི་ལ་དམིགས་ནས་བསླབ་པ་རྒན་རིམ་ལ་ངོས་གཏད་དེ་ཡན་ལག་ལྔས་ཕྱག་འཚལ་བ་སྟེ། ཊཱི་ཀ་ལས་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞེས་སོ། །དགོས་པ་ནི་བགེགས་སེལ་བ་སྟེ། འགྲེལ་ཆུང་ལས། དེ་ལྟར་ཕྱག་བྱས་པ་ནི་བགེགས་སུ་མི་འགྱུར་བའི་ཕྱིར་ཞེས་སོ། །ཁྱད་པར་ནི་སྔོན་ཕྱག་ཚན་གཅིག་ལས་མེད་ལ། ད་ལྟར་ནི་སྐྱེས་པ་་་་་་དགེ་ཚུལ་བྱེད་པ་སྔོན་འགྲོ་དང་བཅས་པའི་སྐབས་སུ་ཕྱག་ཚན་དགུ་གསུངས་སོ། །དགེ་སློང་མ་བྱེད་པ་ན་ཕྱག་༢ཚན་བཅུ་བཞི་ཡོད་དོ། བསྙེན་རྫོགས་བྱེད་པའི་ཚེ་ན་ཕྱག་ཚན་བཅུ་གཅིག་ཡོད་དེ། སངས་རྒྱས་དགེ་འདུན་མཁན་པོར་གསོལ། །གོས་ཀྱི་གཉིས་་་་་ནི་ཆོས་གོས་བྱིན་གྱིས་རློབ་པའི་ཕྱག་དང་སྣམ་སྦྱར་གྱོན་པའི་ཕྱག་བྱའོ། །དང་ལྷུང་བཟེད་དང་། །གསང་སྟེ་སྟོན་་་་་་དང་། ནང་དུ།་་་་་འཇུག་ཡོན་དང་གསོལ་བ་འདེབས་པའི་ཕྱིར།་་་་་སངས་རྒྱས་དགེ་༡༠འདུན་༡༡་་་་་དགེ་འདུན་ལ་ཕྱག་བྱ་བ་དང་དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར། ལས་བྱེད་པའོ། །ཞེས་གཟུང་ངོ་། །འདིར་ལུང་ལས་ནི་ཕྱག་ཚན་དགུ་ལས་དངོས་སུ་མ་གསུངས་ཀྱང་། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་རློབ་པ་ལ་ཕྱག་མཚན་གཉིས་ནི་་་་་་ལུང་ལས་དངོས་སུ་མ་གསུངས་ཀྱང་། སློབ་དཔོན་གྱི་་་་་་ཡོན་ཏན་འོད། རུང་མཐུན་

༼༦༦༽

སྦྱར་བ་སྟེ། མདོ་རྩ་བ་ཉིད་ལས། རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པར་བྱེད་པ་ཉིད་ན་དེའི་ངོས་ཉིད་ལ་ཕྱག་བྱས་ཏེའོ་ཞེས་སོ། །རིགས་པས་སྦྱར་བ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བར་གང་ན་ཕྱག་ཚན་བཅུ་གཉིས་ཀྱང་ཡོད་དོ།་་་་་གཞུང་གི་དོན་ནི། བསླབ་པ་རྒན་རིམ་ལ་ངོས་གཏད་དེ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞེས་སོ། །རྒན་རིམ་ལ་ཞེས་པ་ནི་འོག་མ་ལ་ཡང་སྦྱར་ཏེ་ཊཱི་ཀ་ལས་ཐམས་ཅད་དུ་ཡང་རྒན་རིམ་ལ་ཞེས་སྦྱར་རོ་ཞེས་པ་དང་། འགྲེལ་ཆུང་གི་མདོ་རྩ་བ་ལས་ཙོག་ཙོག་པོར་རྒན་རིམ་གྱི་དྲུང་དུ་འདུག་ནས་གསོལ་བ་གསུམ་དང་ཞེས་སོ།།་་་་་སྤྱོད་ལམ་གྱི་ཁྱད་པར་ནི་ཐལ་མོ་སྦྱར་ཙོག་ཙོག་པོར་འདུག་ཅིང་ཞེས་ཏེ། འདིའི་ངག་དོན་ལ་གསུམ་ལས། མཚན་ཉིད་ནི་ཐལ་མོ་སྦྱར་ཏེ་ཙོག་པུར་འདུག་པ་དེ་ཉིད་དོ། །དགོས་པ་ནི། གུས་པའི་སྤྱོད་ལམ་དང་ལྡན་པས་སྡོམ་པའི་སྣོད་དུ་རུང་བའོ། །ཁྱད་པར་ནི་ཐལ་མོ་སྦྱར་བ་སྔོན་ཡུན་ཐུང་བ་དང་ད་ལྟར་ཡུན་རིང་