ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༦༧༥༽

རུང་བ་བྱ་བ་ནི། མེས་རུང་བ་ནི་སྤྱིའི་ཚུལ་གྱིས་ཀྱང་བྱར་རུང་ལ། རུང་བ་གཞན་རྣམས་ནི་སོ་སོ་ལ་རེ་རེ་ནས་བྱ་སྟེ། མེས་རུང་བར་བྱ་བ་ལ་སྤྱིའི་ཚོམ་ནི་གཙོ་ཆེར་བྱ་བ་ཞེས་གསུངས་ལ་མེ་ནི་ནུས་པ་ཆེ་བའི་ཕྱིར་ཏེ། རྣམ་འབྱེད་འགྲེལ་བ་ལས་མེས་རེག་པའི་ཕྱིར་བཀྲ་མི་ཤེས་པ་ཉིད་ཀྱིས་ས་བོན་གྱི་ཐ་སྙད་ལས་ལོག་པའི་ཕྱིར་ཞེས་བཤད་དོ། །རུང་བ་གཞན་སོ་སོ་ནས་བྱ་བའི་གཞུང་ནི། རྣམ་འབྱེད་ལས་མཚོན་དང་སེན་མོས་ནི་རེ་རེ་ནས་སོ་གསུངས་སོ། །བཞི་པ་རུང་བར་བྱེད་པ་ལ་བསམ་པ་དགོས་སམ་མི་དགོས་ནི། རྙིས་པ་མ་གཏོགས་པ་ལ་དགོས་ཏེ། བརྟག་པའི་ཆོ་ག་ཡིན་པའི་ཕྱིར་དང་། རེག་པའི་ཁྱད་པར་དང་ནེ་ཚོ་དག་གིས་ཞེས་སྒྲའི་ཁྱད་པར་སྨོས་པའི་ཕྱིར་དང་། བཀས་པའི་རུང་བ་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། བལ་པོ་སིའུ་ལ་སོགས་པ་ལྟ་བུ།་་་་་རང་གས་པ་ཉིད་ནི་རུང་བ་ཉིད་མ་ཡིན་ཞེས་བཤད་པ་དང་། ཆོ་ག་གཞན་ལ་ཀུན་སློང་མེད་ན་མི་འབྱུང་བར་གསུངས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལྔ་པ་རུང་བར་བྱས་པ་འཇིག་པའི་རྒྱུ་ནི་་་་་་མེས་འཚིག་པ་ལྟ་བུ། ས་བོན་མ་ཡིན་པ་ཉིད་དུ་གྱུར་པ་་་་་་ན་རུང་བ་དོན་མེད་དུ་འགྱུར་བའི་ཕྱིར། དང་། སྐྱེ་བ་གཞན་དུ་གྱུར་པ་་་་་་སྒོག་པ་ལ་མྱུ་གུ་སྐྱེ་བ་ལྟ་བུ། དང་། གཞི་ཆོས་མི་ལྡན་དུ་གྱུར་པའོ།་་་་་ན་རུང་བ་ཞིག་སྟེ་གསོག་འཇོག་གི་ཊཱི་ཀ་ལས་སྐྱེས་པར་གྱུར་ན་ཞག་ལོན་ཞིག་པར་གསུངས་པའི་གནད་དེ། ཁ་ཅིག་་་་་་ཀླུགས་དཀར་ན་རེ་ཞག་ལོན་ན་ཡང་རུང་བ་འཇིག་སྟེ། དགེ་སློང་མའི་འདུན་པ་ཞག་ལོན་ན་འཇིག་པའི་གནད་ཀྱིས་ཤེས་སོ། །རུང་ཆུ་བཏབ་པ་ཞག་ལོན་ན་ཡང་དེ་བཞིན་ནོ་ཞེས་ཀྱང་ཟེར་རོ། །ཡན་ལག་གི་དོན་ནི། རྣམ་འབྱེད་འགྲེལ་ལས་ས་བོན་གྱི་ཆོས་མེད་པ་ནི་ས་བོན་མི་སྐྱེ་བ་ཉིད་་་་་་མ་སྨིན་པའི་སྲུས་ཕྲ་བ་ལྟ་བུ། དོ་ཞེས་བཤད་ཅིང་། ཊཱི་ཀ་ལས་ག་གོན་ཞེས་པ་ནི་ཉུང་མ་སྟེ། དེ་ལ་ཡུལ་འགའ་ཞིག་ན་ག་གོན་ཟེར་རོ།་་་་་།ག་གོན་ལ་སོགས་པ་ས་བོན་དུ་མ་རེད་པ་ཉིད་དག་ལྟ་བུའོ་་་་་་ས་བོན་དུ་མ་རེད་པ་ནི་རྩ་བ་ཕྲ་མོ་ལྟ་བུ། །ཞེས་སོ། །ལུང་རྣམ་འབྱེད་ལས་རུང་བ་ལྔ་པོ་ཕྱུང་བ་དང་བཀྲུམ་པ་དང་བཀས་པ་དང་བཅད་པ་དང་ས་བོན་གྱི་ཆོས་མེད་པ་ཉིད་ནི་ལྔ་པ་ཡིན་ཏེ་ཞེས་གསུངས་སོ། །

༼༦༧༦༽

རུང་བ་ལྔ་པ་་་་་་ས་བོན་གྱི་ཆོས་མེད་པ། འདི་ནི་ས་བོན་གྱི་རུང་བ་མཚན་ཉིད་པ་མ་ཡིན་ཏེ། རུང་བའི་མིང་བཏགས་ཀྱང་ས་བོན་ཡིན་པར་གཞི་མ་གྲུབ་པའི་ཕྱིར་དང་། ཞུ་བ་ལས་ཀྱང་དགེ་སློང་གིས་རུང་བར་མ་བགྱིས་པའི་འབྲས་བུ་ལོངས་སྤྱོད་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་ས་བོན་དུ་མ་རེད་པ་དག་ལ་ས་བོན་གྱི་ཆོས་མ་ཡིན་ནོ་སྙམ་ནས་ལོངས་སྤྱོད་ནའོ་ཞེས་གསུངས་སོ། །རུང་བ་མཚན་ཉིད་པ་ནི་དགུ་སྟེ། མེས་རེག་པ་དང་ཞེས་པ་ནས་སོ། །ཕྱུང་བ་དང་ཞེས་པ་ལ་ཕྱུང་བཅད་སྐྱེ་བའི་རུང་བ་ཡིན་པས་རྩ་བ་དང་སྡོང་བུ་ཕྱུང་བཅད་བྱས་པ་དེའི་རླན་གྱིས་སྐྱེ་བའི་རྒྱུན་གནས་ཀྱང་དེ་བཅད་པ་ལ་སྐྱེ་བ་བཅད་པའི་ལྟུང་བ་མེད་དོ། །ཕྱིས་ལོ་མ་སྐྱེས་པའི་རུང་བ་ནི་མ་ཡིན་ཏེ་སྐྱེ་བའི་རྒྱུན་གཞན་ཡིན་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས་ས་བོན་གྱི་རིགས་ལྔ་ལས་་་་་་རྩ་བའི་ས་བོན་ལྟ་བུ་ལ། རུང་བར་བྱས་ཀྱང་སའི་ནང་དུ་བཞག་གམ་སྣོད་ཀྱི་ནང་དུ་བཞག་གམ་གདང་ཤིང་ལ་བཀལ་ཀྱང་རུང་སྟེ་མྱུ་གུ་སྐྱེས་པར་གྱུར་པ་དེ་ཆུད་བསན་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་སོ། །དེས་ན་སྒོག་པ་གདང་ལ་གཟར་བ་གཅོད་ནའང་གཅོད་པའི་ལྟུང་བྱེད་བསྐྱེད་པར་གྲུབ་བོ། །འདི་ལ་རླངས་པ་ནི་ཞེས་པ་མེ་དང་འབྲེལ་བའི་རླངས་པས་བདུག་ན་རུང་བའི་གོ་ཆོད་པ་སྟེ། ཕྲན་ཚེགས་ལས་ས་བོན་གྱི་རིགས་མེས་ཚོས་པ་ཞེས་བྱ་བ་ཡོད་པས། དེའི་ཕྱིར་རླངས་པས་བརླན་ཏེ་བཟའ་བར་རྗེས་སུ་གནང་ཞེས་སོ། །ལུང་དེ་ནི་རླངས་པས་བདུག་ན་རུང་བའི་གོ་ཆོད་པ་དང་ས་བོན་མ་ཡིན་པར་གྱུར་པ་ལ་ལྟོས་མི་དགོས་པ་དང་གཉིས་ཀའི་གཞུང་ཡིན་ནོ། །སྨན་གསུམ་ལ་རུང་ཆུ་གདབ་པ་ནི་ཞག་བདུན་པ་དང་ཞེས་པ་ནས་ཏེ། འདིའི་སྤྱི་དོན་ལ་གཉིས་ལས་དང་པོ་རུང་ཆུ་བཏབ་པའི་དགོས་པ་ནི། དངོས་ཀྱི་དགོས་པ་རུང་ཆུ་མ་བཏབ་པའི་ཉེས་བྱས་མི་འབྱུང་བ་དང་། བརྒྱུད་པའི་དགོས་པ་ཕྱི་དྲོ་དང་མཚན་མོ་ལོངས་སྤྱད་དུ་རུང་མི་རུང་གི་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་གཞི་གང་་་་་་དངོས་པོ་ཆོས་བཞི་ལྡན་གཅིག་སྟེ། ལ་རུང་ཆུ་གདབ་པ་ནི། དང་པོ་སྨན་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། དུས་སུ་རུང་བ་ནི་རྐྱེན་དང་མི་ལྡན་པས་ཕྱི་དྲོ་དང་མཚན་མོ་ལོངས་སྤྱོད་པ་བཀག་པའི་ཕྱིར་རོ། །གཉིས་པ་རུང་བ་ཡིན་པ་སྟེ་མི་རུང་

