ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༢༡༽

བང་ཆེན་གྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། ཐག་རིང་པོར་ཕོ་ཉ་བཏང་ནས་རྐུ་བ་དང་། ཕོ་ཉ་དེས་ཀྱང་ཕོ་ཉ་གཞན་བཏང་ནས་བརྐུར་འཇུག་པ་དང་། བང་ཆེན་གྱིས་བརྐུ་བྱའི་རྫས་དེ་གནས་གང་ན་ཡོད་པ་དེ་ནས་གནས་གཞན་དུ་སྤགས་པའོ། །དགུ་པོ་དེ་སྔ་མ་དྲུག་གིས་སྦྱོར་བ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་པའོ་ཞེས་་་་་་དགྲ་བཅོམ་ཉེར་སྦས་ཀྱིས་བཤད་དོ། །དགྲ་བཅོམ་པ།་་་་་ཟླ་བ་ནོར་བུས་ནི་སྔ་མ་དྲུག་གིས་སྦྱོར་བ་དང་མཐར་ཐུག་གཉིས་ཀ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་ཏེ། རྣམ་གྲངས་ཀྱི་ཚིག་ཡིན་ཞེས་བྱའོ། །ཉེར་སྦས་ཀྱི་ཞལ་ནས་བཅོམ་ལྡན་འདས་ཀྱི་གསུང་ཟློས་བུ་ཅན་དུ་འགྱུར་ལ། དེ་ལྟར་ན་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཟློས་བུ་མི་མངའ་བར་སྟོན་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ཞེའོ། །དེ་ལ་་་་་་འཕགས་པ། ཕྱིར་མི་འོང་ཟློས་མི་འབེབས་ན་རེ་གདུལ་བྱའི་དབང་གིས་ཟློས་ཀྱང་སྐྱོན་དུ་མི་འགྱུར་ཞེས་གསུངས་ཀྱང་། ཉེར་སྦས་ཀྱི་བཤད་ལུགས་སངས་རྒྱས་ཀྱི་གསུང་ལ་ཟློས་བུ་མེད་པ་དེ་ལེགས་པ་ཡིན་ནོ། །དེ་རྣམས་ཀྱང་བདག་ཉིད་ཀྱིས་རྐུ་བ་དང་། བྱིན་གྱིས་བརླབས་ནས་རྐུ་བ་གཉིས་ནི་རྐུའམ་ཞེས་པས་བསྡུས་སོ། །བདག་ཉིད་ཀྱིས་བརྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་གཉིས་ནི། བརྐུར་བཅུག་པ་ཞེས་པས་བསྡུས་ལ། བང་ཆེན་གྱིས་རྐུ་བ་དང་། བརྐུར་འཇུག་པ་གཉིས་ནི། མངགས་པས་ཡང་ངོ་ཞེས་པས་བསྡུས་སོ། །གནས་ནས་གནས་སུ་སྦེད་པ་གསུམ་ནི། སྐབས་འོག་ནས།་་་་་མཐར་ཐུག་པའི་སྐབས་ཀྱི་གཞུང་གིས་ཅི་རིགས་པར་བསྡུས་པའོ། །མ་བྱིན་པའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས་སྐྱེས་པའི་བུད་མེད་དམ་མ་ནིང་གིས་མ་བྱིན་པ་ཞེས་གསུངས་སོ། །རིན་ཐང་གི་ཚད་ནི་མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་པ་སྟེ། ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། མ་ཤ་ཀ་གཅིག་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ལ། མ་ཤ་ཀ་ལྔ་ལ་མགྲོན་བུ་བཞི་བརྒྱ་སྟེ་དེ་ལྟར་ན།་་་་་མགྲོན་བུ་བཞི་བརྒྱ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པའོ། །ཊཱི་ཀ་ལས། དེང་སང་ནི་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་ཏེ།་་་་་འདི་ལ་ཁ་ཅིག་ཤ་ལོག་ཏུ་བྱེད་པ་དག་ཟེར།

༼༣༢༢༽

ཀར་ཤ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གི་ཚད་ཡིན་པའི་ཕྱིར་རོ་ཞེས་བཤད་དེ། པ་ཎ་ཞེས་པ་ནི་མ་ཤ་ཀའི་མིང་གི་རྣམ་གྲངས་ཡིན་ལ། མ་ཤ་ཀ་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ལ། མ་ཤ་ཀ་བཞི་ལ་མགྲོན་བུ་སུམ་བརྒྱ་དང་ཉི་ཤུ་དེ་ལྟར་ན།་་་་་མགྲོན་བུ་སུམ་བརྒྱ་དང་ཉི་ཤུ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པའོ། །དེ་གཉིས་ཀ་ཡང་ཀཱ་རི་ཀ་ལས། ཀར་ཤ་པ་ཎའི་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པ་དེ་དང་མཐུན་པ་ཡིན་ནོ། །ཀ་རི་ཀའི་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ལས། རྒྱ་གར་གྱི་རིན་ཐང་སྦྱོར་ན་དངུལ་ཞོ་གཅིག་ཙམ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་བཤད་དོ། །འགྲེལ་པ་དེ་ཉིད་དུ་གཞན་འདོད་བཀོད་པ་ལས། ཁ་ཅིག་གིས་ནི་དངུལ་ཞོ་བརྒྱད་ཆ་གཅིག་ལ་བྱ་སྟེ། དེ་ཙམ་གྱིས་རིན་ཐང་བརྩིའོ་ཞེས་བཤད་དོ། །དེ་དང་མཐུན་པར་འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་བཤད་དེ། ཀར་ཤ་པ་ཎ་ནི་དངུལ་ཞོ་ཕྱེད་ལས་བྱས་པའི་དོང་ཙེའི་རྣམ་པ་འདྲ་བ་སྟེ། དེའི་ཆ་བཞིར་བརྩིས་པས་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆའོ། །འོད་ལྡན་ལས། དགེ་སློང་ལ་ནི་ཁལ་བཞི་ལྷག་པར་གྱུར་ན་དེ་དག་གི་རིན་ཐང་གི་ལྟུང་བ་ཡིན་ནོ་ཞེས་བཤད་དེ། མཚོན་པ་ཙམ་ཡིན་ནོ། །སུམ་བརྒྱ་པའི་འགྲེལ་པ་སློབ་མ་ལ་ཕན་པ་ལས། ཁལ་ཕྱེད་བརྐུས་ན་ཕམ་པར་འགྱུར་ཞེས་སོ། །དེ་ཡང་མཚོན་པ་ཙམ་སྟེ་ངེས་གཟུང་མ་ཡིན་ནོ། །དེ་ལྟར་གཞུང་རྣམས་ལས་བཤད་ཚུལ་མང་ན། རིན་ཐང་ཇི་ལྟར་བརྩི་ཞེ་ན། གཞུང་དེ་རྣམས་ཐམས་ཅད་ཀྱང་གསོད་པའི་ཆད་པའི་རིན་ཐང་གི་ཚད་དང་མཉམ་པ་མཚོན་པར་དགོངས་ཏེ། དེ་ལྟར་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱིས་ཕམ་པར་འགྱུར་བའོ། །འདི་ལ་ལུང་རིགས་གཉིས་ལས། ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་བཀྲེ་ཞིང་སྲོག་དང་འབྲལ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ། །རིགས་པས་ཀྱང་སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་