བ་དང་ཕ་གུ་རྩ་བཏིང་བ་ལ་རྟིང་པ་་་་་་སྔོན་གྱི་ཆོ་ག་ལ། གཟར་མི་དགོས་པ་དང་་་་་་ད་ལྟར་དགེ་སློང་གི་སྡོམ་པ་ནོད་པ་ལ། དགོས་པའོ། །གཞུང་གི་དོན་ནི། ཐལ་མོ་སྦྱར་ཞེས་པ་འདི་ཕྱག་འཚལ་བ་ན་ཐལ་མོ་སྦྱར་བའི་གཞུང་དུ་སྔ་མ་རྣམས་འཆད་པ་ནི་ནོར་བ་སྟེ་ལུང་གཞི་དང་ཀརྨ་ཤ་ཏཾ་ལས་རྒན་རིམ་ལ་ཕྱག་འཚལ་དུ་བཅུག་སྟེ་ཐལ་མོ་སྦྱར་ནས་ཙོག་ཙོག་པུར་འདུག་ཅེས་གསུངས་པས་འདི་ནི་ཙོག་པུར་འདུག་པ་ན་ཐལ་མོ་སྦྱར་ཞེས་བསྟན་པའོ།་་་་་།ཊཱི་ཀ་ལས། ཐལ་མོ་སྦྱར་བའི་ཚུལ་དང་ལྡན་པ་སྟེ་ཞེས་སོ། །དེའང་རྣམ་འབྱེད་འགྲེལ་ལས། ཐལ་མོ་དབུག་དབུག་པོར་སྦྱར་ཏེ་ཞེས་བཤད་དོ། །ཅུང་ཟད་ཁོང་སྟོང་དུ་གྱུར་པའི་ལྗབ་ལྗབ་པོའང་རུང་སྟེ། གཞི་འགྲེལ་ལས། ཐལ་མོ་ལྗབ་ལྗབ་པོར་སྦྱར་ཏེ་ཞེས་སོ། །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་ཆོས་འདི་པའི་ལུགས་དང་། ཐལ་མོ་ཅར་ལེབ་ཏུ་སྦྱར་བ་ནི་མུ་སྟེགས་པའི་ལུགས་ཡིན་ནོ་ཞེས་པུ་ཎྱ་ཤྲཱི་གསུང་ངོ་། །ཙོག་པུར་འདུག་པ་ནི་གཞི་འགྲེལ་ལས། སྟན་ལ་མི་བཞག་པར་པུས་མོ་གཉིས་གྱེན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེའོ་ཞེས་སོ། །ཊཱི་ཀ་ལས་ཀྱང་། དེ་ལྟར་སྟན་ལ་མི་འདུག་གོ་ཞེས་སོ། །གསོལ་བ་བཏབ་པའི་ཁྱད་པར་ནི་གསོལ་བ་བཏབ་པར་ཞེས་ཏེ། འདིའི་ངག་དོན་ལ་གསུམ་ལས། མཚན་ཉིད་ནི་སྡོམ་པ་ནོད་པའི་ཕྱིར་ཞུ་འབུལ་གྱི་སྔགས་ལན་གསུམ་བརྗོད་པའོ། །དགོས་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་སྟེར་བར་འགྱུར་བའོ། །ཁྱད་པར་ནི་སྔོན་གྱི་ལ་རང་ཉིད་ཀྱིས་གསོལ་བ་འདེབས་ལ།་་་་་རབ་ཏུ་བྱུང་བ་ཉིད་ཀྱིས་གསོལ་བ་གདབ་ཅེས་འགྲེལ་ཆུང་ལས་སོ། །ད་ལྟར་གྱི་ལ་

༼༦༧༽

མཁན་པོས་ངོ་ཆེན་བྱས། ལས་ཀྱི་སློབ་དཔོན་གྱིས་བརྡ་སྦྱར་ནས་གསོལ་བ་འདེབས་དགོས་པའོ། །གཞུང་གི་དོན་ནི། བསྙེན་རྫོགས་ཀྱི་སྡོམ་པ་གནང་བར་ཞུ་ཞེས། གསོལ་བ་ལན་གསུམ་བཏབ་པར་གྱུར་པ་དང་། ཞེས་པའོ། །ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ནི་གསོལ་བ་དང་བཞིའི་ལས་ཞེས་ཏེ། འདིའི་ངག་དོན་ལ་གསུམ་ལས། མཚན་ཉིད་ནི། གསོལ་བ་གཅིག་དང་བརྗོད་པ་གསུམ་ཡོད་པའི་ལས་ཀྱི་ཆོ་གའོ། །དགོས་པ་ནི་དངོས་སུ་སྡོམ་པ་སྐྱེ་བའོ། །ཁྱད་པར་ནི་མཐུན་རྐྱེན་ཚང་བ་དང་་་་་་བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས། འགལ་རྐྱེན་བྲལ་བ་་་་་་སྔོན་གྱི་ཆོ་ག་ལ། བརྗོད་མི་དགོས་པ་དང་་་་་་ད་