༼༦༧༧༽

བ་ཆང་ལྟ་བུ་ཡིན་ན་ལོངས་སྤྱོད་པ་བཀག་པས་རུང་ཆུའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ཕྱི་དྲོའམ་མཚན་མོ་སྐྱ་རེངས་འཆར་ཀ་ཡན་ཆད་ཀྱི་ཚེ་ན་ལོངས་སྤྱོད་པ་ཡིན་པ་སྟེ། སྐྱ་རེངས་དང་པོ་ཤར་བ་ན། ཕྱི་དྲོའི་ཁ་ཟས་སུ་འགྱུར་མི་འགྱུར་གྱི་བཅས་པའི་ས་མཚམས་འཛིན་པའི་ཆོ་ག་དོན་མེད་པའི་ཕྱིར་རོ། །བཞི་པ་སྔར་རུང་ཆུ་བཏབ་ཟིན་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་པའི་གནད་ཀྱིས་སོ། །བྱེ་བྲག་ཏུ་ཐུན་ཚོད་དུ་རུང་བ་བྱིན་གྱིས་རློབ་ན་ཚགས་ཀྱིས་བཙག་པའི་ཆོ་ག་རྫོགས་པ་ལ་རུང་ཆུ་གདབ་སྟེ། གཞན་དུ་ན་ཆོ་གའི་གོ་རིམ་འཆོལ་བར་འགྱུར་བའི་ཕྱིར་རོ།་་་་་ཁོལ་པའི་གནས་སྐབས་མ་ཡིན་པ་ལ་རུང་ཆུ་གདབ་སྟེ། ཇོ་བོ་རྗེའི་ཞལ་ནས་བྱེ་བྲག་སྨྲ་བའི་ལུགས་ཀྱིས་དབྱིབས་དང་ཁ་དོག་དང་རེག་བྱ་རྫས་ཐ་དད་དུ་འདོད་པས་ཁོལ་བཞིན་པ་མ་ཡིན་པ་ལ་རུང་ཆུ་གདབ་དགོས་གསུང་ངོ་། །དེ་ལ་བརྟེན་ནས་བོད་ཀྱི་འདུལ་འཛིན་ཁ་ཅིག་གིས་ཚིགས་སུ་བཅད་པ། མི་རུང་བ་དང་དུས་རུང་དང་། །ཁོལ་བ་དག་གི་གནས་སྐབས་སུ། །རུང་ཆུ་འཇུག་པའི་སྐབས་མིན་ནོ་ཞེས་སྨྲས་སོ། །ཊཱི་ཀ་ལས་བུ་རམ་ཡང་མེས་བསྐོལ་བ་ན་ཆུ་གྲང་མོས་གདབ་པར་བྱ་བ་ཡིན་མོད་ཀྱི་དེའི་ཚེ་ཆུའི་བཏབ་པ་དེས་རུང་བར་བྱས་པ་ཉིད་དུ་མི་ཚུད་དོ་ཞེས་གསུངས་པས་ཀྱང་ཤེས་གསུངས་སོ། །འོན་ཀྱང་དེ་ནི་རུང་ཆུ་གདབ་པའི་བསམ་པ་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །གཉིས་པ་རྟེན་གང་གིས་རུང་ཆུ་གདབ་པ་ནི་བསྙེན་པར་མ་རྫོགས་པས་གདབ་སྟེ། རུང་བ་བྱ་བ་ལ་བཤད་པ་བཞིན་ནོ། །དགེ་སློང་གི་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ཞེས་གསུངས་པའི་གནད་ཀྱིས། དགེ་སློང་གིས་རུང་ཆུ་བཏབ་ན་་་་་་རུང་ཆུ་མ་བཏབ་པའི་ཉེས་བྱས་ཁེགས་ཏེ། རུང་ཆུ་བཏབ་པ་ཙམ་དུ་འགྱུར་ཡང་། མི་འོས་པ་ལ་འཇུག་པའི་ཉེས་བྱས་སོ།་་་་་རུང་ཆུའི་སྐབས་ཀྱི་འགྲེལ་ཆུང་ལས། བདག་གིས་བཏབ་ན་ཉེས་བྱས་སོ་ཞེས། གསུམ་པ་དུས་གང་གི་ཚེ་རུང་ཆུ་གདབ་པ་ནི་ཕྱི་དྲོ་དང་མཚན་མོ་སྐྱ་རེངས་འཆར་ཀ་ཡན་གྱི་དུས་དེ།་་་་་ཕྱི་དྲོ་དང་མཚན་མོ་ལོངས་སྤྱད་དུ་རུང་མི་རུང་གི་བཅས་པའི་ས་མཚམས་བཟུང་བར་བྱ་བའི་ཕྱིར་རོ། །དམིགས་བསལ་ནི་སྨན་བྱིན་གྱིས་རློབ་ན་སྔ་དྲོ་རུང་ཆུ་གདབ་སྟེ་རུང་ཆུ་གདབ་པ་ནི་སྨན་བྱིན་རློབ་པའི་སྔོན་འགྲོའི་ཆོ་ག་ཡིན་ལ། ཟས་སྔ་