༼༣༢༣༽

ཉེས་པ་ལས་བཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང་། ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་རོ། །རྒྱལ་ཁྲིམས་སྔ་ནས་མེད་པ་དང་ཞིག་ནས་མེད་པ་གང་ཡིན་ཡང་རུང་སྟེ། ཡུལ་དུས་དེ་ན་རྒྱལ་ཁྲིམས་མེད་ན་ནི་སངས་རྒྱས་ཀྱི་བསླབ་པ་འཆའ་བའི་ཡུལ་དུས་ཀྱི་རིན་ཐང་གིས་བརྩིས་ཏེ། དེ་ལྟར་ཨ་མི་དེ་བའི་གདམས་ངག་ལས་བྱུང་བ་དང་་་་་་པཎྜི་ཏ་ཨ་མི་དེ་བ་ནི་རྒྱལ་ཁྲིམས་ལ་གསོད་པའི་ཆད་པའི་ཚད་ཆེ་ཆུང་དུ་ཁྲིམས་འཕོག་ན་རིན་ཐང་གི་ཚད་འདིའང་འཕོག་པར་མཛད་དེ་འཐད་པར་གཟུང་ངོ་། །རིགས་པས་ཀྱང་ལྟུང་བ་ནི་བཅས་པ་ལ་ལྟོས་པའི་ཕྱིར་རོ། །འོ་ན་ཀར་ཤ་པ་ཎ་བཞི་ཆ་དང་གསོད་པའི་ཆད་པའི་རིན་ཐང་གི་ཚད་གཉིས་གང་གཙོ་སྙམ་ན། སངས་རྒྱས་ཀྱི་བསླབ་པ་འཆའ་བའི་དུས་ན་ནི་གཙོ་མི་གཙོ་མེད་དོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་ཕྱིར་རོ། །འདི་ལྟར་རྫས་ཀྱི་ལྡོག་པ་ནས་ཀར་ཤ་པ་ཎ་བཞི་ཆ་ཡིན་ལ། ཉེས་དམིགས་ཀྱི་ལྡོག་པ་ནས་བརྐུས་ན་གསོད་པའི་ཆད་པ་འཕོག་པའི་རིན་ཐང་གི་ཚད་ཞེས་བྱ་སྟེ། དེ་གཉིས་ཀྱང་རིན་ཐང་ཚང་བའི་ངོ་བོར་གཅིག་པའོ། །འོ་ན་ཀར་ཤ་པ་ཎ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀར་ཤ་པ་ཎ་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། དངུལ་ལ་བྱས་པ་དོང་ཙེའི་རྣམ་པ་འདྲ་བའི་རི་མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞུ་འགྲེལ་ལས། ཀར་ཤ་པ་ཎ་ནི་ཟོང་གི་ཁྱད་པར་སྟེ་དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ་ཞེས་བཤད་ཅིང་། ལུང་ཞུ་བ་ཆེ་ཤོས་ལས་ཀར་ཤ་པ་ཎ་ནི་ཇི་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།་་་་་ཀར་ཤ་པ་ཎ་དེ་ཉིད་མཛེས་བྱེད་ཀྱི་རྒྱན་དུ་རི་མོའི་ཁྱད་པར་ངེས་པ་དང་ལྡན་པའོ། །ཞེས་གསུངས་སོ། །དེའང་སྔོན་་་་་་སངས་རྒྱས་ཤཱཀྱ་ཐུབ་པ་བས་ཀྱང་མི་རབས་མང་པོའི་སྔོན་དུ་བྱུང་བའི། རྒྱལ་པོ་རྨ་བྱ་བ་ཞེས་བྱ་བའི་ཁྲིམས་ལུས་ལས་བྱུང་བ་སྟེ། ལུང་ཞུ་བ་ཆུང་ཤོས་ལས་ཀར་ཤ་པ་ཎ་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་གསུངས་ཤིང་། དེའི་འགྲེལ་པ་ལས་རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བས་བྱས་པ་སྟེ། འདི་ལྟར་རྒྱལ་པོ་དེས་དང་པོར་ཀར་ཤ་པ་ཎ་སྤྱོད་དུ་བཅུག་པ་སྟེ། དཔལ་ལེགས་བལྟམས་ཀྱིས་བྱས་པའི་དོང་ཙེ་ལྟ་བུའོ་ཞེས་བཤད་དོ། །ཀར་

༼༣༢༤༽

ཤ་པ་ཎ་དེའང་དངུལ་ཞོ་ཕྱེད་ཙམ་ལ་བཟོ་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་འགྲེལ་ཆུང་ལས་སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་བཤད་དོ།་་་་་དེ་ལ་བརྟེན་ནས་མངའ་རིས་པ་འགའ་ཞིག་ནར་གསེར་སྲན་མ་གའུ་འབྲིང་པོ་གཅིག་མ་བྱིན་ལེན་གྱི་རིན་ཐང་གི་ཚད་ཡིན་ཞེས་སོ། །གཉིས་པ་ཀར་ཤ་པ་ན་བཏགས་པ་བ་ནི་་་་་་དངུལ་ལས་བཟོ་བྱས་པའི་ཀར་ཤ་པ་ན་མཚན་ཉིད་པ། དེ་དང་རིན་མཉམ་པའི་མགྲོན་བུ་ལ་སོགས་པའི་དངོས་པོ་རྣམས་ཡིན་ནོ། །དངུལ་ལ་བཟོ་བྱས་པའི་ཀརྴ་པ་ཎ་དེ་དང་རིན་མཉམ་པའི་རྫས་གཞན་ལ་ཡང་ཀརྴ་པ་ཎ་ཞེས་མིང་བཏགས། མགྲོན་བུ་ཀརྴ་པ་ཎ་གཅིག་ཇ་ཀརྴ་པ་ཎ་གཅིག་སོགས་ཏེ་དཔེར་ན་སྣམ་བུ་སོ་མ་གཅིག་ཟེར་བ་དང་འདྲའོ།་་་་་་་་་་།དེ་ཡང་སངས་རྒྱས་ཞལ་བཞུགས་པའི་ཚེ་ན་ནི། རིན་ཐང་གི་ཚད་ཀར་ཤ་པ་ནའི་བཞི་ཆར་ངེས་ལ་མ་ཤ་ཀ་ལྔར་ནི་མ་ངེས་ཏེ། གཏམ་གྱི་གཞི་ལས་མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་འགྱུར་བ་མཆིས་སམ། ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀར་ཤ་པ་ན་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་བས་ལྷག་པ་བརྐུས་ཀྱང་ཕམ་པར་མི་འགྱུར་བ་མཆིས་སམ། ཡོད་དེ་གང་ན་མ་ཤ་ཀ་བཞི་བཅུ་ལ་ཀར་ཤ་པ་ན་གཅིག་ཏུ་འགྱུར་བ་ནའོ་ཞེས་དཔེར་ན་རྒྱ་ནག་ན་སྔོན་དང་པོ་རྩ་ན་དོང་ཙེ་ལ་ཉོ་ཚོང་གི་ཟོང་དུ་ཀུན་ཏུ་སྤྱོད་པ་དེ་ལྟ་བུ་ནུབ་པ་བཞིན་དུ། རྒྱ་གར་ན་ད་ལྟ་ཀར་ཤ་པ་ན་ནུབ་ནས་མེད་ཅེས་པ་པཎྜི་ཏ་བུདྡྷ་ཨ་ཀ་ར།་་་་་་་་་་གསུངས་སོ། །མ་ཤ་ཀ་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །དེར་འདུ་ཤེས་པས་སོ་ཞེས་པ་ངེས་པའམ་ཡིད་གཉིས་ཡན་ཆད་ཀྱིས་སོ། །ཁྱེར་བ་ཉིད་ནི་ཞེས་པ་ལ་སོགས་པ་ཡན་ལག་བསྟན་ཏོ། །འདིའི་སྤྱི་དོན་ལ་གསུམ་སྟེ། བདག་པོའི་མཚན་ཉིད་དང་། བདག་པོའི་དབྱེ་བ་དང་། རྫས་གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་གཟུང་བའོ། །དང་པོ་ནི། གཉིས་ལས་བདག་པོ་ཙམ་གྱི་མཚན་ཉིད་ནི། རྫས་དེ་དོན་ལ་དབང་བའོ། །གང་ལ་བརྐུ་བྱ་ཡུལ་གྱི་ཆ་ནས་ཕམ་པ་བསྐྱེད་ནུས་ཀྱི་བདག་པོའི་མཚན་ཉིད་ནི། རང་ལས་ཐ་དད་པའི་མི་གང་ཞིག་བརྐུ་བྱའི་རྫས་དབང་ཞིང་བདག་གིར་བྱས་པའོ། །གཉིས་པ་བདག་པོའི་དབྱེ་བ་ནི། བདག་པོ་ཙམ་དབྱེ་གཞིར་བྱས་པ་ལ་བཞིར་དབྱེ་སྟེ། བསམ་སྦྱོར་གྱིས་བདག་པོར་གྱུར་པ་དང་། ཡུལ་ཆོས་ཀྱིས་བདག་པོར་

༼༣༢༥༽

གྱུར་པ་དང་། རིགས་བརྒྱུད་ཀྱིས་བདག་པོར་གྱུར་པ་དང་། སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པའོ། །དང་པོ་ལ་གསུམ་ལས། དང་པོ་སྦྱིན་པ་བོའི་བསམ་པས་ཡོངས་སུ་བཏང་བ་ཙམ་གྱིས་བདག་པོར་གྱུར་པ་ནི། དགེ་སློང་གིས་བསམ་པ་ཐག་པ་ནས་གང་ལ་བསྔོས་པའི་ཡུལ་དེ་བདག་པོར་གྱུར་པ་སྟེ་བསྔོ་བའི་ཡུལ་དེ་ལ་རྒྱུས་མེད་པས་བདག་གིར་མ་བྱས་ཀྱང་དེ་བདག་པོར་འགྱུར་བ།་་་་་་་་་་།ལྟ་བུའོ། །གཉིས་པ་ལེན་པ་པོའི་སྦྱོར་བ་དང་བསམ་པས་བདག་གིར་བྱས་པ་ཙམ་གྱིས་བདག་པོར་གྱུར་པ་ནི། བདག་པོ་མེད་པའི་རྫས་རྙེད་ན་གང་གིས་རྙེད་པ་དེ་དབང་བའམ། རི་དྭགས་རྔོན་པའི་གདོས་ཀྱིས་ཟིན་ན་རྔོན་པ་དབང་བ་་་་་་སྟེ་སྦྱིན་པ་པོས་ཡོངས་སུ་བཏང་བ་ལ་ནི་མི་ལྟོས་པར་བདག་པོར་འགྱུར་བ། ལྟ་བུའོ། །གསུམ་པ་ལེན་པ་པོས་བདག་གིར་བྱས་ཤིང་བདག་པོའི་བསམ་པས་བཏང་བ་ན་བདག་པོར་གྱུར་པ་ནི། དགེ་སློང་གི་ཆོས་གོས་འཕྲོགས་ཏེ་ཆོམ་རྐུན་པས་བདག་གིར་བྱས་ཤིང་དགེ་སློང་གི་བསམ་པས་བཏང་ན་ཆོམ་རྐུན་པ་དབང་བ་ལྟ་བུའོ།་་་་་ལེན་པ་པོས་བདག་གིར་བྱས་པ་ཙམ་གྱིས་དེ་དབང་བར་མི་འགྱུར་གྱི། བདག་པོས་བསམ་པས་བཏང་བ་དང་། ཚོགས་པ་ནས་དེ་དབང་བ། །གཉིས་པ་ཡུལ་ཆོས་ཀྱིས་བདག་པོར་གྱུར་པ་ནི། ཤོ་གམ་བསྲུང་བ་པོ་དབང་བ་ལྟ་བུའོ། །གསུམ་པ་རིགས་བརྒྱུད་ཀྱིས་བདག་པོར་གྱུར་པ་ནི། ཕ་ནོར་བུ་དབང་བ་ལྟ་བུའོ། །བཞི་པ་སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པ་ལ་གསུམ་ལས། དང་པོ་སངས་རྒྱས་ལ་ཕུལ་བའི་རྙེད་པ་ནི་སངས་རྒྱས་ཉིད་ཀྱི་ཡིན་པས་མཆོད་པའི་རྫས་ལ་སོགས་པ་བྱའོ། །གཉིས་པ་ཆོས་ལ་ཕུལ་བའི་རྙེད་པ་ལ་གཉིས་ལས། དོན་དམ་པའི་ཆོས་ལ་ཕུལ་བ་ནི། ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་ཕུལ་བ་སྟེ། དེ་ནི་བྱེ་བྲག་བཤད་མཚོ་ལས། མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ །ཞེས་གསུངས་པས་གཞན་གྱིས་ལོངས་སྤྱད་དུ་མི་རུང་ངོ་། །བརྡར་བཏགས་པའི་ཆོས་ལ་ཕུལ་བ་ལ་གཉིས་ལས། སྒྲུབ་པའི་ཆོས་ལ་ཕུལ་བ་་་་་་ནི་ཚུལ་ཁྲིམས་ལ་འབུལ། ཏིང་ངེ་འཛིན་ལ་འབུལ་ཞེས་པ་ལྟ་བུ་སྟེ། ནི་དགེ་འདུན་གྱི་རྙེད་པར་གྱུར་ཏེ། སྒྲུབ་པའི་ཆོས་

