ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༦༥༨༽

གི་དོན་ལ། སྟོན་བྱེད་དུ་གྱུར་པའི་ཆོས་ཞེས་པའི་སྐབས་སུ་འདིར་མུ་བཞི་སྟེ། སྟོན་བྱེད་ཡིན་ལ་ཆོས་མ་ཡིན་པ་ནི་དྲང་སོང་སེར་སྐྱས་བཤད་པ་ལྟ་བུའི་མུ་སྟེགས་ཅན་གྱི་གཞུང་ལུགས་རྣམས་སོ། །ཆོས་ཡིན་ལ་སྟོན་བྱེད་མ་ཡིན་པ་ནི། ཊཱི་ཀ་ལས་སློབ་དཔོན་དཔའ་བོས་བྱས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལྟ་བུ་ཞེས་སོ། །གཉིས་ཀ་ཡིན་པ་ནི་འདུལ་བ་ལུང་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུའོ། །སྟོན་བྱེད་ནི་དང་པོའི་སྟོན་པས་བཤད་པའི་བཀའ་ལུང་ངོ་། །ཆོས་ནི་ལུང་རྣམ་འབྱེད་ལས་ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུངས་པ་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ་ཞེས་གསུངས་སོ། །སྟོན་པ་བཞུགས་པའི་ཚེ་ན་ཉན་ཐོས་ཀྱིས་བཤད་ན་ཡང་སྟོན་བྱེད་དུ་འགྱུར་བ་ཡིན་ཏེ། བྱིན་གྱིས་བརླབས་པའི་བཀའ་ཡིན་པའི་ཕྱིར་རོ། །སྟོན་བྱེད་དང་ཆོས་གཉིས་ཀ་ཡིན་པ་འདོན་ན་ལྟུང་བྱེད་དོ།་་་་་སྟོན་བྱེད་མ་ཡིན་པའི་ཆོས་སྐྱེ་རབས་ལྟ་བུ་སྟོན་ན་ཉེས་བྱས་སོ། །ཡི་གེ་ཡང་འདོན་ནའོ་ཞེས་པ་ནི། ཊཱི་ཀར་ལུང་དྲངས་པ་ལས་ཅིག་ཅར་ཡི་གེ་བརྗོད་ན་ལྟུང་བྱེད་དོ། །མཇུག་ཐོགས་སུ་ཡི་གེ་བརྗོད་ན་ལྟུང་བྱེད་དོ་ཞེས་གསུངས་ལ། ལུང་རྣམ་འབྱེད་ལས་སློབ་དཔོན་ཨ་ཞེས་འདོན་པ་ན་ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་མཉམ་པས་སོ་ཞེས་གསུངས་སོ། །མི་འདོད་བཞིན་དུ་གྲུབ་པ་དང་། རྗེས་སུ་ཉན་དུ་གཞུག་པར་བྱ་བ་འདོན་པ་སྟེ་འདི་གཉིས་ཀྱི་ཁྱད་པར་ནི་ཡུལ་གྱི་ཀུན་སློང་མེད་པ་དང་རྟེན་གྱི་ཀུན་སློང་མེད་པ་སྟེ་གོ་རིམ་བཞིན་ནོ། །ད་ནི་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་དགེ་སློང་དག་དགེ་སློང་མ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་གནས་ངན་ལེན་བརྗོད་པ་བསྐོས་པའི་དགོས་པ་ནི་དེས་དེའི་གནས་ངན་ལེན་བརྗོད་ཀྱང་ལྟུང་བ་མི་འབྱུང་བ་དང་། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པ་དང་། དེའི་གནས་ངན་ལེན་བརྗོད་ཅིང་གོ་བར་བྱས་པས་ངན་པ་མགོ་གཅིག་ཏུ་བསྒྲེ་ཞིང་དགེ་འདུན་སྤྱི་ལ་མ་དད་པ་དེ་སྤོང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། བསྐོ་བའི་ཡུལ་ཆོས་བཅུ་བཞི་དང་ལྡན་པ་