༼༦༧༨༽

མའི་ཚེའོ་ཞེས་སྨན་སྔ་དྲོ་བྱིན་གྱིས་བརླབ་པར་གསུངས་པས་ཤེས་སོ། །བཞི་པ་དངོས་པོ་གང་གདབ་པ་ནི་མེས་མ་རེག་པའི་ཆུ་གྲང་མོ་སྟེ། འདི་ཉིད་ལས་ཆུ་གྲང་མོས་ཞེས་པ་དང་། ཊཱི་ཀ་ལས་ཞག་བདུན་པ་ལ་ནི་མེས་རུང་བར་བྱ་བ་མི་སྲིད་དོ་ཞེས་བཤད་དོ། །དེའི་དོན་ནི་ཆུ་བསྐོལ་ནས་གྲང་བ་ལྟ་བུ་སྟེ་འཇིག་རྟེན་ལ་གྲགས་པའི་མེ་དང་འབྲེལ་པའི་ཆུས་རུང་ཆུ་གདབ་པར་བྱ་བ་མི་སྲིད་ཅེས་བསྟན་པ་ཡིན་ནོ་ཞེས་གསུང་ངོ་། །ལྔ་པ་རུང་ཆུ་གདབ་པ་ལ་བསམ་པ་དགོས་སམ་མི་དགོས་ནི། རུང་ཆུ་གདབ་པའི་བསམ་པ་དགོས་ཏེ།་་་་་ཊཱི་ཀ་ལས་བུ་རམ་ཡང་མེས་བསྐོལ་བ་ན། ཆུ་གྲང་མོས་གདབ་པར་བྱ་བ་ཡིན་མོད་ཀྱི། དེའི་ཚེ་ཆུས་བཏབ་པ་དེས་རུང་བར་བྱས་པ་ཉིད་དུ་མི་ཚུད་དོ་ཞེས་གསུངས་ཏེ་རུང་ཆུ་གདབ་པའི་བསམ་པ་མེད་པའི་ཕྱིར་རོ་ཞེས་དགོངས་པ་ལའོ་གཞན་ཡང་ཊཱི་ཀ་ལས་མར་བསྲུབ་པའི་ཚེ་ན་ཡང་ཆུ་གྲང་མོ་གདབ་དགོས་མོད་ཀྱི་དེའི་ཚེ་ན་བཏབ་པས་ནི་རུང་བར་བྱས་པ་ཉིད་མ་ཡིན་ནོ་ཞེས་གསུངས་ཏེ་རུང་ཆུ་གདབ་པའི་བསམ་པ་ཞིག་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་མར་བསྲུབ་པའི་ཚེ་ན། ཆུ་གྲང་མོ་བཏབ་པ་དེ་རུང་བར་བྱས་པ་མ་ཡིན་པའི་རྒྱུ་མཚན་དུ་ཊཱི་ཀ་ལས་སྦྱོར་བ་དེ་ནི་མ་གྲུབ་པའི་གནས་སྐབས་ཡིན་པའི་ཕྱིར་རོ་ཞེས་ཀྱང་བཤད་དོ། །རུང་བ་བྱ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །དྲུག་པ་རུང་ཆུ་བཏབ་པ་འཇིག་པའི་རྒྱུ་ནི་རུང་བར་བྱས་པའི་འཇིག་རྒྱུ་སྔར་བཤད་པ་བཞིན་འདིར་ཡང་ངོ་། །ཡན་ལག་གི་དོན་ནི། བཅོམ་ལྡན་འདས་ལ་སྤྲེའུས་སྤྲང་རྩི་ལ་ཆུ་གྲང་མོས་གཏོར་བ་ཕུལ་བའི་བྱུང་བ་དང་འབྲེལ་ནས་ཞག་བདུན་པ་དང་ཞེས་སོ། །ཐུན་ཚོད་དུ་རུང་བ་དང་ཞེས་པའི་ཊཱི་ཀ་ལས་དྲོ་འཇའ་ལ་སོགས་པ་ཞེས་ཏེ། དྲོ་འཇའ་ནི་རྒུན་གྱི་ཁུ་བ་ནི་བསྐོལ་ན་ཞེས་པའི་སྐབས་ཀྱི་ལུང་སྨན་གྱི་གཞི་ལས། རྒུན་འབྲུམ་རྣམས་མཉེས་ལ་ཁུ་བ་་་་་་བཙིར་མ་ཐག་ཏུ་བསྐོལ་ཏེ། དྲོ་འཇར་བྱས་ཏེ། དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ་ཞེས་གསུངས་སོ།།  །།ད་ནི་འཕྱ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་ཞལ་ཏ་བ་ལ་འཕྱ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་

༼༦༧༩༽

དགེ་འདུན་གྱི་ཞལ་ཏ་ཚུལ་བཞིན་དུ་བྱེད་པའི་དགེ་སློང་ལ་བཅས་ལྡན་དགེ་སློང་དམན་པའི་གྲངས་སུ་བགྲངས་པས་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱའམ་གཞོགས་འཕྱས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གཉིས་ལས་གང་ལ་འཕྱ་བའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་འདུན་གྱི་ཞལ་ཏ་བ་ཡིན་པ་དང་། རང་ལ་ཟས་གོས་ལ་སོགས་པ་དམན་པ་ཆེད་དུ་སྟོབས་པ་པོ་མ་ཡིན་པ་སྟེ། གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན་ཞེས་པ་དང་། དམན་པ་ཆེད་དུ་སྟོབས་པ་པོ་ཡིན་ན་དེ་ལ་འཕྱས་ན་ཡང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གང་གིས་འཕྱ་བའི་རྟེན་ནི། ངན་པའི་གྲངས་སུ་བགྲངས་པ་སྟེ། བགྲངས་པ་ལ་ནི་དངོས་གཞིའོ་ཞེས་སོ། །མ་བགྲངས་པས་འཕྱ་ན་ནི། ཊཱི་ཀ་ལས་མ་བགྲངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བདག་དང་འབྲེལ་བའི་དོན་གྱིས་འཕྱ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཕྱ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ལ་གང་ཟག་བཅུ་གཉིས་པོ་དག་ནི་གང་ཞེ་ན། ཊཱི་ཀ་ལས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོས་འབྲིམ་པ་གཉིས། །ཕྲན་ཚེགས་འགྲིམ་པར་བྱེད་པ་དང་། །སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་གསུངས་སོ། །མ་བསྐོས་པ་དག་ཀྱང་ངོ་ཞེས་པའི་་་་་་རྣམ་འབྱེད་འགྲེལ་ལས་མ་བསྐོས་པ་ནི་རང་ཞུགས་པའོ་ཞེས་བཤད་པས་གཏན་ནས་མ་བསྐོས་ཀྱང་རང་ཉིད་སྤྲོ་བས་ཞལ་ཏ་བྱེད་པའོ། །མ་བསྐོས་པ་ཞེས་པའི་འགྲེལ་ཆུང་ལས། དགེ་འདུན་གྱི་ཆོ་གའི་ལས་ཀྱིས་མ་བསྐོས་ཞིང་ལས་བྱེད་པ་ཞེས་སོ། །ཀྱང་གི་སྒྲས་ནི་དོན་གཉིས་བསྡུས་ཏེ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྔ་མར་སྙེགས་པ་དང་བསྐོས་པ་དག་བྱེད་པ་པོ་ཡིན་པར་མ་ཟད་ཅེས་བསྡུ་བའོ། །སྦྱོར་

༼༦༨༠༽

བ་དག་བག་ཡངས་སུ་བྱས་པ་ནི་རྣམ་འབྱེད་འགྲེལ་ལས་སྦྱོར་བ་བཏང་བ་ཞེས་བྱ་བའི་ནི་རེ་ཞིག་ངལ་བསོ་བའོ་ཞེས་སོ། །འདིར་ཁ་ཅིག་ན་རེ་བསྐོས་པ་ལ་འཕྱ་ན་བག་ཡངས་སུ་གནས་པ་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་གྱི། མ་བསྐོས་པ་ལ་འཕྱ་ན་ནི་ཞལ་ཏ་དངོས་སུ་བྱེད་པ་ཡན་ལག་ཏུ་དགོས་ཞེས་ཟེར་རོ།་་་་་ཏེ་ཊཱི་ཀ་ལས་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱའམ། གཞོགས་འཕྱས་བྱེད་ན་ལྟུང་བྱེད་ཅེས་གསུངས་ཀྱི། མ་བསྐོས་པ་སྦྱོར་བ་བཏང་བ་ནི་ཊཱི་ཀར་མ་སྨོས་པས་ཤེས་སོ། །དེ་ནི་མ་ཡིན་ཏེ། དགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ཤིང་རྣམ་འབྱེད་འགྲེལ་ལས་ཀྱང་། གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་བཏང་བ་ལས་ཀྱང་ལྟུང་བྱེད་དོ་ཞེས་བཤད་པ་དང་འགལ་ལོ། །བདག་དང་འབྲེལ་བའི་དོན་གྱིས་ཞེས་པའི་རང་་་་་་འདི་དེང་སང་ལུང་ན་མི་སྣང་ཡང་ཚིག་འདི། གི་རྣམ་བཤད་ལས་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་གཞན་གྱི་དོན་དུ་འཕྱའམ་གཞོགས་འཕྱས་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཞེས་ལུང་དྲངས་སོ།་་་་་ཊཱི་ཀ་ལས་འཕྱ་བ་དང་གཞོགས་འཕྱས་བྱེད་པ་དེ་གཉིས་ཀྱང་གལ་ཏེ་སྐུར་བར་གྱུར་པ་ཡིན་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་བདེན་པ་ཡིན་ན་མི་འགྱུར་རོ་ཞེས།  །།ད་ནི་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་གླེང་བར་གཏོགས་པའི་ཞེས་པ་ནས། གསོལ་བས་མི་བགྲང་བར་མི་བྱ་ཞེས་སོ། །འོ་ན་བཞི་པོ་འདི་རྣམས་ཁོ་ན་གྲངས་སུ་གཞུག་པ་ཅིའི་ཕྱིར་སྙམ་ན། བཞི་པོ་འདི་རྣམས་ནི་གཞན་གྱི་དོན་ལ་འཇུག་པ་དམ་པའི་སྤྱོད་པ་ཡིན་པ་ལ། དེ་ལ་རྗེས་སུ་ཡི་མི་རང་བར་ལེགས་སྒྲུབ་བྱེད་པ་ཧ་ཅང་མི་རིགས་པའི་ཕྱིར་རོ། །ལྟུང་བ་རྣམ་གཞག་ནི་དགེ་སློང་གིས་བསྒོ་བ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིའི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བསྒོ་བ་རྣ་ལ་གཟོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དངོས་སུ་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པ་དང་། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་