༼༣༢༦༽

དགེ་འདུན་གྱི་རྒྱུད་ལ་མངའ་བའི་ཕྱིར་རོ། །ལུང་གི་ཆོས་ལ་ཕུལ་བ་ནི། ལུང་ཆོས་སྨྲ་བ་རྣམས་དབང་སྟེ། གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་་་་་་ཆོས་སྨྲ་བ་ལུང་ཆོས་ཀྱི་རྙེད་པ་དབང་བའི་སྐབས། འདིར་དེ་ཉིད་ཀྱི་མཐའ་ཡིན་ནོ་ཞེས་སོ། །གསུམ་པ་དགེ་འདུན་ནམ་གང་ཟག་ལ་ཕུལ་བའི་རྙེད་པ་ལ་གཉིས་ཏེ། དུས་དང་གློ་བུར་གྱི་རྙེད་པ་གང་དབང་མི་དབང་བསྟན་པ་དང་། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དུས་ཀྱི་རྙེད་པ་དང་། གློ་བུར་གྱི་རྙེད་པའོ། །དང་པོ་ནི་དབྱར་གནས་པའི་རྙེད་པ་དེ་གནས་དེར་ཡུན་རིང་དུ་གནས་པ་རྣམས་དབང་བ་དང་། སྲ་བརྐྱང་གི་དུས་ཀྱི་རྙེད་པ་དེ་གང་གིས་སྲ་བརྐྱང་བཏིང་བ་རྣམས་དབང་བ་ལྟ་བུའོ། །གློ་བུར་གྱི་རྙེད་པ་ལ་ནི་བཞི་པོ་འདི་དག་ལུང་གོས་གཞི་དང་འོད་ལྡན་ལས་གསུངས་ཏེ། ཁྲིམས་སུ་བྱས་པ་དང་། མཚམས་ཀྱི་སྒྲུབ་པ་དང་སོ་སོར་ངེས་པ་དང་མངོན་དུ་གྱུར་པའོ། །དང་པོ་ནི་ཡོན་བདག་གམ་མཆོད་གནས་ཀྱི་ས་རིས་འདི་དང་འདི་ནས་ཕུལ་བ་རྣམས་དགེ་འདུན་འདི་དང་འདི་པ་རྣམས་དབང་བར་བྱེད་དོ་ཞེས་ཁྲིམས་སུ་བཅས་ན། རྙེད་པ་ནི་་་་་་ཡོན་བདག་རྣམས་ཀྱིས། ཇི་ལྟར་རྣམ་པར་་་་་་བསྔོས་ཤིང་། ངེས་པར་བྱས་པ་ལྟར་རྣམ་པར་བཞག་གོ་ཞེས་གསུངས་པའོ། །གཉིས་པ་ནི་སྦྱིན་བདག་དགེ་འདུན་གྱི་གནས་སུ་འོངས་ཏེ། རྫས་འདི་དགེ་འདུན་ལ་འབུལ་ཞེས་དགེ་འདུན་བྱེ་བྲག་ཏུ་མ་ཕྱེད་པར་ཕུལ་ན། དགེ་འདུན་་་་་་ནང་གསེས་ཀྱི་བྱེ་བྲག ཡོངས་སུ་མ་བཅད་་་་་་པར་རྙེད་པ་ཕུལ་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ་ཞེས་གསུངས་པའོ། །གསུམ་པ་ནི་སྡེ་པའམ་གང་ཟག་འདི་ལ་འབུལ་ཞེས་སོ་སོར་ངེས་པར་བྱས་ན་སྦྱིན་བདག་གི་ཚིག་གིས་གང་ལ་ངེས་པར་བྱས་པ་དེ་ཉིད་དབང་བའོ། །བཞི་པ་ནི་ཚིག་གིས་ངེས་པར་མ་བྱས་ཀྱང་སྦྱིན་བདག་གིས་སྡེ་པའམ་གང་ཟག་ལ་མངོན་སུམ་དུ་ཕུལ་ན་གང་ལ་ཕུལ་བ་དེ་དབང་བའོ། །གཉིས་པ་ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པ་ལ་གཉིས་ཏེ། རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པ་དང་། རྟགས་ཅན་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་མི་དབང་བའི་

༼༣༢༧༽

རྙེད་པ་དང་། དགེ་འདུན་དབང་བའི་རྙེད་པའོ། །དང་པོ་ལ་ལྔ་སྟེ། ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པའི་རྫས་དང་། བུ་ལོན་པའི་རྫས་དང་། སྡེ་ཚན་པའི་རྫས་དང་། ནད་གཡོག་པའི་རྫས་དང་། ཁྱིམ་གཞན་ན་གནས་པའི་རྫས་སོ། །དང་པོ་ནི། ནད་པས་་་་་་མི་འདི་ལ་བྱིན་ཅིག་ཅེས། སྨྲས་པས་སྦྱིན་པ་་་་་་ནད་གཡོག་པ་ལ་སོགས་པས། ཕྲི་ཡང་་་་་་སྟེ་ནད་གཡོག་ལ་སོགས་པས་མ་བྱིན་ན། ཇི་་་་་་ནད་པས་ཁ་ཆེམས། སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ནི་བུ་ལོན་པ་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་དེ་་་་་་ནི་བུ་ལོན་པ། དབང་བ་ཉིད་ཡིན་ནོ་ཞེས་གསུངས་པའོ། །གསུམ་པ་ནི་་་་་་སྡེ་ཚན་པའི་རྫས། ཕོག་་་་་་བཅུ་ཚོམས་ལྟ་བུ་ཚོམས་སོ་སོའི་སྐལ་བ་ལ་སོགས་པ། ཕ་་་་་་ཚོམས་དེའི་བགོ་སྐལ་དུ། མ་བགོས་པར་ཚོམས་དེ་ལས་་་་་་གང་ཟག འགའ་ཞིག་ཤི་ན་་་་་་ཤི་བ། དེའི་་་་་་ཚོམས་དེའི་སྐལ་པ་ཚོམས་དེ་པ་་་་་འི་གང་ཟག་ཏུ་ཡོད་པ་རྣམས་སྤྱིར། དབང་བ་ཉིད་ཡིན་ནོ་ཞེས་གསུངས་པའོ། །བཞི་པ་ནི་ནད་གཡོག་ཆོས་ལྔ་དང་ལྡན་ན་ཤི་བ་དེའི་ཡོ་བྱད་དྲུག་ནད་གཡོག་དབང་སྟེ། ཆོས་འདི་བའི་རབ་བྱུང་གང་རུང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤི་བ་དེ་དང་ལྟ་བ་མཐུན་པ་དང་། ཤི་བ་དེ་དང་མཚན་མཐུན་པ་དང་། གནས་ནས་མ་ཕྱུང་བ་དང་། །ནད་གཡོག་གི་བྱ་བ་བྱས་པ་དང་ལྔའོ།་་་་་སྟེ་གཞུང་འདི་ཉིད་ཀྱི་གོས་གཞིའི་སྐབས་ནས་གསུངས་པ། ལྔ་པ་་་་་་ཁྱིམ་གཞན་ན་གནས་པའི་རྫས། ནི་དགེ་སློང་ཤི་བ་དེའི་ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ནི་ཁྱིམ་བདག་གིས་རབ་བྱུང་གང་ལ་བྱིན་པ་དེ་དབང་ངོ་། །དེ་ཡང་ཆོས་ལྔ་དང་ལྡན་ན་སྟེ། དང་པོ་བཞི་ནི་སྔ་མ་དང་འདྲ་ལ། ཡོ་བྱད་དེས་ཕོངས་པ་དང་ལྔའོ།་་་་་གལ་ཏེ་དབང་བ་དེས་ཕོངས་པ་ཡིན་ནའོ་ཞེས་གསུངས་སོ། །གཉིས་པ་དགེ་འདུན་དབང་པའི་རྙེད་པ་ནི་རབ་བྱུང་ཤི་བའི་ཡོ་བྱད་ལ་དགེ་འདུན་མི་དབང་བ་ལྔ་པོ་དེ་དག་ལས་གཞན་པ་ཐམས་ཅད་དགེ་འདུན་དབང་སྟེ། དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱའོ། །འོན་ཀྱང་ཡུལ་ཆོས་དང་བསྟུན་དགོས་པའི་ཆ་ནི་ཅི་རིགས་པར་དཔྱད་དོ། །གཉིས་པ་རྟགས་ཅན་ཤི་བའི་ཡོ་བྱད་གང་དང་མི་དབང་བསྟན་པ་ནི། རིན་པོ་ཆེ་རྣམས་