༼༦༥༩༽

སྟེ་སྐབས་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི་གསོལ་གཉིས་ལས་ཀྱིས་བསྐོ་བའོ། །བཞི་པ་བསྐོས་པ་དེའི་བསླབ་བྱ་ནི་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱ་བ་སྟེ་གཞུང་དུ་འཆད་པར་འགྱུར་རོ། །དེ་ཡང་ཉེས་པ་གང་གིས་སུན་ཕྱུང་བའི་ཉེས་པ་དེ་ཙམ་ཞིག་བརྗོད་པར་བྱའི་ཉེས་པ་གཞན་མི་བརྗོད་པ་དང་། ཁྱིམ་པ་གང་སུན་ཕྱུང་བའི་ཁྱིམ་པ་དེ་རྣམས་ལ་བརྗོད་པར་བྱའི། །ཁྱིམ་པ་གཞན་ལ་མི་བརྗོད་དོ། །ཞུ་བ་ལས་ཉེས་པའི་མཐར་བྱ་བ་་་་་་སྟེ་ཉེས་པ་གཞན་ལ་མི་བརྗོད་པ། དང་། ཁྱིམ་པའི།་་་་་རིགས་ཀྱི་མཐར་བྱ་བ་་་་་་སྟེ་ཁྱིམ་པ་གཞན་ལ་མི་བརྗོད་པ། ཞེས་གསུངས་ལ། དེ་ལས་ལྷག་པར་བསྒོ་ན་་་་་་སྟེ་ཉེས་པ་དེ་ལྷག་པར་བསྒོ་བ་དང་ཁྱིམ་དེ་ལས་ལྷག་པར་བསྒོ་ན། ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་གི་དོན་ནི་དགེ་སློང་དང་ཞེས་སོ། །རྣམ་འབྱེད་འགྲེལ་ལས་ཁྱིམ་སུན་འབྱིན་པར་བྱེད་ཅེས་བྱ་བ་ནི་ཁྱིམ་པ་དག་གོ །གནས་སུན་འབྱིན་པར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དག་གོ །ཡོས་ཚིག་པ་ཞེས་བྱ་བ་ནི་ཐལ་བར་གྱུར་པའོ། །སྐྱེར་མི་རུང་བའི་ཆོས་ཅན་ནི་འཕགས་པའི་ལམ་གྱི་མྱུ་གུ་མི་སྐྱེ་བའོ་ཞེས་་་་་་དེ་རྣམས་ཐམས་ཅད་རྣམ་འབྱེད་འགྲེལ་ལས། བཤད་དོ།་་་་་ཊཱི་ཀར་གཞུང་ཚིག་དེ་རྣམས་གསལ་པོ་མེད་དོ། །དངོས་གཞིའི་ལྟུང་བ་ནི་ཤེས་གཙོའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གཞན་གྱི་གནས་ངན་ལེན་བརྗོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ངན་པ་མགོ་གཅིག་ཏུ་བསྒྲེ་བའི་སྒོ་ནས་རང་རིགས་ལ་མ་དད་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གཞན་གྱི་ཕམ་པའམ་ལྷག་མའི་ལྟུང་བ་བརྗོད་ཅིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ལ་བརྗོད་པའི་ཡུལ་དང་། གང་བརྗོད་པའི་དངོས་པོ་དང་། གང་གིས་བརྗོད་པའི་ལྟུང་བའི་བདག་པོ་དང་། གང་གི་བརྗོད་པའི་རྟེན་ནོ། །དང་པོ་ལ་ལྔ་ལས་བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་