༼༦༨༡༽

ལྡན་དགེ་སློང་གིས་རང་ལ་དགེ་སློང་གི་ཆོས་དང་ལྡན་པར་བསྒོ་བ་ལ་ལན་ལོག་སྨྲ་བའམ། དགེ་སློང་གིས་དྲིས་པ་ལ་ལན་ལོག་སྨྲ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་ཚིག་ལ་ལན་ལོག་སྨྲ་བའི་ཡུལ་དང་། ཚིག་གང་ལ་ལན་ལོག་སྨྲ་བའི་གཞིའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། རང་ལ་དགེ་སློང་གིས་ཆོས་དང་ལྡན་པར་བསྒོ་བའམ་དགེ་སློང་གིས་དོན་གང་ཡང་རུང་བ་དྲིས་པའི་ཚིག་ལའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བསྒོ་བ་རྣ་ལ་གཟོན་པའམ་དྲི་བ་རྣ་ལ་གཟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རྣ་ལ་གཟོན་པའི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི། རང་ལ་དགེ་སློང་གིས་ཁྱོད་ལྟུང་བ་ཕྱིར་བཅོས་གྱིས་ཤིག་ཅེས་བསྒོ་བ་ལ་སོགས་པ་བསྒོ་བ་རྣ་ལ་གཟོན་ཏེ། ཚིག་གི་ལན་ལོག་པ་བརྗོད་ན་ལྟུང་བྱེད་བསྐྱེད་པའོ། །ཇི་ལྟར་བརྗོད་པས་ཞེ་ན་གཞན་བརྗོད་པས་སོ་ཞེས་གསུངས་ཏེ། དགེ་སློང་གི་བསྒོ་བ་ལ་ཚིག་གི་ལན་གཞན་བརྗོད་པའམ་དོན་གཞན་དྲིས་པ་ལ་ཚིག་གི་ལན་གཞན་བརྗོད་པ་སྟེ་ལན་ལོག་པ་བརྗོད་པས་ལྟུང་བྱེད་བསྐྱེད་པའོ། །གཞན་བརྗོད་པས་སོ་ཞེས་པའི་་་་་་མདོ་འདི་ནི་དྲི་བ་རྣ་ལ་གཟོན་ན་ཡང་ལྟུང་བྱེད་དུ་བསྟན་ཏོ། །འདི་ལ་ཤ་ལུགས་པ་་་་་་ཁ་ཅིག་ན་རེ། དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་མི་སྐྱེད་དེ།་་་་་ཞུ་བ་མང་ཤོས། གཞུང་དམ་པའི་ཞུ་བ་ལས་དགེ་སློང་གིས་ནོངས་པ་་་་་་གླེང་པའི་སྐབས། མ་གཏོགས་པ་དེ་ལས་གཞན་དག་བསྒོ་བ་བཞིན་དུ་མི་བགྱིད་ན་ཅིར་འགྱུར་་་་་་ཏེ་དྲི་བ་རྣ་ལ་གཟོན་ན། ཉེས་བྱས་སོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ཉེས་བྱས་དེ་ནི་སྦྱོར་བའི་ཉེས་བྱས་ལ་དགོངས་སོ་ཞེས་རིགས་སོ། །རང་ལུགས་ནི་དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་དེ། གཞུང་བླ་མའི་ཞུ་བ་ལས་དགེ་སློང་གིས་ནོངས་པ་མ་གཏོགས་པ་དེ་ལས་གཞན་པའི་རྒྱུ་དག་གིས་གླེངས་པ་རྣ་ལ་གཟོན་པར་བགྱིད་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་གསུངས་

༼༦༨༢༽

ལ། ལུང་རྣམ་འབྱེད་ལས་དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་གཞན་བརྗོད་པས་སོ། །ཞེས་པ་ལ་རང་གི་རྣམ་བཤད་དང་རྒྱ་ཆེ་འགྲེལ་པ་ལས་གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པས། ལུང་དང་བསྟན་བཅོས་གཞུང་རྣམ་དག་བཞི་པོ་དེ་རྣམས་ཀྱི་རྗེས་སུ་འབྲང་བར་བྱའོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་པ་ཐམས་ཅད་ལ་ན་སྨད་པ་མེད་དོ་ཞེས་སོ། །གཞན་བརྗོད་པས་སོ་ཞེས་པ་འདིས་དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་དུ་བསྟན་ན་ནི། རྫོགས་ཚིག་ལས་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ། །ཞེས་གསུངས་པ་དེ་ཅི་ཞེ་ན་དེ་ནི་ཕྱོགས་གཅིག་གི་མིང་ནས་སྨོས་པ་སྟེ། དཔེར་ན་གསེར་དངུལ་ལ་རེག་པའི་སྤང་བའོ་ཞེས་གསུངས་པ་བཞིན་ནོ།་་་་་འདིར་བམ་པོ་ལྔ་བཅུ་པ་ལས་མཁན་པོ་ལ་སོགས་པ་ཁ་ཅིག་ནི་་་་་་ཞལ་ཏ་བ་ལ་འཕྱ་བའི་ལྟུང་བྱེད་བསྐྱེད་པ་ལ་ནི་གྲངས་སུ་བགྲངས་པ་ཡན་ལག་ཏུ་དགོས་པ་དེ་དང་འདྲ་བར། བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་སྐྱེད་པ་ལ་ཡང་། གྲངས་སུ་བགྲངས་པ་ཡན་ལག་ཏུ་དགོས་ཞེས་འཆད་་་་་་དེ་བམ་པོ་ལྔ་བཅུ་པའི་བསྒོ་བ་རྣ་ལ་གཟོན་པའི་སྐབས་ལས། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་དགེ་སློང་གི་དེར་གླེང་བར་གཏོགས་པའི་བསྒོ་བ་དང་ཚིག་གིས་རྣ་ལ་གཟོན་པ་དང་། དེར་འདུན་པ་དང་། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ་ཞེས་བཤད་ཅིང་། ཡང་དེ་ཉིད་ལས་དགེ་འདུན་གྱིས་དེའི་གྲངས་སུ་མ་བཅུག་པ་ལ་ཉེས་བྱས་སོ་ཞེས་བཤད། དོ། །འགྲེལ་ཆུང་གི་བསྒོ་བ་རྣ་ལ་གཟོན་པའི་སྐབས་ལས་ཀྱང་། ཁྱོད་ཚུལ་ཁྲིམས་དང་མི་ལྡན་པ་འདི་རྣམས་ཀྱི་ནང་དུ་གཏོགས་པར་གྲངས་ཞེས་བྱ་སྟེ་མ་བཏང་ན་ལྟུང་བ་སྟེ་ཡན་ལག་གཅིག་ཅེས་བཤད་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ་འདུལ་བ་ལུང་དང་མདོ་རྩ་བ་ལས་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་བསྐྱེད་པ་ལ་གྲངས་སུ་བགྲངས་པ་ཡན་ལག་ཏུ་དགོས་པར་ནི་ཚིག་གཅིག་ཀྱང་མ་གསུངས་ལ། བསྒོ་བ་རྣ་ལ་གཟོན་པའི་སྐབས་འདིར་གླེང་གཞི་དང་འབྲེལ་ནས་གྲངས་བགྲང་དུ་གཞུག་པ་བསླབ་བྱར་བསྟན་པ་སྟེ་ལྟུང་བྱེད་འདི་བསྐྱེད་པའི་ཡན་ལག་ཏུ་བསྟན་པ་ནི་མ་ཡིན་ནོ།་་་་་དཔེར་ན་སྡིག་ལྟ་མི་གཏོང་བའི་ལྟུང་