༼༣༢༨༽

ནི་དཀོན་མཆོག་གསུམ་ལ་དབུལ་ཞིང་ཁྱད་པར་དུ་མུ་ཏིག་རྣམས་སངས་རྒྱས་ལའོ། །གོ་ཆ་ལ་སོགས་པ་ནི་རྒྱལ་པོ་ལ་དབུལ་ལོ་ཞེས་་་་་་དང་། གཞན་ཡང་རྙེད་པ་གསུམ་གྱིས་རྣམ་པར་བཞག་སྟེ། ཞིང་དང་ཁྱིམ་ལ་སོགས་པ་ནི་བཞག་པར་བྱ་བ་དང་། རས་དང་རས་ཡུགས་ཆེ་ལ་སོགས་པ་ནི་བགོ་བར་བྱ་བ་དང་། འབྲས་ནས་ལ་སོགས་པ་ནི་བཟའ་བར་བྱ་བ་དག་སྟེ། རྒྱས་པར་གོས་ཀྱི་གཞིར་སྟོན་ཏོ། །གསུམ་པ་རྫས་གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་གཟུང་བ་ནི། ཁྱིམ་པའི་རྫས་ལ་ཡུལ་ཆོས་ཀྱིས་བྱེད་པ་གཙོ་སྟེ། སངས་རྒྱས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་པའི་ཕྱིར་རོ། །རབ་་་་་་ཤི་བའི་ཡོ་བྱད་ཀྱི། ཏུ་བྱུང་བའི་རྫས་ལ་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་གཙོ་སྟེ། རིགས་བརྒྱུད་ནི་མི་དབང་ངོ་ཞེས་གསུང་ངོ་། །འོན་ཀྱང་དེང་སང་རབ་བྱུང་ཤི་བའི་ཤུལ་ན་ཞིང་ལ་སོགས་པ་ནོར་རྫས་མང་པོ་ཡོད་པ་ལས། དེའི་སྤུན་ཟླ་ལ་སོགས་པ་ལ་གཏན་ནས་མ་བྱིན་པར་ཐམས་ཅད་དགེ་འདུན་གྱིས་བྱིན་གྱིས་བརླབས་ན་ཧ་ཅང་ཐལ་ཆེས་པར་འགྱུར་བས། འདིར་ནི་འདུལ་བ་ཡུལ་ཆོས་དང་བསྟུན་དགོས་སོ། །འོ་ན་དགེ་སློང་ཤི་བའི་ཡོ་བྱད་དྲུག་པོ་ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་་་་་་ན་རེ་རྫས་འདི་ང་དབང་སྟེ། ནད་པས་སྨྲས་པས་སྦྱིན་པ་ཕྲི་ཡང་ཇི་སྐད་སྨྲས་པ་བཞིན་བྱས་པ་ཉིད་དོ་ཞེས་བཤད་ཟེར་ནས་སློང་བ། དང་། བུ་ལོན་པ་་་་་་ན་རེ་རྫས་འདི་ང་དབང་སྟེ་བུ་ལོན་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཡོ་བྱད་དེ་དབང་བ་ཉིད་དོ་ཞེས་ཟེར་ནས་སློང་བ་དང་། ནད་གཡོག་དང་། རིགས་བརྒྱུད་བཞི་འོངས་ནས་སློང་ན་གང་གཙོ་ཞེ་ན། ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་གཙོ་སྟེ་དེས་གཞན་དག་ལ་མ་བྱིན་ཡང་ཉེས་པ་མེད་དོ། །ཤི་བའི་སྔ་རོལ་ཏུ་ངེས་པར་བྱས་པ་དེ། མེད་ན་བུ་ལོན་པ་གཙོའོ།་་་་་སྣམ་སྦྱར་ལ་སོགས་པའི། ཡོ་བྱད་དྲུག་ལ་ནི་་་་་་སྤུན་ཟླ་ཁྱིམ་པ་ལ་སོགས་པ། རིགས་བརྒྱུད་པས་་་་་་དགེ་སློང་། ནད་གཡོག་བྱེད་པ་དེ་གཙོ་བར་རིགས་སོ། །གཉིས་པ་ཡན་ལག་གི་དོན་ནི། ཁྱེར་བ་ཉིད་ན་ཞེས་པ་འདི་ལ་ལུང་གིས་བཤད་ལུགས་གཉིས་ལས། དང་པོ་ལུང་རྣམ་འབྱེད་ལས་ཡན་ལག་དངོས་སུ་གསུངས་པ་ནི། བཙོ་བླག་མཁན་གྱི་གོས་རླུང་གིས་ཁྱེར་བ་ཉིད་ན་བཙོ་བླག་མཁན་གྱི་བསམ་པས་མ་བཏང་བ་ནི་དང་པོའི་བདག་པོ་བཙོ་བླག་མཁན་ཉིད་དང་མ་བྲལ་བ་ཡིན་པས། དེ་

༼༣༢༩༽

བརྐུས་ན་བཙོ་བླག་མཁན་ལ་བརྐུས་པའི་ཕམ་པ་བསྐྱེད་དོ་ཞེས་པའོ། །བསམ་པས་བཏང་ན་ནི་དེ་བརྐུས་ཀྱང་ཕམ་པ་མི་བསྐྱེད་ཅེས་སེལ་བ་ཤུགས་ཡིས་བསྟན་ཏོ། །་་་་་མདོར་ན་ལུང་རྣམས་འབྱེད་ལྟར་ན་ཡན་ལག་དངོས་སུ་བསྟན་ལ་སེལ་བ་ཤུགས་ཀྱིས་བསྟན་ཏོ། །གཉིས་པ་ལུང་ཕྲན་ཚེགས་ལས་སེལ་བ་དངོས་སུ་གསུངས་པ་ནི་དགེ་སློང་གི་གོས་ཆོམ་རྐུན་པས་ཁྱེར་བ་ཉིད་ན་དགེ་སློང་གི་བསམ་པས་མ་བཏང་བ་ནི་དང་པོའི་བདག་པོ་དགེ་སློང་རང་ཉིད་དང་མ་བྲལ་བ་ཉིད་ཡིན་པས་དེ་དགེ་སློང་གིས་ནན་གྱིས་བཀུག་ཀྱང་ཕམ་པ་མི་བསྐྱེད་དོ་ཞེས་པའོ། །བསམ་པས་བཏང་ན་ནི་དེ་ནན་གྱིས་བཀུག་ན་ཕམ་པ་བསྐྱེད་ཅེས་ཡན་ལག་ཤུགས་ཀྱིས་བསྟན་ཏོ། །མདོར་ན་ལུང་ཕྲན་ཚེགས་ལྟར་ན་སེལ་བ་དངོས་སུ་བསྟན་ནས་ཡན་ལག་ཤུགས་ལ་བསྟན་ཏོ།་་་་་།དེ་ལ་རྩོད་པ་སྤང་བ་ནི། ཁ་ཅིག་་་་་་འོད་ལྡན་དུ་ཕྱོགས་སྔར་བཀོད་པའི་པཎྜི་ཏ། ན་རེ། འདེད་པའི་སྦྱོར་བ་རྒྱུན་བཅད་ན་དགེ་སློང་གི་བསམ་པས་མ་བཏང་ཡང་ཆོམ་རྐུན་པ་དབང་སྟེ། ལུང་ཕྲན་ཚེགས་ལས། ཆོམ་རྐུན་པ་དེ་སྐྲག་པར་མི་བྱ་སྟེ། དེ་ནི་གང་གིས་འཕྲོགས་པ་དེའི་ཡིན་ནོ་ཞེས་གསུངས་པས་གྲུབ་བོ་ཞེས་ཟེར་རོ། །འོན་ཀྱང་ལུང་དེ་ནི་བདག་པོའི་བསམ་པས་ལྟོས་མེད་དུ་བཏང་བའི་དབང་དུ་བྱས་པ་སྟེ། ལུང་ཕྲན་ཚེགས་ལས། དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་གསུངས་པས་སོ། །དེ་ལས་གཞན་དུ་ན་ལྟོས་པ་མེད་པར་མ་བྱས་པ་དོན་མེད་དུ་འགྱུར་རོ།་་་་་ལུང་ལས་འདེད་པའི་སྦྱོར་བ་རྒྱུན་མ་བཅད་པ་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་གསུངས་པ་མཚོན་པ་སྟེ་འདེད་པའི་སྦྱོར་བ་རྒྱུན་བཅད་རུང་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ། །གཞན་ཡང་དགེ་སློང་ལས་འཕྲོགས་པའི་ཆོས་གོས་ལྷུང་བཟེད་དེ་ཆོམ་རྐུན་པས་མཉན་ཡོད་དུ་འཚོང་བར་བརྩམས་པ་ན། དགེ་སློང་རྣམས་ཀྱིས་རང་གི་རྫས་དེ་དག་ངོ་ཤེས་ནས། རྫས་དེ་དག་འཕྲོགས་ཏེ་ཆོམ་རྐུན་པ་རྣམས་རྒྱལ་པོ་ལ་ཕུལ་བ་ན། ཆོམ་རྐུན་པ་རྒྱལ་པོའི་ཕོ་བྲང་འཁོར་དུ་དབུལ་བར་མི་བྱའོ་ཞེས་སྲོག་གཅོད་པའི་སྐབས་སུ་གཏོགས་པའི་བསླབ་པ་བཅས་ཀྱི་མ་བྱིན་ལེན་གྱི་བཅས་པ་མ་མཛད་པ་དང་འགལ་ལོ། །གཞན་ཡང་ཆོམ་རྐུན་པས་མི་སྟེར་ན་རིན་ཕྱེད་ཀྱིས་ཀྱང་བླང་བར་