༼༦༦༠༽

ཉིད་དག་དང་ལྡན་པ་ལའོ། །ཞེས་པ་དང་། སྤྱིར་བསྟན་པ་ལས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཤེས་གསུངས་པས་སོ། །སེལ་བ་དགེ་སློང་རྣམ་དག་ལ་བརྗོད་པ་ལ་ནི་ལྟུང་བ་མེད་དེ་མ་བརྗོད་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །བྱུང་བ་དང་བཅས་པ་མི་ཤེས་པ་སྟེ། ཉན་པ་པོ་མི་ཤེས་པ་ཉིད་དང་ཞེས་སོ། །སེལ་བ་ནི་བྱུང་བཅས་ཤེས་པ་ལ་བརྗོད་པ་ནི་ལྟུང་བ་མེད་དེ། རྣམ་འབྱེད་ལས་་་་་་དགེ་སློང་འདིས་ཉེས་པ་འདི་བྱས་སོ་ཞེས་རྒྱལ་པོས་དྲིལ་བསྒྲག་པ་་་་་་ཡུལ་མི་ཀུན་གྱིས་ཐོས་པ། ལ་ནི་་་་་་གནས་ངན་ལེན་སྨྲས་ན་ཡང་། ལྟུང་བ་མེད་དོ། །དགེ་སློང་དེས་ཉེས་པ་དེ་བྱས་པར་་་་་་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ་་་་་་ལྟུང་བ་མེད་དེ། ཞེས་གསུངས་སོ། །འཕགས་པའི་བདེན་པ་མ་མཐོང་བ་སྟེ། བསྡུས་པ་ལས་བདེན་པ་མཐོང་བ་ལ་་་་་་བརྗོད་ན། ལྟུང་བ་མེད་དོ་ཞེས་བཤད་དོ། །ཐ་སྙད་ལྔ་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་ནི་སྔར་དང་འདྲའོ། །གཉིས་པ་གང་བརྗོད་པའི་དངོས་པོ་ལ་གཉིས་ལས། ཕམ་པ་དང་ལྷག་མའི་དངོས་གཞི་གང་རུང་།་་་་་ཡིན་པ་སྟེ། ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དག་ཅེས་བཤད་དོ། །སེལ་བ་སྦོམ་པོ་དང་ལྟུང་བྱེད་ལ་སོགས་པ་བརྗོད་ན་ཉེས་བྱས་སོ།་་་་་ཊཱི་ཀ་ལས་ཕམ་པ་དང་ལྷག་མ་འདི་གཉིས་ལས་གཞན་པའི་ཁ་ན་མ་ཐོ་བ་བརྗོད་པ་ནི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས། དགེ་སློང་གཞན་གྱི་རྒྱུད་ལ་འབྲེལ་བར་ཡོད་པ་སྟེ། ཞུ་བ་ལས། དགེ་སློང་གིས་བདག་ཉིད་ཀྱིས་གནས་ངན་ལེན་གྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན་ཉེས་པ་ཅིར་འགྱུར་ཉེས་བྱས་སོ། །ཞེས་གསུངས་ལ། ཉེས་བྱས་སུ་གསུངས་པ་ནི། གཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཞེས་ཞུ་འགྲེལ་ལས་སོ། །གསུམ་པ་གང་གིས་བརྗོད་པ་ལྟུང་བའི་བདག་པོ་ནི་དགེ་སློང་གཞན་ཡིན་པ་སྟེ། གཞན་དེ་ཡང་དགེ་འདུན་ལྷག་མའི་ལྟུང་བ་བརྗོད་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་ཡིན་ལ། ཕམ་པའི་ལྟུང་བ་བརྗོད་པ་ལ་ནི་ཡུལ་དེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་པས། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡན་ལག་མ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུན་ལྟ་མཐུན་ལ་སོགས་པ་ལྔ་ནི་སྔར་དང་་་་་་བྱིན་འཕྲོག་གི་སྐབས་སུ་བཤད་པ། འདྲའོ། །བཞི་པ་གང་