༼༦༨༣༽

བྱེད་ཀྱི་སྐབས་སུ་དེ་ལ་གསོལ་བས་སྨད་པ་ཉིད་བསླབ་བྱར་བསྟན་ཡང་སྨད་པ་དེ་ལྟུང་བྱེད་དེའི་ཡན་ལག་མ་ཡིན་པ་བཞིན་ནོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དུ་མོས་པར་བྱས་ལ།་་་་་དོན་དམ་པར་ན་སེམས་ཅན་ནམ་བསད་པར་བྱ་བ་མ་མཐོང་ངོ་ཞེས་པ་ནི་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུན་ཡིན་ཡང་གསོད་བྱེད་གཞན་གྱི་མི་དགེ་བ་དང་བསད་བྱ་གཞན་གྱི་སྲོག་ཆད་པ་བསྐྱབ་པའི་ཕྱིར་རྫུན་དེ་ཙམ་ཞིག་གནང་བ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་ཁ་ཅིག་ན་རེ་རྫུན་ཆོས་ཅན། གནང་བ་མི་སྲིད་དེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །འདིར་སེམས་ཅན་མ་མཐོང་ངོ་ཞེས་པ་ནི་དོན་དམ་པར་ན་གང་ཟག་གིས་བདག་ཏུ་ཀུན་ཏུ་བརྟགས་པའི་སེམས་ཅན་མ་མཐོང་བ་ལ་དགོངས་པས་རྫུན་མ་ཡིན་ནོ་ཞེས་ཟེར་རོ། །འོན་ཀྱང་བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུན་ཡིན་ཏེ། དེ་ལྟར་མ་ཡིན་ན་བག་ཙམ་གྱིས་སྐུར་པ་འདེབས་པ་ཡང་རྫུན་མ་ཡིན་པར་ཐལ་བར་འགྱུར་རོ།་་་་་འདོད་ན་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་རྫུན་ནའོ་ཞེས་སོ། །གཞན་ཡང་རྩོད་གཞི་ལས་གནས་སུ་མི་བཞག་ཅེས་གསུངས་པ་དང་། གནས་མལ་གྱི་གཞི་ལས་ཁྱོད་རིམས་གྱིས་མ་བཏབ་བམ་ཞེས་བརྗོད་ཅེས་གསུངས་པ་དང་ཁྱེད་འགལ་ལོ། །དེ་རྫུན་སྨྲ་མ་ཡིན་ནོ་སྙམ་ན། དེ་ནི་བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བ་ཡིན་ཏེ་ཉོན་མོངས་པའི་རིམས་ལ་བསམས་ནས་བརྗོད་ཀྱང་། ཚད་པའི་ནད་རིམས་ལ་གོ་བར་འདོད་པའི་ཕྱིར་རོ། །དགེ་མི་དགེ་ནི་བསམ་པའི་རྗེས་སུ་འབྲང་བས་ན་རྫུན་ཐམས་ཅད་རང་བཞིན་གྱི་ཁ་ན་མ་ཐོ་བར་མ་གྲུབ་གསུང་ངོ་། །འོ་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་ལ་ཡང་། ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན་སྲོག་གཅོད་པ་ལྟ་བུ་ནི་གནང་བ་མི་སྲིད་དེ། ངག་གི་ལེགས་ཉེས་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་གཟུང་བར་ནུས་ཀྱང་། སྲོག་གཅོད་པ་ལྟ་བུ་་་་་་ལུས་ཀྱི་བྱ་བ་རྣམས་ཀྱི་ལེགས་ཉེས་ནི་ཐ་མལ་གྱི་ཤེས་པས་ཕན་གནོད་ཀྱི་ས་མཚམས་གཟུང་བར་མི་ནུས་པའི་ཕྱིར་ཞེས་་་་་་བླ་མ་རྣམས་གསུང་ངོ་།་་་་་བརྗོད་བྱ་ལ་འདུ་ཤེས་མ་བསྒྱུར་བ་

༼༦༨༤༽

ཡང་གོ་བྱ་ལ་འདུ་ཤེས་བསྒྱུར་བས་རྫུན་དུ་འགྲོ་ན། འོ་ན་སངས་རྒྱས་ཀྱི་ལྡེམ་དགོངས་གསུངས་པ་རྣམས་ཀྱང་རྫུན་ཡིན་ནམ་ཅི། ཞེ་ན། སངས་རྒྱས་ཀྱི་མཛད་སྤྱོད་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་བསམ་པར་མི་ནུས་སོ། །ད་ནི་གནས་མལ་མ་བསྡུས་པར་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་གི་དགེ་འདུན་རྣམས་ཀྱིས་གནས་མལ་མ་བསྡུས་པར་སོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་གྱི་གནས་མལ་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་དེ་མ་བསྡུས་པར་བླ་གབ་མེད་པ་ལྟ་བུ་དེ་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ལན་ལག་ལ་བཞི་ལས། བཞིའི་ལན་ལག་ལ་གསུམ་སྟེ། དངོས་པོ་དང་གནས་དང་རྟེན་ནོ། །དང་པོ་གང་བཞག་པའི་དངོས་པོ་ལ་བཞི་ལས་དགེ་འདུན་དབང་བའི་གནས་མལ་ཡིན་པ་སྟེ་དགེ་འདུན་གྱི་གནས་མལ་ཉིད་ཅེས་སོ།་་་་་སེལ་བ་ནི་གང་ཟག་གི་ཡང་ངོ་ཞེས་ཉེས་བྱས་སོ། །ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་སྟེ། རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ནི་སྤྱིར་བསྟན་པ་ལས་སོ། །གཉིས་པ་གང་དུ་གཞག་པའི་གནས་ནི་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་སྟེ། བླ་གབ་མེད་པར་བཞག་པ་ཞེས་སོ། །གསུམ་པ་གང་གིས་འཇོག་པའི་རྟེན་ལ་བཞི་སྟེ། རང་ངམ་བསྐོས་པས་བཞག་པར་བྱས་པ་ཡིན་པ་དང་། བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་དང་། སྡུད་པར་་་་་་བཅོལ་བའི་དགེ་སློང་མེད་པ་ཡིན་པ་དང་། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། འདི་ཉིད་ལས་རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་པ་ཞེས་པ་དང་།་་་་་སོ་སོ་ཐར་པ་དང་རྣམ་འབྱེད་གླེང་གཞི་བསྟན་པ་ལས་དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་ནས་ཞེས་པ་ནི་མཚོན་པ་སྟེ། བཏིང་རུང་མ་བཏིང་རུང་གནས་མལ་དེ་བླ་གབ་མེད་པར་བཞག་སྟེ་སོང་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལྟུང་བ་བསྟན་པའི་སྐབས་ལས། དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཞག་སྟེ། དེ་ནས་སོང་ན་ཉེ་འཁོར་སྤང་ན། ལྟུང་བྱེད་དུ་འགྱུར་ཞེས་གསུངས་པ་དང་། མདོ་རྩ་བ་ཉིད་ལས་ཀྱང་། རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པར་བྱས་

༼༦༨༥༽

པ་ཞེས་གསུངས་ཀྱི། རང་ངམ་བསྐོས་པས་བཏིང་བ་ཞེས་ནི་མ་གསུངས་པའོ། །བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་ལ་ནི་ཞེས་པ་ལ་སོགས་པ་མདོ་གསུམ་གྱིས་བསྟན་ཏོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་འདུན་གྱི་གནས་མལ་མ་བསྡུས་པར་གནས་པ་དེའི་ནང་དུ་གཉིད་ལོག་པ་དང་སྙོམས་པར་འཇུག་འདོད་པའམ་ཉེ་འཁོར་ལས་འདའ་ཞིང་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་མལ་གྱི་གནས་དེའི་ནང་དུ་གཉིད་ཉལ་བ་ལ་སོགས་པའམ་གནས་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདའ་ཞིང་འགྲོ་བའོ། །མཐར་ཐུག་ནི་གཉིས་ཏེ་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ། །ཡན་ལག་གི་དོན་ནི་ཁྲི་དང་ཞེས་པ་ནས་ཏེ། ཊཱི་ཀ་ལས་ལྐོག་ཏུ་གྱུར་པ་ནི་རྣམ་པ་གཉིས་ཞེས་བཤད་དོ། །དེ་ནི་ལམ་འདས་པ་དང་ཕན་ཕུན་དུ་གྱུར་པ་ཡིན་ཏེ། གནས་མལ་དེ་མངོན་སུམ་དུ་གྱུར་པ་མ་ཡིན་པར་ལྐོག་ཏུ་ལུས་པར་གྱུར་པས་ལྟུང་བ་བསྐྱེད་པ་གཉིས་ཡིན་ནོ་ཞེས་པའོ། །འདིར་གསུངས་པའི།་་་་་ཕན་ཕུན་གསུམ་པོ་འདིས་ནི་མེའི་ཕན་ཕུན་ཡང་མཚོན་པ་སྟེ་མེ་ཏོག་ཕྲེང་རྒྱུད་ལས། མེ་དང་རླུང་དང་ཆར་པ་ཡིས། །དབྱེ་བའི་ཕན་ཕུན་གསུམ་དུ་གསུངས། །རིམ་པར་སུམ་པར་ཚིག་ན་ནི། །མེ་ཡི་ཕན་ཕུན་ཞེས་བྱའོ་ཞེས་གསུངས་སོ། །དགེ་སློང་་་་་་མེད་ན་དགེ་ཚུལ་་་་་་བཅོལ་བ་བྱ་ལའོ་ཞེས་པ་འདི་ནི་སྔར་བསྙེན་པར་མ་རྫོགས་ལ་བཅོལ་བར་མི་བྱ་བར་གསུངས་པ་དང་འགལ་སྙམ་ན། བསྙེན་པར་མ་རྫོགས་པ་ལ་གནས་མལ་སྡུད་པ་མི་བཅོལ་བ་དང་རང་གིས་བསྡུས་ཟིན་པའི་གནས་མལ་འདི་བདག་པོ་ལ་གཏོད་ཅིག་ཅེས་བཅོལ་བར་བྱ་བ་་་་་་བསྙེན་པར་མ་རྫོགས་པ་ལ་འདི་མི་བཅོལ་བ་དང་བཅོལ་བར་བྱ་ཞེས། སྟེ་འགལ་བ་མེད་དོ། །གལ་ཏེ་འོངས་པ་ན་རྩིག་དྲུང་ངམ་ཤིང་དྲུང་དུ་སྟན་བཞག་སྟེ་་་་་་མགྲོན་དུ་བོས་པའི་ཁྱིམ་དེར།