༼༣༣༠༽

བྱའོ་ཞེས་གསུངས་པས། རིན་ཕྱེད་ཀྱི་ཆ་ནས་ཕམ་པ་འབྱུང་བ་རིགས་པ་ལས་ཕམ་པར་མ་གསུངས་པ་དང་། བྱེ་བྲག་བཤད་མཚོ་ལས་ཀྱང་འཕྲོགས་མ་ཐག་ཏུ་དངོས་པོ་དེ་ཆོམ་རྐུན་གྱི་ཡིན་པར་མི་འགྲུབ་སྟེ། དེ་ནི་བདག་པོ་ཁོ་ནའི་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །འོ་ན་རྫས་དེ་དགེ་སློང་ཉིད་རང་དབང་ན་ཆོམ་རྐུན་པ་ལ་ཆོས་བཤད་པས་བླང་བ་དང་རིན་ཕྱེད་གཞལ་བ་ཡང་མི་རིགས་སོ་སྙམ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ལྷུར་མཛད་དེ། བཙན་འཕྲོགས་བྱས་ན་ཆོམ་རྐུན་པ་་་་་་དགེ་སློང་ལ། བློ་ཆགས་སྡང་དང་འབྲེལ་ཞིང་། ཕྱིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་སྤང་བའི་ཕྱིར་རོ། །བདག་པོ་སུ་ཡིན་་་་་་ལུང་པ་སྟོང་པ་ན་གསེར་གྱི་དོང་ཙེ་འདུག་པ་ལྟ་བུ་ལ། བྱེ་བྲག་མ་ཕྱེད་པ་སུའི་ཡིན་ཡང་རྐུའོ་སྙམ་སྟེ་བརྐུས་པ་ལ་ནི་གཞི་ངོ་བོ་ཉིད་ལས་ལྟུང་བ་རྣམ་པར་བཞག་སྟེ། འགྲེལ་ཆུང་ལས་ནོར་བདག་མི་ཡིན་ན་ཕམ་པར་འགྱུར། དུད་འགྲོ་ཡིན་ན་སྦོམ་པོར་འགྱུར་ཞེས་སོ།་་་་་དོན་ལ་རྫས་དེ་ཉིད་མི་ཉིད་དབང་ན་མི་ལ་རྐུ་བའི་ཕམ་པར་མ་ཟད། མི་མ་ཡིན་ལ་རྐུ་བའི་ལྟུང་བར་ཡང་འགྱུར་ཏེ། སུ་ཡིན་ཡང་རྐུའོ་སྙམ་ན་མི་མ་ཡིན་པ་ལ་ཡང་རྐུ་སེམས་མ་ལོག་པར་གནས་པའི་ཕྱིར་རོ། །དེ་ལ་མི་མ་ཡིན་ལ་རྐུ་བའི་ན་སྨད་དུ་འགྱུར་གྱི་མི་མ་ཡིན་ལ་རྐུ་བའི་དངོས་གཞིར་མི་འགྱུར་ཏེ། དོན་ལ་མི་མ་ཡིན་དབང་བ་མེད་པའི་ཕྱིར་རོ། །དེ་ཡང་མི་མ་ཡིན་གྱི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བར་མི་འགྱུར་ཏེ། མི་མ་ཡིན་ཐམས་ཅད་ཀྱི་ཡིན་ཡང་རྐུ་སྙམ་པའི་བློ་མི་བྱུང་བའི་ཕྱིར་རོ། །དེ་ལྟ་བུའི་བློ་བརྒྱ་ལ་མ་བྱུང་ན་གྲངས་ཇི་སྙེད་ལ་ལྟོས་པའི་ལྟུང་བ་ཡང་འབྱུང་ཞེས་གསུངས་སོ། །བརྐུ་བྱ་་་་་་ཁ་ཆེའི་ཡུལ་དུ་གུར་ཀུམ་བྲེ་གང་བརྐུས་ན་གནས་དེར་རིན་ཐང་མ་ཚང་ལ་གནས་གཞན་དུ་རིན་ཐང་ཚང་བ་དེ་ལྟ་བུ་ལ་ལྟུང་བ་ཆེ་ཆུང་ཇི་ལྟར་བཞག་སྙམ་ན། རྫས་ཀྱི་རིན་ཐང་ནི་གང་དུ་བརྐུས་པའི་གནས་དང་གང་གི་ཚེ་བརྐུས་པའི་དུས་ཀྱིས་རྣམ་པར་བཞག་གི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི། དུས་གཞན་གྱི་རིན་ཐང་དུས་གཞན་དུ་མི་བརྩི་སྟེ། གནས་གཞན་དང་དུས་གཞན་གྱི་རིན་ཐང་བརྩི་ན་ངེས་པ་མེད་པར་འགྱུར་བའི་ཕྱིར་རོ། །འོ་ན་སྦྱོར་བ་ནི་གནས་གཞན་དང་དུས་གཞན་དུ་བྱས་ནས་མཐར་ཐུག་གནས་གཞན་དང་དུས་གཞན་དུ་གྲུབ་ན་ལྟུང་བ་ཇི་ལྟར་བཞག་ཅེ་ན། མཐར་ཐུག་གི་གནས་དང་དུས་ཀྱི་རིན་ཐང་གིས་བཞག་སྟེ།

༼༣༣༡༽

བཤིག་སྟེ་རྐུ་ན་འོད་ལྡན་ལས། ཉམས་པར་བྱས་པའི་ངོ་བོ་ཁོ་ན་རིན་ཐང་བརྩི་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །འོ་ན་་་་་་བྱང་སྟག་ལུང་ནས་ལན་ཚྭ་རྐུ་བའི་མཐར་ཐུག་ལྷོ་ཕྱོགས་སུ་འོངས་ནས་གྲུབ་པ་ལྟ་བུ་ལ། མཐར་ཐུག་གི་དུས་ན་རིན་ཐང་ཚང་ཡང་སྦྱོར་བའི་དུས་ན་མི་ཚང་བས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། རིང་བའི་སྦྱོར་བའི་དུས་ན་རིན་ཐང་མ་ཚང་ཡང་ཉེ་བའི་སྦྱོར་བ་དང་མཐར་ཐུག་གི་དུས་ན་ཚང་བས་ཕམ་པ་བསྐྱེད་པ་ལ་མི་རིགས་པ་མེད་དོ། །དེ་ལ་ལེན་པ་པོས་རིན་ཐང་ཚང་བ་ཐོབ་པ་ཡོད་ཀྱང་བདག་པོས་རིན་ཐང་ཚང་བ། ཤོར་བ་མེད་པས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། མཐར་ཐུག་དང་ཉེ་བའི་སྦྱོར་བའི་སྔ་རོལ་ཏུ་བདག་པོའི་བསམ་པས་བཏང་ན་ནི་དེའི་ཚེ་བདག་པོ་མེད་པར་འགྱུར་བ་ཡིན་པས་ཕམ་པ་བསྐྱེད་པར་མི་རིགས་ཀྱང་། བདག་པོའི་བསམ་པས་མ་བཏང་ན་ནི། རྫས་དང་བདག་པོ་ཡུལ་ཐ་དད་ཐག་རིང་པོ་ན་གནས་ཀྱང་བདག་པོ་དེ་ཉིད་ཀྱི་ནོར་རྫས་ཡིན་པས་རིན་ཐང་ཚང་བ་ཐོབ་པ་བཞིན་དུ་རིན་ཐང་ཚང་བ་ཤོར་བ་ཡང་ཡོད་དོ་གསུང་ངོ་། །འོ་ན་རིན་ཐང་མེད་པའི་སར་ཐོབ་བློ་སྐྱེས་ན་ཇི་ལྟར་བཞག་ན། བདག་པོའི་གནས་དང་རྐུན་མའི་གནས་གང་ཉེ་བའི་རིན་ཐང་གིས་འཇོག་ལ། ཉེ་རིང་མཉམ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་སྟེ། སྒྲ་མི་སྙན་དུ་རྐུ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་པའི་གནད་ཀྱིས་ཤེས་སོ། །དེ་ཡང་སྒྲ་མི་སྙན་དུ་རྐུ་བའི་སྦོམ་པོ་བསྐྱེད་པ་་་་་་ནོར་བདག་གི་ཡུལ་ན་རིན་ཐང་མི་ཚང་ལ་རྐུན་མའི་ཡུལ་ན་རིན་ཐང་ཚང་བའམ། དེ་ལས་བཟློག་པ་རྐུ་བ་ན་བྱང་སྒྲ་མི་སྙན་ལ་སོགས་པ། ལ་ཡང་རིན་ཐང་ཚང་བ་ནི་ཡན་ལག་ཏུ་དགོས་ལ། གླིང་དེ་ན་ཀར་ཤ་པ་ན་ལ་སོགས་པའི་རིན་ཐང་གི་རྣམ་པར་བཞག་པ་མེད་པས། རྐུ་བྱེད་འཛམ་བུ་གླིང་པའི་གནས་ཀྱི་རིན་ཐང་བརྩི་བར་དོན་གྱིས་གྲུབ་སྟེ། འདི་ནི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་ནོ་ཞེས་གསུངས་སོ། །གཙོ་བོའི་སེལ་བ་ལ་ལྟུང་བ་མེད་པ་ནི་མ་བསམས་པ་ལ་ལྟུང་བ་མེད་དོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ལ་གསུམ་སྟེ། སེལ་བའི་དབྱེ་བ་དང་། སེལ་བའི་མཚན་