༼༦༦༡༽

གིས་བརྗོད་པའི་རྟེན་ནི། གནས་ངན་ལེན་བརྗོད་པ་པོར་བསྐོས་པ་དང་མ་འབྲེལ་བ་དང་གསོལ་བའི་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། བསྐོ་བ་མ་བྱས་པ་ལའོ། །དགེ་འདུན་ལ་མ་གསོལ་བའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་གནས་ངན་ལེན་བརྗོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གནས་ངན་ལེན་བརྗོད་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་ཉན་པ་པོ་མི་ཤེས་པ་ཉིད་དང་ཞེས་པ་ནི་བྱུང་བ་ཤེས་ཀྱང་བཅས་པ་མི་ཤེས་པ་དང་། བཅས་པ་ཤེས་ཀྱང་བྱུང་བ་མི་ཤེས་པའོ། །དེ་ཡང་བྱུང་བ་ཤེས་ཀྱང་བཅས་པ་མི་ཤེས་པ་སྟེ། དགེ་སློང་གསལ་བ་དང་། དགེ་སློང་གསལ་མས་མ་དད་པར་བྱས་པ་ཁྱིམ་པ་་་་་་མཉན་ཡོད་པ་རྣམས་ཀྱིས་བྱུང་བའི་མཐའ་རྒྱུས་ཤེས་ཀྱང་འདུལ་བའི་བཅས་པའི་རྒྱུས་མི་ཤེས་པའི་ཁྱིམ་པ་དེ་རྣམས། ལ་བརྗོད་ན་ཡང་ལྟུང་བར་འགྱུར་་་་་་བས་དེ་དགག་པའི་དོན་དུ་གནས་ངན་ལེན་བརྗོད་པ་བསྐོ་དགོས། པའི་ཕྱིར་དང་། བཅས་པ་་་་་་འདུལ་བའི་ཤེས་ཀྱང་བྱུང་བ་མི་ཤེས་པ་སྟེ།་་་་་ཕ་རོལ་པོས་ཉེས་སྤྱོད་གང་བྱས་དེ་རྒྱུ་མིས་ཤེས་པའི་དགེ་སློང་བསླབ་པ་བྱིན་པ་ལ་བརྗོད་ན་ཡང་ལྟུང་བར་འགྱུར་བའི་ཕྱིར་རོ། །ད་ནི་མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཉ་པའི་གྲོང་དུ་སྔོན་ཉ་པར་གྱུར་པའི་དགེ་སློང་ལྔ་བརྒྱས་མིའི་ཆོས་བླ་མ་བདེན་པར་སྨྲས་པ་ལས་འོད་མ་ཅན་གྱི་གྲོང་དུ་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྫུན་དུ་སྨྲས་སོ་ཞེས་རང་ལ་སྐུར་པ་འདེབས་པའི་རྒྱུར་འགྱུར་བ་དང་། ཡོན་ཏན་སྨྲ་བ་དེ་ལ་འགྲན་ནས་སྨྲ་བར་འགྱུར་པའོ།་་་་་གཞན་རྫུན་དུ་སྨྲ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་རང་གིས་མིའི་ཆོས་བླ་མ་ཐོབ་པ་དེ་སྨྲ་ཡུལ་བསྙེན་པར་མ་རྫོགས་པ་ལ་བདེན་པར་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་དང་། གང་སྨྲ་བའི་དངོས་པོའོ། །དང་པོ་ལ་བཞི་སྟེ། བྱུང་བ་དང་བཅས་པའི་ཤེས་པ་མ་