༼༦༨༦༽

འཇུག་པར་བྱ་ཞེས་པ་དང་། འོ་ན་བསོད་ནམས་དེའི་དོན་ཉིད་ལ་ན་སྨད་པ་མ་ཡིན་ཞེས་སྔར་གསུངས་པ་དང་འགལ་ཞེ་ན། གནས་ཆུད་འཛའ་བ་བསྐྱབ་པའི་བསམ་པ་ཡོད་པ་དང་མེད་པས་མི་འགལ་ལོ། །ལུང་རྣམ་འབྱེད་ལས་ནད་པ་དུས་གསུམ་དུ་བལྟ་བར་བྱའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་བ་ལས་ནང་བར་དང་དྲོ་ཀར་དང་དགོངས་ཀར་བལྟའོ་ཞེ་ན་བཤད་དོ།་་་་་མཚན་མོའི་གནས་སྐབས་བརྟག་པའི་ཕྱིར་ནང་བར་བལྟའོ། །ཁ་ཟས་ཀྱི་གནས་བརྟག་པའི་ཕྱིར་དྲོ་ཀར་བལྟའོ། །མ་ཞུ་བ་ལ་སོགས་པའི་གནས་སྐབས་བརྟག་པའི་ཕྱིར་དགོངས་ཀར་བལྟའོ་ཞེས་བཤད་དོ། །ད་ནི་རྩྭ་འམ་ལོ་མའི་་་་་་གདིང་བའི་་་་་་མ་བསྡུས་པ། ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་ཁྱིམ་གཞན་དུ་ཞེས་པ་ནས་ཏེ། བར་སྡོམས་ལ། ལྷོ་ལམ་དང་ནི་མ་བོར་དང་། །མ་དྲིས་འདོར་དང་མཐུས་འདོར་དང་། །ཁྲོན་པ་དང་ནི་གློང་བ་དང་། །དང་ར་དང་ནི་འཆག་ས་དང་། །ལྕི་བ་བཞག་པ་ཐ་མ་ཡིན། །ཞེས་གསུངས་སོ། །འགོའམ་མཇུག་ལྡོག་བྱས་པ་ནི་སྔས་ཀྱི་རྩྭ་རྣམས་མལ་དུ་མཇུག་ངོས་སུ་བསྒྱུར་བའམ་མལ་མཇུག་ངོས་ཀྱི་རྩྭ་རྣམས་སྔས་ངོས་སུ་བསྒྱུར་བ་ཡིན་པར་བཤད་དོ། །འགྲེལ་ཆུང་ལས་ས་སྣུམ་པ་སྟེ། གཤེར་བ་དང་། དངར་བ་སྟེ་ས་འཇམ་པོར་དུལ་དུལ་པོར་འདུག་པ་ནི་སྲིན་བུ་མྱུར་དུ་འཇུག་པའི་ཕྱིར་ཉིན་རེ་ཞིང་ལན་རེ་བལྟའོ་ཞེས་བཤད་ཀྱང་ཉིན་རེ་ཞིང་རྩྭ་དེ་རྣམས་བསྒྱུར་ལོག་བྱའོ། །ས་སྣུམ་པ་དང་དངར་བ་ལས་གཞན་ས་སྐམ་པ་དང་རྩུབ་པ་ཉིད་དུ་ཟླ་བ་ཕྱེད་ཅིང་རྩྭ་དེ་རྣམས་བསྒྱུར་ལོག་བྱའོ། །རང་གི་རྣམ་བཤད་ཀྱི་མདོ་རྩ་བ་ལས་དགེ་འདུན་གྱི་མ་ཡིན་པར་ནི་གནས་དེའི་བདག་པོ་རྣམས་ལ་ཡང་དྲི་བར་བྱ་བ་ཉིད་ཡིན་ནོ་ཞེས་གསུངས་ལ། དེའི་རང་གི་རྣམ་བཤད་ལས་ཡང་གི་སྒྲས་ནི་དགེ་སློང་ལ་ཡང་དྲི་ཞེས་བཤད་དེ། ཡང་ཞེས་པ་་་་་་དགེ་འདུན་གྱི་གནས་སུ། དགེ་སློང་ལ་དྲི་བར། དེ་གཞུང་འདིར་ཡི་གེ་ཆད་ན་ནི། ལུང་རྣམ་འབྱེད་ལས་མ་དྲིས་འདོར་དང་མཐུས་འདོར་དང་ཞེས་གསུངས་པའི་དོན་མདོ་རྩ་བར་མ་འདུས་པའི་སྐྱོན་དུ་འགྱུར་རོ། །ལྟུང་བ་རྣམ་པར་བཞག་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རྒན་གཞོན་གཉིས་ཀྱིས་གཙུག་ལག་ཁང་དུ་རྩྭ་མང་པོའི་གདིང་བ་བཏིང་ནས་མ་བསྡུས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་དགེ་འདུན་གྱི་གནས་སུ་་་་་་རྩྭའི་རླན་གྱིས་སྲོག་ཆགས་ཕྲ་མོ་མང་པོ་སྐྱེས་ཏེ་དགེ་འདུན་གྱི་གནས། ལོངས་སྤྱོད་པ་ལ་གནོད་པ་དང་།