༼༣༣༢༽

ཉིད། སེལ་བ་ལ་ཅིར་འགྱུར་བསྟན་པའོ། །དང་པོ་སེལ་བའི་དབྱེ་བ་ནི། སེལ་བ་ཞེས་པ་རང་རང་གི་ཡན་ལག་མ་ཚང་བ་དེ་ཡིན་པས་ཡན་ལག་ལས་བཟློག་སྟེ་དབྱེ་བར་བྱའོ། །དེ་ཡང་ཐུན་མོང་གི་སེལ་བ་དང་། ཐུན་མོང་མ་ཡིན་པའི་སེལ་བའོ། །དང་པོ་ནི་བསླབ་པའི་ཡན་ལག་གི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུ་དང་། བསམ་པ་རང་བཞིན་དུ་གནས་པའི་སེལ་བ་སྨྱོ་བ་ལ་སོགས་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བའོ། །བསླབ་པ་རྒྱུན་གཅིག་པ་ནི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་པས། བསླབ་པ་རྒྱུན་གཅིག་པའི་སེལ་བ་ཡང་ཀུན་གྱི་ཐུན་མོང་གི་སེལ་བ་ཡིན་ཞེས་གསུངས་སོ། །དེ་ནི་མ་ཡིན་ཏེ།་་་་་བསླབ་པ་རྒྱུན་གཅིག་པ་ནི་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་ཡང་། དེའི་སེལ་བ་བསླབ་པ་རྒྱུན་ཐ་དད་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བ་མ་ཡིན་ཏེ། སེལ་བ་འདི་ནི་སྦྱོར་བ་རྒྱུན་ལྡན་རྣམས་ལ་འཇུག་གི སྦྱོར་བ་རྒྱུན་མི་ལྡན་རྣམས་ལ་མི་འཇུག་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་སེལ་བ་ལ་བཞི་སྟེ། གཞིའི་སེལ་བ་ནི་གཞིའི་ཡན་ལག་མ་ཚང་བ་དང་། བསམ་པའི་སེལ་བ་དང་། སྦྱོར་བའི་སེལ་བ་དང་། མཐར་ཐུག་གི་སེལ་བ་སྟེ་མཐར་ཐུག་གི་ཡན་ལག་མ་ཚང་བའོ། །གཉིས་པ་སེལ་བའི་མཚན་ཉིད་ནི་ལྟུང་བ་རང་རང་གི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ངེས་གཟུང་དུ་དགོས་པའི་ཡན་ལག་མ་ཚང་བའོ། །དེ་ཡང་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རིན་ཐང་གི་ཡན་ལག་མ་ཚང་བ་ལྟ་བུའོ། །གསུམ་པ་སེལ་བ་ལ་ཅིར་འགྱུར་བསྟན་པ་ལ་བཞི་སྟེ་ན་སྨད་པར་འགྱུར་བ་དང་། ཆེས་ན་སྨད་པར་འགྱུར་བ་དང་། གཞན་དུ་འགྱུར་བ་དང་། ལྟུང་བ་མེད་པར་འགྱུར་བའོ། །དང་པོ་ནི། ཡན་ལག་གཅིག་མ་ཚང་བ་དཔེར་ན།་་་་་མ་བྱིན་ལེན་ལ་རིན་ཐང་གི་ཡན་ལག་མ་ཚང་བའམ། སྐྱོན་ནས་སྨྲ་བ་ལ་མཚན་མཐུན་པའི་ཡན་ལག་མ་ཚང་ལྟ་བུ་ཡན་ལག་གཅིག་མ་ཚང་ན་ནི་སྨད་དུ་འགྱུར་ཏེ། མཆོག་པར་བརྐུས་ནའོ་ཞེས་པ་དང་། འོག་མ་དག་ལ་ནི་གཞན་ལན་སྨད་པ་ཉིད་དོ་ཞེས་གསུངས་སོ། །དེའི་རྒྱུ་མཚན་ནི་དགག་མ་རྫོགས་པའི་ཕྱིར་རོ། །དེ་ཡང་ཕམ་ལྷག་གི་ན་སྨད་ནི་སྦོམ་པོ་ཡིན་ལ། སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་གསུམ་

༼༣༣༣༽

གྱི་ན་སྨད་ནི་ཉེས་བྱས་ཡིན་ནོ། །ཉེས་བྱས་ཀྱི་ན་སྨད་ནི་ཉེས་བྱ་ཕྲ་མོའོ། །གཉིས་པ་ཆེས་ན་སྨད་པར་འགྱུར་བ་ཡིན་ཡིན་ལག་གཉིས་མ་ཚང་བ་དཔེར་ན་མ་བྱིན་ལེན་ལ་བདག་པོ་མི་ཡིན་པ་མ་ཚང་ལ། དངོས་པོ་རིན་ཐང་ཚང་བ་ཡང་མ་ཡིན་པ་སྟེ། ལྷའི་རྫས་རིན་ཐང་མ་ཚང་བ་བརྐུས་པའམ། སྐྱོན་ནས་སྨྲ་བ་ལ་མཚན་མཐུན་དང་ལྟ་མཐུན་གཉིས་ཀ་མ་ཚང་བ་ལྟ་བུ། ཡན་ལག་གཉིས་མ་ཚང་ན་ཆེས་ན་སྨད་དུ་འགྱུར་ཏེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་གསུངས་སོ། །ཡན་ལག་གཅིག་མ་ཚང་བ་ལ་ཡང་ཆེས་ན་སྨད་དུ་འགྱུར་པ་ཡོད་དེ། མི་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པས། དུད་འགྲོ་མོ་ལ་རེག་ན་ཉེས་བྱས་སོ། །ཆེས་ན་སྨད་དུ་འགྱུར་བ་རྣམས་ཀྱི་རྒྱུ་མཚན་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །དེའང་ཕམ་ལྷག་གི་ཆེས་ན་སྨད་ནི་ཉེས་བྱས་ཡིན་ལ། སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ཆེས་ན་སྨད་ནི་ཉེས་བྱས་ཕྲ་མོ་ཡིན་ནོ། །ཉེས་བྱས་ཀྱི་ཆེས་ན་སྨད་ནི་ཉེས་བྱས་ཕྲ་བ་བས་ཕྲ་བའོ། །གསུམ་པ་གཞན་དུ་འགྱུར་བ་ལ་གསུམ་སྟེ། སྡེ་ཚན་གཞན་དུ་འགྱུར་བ་དང་། བཅས་པ་གཞན་དུ་འགྱུར་བ་དང་། གནས་སྐབས་གཞན་དུ་འགྱུར་བའོ། །དང་པོ་ནི། དཔེར་ན་མི་གསོད་པའི་ཕམ་པའི་ཡན་ལག་མ་ཚང་སྟེ་དུད་འགྲོ་གསོད་ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །གཉིས་པ་ནི། དཔེར་ན་གཞི་མེད་ལྷག་མའི་ཡན་ལག་མ་ཚང་སྟེ་སྦྱོར་བ་གསལ་པོར་སྨྲས་པ་མེད་པར། སྦྱོར་བ་མི་གསལ་བས་སྐུར་བ་བཏབ་ན་བག་ཙམ་གྱི་ལྷག་མར་འགྱུར་བ་སྟེ་ལྷག་མའི་སྡེ་ཚན་དུ་གཅིག་ཀྱང་བཅས་པ་གཞན་གྱི་ལྟུང་བར་འགྱུར་བའོ། །གསུམ་པ་ནི།་་་་་སྔ་མ་གཉིས་ལས་མིང་ཐ་དད་དུ་བཏགས་ཀྱང་དོན་ལོགས་པ་བཤད་དུ་མེད་ཅེས་ཤ་མི་གསུངས་ཡང་། མ་གོ་བར་ཟད་དེ་འདི་ནི། རང་རང་གི་ལྟུང་བ་རྣམ་གཞག་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ཐམས་ཅད་ཡིན་ནོ། །དཔེར་ན་རེག་པའི་ལྷག་མའི་ཡན་ལག་མ་ཚང་བ་སྟེ། རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པ་མེད་པར། རེག་འདོད་ཙམ་པོས་བུད་མེད་ལ་རེག་ན་ནི། ལྟུང་བ་རྣམ་