༼༦༦༢༽

གཏོགས་པ་བཞི་སྟེ་་་་་་བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་ཡིན། འཕགས་པའི་བདེན་པ་མ་མཐོང་བ་ཡིན་པ་ཐ་སྙད་ལྔ་དང་ལྡན་ལུས་ཐ་མལ་པར་གནས་པ་དང་བཞི། སྔ་མ་བཞིན་ནོ། །གང་སྨྲ་བའི་དངོས་པོ་ནི་མི་ཆོས་བླ་མའི་ཡོན་ཏན་ཁྱད་པར་ཅན་ཡིན་པ་དང་། ད་ལྟ་བདག་ལ་ལྡན་པ་སྟེ། མི་ཆོས་བླ་མ་བརྗོད་པའི་ཞེས་པ་དང་། བདེན་པ་ཉིད་ནའོ་ཞེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རང་དོན་དུ་མི་ཆོས་བླ་མ་བདེན་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་བྱེད་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་བདེན་པ་ཉིད་ནའོ་ཞེས་སོ། སྔར་རྫུན་སྨྲ་ཕམ་པའི་སྐབས་སུ་ཇི་སྐད་བཤད་པ་རྣམས་འདིར་ཡང་སྦྱར་རོ། །འོན་ཀྱང་ཁྱད་པར་ལྔ་ལས། ལྟུང་བ་བསྐྱེད་པའི་རྟེན་གྱི་ཁྱད་པར་ནི། རང་གི་མི་ཆོས་བླ་མ་མ་ཐོབ་པ་དང་ཐོབ་པའོ། །བསམ་པའི་ཁྱད་པར་ནི། སྔར་འདུ་ཤེས་བསྒྱུར་ཏེ་རྫུན་སྨྲ་ལས་འདིར་ནི་འདུ་ཤེས་མ་བསྒྱུར་བ་བདེན་པར་སྨྲའོ། །ལྟུང་བའི་ཁྱད་པར་ནི། སྔར་ཕམ་པའི་གནས་སུ་འདིར་ལྟུང་བྱེད་དང་། སྔར་སྦོམ་པོའི་གནས་སུ་འདིར་ཉེས་བྱས་སོ། །སྨྲ་ཡུལ་གྱི་ཁྱད་པར་ནི་རྫུན་སྨྲའི་ཡུལ་བདེན་པ་མཐོང་མ་མཐོང་འདྲ་ཞིང་བསྙེན་པར་རྫོགས་མ་རྫོགས་འདྲ་ཡང་བདེན་སྨྲ་འདི་ལ་ནི་སྨྲ་ཡུལ་དེ་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལའོ་ཞེས་སོ། །བརྗོད་བྱའི་ཁྱད་པར་ནི།་་་་་ང་སངས་རྒྱས་ཡིན་ནོ་ཞེས་རྫུན་སྨྲ་ན་ཕམ་པར་འགྱུར་ཡང་། ང་སངས་རྒྱས་ཡིན་ནོ་ཞེས་བདེན་པར་སྨྲ་བའི་ལྟུང་བྱེད་ནི་མི་སྲིད་དེ། སངས་རྒྱས་ལ་ལྟུང་བའི་སྐྱོན་འབྱུང་བ་མི་སྲིད་པའི་ཕྱིར་རོ་དེས་ན་ལུང་ཞུ་བ་ལས་་་་་་མི་ཆོས་བླ་མ་བདེན་པར་སྨྲ་བ་ནི། སངས་རྒྱས་དང་སྟོན་པ་ཞེས་པ་མ་གཏོགས་ཞེས་གསུངས་སོ། །དགྲ་བཅོམ་ཡིན་པ་བདེན་པར་སྨྲ་བའི་ལྟུང་བྱེད་འདི་ནི་དགྲ་བཅོམ་པ་ཉིད་ལ་འབྱུང་གི སོ་སོ་སྐྱེ་བོ་ལ་ནི་ལྟུང་བྱེད་འདི་འབྱུང་མི་སྲིད་དོ།་་་་་དགྲ་བཅོམ་པ་ཁོ་ན་ལ་ངེས་པར་འབྱུང་བ་དེས་ན་འདི་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་མི་སྲིད་དོ། །བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པའི་སེལ་བ་ནི། ཞུ་བ་ལས་བདེན་པ་མཐོང་བ་ལྟ་བ་ཕུན་སུམ་ཚོགས་པ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་གསུངས་པས། བསྙེན་པར་རྫོགས་པ་ལ་བརྗོད་ན་ཡང་ལྟུང་བ་མེད་དོ་ཞེས་མདོར་བསྡུས་སྦྱར་བར་བྱའོ། །ཁྱིམ་པའི་མདུན་དུ་