༼༦༨༧༽

སྲོག་ཆགས་ཕྲ་མོ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་རྩའམ་ལོ་མའི་གདིང་བ་རང་ངམ་བསྐོས་པས་བཏིང་བ་མ་བསྡུས་པར་ཕན་ཕུན་དུ་འགྱུར་བའི་ཉེན་ཅན་གྱི་ཕྱོགས་སུ་བཞག་སྟེ་ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གནས་དང་། དངོས་པོ་དང་། རྟེན་ནོ། །དང་པོ་གང་དུ་གདིང་བའི་གནས་ལ་བཞི་ལས། དགེ་འདུན་དབང་བའི་གནས་ཡིན་པ་སྟེ། དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་ཞེས་སོ། །སེལ་བ་གང་ཟག་གི་གནས་སུ་ནི་ཉེས་་་་་་རྩྭ་དང་ལོ་མའི་གདིང་བ་མ་བསྡུས་པར་འགྲོ་ན། བྱས་ཏེ། འོག་མ་བཞི་ལ་ཡང་ངོ་ཞེས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་སྟེ། ཕལ་ཆེར་གཡོགས་པ་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ཞེས་སོ། །སེལ་བ་སྟེང་གཡོགས་མེད་པའི་གནས་སུ་ནི་ཉེས་བྱས་སོ། །སྤྱོད་ལམ་བཞི་ཤོང་བ་སྟེ། སྤྱོད་ལམ་བཞི་ཤོང་བའོ་ཞེས་པའི་གནད་ཀྱིས་སྦྱར་རོ།་་་་་རིམ་པ་ལྷག་པར་རྩིག་པའི་སྐབས་ལས། སྤྱོད་ལམ་བཞི་མི་ཤོང་བའི་གནས་སུ་ནི་ཉེས་བྱས་སུ་འགྱུར་གྱི། འདིའི་ལྟུང་བྱེད་དུ་མི་འགྱུར་ཏེ། དེར་རྩྭ་དང་ལོ་མའི་གདིང་བ་ལ་སྤྱོད་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །ཕན་ཕུན་དུ་འགྱུར་བའི་ཉེན་ཅན་ཡིན་པ་སྟེ།་་་་་སྲིན་ཕན་ཕུན་གྱི་ཉེན་ཅན་ཏེ་ས་གཞི་རླན་ཆེས་པའམ་རླུང་ཕན་ཕུན་དང་ཆར་ཕན་ཕུན་གྱི་ཉེན་ཅན་ཏེ་བླ་གབ་མེད་པར་བཞག་པར་བྱས་པ་ལྟ་བུའོ། །དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་ས་གཞིར་ཞེས་སོ། །གཉིས་པ་གང་གདིང་བའི་དངོས་པོ་ནི།་་་་་རྩ་སྐམ་པོའམ་ཤིང་ལོ་སྐམ་པོ་གདན་དུ་བཏིང་བ་ལྟ་བུ། རྩའམ་ལོ་མའི་གདིང་བ་་་་་་པ་སྟེ་ལུང་ལས་རྩྭའི་གདིང་བའམ་ལོ་མའི་གདིང་བ་བཏིང་ངམ་གདིང་དུ་བཅུག་ནས་ཞེས་གསུངས། ཡིན།་་་་་རྩྭ་ཉག་མ་གཉིས་སམ་གསུམ་ལྟ་བུ་མ་ཡིན་གྱི། རྩྭ་དང་ལོ་མ་གདན་དུ་བཏིང་ངོ་ཞེས་ཐ་སྙད་བྱར་རུང་བས། གྲགས་སྡེའི་ཚད་དུ་ཆོག་པ་ཡིན་པ་སྟེ་གདིང་བར་བྱ་བ་ཉིད་ཅེས་བཤད་དོ། །གསུམ་པ་གང་གིས་མ་བསྡུས་པར་འཇོག་པའི་རྟེན་ནི། ཆོས་བཞི་ལྡན་ལས་རང་ངམ་བསྐོས་པས་གདིང་བར་བྱས་

༼༦༨༨༽

པ་ཡིན་པ་སྟེ། རང་ངམ་བསྐོས་པས་གདིང་བར་བྱས་པ་ཉིད་ཅེས་བཤད་དོ། །བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པ་ལ་སོགས་པ་གསུམ་ནི་གནས་མལ་མ་བསྡུས་པའི་སྐབས་སུ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩྭའམ་ལོ་མའི་གདིང་བ་མ་བསྡུས་པར་ཉེ་འཁོར་མ་འདས་ཀྱང་གཉིད་ལོག་པའམ་སྙོམས་པར་འཇུག་པ་ལ་སོགས་པས་གནས་དེའི་ནང་ས་ཕྱོགས་གཞན་ན་གནས་པར་འདོད་པའམ་ཉེ་འཁོར་ལས་འདའ་ཞིང་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་དེའི་ནང་དུ་གཉིད་ཉལ་བ་ལ་སོགས་པའམ་གནས་དེའི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་ལས་འདའ་ཞིང་འགྲོ་བའོ། །མཐར་ཐུག་ནི་གཉིས་ཏེ། ཕན་ཕུན་དུ་གྱུར་པའམ་འདོམ་བཞི་བཅུ་རྩ་དགུ་འདས་པའོ། །ཡན་ལག་གི་དོན་ནི། དགེ་འདུན་གྱི་གཙུག་ལག་ཁང་ཞེས་སོ། །ད་ནི་སྐྲོད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་ནས་ཕན་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གཞན་རང་ངམ་བསྐོས་པས་བསྐྲད་དེ་ཉེ་འཁོར་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་བསྐྲད་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ། གལ་ཏེ་དེ་ལ་གནོད་པ་དང་། ཞེས་པས་སོ། །གང་ནས་བསྐྲད་པའི་གནས་ནི། དགེ་འདུན་དབང་བའི་གནས་ཆོས་གསུམ་དང་ལྡན་པ་སྟེ། གདིང་བའི་ལྟུང་བྱེད་ཀྱི་སྐབས་སུ་ཆོས་དང་པོ་གསུམ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་སྐྲོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོང་བ་ནི་རང་ངམ་བསྐོས་པས་མངོན་སུམ་དུ་སྐྲོད་པར་ཞུགས་པའོ། །མཐར་ཐུག་ནི་གནས་དེའི་ཉེ་འཁོར་ལས་འདས་པའོ། །ཡན་ལག་གི་དོན་ནི་དགེ་སློང་ཉིད་དང་ཞེས་སོ། །སྐྱོན་་་་་་སྐྱེ་བར་འགྱུར་བ་གཉིས་དང་སྐྱེས་ཟིན་ཞི་བར་མི་

༼༦༨༩༽

འགྱུར་བ་གཉིས་ཏེ། བཞིའི་གཉེན་པོར་འདོད་པ་མ་ཡིན་ནའོ་ཞེས་སྟོན་པ་ནི། གལ་ཏེ་བསྐྲད་བྱ་དེ་ལ་གནོད་པ་སྐྱེ་བར་འགྱུར་བ་དང་། དགེ་འདུན་འཁྲུག་པ་སྐྱེ་བར་འགྱུར་བ་དང་། གནོད་པ་སྐྱེས་ཟིན་པ་ཉེ་བར་ཞི་བར་མི་འགྱུར་བ་དང་། དགེ་འདུན་འཁྲུག་པ་སྐྱེས་ཟིན་པ་ཉེ་བར་ཞི་བར་མི་འགྱུར་བ་སྟེ། སྐྱོན་བཞི་པོ་དེ་དག་གང་ཡང་རུང་བར་འབྱུང་བར་དོགས་པའི་གཉེན་པོར་འདོད་པ་མ་ཡིན་ན་སྐྲོད་པའི་ལྟུང་བྱེད་བསྐྱེད་པའོ། །ཊཱི་ཀ་ལས་་་་་་བཞི་པོ། དེ་དག་གི་བསམ་པས་སྐྲོད་ན་ཉེས་པ་མེད་དོ་ཞེས་སོ། །དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་དགེ་སློང་ལ་སོགས་པ་བསྐྲད་ན།་་་་་ནི་ཉེས་བྱས་ཀྱིའོ་་་་་་བྱེད་པ་པོ་ཞེས་པ་འདི་ནི་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་ཏེ། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ་ཞེས་འབྱུང་བས་སོ། །ཁྱིམ་པས་དགེ་སློང་ལ་སོགས་པ་སྐྲོད་ན་་་་་་སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་སྟེ་སྡིག་པ་མང་པོ་འབྱུང་གི་ལྟུང་་་་་་བཅས་པ་ལས་འདས་པའི། བ་ནི་མི་འབྱུང་ངོ་ཞེས་པའོ། །འོ་ན་སྐྲོད་པའི་ཁ་ན་མ་ཐོ་བ་འདི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནམ་མ་ཡིན། ཡིན་ན་ནི་རྐྱེན་ལ་ལྟོས་ཏེ་གནང་བ་དང་འགལ་ལ། མ་ཡིན་ན་ནི་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་འབྱུང་བ་དང་འགལ་ཞེ་ན། སྐྲོད་པའི་ཉེས་པ་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ལ། ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་འབྱུང་བར་གསུངས་པ་ནི་ཞེ་སྡང་གློ་བུར་བ་དང་འབྲེལ་བའི་དབང་དུ་བྱས་པ་ཡིན་ནོ།་་་་་དགེ་བསྙེན་གྱི་སྡོམ་ལྡན་ཁྱིམ་པ་ལ་ནི་སྲོག་གཅོད་པ་ལ་སོགས་པ་བཞི་ལ་རང་བཞིན་གྱི་ལྟུང་བ་ཙམ་པོ་ཞིག་འབྱུང་ལ་ཆང་འཐུང་ན་བཅས་པའི་ཁ་ན་མ་ཐོ་བ་ཙམ་པོ་ཞིག་འབྱུང་སྟེ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དགེ་བསྙེན་གྱི་ལྟུང་བ་དང་དགེ་བསྙེན་མའི་ལྟུང་བ་ཞེས་གསུངས་ལ། མཛོད་ལས་ཀྱང་བཅས་པའི་ཁ་ན་མ་ཐོ་བ། མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ་ཞེས་གསུངས་སོ། །དགེ་སློང་ལས་བབ་པའི་ཁྱིམ་པ་ལ་ནི་ལྟུང་བ་རྒྱུད་ལ་ཡོད་སྲིད་དེ་དགེ་སློང་ལྷག་མའི་ལྟུང་བ་ཡོད་བཞིན་དུ་ཁྱིམ་པར་བབ་པ་ན། བབ་པས་ལྷག་མའི་ལྟུང་བ་མི་འདག་པའི་ཕྱིར་ཏེ། མི་སྤྱོད་པའི་ས་ནས་ཕྱིར་འོང་བ་ནི་དེའི་གནས་སྐབས་ཉིད་ཡིན་ནོ། །ཞེས་གསུངས་པ་ནི་འདིའི་ཁུངས་ཡིན་ནོ། །འོ་ན་ཊཱི་ཀ་ལས་བསྙེན་པར་མ་རྫོགས་པ་ཉིད་ལ་དགེ་འདུན་ལྷག་མ་ལ་སོགས་