ལྟར་གྱི་ཆོ་ག་ལ་བརྗོད། དགོས་པའོ། །གཞུང་གི་དོན་ནི་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ་བཞིའི་ལས་ཞེས་པའོ། །ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་ནི་ཅིག་ཅར་ཞེས་ཏེ། འདིའི་ངག་དོན་ལ་གསུམ་ལས། མཚན་ཉིད་ནི་གསོལ་བཞིའི་ལས་ཀྱི་ཆོ་ག་གཅིག་ལ་བརྟེན་ནས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་པའོ། །དགོས་པ་ནི་ཚེགས་ཆུང་ངུས་སྡོམ་པ་ཐོབ་པའོ། །ཁྱད་པར་ནི་ཆོ་ག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་སྐྱེ་བ་དང་མི་སྐྱེ་བའོ། །གཞུང་གི་དོན་རབ་ཏུ་བྱུང་བ་བར་མའི་དགེ་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་དུས་ཅིག་ཅར་ཁད་ཉེ་བར་བསྒྲུབ་པར་གྱུར་ཞེས་སོ། །ལྟ་བུ་ཞེས་པ་ནི་བྱེ་བྲག་ལ་མཚོན་པའི་ཐ་ཚིག་སྟེ། འདིས་སྔོན་ཆོག་གཞན་ཡང་ཡོད་པར་ཤུགས་ཀྱིས་འཕེན་ནོ། །དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས།་་་་་གསོལ་བ་དང་བཞིའི་ལས་ཀྱིས་ཞེས་པ་ཡན་ཆད་ནི་སྔོན་གྱི་ཆོ་ག་དངོས་ཡིན་ལ། སྔོན་གྱི་ཆོ་ག་བྱས་པའི་འབྲས་བུ་ནི་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་ཏེ་ཐོབ་པར་གྱུར་པ་ཡིན་པས། དེ་ལ་དགོངས་ནས་ཊཱི་ཀ་ལས། སྔོན་གྱི་ཆོ་ག་དང་དགོས་པ་དང་བཅས་པ་རྣམ་པར་བཤད་ཟིན་ཏོ་ཞེས་སོ།་་་་་ཊཱི་ཀ་ལས་འདིར་ལ་ལ་དག་སྔོན་གྱི་ཆོ་གས་སྡོམ་པ་ཐོབ་ན་ནི་ད་ལྟར་གྱི་ཆོ་གས་ཅི་བྱ་སྟེ་གཅིག་ཁོ་ནས་བྱས་པའི་ཕྱིར་རོ་ཞེ་ན། སྔོན་རྒྱུད་དག་པའི་གང་ཟག་རྣམས་ལ་ནི་ད་ལྟར་གྱི་ཆོ་གས་སྡོམ་པ་འཐོབ་ཀྱང་སྔོན་གྱི་ཆོག་མཛད་དེ། ཚེགས་ཆུང་བའི་ཕྱིར་རོ། །ད་ལྟར་གྱི་གང་ཟག་རྣམས་ཀྱིས་སྔོན་གྱི་ཆོ་གས་སྡོམ་པ་མི་འཐོབ་པས་ད་ལྟར་གྱི་ཆོ་ག་བསྟན་ཏོ་ཞེས་སོ། །ད་ནི་ད་ལྟར་གྱི་ཆོ་ག་བཤད་པར་བྱ་སྟེ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཞེས་སོ། །འདི་ལ་སྐབས་བསྒྲུབ་པ་དང་།

༼༦༨༽

དངོས་ཀྱི་དོན་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་ད་ལྟར་གྱི་ཆོ་ག་བྱུང་སྟེ་སྒྲུབ་བྱེད་སྔར་བཤད་ཟིན་ཏོ། །ད་ལྟར་གྱི་ཆོ་གའི་གླེང་གཞི་ནི་་་་་་དེང་སང་གི་འདུལ་འཛིན་ཕལ་ཆེར་རྣམས་སྐབས་འདིར་ཐུབ་པས་ནད་གཡོག་མཛད་པའི་གླེང་གཞི་འཆད་པ་ནི་ནོར་ཏེ། དེ་ནི་ནད་པ་ནད་གཡོག་གི་སྐབས་ཀྱི་གླེང་གཞི་ཡིན་ནོ། །འདིའི་གླེང་གཞི་ནི། ལུང་གཞི་ལས། སྔོན་གྱི་ཆོ་གས