༼༦༦༣༽

ཞེས་པ་དགག་བྱ་མཐུན་པའི་བསླབ་བྱའོ། །ཊཱི་ཀ་ལས་གདུལ་བྱའི་དོན་ཉིད་དུ་ནི་ལྟུང་བ་མེད་དེ་ལྟེང་རྒྱས་འོད་སྲུངས་ལ་རྫུ་འཕྲུལ་བསྟན་པའི་བྱུང་བའི་མཐའ་ལས་སོ། །ཞེས་སོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བཀག་པ་ནི། ཧ་ཅང་མི་རིགས་པས་བཀག་པ་སྟེ། དགེ་སློང་མ་དག་གི་ང་རྒྱལ་སྤང་བར་བྱ་བའི་ཕྱིར་ཏེ། ཁོ་མོ་ཅག་དང་འདྲ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་བྱེད་དོ། །ཞེས་པའི་རྒྱགས་པ་སྐྱེ་བར་འགྱུར་བས་ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་བཤད་དོ།་་་་་དགེ་སློང་མ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། དགེ་སློང་ལ་སོགས་པས་ཀྱང་ངོ་། །བསླབ་བྱའི་མདོ་འདི་གཉིས་ནི་ལུང་ཕྲན་ཚེགས་ལས་བསྡུས་པའོ། །ད་ནི་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་གལ་ཏེ་བརྟན་པ་ཉིད་དུའོ་ཞེས་སོ། །དངོས་གཞིའི་ལྟུང་བ་ནི། དད་པ་ཕུལ་བ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་རྙེད་པ་ཟས་ལས་གཞན་པ་དེ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་སྐུར་པ་བཏབ་པ་དེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། དངོས་པོ་གང་ལོག་པར་བསྔོས་སོ་ཞེས་བརྗོད་པ་དང་། ཡུལ་གང་ལ་ལོག་པར་བསྔོས་སོ་ཞེས་བརྗོད་པ་དང་། གང་ལ་སྐུར་པ་གདབ་པའི་ཡུལ་དང་། གང་གིས་སྐུར་པ་འདེབས་པའི་རྟེན་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ལྔ་ལས་དགེ་སློང་གི་དགེ་འདུན་དབང་བའི་རྙེད་པ་་་་་་ཙམ་ཡིན་གྱི་ལྟུང་བྱེད་འདི་ལ་ལོག་པར་བསྔོས་པ་ནི་ཡན་ལག་མ་ཡིན་ཏེ། ལོག་པར་བསྔོས་པ་མེད་པའི་ཕྱིར་ཏེ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པ་ཞེས་གསུངས་པ་དང་། འདི་ནི་ལོག་པར་མ་བསྔོས་ཀྱང་བསྔོས་སོ་ཞེས་སྐུར་པ་འདེབས་པ་ཡིན་པ་དང་། ཟས་ལས་གཞན་ཡིན་པ་སྟེ། དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་ཞེས་སོ། །སེལ་བ་ནི་ཊཱི་ཀ་ལས་གང་ཟག་གི་རྙེད་པ་

༼༦༦༤༽

གཞན་ལ་བསྔོས་ཞེས་བརྗོད་ན་ཡང་ཉེས་བྱས་ཁོ་ནའོ་ཞེས་བཤད་ཅིང་། ཊཱི་ཀ་ལས་ཟས་ཀྱི་རྙེད་པ་ལ་ནི་ཉེས་བྱས་ཏེ་ཞེས་སོ། །བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། སོ་སོར་ཐར་པ་ལས་སྔར་ལེགས་པར་རུང་བ་བྱས་ནས་ཞེས་གསུངས་པས་ཤེས་སོ།་་་་་ལ་རྣམ་འབྱེད་འགྲེལ་ལས་སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་དད་པ་ཕུལ་ནས་སོ་ཞེས་གསུངས། །གཞན་དུ་ན་ལྟུང་བ་ན་སྨད་དེ། དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཕལ་ཆེར་རུང་བ་དང་ཚད་དང་ལྡན་པ་སྟེ། སྤྱིར་བསྟན་པ་ལས་སོ། །གཉིས་པ་ཡུལ་གང་ལ་ལོག་པར་བསྔོས་སོ་ཞེས་བརྗོད་པ་ནི། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། དགེ་འདུན་མ་ཡིན་པ་སྟེ། དང་པོ་གཉིས་ནི་མི་ཆོས་བླ་མའི་སྐབས་སུ་སྔར་བཤད་པ་དང་འདྲ་ཞིང་། ཐ་མ་ནི་གང་ཟག་ལ་ཞེས་འདི་ཉིད་ལས་བཤད་ཅིང་གང་ཟག་ལ་ཞེས་སྨོས་པ་ལས་ནི་དགེ་འདུན་གཞན་ལ་ནི་ཉེས་བྱས་སོ། །ཞེས་ཊཱི་ཀ་ལས་བཤད་དོ། །གསུམ་པ་གང་ལ་སྐུར་པ་གདབ་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལོག་པར་བསྔོ་བ་པོ་མ་ཡིན་པ་སྟེ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པ་ཞེས་པའོ། །སེལ་བ་ནི་ལུང་རྣམ་འབྱེད་ལས་བཤེས་ངོར་བྱས་ཏེ་གང་ཟག་ལ་བསྔོས་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །བཞི་པ་གང་གིས་སྐུར་པ་འདེབས་པའི་རྟེན་ནི། བློ་མཐུན་བྱེད་པ་ལ་གཏོགས་པ་སྟེ། དད་པ་ཕུལ་བ་ལའོ་ཞེས་སོ། །གཞན་དུ་ན་ལྟུང་བ་ན་སྨད་དེ། དེ་སྙེད་ཀྱི་མཚང་པོ་ཆེ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །ལྔ་པ་གང་ལ་གོ་བར་བྱ་བའི་ཡུལ་ནི། ཐ་སྙད་ལྔ་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པ་དང་གསུམ་སྟེ་སྔར་མི་ཆོས་བླ་མའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་དད་པ་ཕུལ་བ་ལའོ་ཞེས་སོ། །མིང་མ་སྨོས་པར་བརྗོད་ན་ཡང་ངོ་སྟེ་ལྟུང་བྱེད་དངོས་གཞིར་འགྱུར་རོ། །འོ་