༼༦༩༠༽

མེད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ལྷག་མའི་རྒྱུན་གྱི་དང་པོ་ཡིན་པའི་དགེ་འདུན་ལྷག་མ་མེད་པ་ལ་དགོངས་པ་ཡིན་གྱི། ལྷག་མའི་ལྟུང་བ་སྔར་བྱུང་ཟིན་གནས་པའི་ལྟུང་བ་ཡོད་པ་སྲིད་པ་ཁོ་ནའོ། །དགེ་འདུན་ལྷག་མའི་རྒྱུན་གྱི་དང་པོ་ལ་ཡང་ལུང་ཞུ་བ་ལས་བསྙེན་པར་མ་རྫོགས་པ་ལ་དགེ་འདུན་ལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ་དེ་བཞིན་ཏེ་བསླབ་པ་བྱིན་པ་ལ་འགྱུར་རོ་ཞེས་འོད་ལྡན་དུ་དྲངས་པ་དེ་ཇི་ལྟ་བུ་ཞེ་ན། དགེ་སློང་བསླབ་པ་བྱིན་པ་ལ་བསྙེན་པར་མ་རྫོགས་པ་ཞེས་མིང་བཏགས་པ་ཙམ་དུ་ཟད་དོ། །ད་ནི་ཕྱིས་གནོན་བྱེད་པའི་ལྟུང་བྱེད་འཆད་དེ། སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་དུ་དགེ་སློང་ལ་ཕྱིས་གནོན་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལུས་སེམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་སྔར་ཞུགས་པའི་དགེ་སློང་ལ་མཐོ་འཚམས་པའི་ཕྱིར། ཕྱིས་གནོན་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་ལ་ཕྱིས་གནོན་བྱ་བའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། རང་བས་སྔར་ཞུགས་པ་དང་། ཕན་པའི་རྐྱེན་ཅན་མ་ཡིན་པ་སྟེ། སོ་སོ་ཐར་པའི་མདོ་ལས་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཞེས་པ་དང་། ན་བ་དང་འཇིགས་པའི་དབང་མ་གཏོགས་ཞེས་པས་སོ། །གང་དུ་ཕྱིས་གནོན་བྱ་བའི་གནས་ནི། གནས་ཆོས་གསུམ་ལྡན་ཏེ་སྐྲོད་པའི་སྐབས་སུ་སྔར་བསྟན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མཐོ་འཚམས་པས་ཕྱིས་གནོན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཕྱིས་གནོན་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་དེའི་སྟེང་དུ་ཉལ་བ་ཙམ་མམ་འདུག་པ་ཙམ་བྱས་ན་སྟེ། སོ་སོ་ཐར་པ་དང་ལུང་རྣམ་འབྱེད་ལས་ཕྱིས་གནོན་བྱས་ནས་ཉལ་ལམ་འདུག་ན་ལྟུང་བྱེད་དོ་ཞེས་སོ། །ཡན་ལག་གི་དོན་ལ་གཉིས་ལས། དང་པོ་ཕྱིས་གནོན་དངོས་ནི་ཤེས་གཙོ་བོའོ་ཞེས་པ་ནས་སོ། །མཐོ་འཚམས་ཀྱི་ལྟུང་བ་གཞན་བསྟན་པ་ནི། ལུས་ཀྱི་ཕྱིས་གནོན་བྱེད་པ་དེ་ནི་དཔེ་སྟེ་མཐོ་འཚམས་པར་འདུན་པས་དགེ་སློང་ལ་ངག་གིས་མཐོ་འཚམས་པ་དང་ལུས་

༼༦༩༡༽

ཀྱིས་མཐོ་འཚམས་པ་གཞན་དག་ཀྱང་ཊཱི་ཀ་ལས་བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་ཡིན་ནོ་ཞེས་བཤད་དོ། །འདི་ནི་ལུང་རྣམ་འབྱེད་ལས། ངན་དང་གསོད་དང་གྲང་དྲོ་དང་། །ཚོལ་ཟངས་དང་ནི་བཀྲུ་སྨན་དང་། །རྣལ་འབྱོར་མཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་གསུངས་པ་དང་སྦྱོར་རོ། །ཊཱི་ཀ་ལས་བསྒོ་བ་རྣ་ལ་གཟོན་པ་དག་ལ་ཡང་སྤྱིར་མཐོ་འཚམས་པ་ཡོད་མོད་ཀྱི། འོན་ཀྱང་གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་ཡོད་པའི་ཕྱིར་ལྟུང་བྱེད་ཐ་ད་པ་ཉིད་ཡིན་ན་ཞེས་པ་ནི། བསྒོ་བ་རྣ་ལ་གཟོན་པ་དང་སྐབས་འདིའི་ལྟུང་བྱེད་དེ་གཉིས་ཀ་མཐོ་འཚམས་པ་ལས་གྱུར་པ་ཙམ་དུ་འདྲ་ཡང་། སྔ་མ་དང་འདི་ལ་དགེ་འདུན་གྱི་གནས་ཡན་ལག་ཏུ་མི་དགོས་པ་དང་། དགོས་པའི་ཁྱད་པར་གྱིས་ཐ་དད་དུ་དབྱེ་ཞེས་པའོ། །ཊཱི་ཀ་ལས་ལྟུང་བྱེད་དུ་བསྟན་པའི་མཐོ་འཚམས་པ་དེ་དག་ལས་གཞན་པའི་མཐོ་འཚམས་པ་ནི་་་་་་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ་ཞེས་པ་ནི་བྱེ་བྲག་གི་མིང་གིས་གསུངས་པ་སྟེ། ཐམས་ཅད་ཉེས་བྱས་སོ་ཞེས་བཤད་དོ།་་་་་དགེ་འདུན་གྱི་གནས་སུ་མཐོ་འཚམས་པའི་ལྟུང་བྱེད་ད།ོ །ད་ནི་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་ནས་ཉེ་དགའ་ལྗོངས་རྒྱུ་ཞིང་སོང་ནས། རི་བྲག་གི་གཙུག་ལག་ཁང་གི་སྟེང་གི་ཐོག་ལ་ཁྲི་རྐང་བཙུགས་ཏེ། ཤུགས་དྲག་པོས་མནན་ཏེ་འདུག་པས་ཁྲི་རྐང་གིས་ཁང་ཐོག་བརྟོལ་བ་ལས་སོ། །དགག་བྱ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་བུག་རྡོལ་དུ་འགྱུར་བའོ།་་་་་ལུས་སྲོག་ལ་གནོད་པ་ནི་འདིའི་དགག་བྱ་མ་ཡིན་ཏེ་གང་ཟག་གི་གནས་ཁང་དུ་ལྟུང་བྱེད་དུ་མི་འགྱུར་བས་སོ་ཞེས་ཤ་མི་ཡར་སྟོད་པ་གསུངས། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མཚན་ཉིད་དང་ལྡན་པའི་སྟེང་གི་ཐོག་རྩ་བ་འབྱུང་བའི་གནས་སྐབས་དང་བཅས་པར་མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུའི་སྟེང་དུ་འདུག་པའམ་ཉལ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། གང་དུ་འདུག་པའི་གནས་ནི། དགེ་འདུན་དབང་བའི་གནས་ཆོས་གསུམ་ལྡན་སྔར་བཤད་མ་ཐག་པའི་སྟེང་དུ། སྟེང་གི་ཐོག་ཡིན་པ་དང་།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号