༼༣༣༤༽

གཞག་གི་སྐབས་གསུམ་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ།་་་་་དགེ་སློང་མ་ལ་རེག་པར་མི་བྱའོ། །བུད་མེད་ལ་རེག་པར་མི་བྱའོ། །ཞེས་སོ། །དེ་ནི་རེག་པའི་བཅས་པ་ལ་ལྟོས་ནས་བཅས་པ་གཞན་དུ་འགྱུར་བ་མ་ཡིན་ཏེ། རེག་པའི་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ཡང་རེག་པའི་ལྟུང་བ་རྣམ་གཞག་གི་གནས་སྐབས་གསུམ་ལས་གཞན་རེག་པའི་བསླབ་བྱའི་གནས་སྐབས་ཡིན་པའི་ཕྱིར་རོ། །བསླབ་བྱའི་ཉེས་བྱས་དེ་ནི་ཆེས་ན་སྨད་པ་མ་ཡིན་ཏེ། ཆེས་ན་སྨད་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་བསླངས་པ་ཡིན་ལ། བསླབ་བྱའི་ཉེས་བྱས་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །དེ་བཞིན་དུ་དགེ་སློང་ལ་བརྡེག་པའི་ལྟུང་བྱེད་ཀྱི་ཡན་ལག་མ་ཚང་སྟེ་ལྗོན་ཤིང་ལ་བརྡེག་ན་ཉེས་བྱས་སུ་འགྱུར་བ་དང་། མེ་རེག་གི་ཡན་ལག་མ་ཚང་སྟེ། སེང་གེ་ལ་རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ།་་་་་ན་སྨད་ཀྱི་ཉེས་བྱས་དང་། ཆེས་ན་སྨད་ཀྱི་ཉེས་བྱས་དང་། བསླབ་བྱའི་ཉེས་བྱས་གསུམ་ནི་ཉེས་བྱས་ཙམ་དུ་འདྲ་ཡང་། དང་པོ་གཉིས་ནི་ལྟུང་བ་རྣམ་གཞག་གི་ཉེས་བྱས་ཡིན་ལ། ཐ་མ་ནི་ལྟུང་བ་རྣམ་གཞག་གི་ཉེས་བྱས་མིན་ཏེ། རང་རང་གི་ལྟུང་བ་རྣམ་གཞག་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །བཞི་པ་ལྟུང་བ་མེད་པར་འགྱུར་བ་ལ་བཞི་ལས་དང་པོ་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི། ལུང་འདུལ་བྱེད་ལས་ཚེ་དང་ལྡན་པ་ཚུར་ཤོག་ཆུང་ངུ་ཆུང་ངུ་ནས་མ་བྱིན་པར་བླངས་ན་ལྟུང་བར་མི་འགྱུར་རོ་ཞེས་དགེ་སློང་ཁ་ཅིག་གིས་གཞན་ལ་སྨྲ་བ་ལྟ་བུའོ།་་་་་མཐའི་ལྟུང་བར་མི་འགྱུར་ཞེས་བླ་མ་རྣམས་གསུང་ཡང་། མཐའི་ལྟུང་བ་ཞེས་པ་ནི་ལུང་དང་འོད་ལྡན་དུ་མི་སྣང་ངོ་། །གཉིས་པ་ལྟུང་བ་རྣམ་གཞག་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི་སྲོག་གཅོད་པའི་ཕམ་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། ཉེ་སྡེ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའམ།་་་་་ལྟ་བུ་སྟེ་མངལ་རླུགས་པ་ལ་རྗེས་སུ་ཡི་རང་ན་བསླབ་བྱའི་ཉེས་པ་ཡོད་ཀྱང་། སྲོག་གཅོད་དངོས་ཀྱི་ལྟུང་བ་རྣམ་གཞག་མེད་པ་ལ་དགོངས་ནས་ལྟུང་བ་མེད་དོ་ཞེས་གསུངས་སོ། རེག་པའི་ཕམ་པའི་སྐབས་ལས། བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་

༼༣༣༥༽

ལྟ་བུའོ།་་་་་རེག་པ་དེ་བདག་གིར་མི་བྱེད་ཀྱང་གཞན་ཡིན་ན། བྱིས་པ་ལའང་རེག་པར་མི་བྱའོ་ཞེས་གསུངས་པ་ལས་འདས་པ་བསླབ་བྱའི་ཉེས་བྱས་འབྱུང་མོད་ཀྱི། རེག་པའི་ལྟུང་བ་རྣམ་གཞག་མེད་པ་ལ་དགོངས་ནས་ལྟུང་བ་མེད་དོ་ཞེས་གསུངས་སོ། །གསུམ་པ་སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་སྐབས་སུ། བརྗོད་བཏགས་ལ་སོགས་པའི།་་་་་ལས་སུ་མ་བྱས་པ་་་་་་འབྲུ་རྗེན་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་ན། ལས་མ་བྱས་པ་སྟེ་འབྲས་བུ་རྗེན་པ་ལ་སོགས་པ། ལ་ཡང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་སྐབས་གཞན་དུ་གཏོགས་པའི་ཉེས་བྱས་ནི་ཡོད་དེ། མདོ་ལས་འབྲུ་རྗེན་པར་བླང་བར་མིའོ་ཞེས་ཊཱི་ཀས་དྲངས་སོ། །བཞི་པ་ལྟུང་བ་གཏན་ནས་མི་བསྐྱེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ལ་གཉིས་ཏེ། རང་བཞིན་དང་བཅས་པ་མཐའ་དག་གི་ལྟུང་བ་མེད་པ་དང་། བཅས་པ་འབའ་ཞིག་གི་ལྟུང་བ་མེད་པའོ། །དང་པོ་ནི་ཤེས་པ་རང་བཞིན་དུ་མི་གནས་པ་སྨྱོ་བ་ལྟ་བུ་དང་། རང་རང་གི་ཀུན་སློང་མེད་པ་དང་། རང་རང་གི་ལས་དང་པོ་པ་དང་། བསླབ་པའི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུའོ། །གཉིས་པ་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ལ་བཞི་སྟེ། དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མེད་པ་དང་། རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་དང་། བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པ་དང་། སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པའོ། །ལྟུང་མེད་བཞི་པོ་དེ་རྣམས་ནི་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྐབས་སུ་ནི་ལྟུང་མེད་བཞི་པོ་དེ་དག་མི་སྲིད་དེ། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ངོ་བོ་ཉིད་ཀྱིས་དགག་བྱར་གྱུར་པའི་ཕྱིར་ཉེས་དམིགས་མེད་པ་མི་སྲིད་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲོག་ལ་བབ་ཀྱང་མ་གནང་བའི་ཕྱིར་རྣམ་པར་དག་པ་བག་ཡངས་དང་འབྲེལ་བ་མི་སྲིད་ཅིང་རང་བཞིན་གྱི་

༼༣༣༦༽

ཁ་ན་མ་ཐོ་བ་ལ་ཞུགས་ན་དེ་ཉིད་ཀྱིས་་་་་་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྤོང་བའི། ཚུལ་ཁྲིམས་ཀྱི་བར་ཆད་དུ་འགྱུར་བའི་ཕྱིར། བར་ཆད་སྤང་བའི་དོན་དུ་ལྟུང་མེད་དུ་འགྱུར་བ་མི་སྲིད་ལ།་་་་་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི། ཚུལ་ཁྲིམས་ཀྱི་དོན་དུ་རང་གི་སྲོག་འདོར་བར་གསུངས་པའི་ཕྱིར་བསྒྲུབ་པར་མི་ནུས་པ་ཡང་མི་སྲིད་དོ། །དེ་ལ་དང་པོ་དགག་བྱ་ཉེས་དམིགས་མེད་པས་ལྟུང་བ་མེད་པ་ནི་རྡོ་འམ་སོ་ཕག་ལས་ཉི་མ་གཅིག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིག་ཀྱང་ལྟུང་བ་མེད་པའམ། རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལ་རང་རང་གི་ལྟུང་བ་མི་བསྐྱེད་དེ། ལྟུང་བར་བཅས་པ་མེད་པའི་ཕྱིར་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མེད་པའི་ཕྱིར་རོ། །འོ་ན་སྲོག་ཆགས་ལ་མི་གནོད་པའི་ས་རྐོ་བ་དང་སེམས་འཁྲུལ་པར་མི་འགྱུར་པའི་ཆང་འཐུང་བ་ཡང་ལྟུང་བ་མེད་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། དངོས་ཀྱི་དགག་བྱ་མེད་ཀྱང་བརྒྱུད་པའི་དགག་བྱ་ཡོད་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བ་དང་ཚོད་ཡོངས་སུ་མི་ཤེས་པ་ལ་སོགས་པའི་དགག་བྱ་ཡོད་པའི་ཕྱིར་རོ། །འོ་ན་རྡོ་འམ་སོ་ཕག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལའང་་་་་་ཧ་ཅང་ཐལ་བར་འགྱུར་བ་ལ་སོགས་པའི་དགག་བྱ་ཡོད་པར། མཚུངས་སོ་སྙམ་ན། རྡོ་བ་ལ་སོགས་པ་ནི་དངོས་པོ་ངེས་པས་བཅས་པའི་ས་མཚམས་ཟིན་པའི་ཕྱིར་ཧ་ཅང་ཐལ་བ་ལ་སོགས་པ་མེད་དོ། །གཉིས་པ་རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་ལ་གཉིས་ཏེ། བག་ཡངས་ཆེན་པོ་བྱས་པས་ཉེས་པ་མེད་པ་དང་། བག་ཡངས་ཁ་འཐོར་བ་བྱས་པ་ལ་ཉེས་པ་མེད་པའོ། །དང་པོ་བག་ཡངས་ཆེན་པོ་འདི་གཏན་ལ་དབབ་པ་ལ་ལྔ་སྟེ། བག་ཡངས་བྱ་བར་གནང་བའི་ལུང་ཁུངས་དང་གཞི་གང་ལ་བག་ཡངས་བྱ་བ་དང་། ཆེད་དུ་བྱ་བ་གང་གི་ཕྱིར་བག་ཡངས་བྱ་བ་དང་། ཆོ་ག་གང་གིས་བག་ཡངས་བྱ་བ་དང་། བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པའོ། །དང་པོ་ལུང་ཕྲན་ཚེགས་ལས། དགེ་སློང་