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་ལ་མཁན་པོ་མེད་པ་དང་སློབ་དཔོན་མེད་་་་་་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་བྱེད་པ་མེད་པས། ཆོས་གོས་ལེགས་པར་མ་བགོས་ཤིང་། སྒྲ་ཆེན་པོ་དང་། རྒོད་བག་གི་སྤྱོད་ལམ་གྱིས་བསོད་སྙོམས་སློང་བར་བྱེད་པ་ན། མུ་སྟེགས་ཅན་འཕྱ་བར་གྱུར་པ་དང་། དགེ་སློང་ཞིག་ན་བ་ལ་ནད་གཡོག་བྱེད་པ་མེད་པས་ཤི་བ་ལ་བརྟེན་ནས། ངའི་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང་། ནད་པ་རྣམས་ལ་ནད་གཡོག་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་བྱ་བར་གནང་ངོ་ཞེས་མཁན་སློབ་དང་བཅས་པའི་ད་ལྟར་གྱི་ཆོ་ག་འདི་གསུངས་སོ། །མཁན་པོ་དུ་ཡོད། སློབ་དཔོན་དུ་ཡོད་མི་ཤེས་ནས། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །ཞེས་ལུང་གཞི་ལས་གསུངས་སོ། །སློབ་དཔོན་ལྔ་དགེ་ཚུལ་གྱི་སྐབས་སུ་འོག་ནས་སྟོན་ལ། མཁན་པོ་གཉིས་སྐབས་འདིར་བསྟན་པ་ནི། རབ་ཏུ་བྱུང་བའི་མཁན་པོ་ནི་རབ་ཏུ་བྱུང་བའི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་དང་པོར་བསྟན་ལ། བསྙེན་རྫོགས་ཀྱི་མཁན་པོ་ནི་འདྲ་བའི་ཞར་ལ་འདྲ་བ་བསྟན་ན་ཚིག་ཉུང་བ་དང་རྟོགས་པར་སླ་བའི་ཕྱིར་ན་སྐབས་འདིར་བསྟན་པའོ། །གཉིས་པ་དངོས་ཀྱི་དོན་ནི་རབ་ཏུ་འབྱུང་བ་དང་ཞེས་པ་ནས་ཏེ། གནས་པ་ལའོ་ཞེས་པ་ཁྱད་པར་གྱི་གཞིར་བྱས་ཏེ། ཁྱད་པར་གྱི་ཆོས་ལ་བདུན་ལས། དང་པོ་དགོས་པ་གང་གི་ཕྱིར་གནས་ན། སངས་རྒྱས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གནས་ཞེས་སྔོན་ཆོག་གི་སྐབས་ཀྱི་ཊཱི་ཀ་ལས་ཤུགས་ཀྱིས་བསྟན་ཏེ། དེ་ཡང་ཊཱི་ཀ་ལས་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་ཚེ་ན་ནི་སེམས་ཅན་རྒྱུད་དག་པ་ཤ་སྟག་འབྱུང་བས། མཁན་པོ་དང་སློབ་

༼༦༩༽

དཔོན་ལ་མ་ལྟོས་པར་བཅོམ་ལྡན་འདས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱེད་ཅེས་བཤད་པས། ད་ལྟར་ནི་མཁན་པོ་དང་སློབ་དཔོན་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱེད་ཅེས་ཤུགས་ཀྱིས་བསྟན་པའོ། །འོ་ན་སངས་རྒྱས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱེད་པ་དེ་གང་ཞེ་ན།་་་་་སངས་རྒྱས་ཀྱི་བཀའི་བརྗོད་བྱ་བསླབ་པ་གསུམ་རྫོགས་པར་འགྱུར་པ་སྟེ། མཁན་པོ་དང་སློབ་དཔོན་ལ་བརྟེན་ནས་དངོས་སམ་བརྒྱུད་པའི་སྒོ་ནས་སོ། །གཉིས་པ་ཆེད་དུ་བྱ་བ་གང་གི་ཕྱིར་གནས་ན། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཞེས་སོ། །འོ་ན་དགེ་ཚུལ་གྱི་སྡོམ་པ་དེ་མཁན་པོ་ལ་མི་གནས་སམ་ཞེ་ན། གནས་སོ། །འོ་ན་རབ་ཏུ་འབྱུང་བ་དང་དགེ་ཚུལ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཞེས་མ་སྨོས་པ་དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་འབྱུང་བ་མཁན་པོ་ལ་གནས་ཞེས་བསྟན་པས་དགེ་ཚུལ་གྱི་སྡོམ་པ་ཡང་མཁན་པོ་ལ་བརྟེན་ཅིང་གནས་ཞེས་དོན་གྱིས་གོ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ནི་རབ་ཏུ་བྱུང་བ་ལ་གནས་པའི་ཕྱིར་ཞེས་གསུངས་སོ། །དགེ་ཚུལ་གྱི་སྡོམ་པ་ནི་རབ་ཏུ་བྱུང་བ་ལ་གནས་རབ་ཏུ་བྱུང་བ་མཁན་པོ་ལ་གནས་པས་ན་དགེ་ཚུལ་གྱི་སྡོམ་པ་ཡང་མཁན་པོ་ལ་བརྟེན་ཅིང་གནས་པར་དོན་གྱིས་གོ་སྟེ།་་་་་དཔེར་ན་རྒྱལ་པོ་ནི་གདན་ལ་གནས། གདན་ཡང་ཁྲི་ལ་གནས་ན་རྒྱལ་པོ་ཡང་ཁྲི་ལ་གནས་པར་དོན་གྱིས་གོ་བ་བཞིན་ནོ། །གསུམ་པ་གང་ཟག་གང་གནས་ན། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དེ་གནས་ཞེས་སྐབས་ཀྱིས་གྲུབ་བོ། །བཞི་པ་ཡུལ་གང་ལ་གནས་ན་དགེ་སློང་འགའ་ཞིག་ལ་ཞེས་སོ། །ཊཱི་ཀ་ལས་འགའ་ཞིག་ལ་ཞེས་བྱ་བ་མིང་མ་བསྟན་པའོ། །དེས་འདི་སྐད་སྟོན་ཏེ། གང་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་བ་དེ་ཁོ་ན་ལ་གནས་ཏེ་བསྙེན་པར་རྫོགས་པར་ངེས་པ་མ་ཡིན་གྱི་འདོད་པས་འཇུག་པར་རིག་པར་བྱ་སྟེ་ཞེས་སོ། །འོ་ན་དང་པོའི་མཁན་པོས་བསྙེན་པར་རྫོགས་པར་བྱའོ། །མི་སྟེར་བ་ལ་མཐུས་བཀུག་སྟེའོ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། འདོད་པས་འཇུག་ཅེས་སྐབས་འདིར་བསྟན་པ་ནི་མཁན་བུའི་ཆ་ནས་བསྟན་པ་སྟེ། རང་གང་ལ་མོས་པ་དེ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུ་བ་སྟེ། དང་པོའི་མཁན་པོ་ཁོ་ན་ལ་ཞུ་དགོས་པར་མ་ངེས་པའོ། །དང་པོའི་མཁན་པོས་བསྙེན་པར་རྫོགས་པར་བྱ་ཞེས་པ་ནི་མཁན་པོའི་ཆ་ནས་བསྟན་པས་ཏེ། རང་གི་མཁན་བུ་དེ་དགེ་སློང་གི་སྡོམ་པ་ལེན་པར་འདོད་ཀྱང་གཏད་པའི་ཡུལ་དེས་གེགས་བྱེད་ན་རང་གི་དགེ་ཚུལ་མཐུས་བཀུག་སྟེ་ཡང་དང་པོའི་མཁན་པོས་བསྙེན་རྫོགས་བྱ་ཞེས་བསྟན་པའོ། །ལྔ་པ་རྣམ་པ་ཅི་ཞིག་ཏུ་གནས་ན་མཁན་པོ་ཉིད་དུ་གནས་ཞེས་སོ། །དྲུག་པ་དང་བདུན་པ་གནས་པའི་ཕན་ཡོན་དང་། མི་གནས་པའི་ཉེས་དམིགས་ནི། མཁན་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号