༼༣༣༧༽

དག་བསླབ་པའི་གཞི་ཕྲ་མོ་དང་ཕྲན་ཚེགས་གང་ཡིན་པ་དེ་དག་ནི་དགེ་འདུན་ཚོགས་ནས་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ། །ཞེས་གསུངས་སོ། །སོ་སོ་ཐར་བའི་མདོ་འདོན་པའི་ཚེ།་་་་་གང་གིས་ཚུལ་ཁྲིམས་ཕྲ་མོ་དང་ཕྲན་ཚེགས་འདོན་ན་དགེ་སློང་གི་དགེ་འདུན་གྱིས་ཕྱིར་ཀློད་ལ་བདེ་བ་རེག་པར་མནོས་ཤིག་ཅེས་ཀྱང་ལུང་ཕྲན་ཚེགས་ལས་བཤད་དོ། །གཉིས་པ་གཞི་གང་ལ་བག་ཡངས་བྱ་བ་ནི། བསླབ་པའི་གཞི་ཕྲ་མོ་རྣམས་ལ་བྱ་སྟེ། ཕྲ་མོ་དེའི་ཚད་ཇི་ཙམ་ཞེ་ན། འདི་ལ་་་་་་ལུང་ཕྲན་ཚེགས་ཀྱི་བཀའ་བསྡུ་བ་དང་པོའི་སྐབས་ལས། དགྲ་བཅོམ་པ་འོད་སྲུངས་ཆེན་པོས། དོག་མཐའ་གཟུང་བ་དང་ཡངས་མཐའ་གཟུང་བ་གཉིས་སུ་གསུངས་ཏེ། དོག་མཐའ་གཟུང་ན་རྣམ་འབྱེད་ནས་གསུངས་པའི་བསླབ་པའི་གཞི་རྣམས་ལས་གཞན་པ་སྟེ་གཞིས་བསྡུས་པའི་ཉེས་བྱས་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ། །ཡངས་མཐའ་གཟུང་ན་ཕམ་ལྷག་ལས་གཞན་པ་སྟེ། སྤང་ལྟུང་མན་ཆད་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་ཕམ་ལྷག་ལ་བག་ཡངས་མེད་ལ། སྤང་ལྟུང་མན་ཆད་ལ་བག་ཡངས་ཡོད་དོ་ཞེས་བསྟན་པའོ། །སྤང་ལྟུང་མན་ཆད་པོ་དེ་དག་གི་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་བག་ཡངས་མེད་ལ། བཅས་པའི་ཁ་ན་མ་ཐོ་བའི་གཞི་ལ་བག་ཡངས་ཡོད་པ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ལྟུང་བ་ཕྲན་ཚེགས་ཕྲ་མོ་ཞེས་བྱ་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པའོ་ཞེས་གསུངས་སོ། །གསུམ་པ་ཆེད་དུ་བྱ་བ་་་་་་འདི་ལ་བཞི་ལས་དང་པོ་ནི། དགེ་འདུན་གྱི་ནང་ན་དགེ་སློང་ཁ་ཅིག་ནི་ལྟུང་བ་མ་བྱུང་བ་ལ་མ་བྱུང་བར་འདུ་ཤེས་ལ། ཁ་ཅིག་ལྟུང་བ་མ་བྱུང་བ་ལ་བྱུང་བར་འདུ་ཤེས། ཁ་ཅིག་ནི་ལྟུང་བ་བྱུང་བ་ལ་བྱུང་བར་འདུ་ཤེས་པ་དང་། ཁ་ཅིག་ལྟུང་བ་བྱུང་

༼༣༣༨༽

བ་ལ་མ་བྱུང་བར་འདུ་ཤེས་པས་གཞི་དེས་འཐབ་མོ་དང་མཚང་འབྲུ་བ་དང་། རྩོད་པ་དང་འགྱེད་པ་འབྱུང་བར་འགྱུར་ཞིང་། དེས་དགེ་འདུན་མི་བདེ་བར་འགྱུར་བས་དེའི་ཕྱིར་རྩོད་པ་དེ་ཉིད་ཞི་བར་བྱ་བའི་ཕྱིར་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །དེ་ལ་གཉིས་པ་གང་ཟག་རླབས་པོ་ཆེ་དོན་ཆེན་པོ་དང་ལྡན་པ་གཞུག་པ་ན་འདི་ཡིན་ཏེ། འདི་ལྟ་སྟེ། དགེ་འདུན་གྱིས་གང་ཟག་རིགས་མཐོན་པོ་བསྟན་པ་ལ་གཅེས་སྤྲས་བྱེད་པ་ཞིག་རྙེད་ལ། དེ་ཡང་དེ་ལྟར་མ་བྱས་ན་བསྟན་པ་ལ་འཇུག་པར་མི་འགྱུར་ན། དེ་གཞུག་པའི་དོན་དུ་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །གསུམ་པ་དེ་ལ་བསྟན་པ་འཕེལ་བར་བྱ་བ་ནི་འདི་ཡིན་ཏེ། དུས་ཀྱི་མཐའ་རྩོད་པའི་དུས་ཀྱི་དུས་ངན་པ་བྱུང་བའི་ཚེ་སེམས་ཅན་དག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་མང་པོ་དག་ལ་བསླབ་པར་མ་འདོད་ཅིང་། མ་ཞུགས་པ་ནི་མི་འཇུག་ལ་ཞུགས་པ་སྒྱིད་ལུག་པར་འགྱུར་ཏེ། དེས་བསྟན་པ་ཡོངས་སུ་ཉམས་པར་འགྱུར་ཞིང་འཕེལ་བར་མི་འགྱུར་བས་གཞི་དེའི་ཕྱིར་དགེ་འདུན་མཐུན་པས་བསྟན་པ་འཕེལ་བར་བྱ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་དག་བག་ཡངས་སུ་བྱེད་པའོ། །བཞི་པ་དེ་ལ་དཀའ་བས་འཚོ་བ་སྤང་བ་ནི་འདི་ཡིན་ཏེ། དུས་ཀྱི་མཐའ་རྩོད་པའི་དུས་ངན་པ་བྱུང་བའི་ཚེ་དགེ་སློང་དག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བའི་རྒྱུས་དཀའ་བས་འཚོ་བར་བྱེད་པས། དེའི་ཕྱིར་དཀའ་བས་འཚོ་བ་དེ་ཉིད་བག་ཡངས་སུ་བྱ་བའི་ཕྱིར། དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ། །ཞེས་དེ་རྣམས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །གང་གི་ཕྱིར་བག་ཡངས་བྱ་བ་ནི། ཆེད་དུ་བྱ་བ་བཞི་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་འདུན་གྱི་དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དང་།་་་་་དགྲ་བཅོམ་པ་འོད་སྲུང་ཆེན་པོས། བསྟན་པ་འཕེལ་བར་བྱ་བ་དང་། །དཀའ་བས་འཚོ་བ་སྤང་བས་སོ་ཞེས་བཤད་དོ། །བཞི་པ་ཆོ་ག་གང་གིས་བག་ཡངས་བྱ་བ་ནི། གསོལ་བ་དང་། བཞིའི་ལས་ཀྱིས་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་གསོལ་བ་དང་། བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་བག་ཡངས་བྱེད་པའོ། །ཞེས་གསུངས་ལ། རྒྱ་གར་གྱི་མཁན་པོ་དྷརྨ་པ་ལ་ནས་བརྒྱུད་པའི་ཡི་གེ་ལས་འདིའི་ཆོ་ག་རྒྱས་པར་བྱུང་ངོ་། །ལྔ་པ་བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པ་ནི། ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཡིན་གྱི། སྡེ་པ་གཞན་ཁ་ཅིག་ནི་མི་འདོད་དེ། བཙུན་པ་ངོ་བོ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号