༼༦༦༥༽

ན་མིང་མ་སྨོས་པ་ཡང་ངོ་ཞེས་་་་་་མིང་མ་སྨོས་པར་བརྗོད་ན། གཞི་མེད་སྐུར་འདེབས་ཀྱི་ལྟུང་བ་མི་རྫོགས་ལ་སྐབས་འདིར་ནི་མིང་མ་སྨོས་ཀྱང་ལྟུང་བ་རྫོགས་པ་རྒྱུ་མཚན་ཅི་ཞེ་ན། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་དགེ་འདུན་ལ་སྐུར་པ་འདེབས་པ་ན། དགེ་སློང་བྱེ་བྲག་གི་མིང་མ་སྨོས་ཀྱང་ལྟུང་འབྱེད་འདིར་འགྱུར་བའོ། །བཤེས་ངོར་བྱས་སོ་ཞེས་དགེ་སློང་གཅིག་ལ་སྐུར་པ་འདེབས་ན་ནི། འགའ་ཞིག་གིས་བཤེས་ངོར་བྱས་སོ་ཞེས་མིང་མི་སྨོས་པར་བརྗོད་ན་འདིར་ཡང་ལྟུང་བ་མི་རྫོགས་ཏེ། དགག་བྱ་མི་རྫོགས་པའི་ཕྱིར་དང་། མིང་མ་སྨོས་པ་ཡང་ངོ་ཞེས་གཞི་མེད་སྐུར་འདེབས་ཀྱི་ལྟུང་བ་མི་རྫོགས་པར་སྔར་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ད་ནི་ཁྱད་དུ་གསོད་པའི་ལྟུང་བ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་འདུལ་བ་ཁྱད་དུ་གསོད་པའི་ཚིག་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོས་ཁྱད་དུ་བསད་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་དགེ་སློང་གཞན་ལ་སྨྲ་ཞིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ཁྱད་དུ་གསོད་པའི་དངོས་པོ་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་འདུལ་བའི་ཚིག་ཡིན་པ་སྟེ། ཊཱི་ཀ་ལས་རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པའི་ཚིག་དེ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །འདུལ་བའི་དོན་གྱི་དངོས་པོ་ཁྱད་དུ་གསོད་ན་ནི། བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསད་པའི་ལྟུང་བྱེད་དོ་ཞེས་འོག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་་་་་་གོ་བྱའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ཏེ། དྲུག་པོ་ཐམས་ཅད་སྐབས་འདིའི་ལུང་ཞུ་བ་ལས་གསུངས་སོ། །དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་ཡན་ལག་ཏུ་དགོས་ཏེ། ཞུ་བ་ལས་དགེ་སློང་གིས་དགེ་ཚུལ་གྱི་དྲུང་དུ་བསླབ་པ་ལ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ། །དགེ་སློང་གིས་བསླབ་པ་སྩལ་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ། །ལྟ་བ་མཐུན་པ་དང་མཚན་མཐུན་པ་སྟེ་

༼༦༦༦༽

དགེ་སློང་གིས་ཐ་དད་དུ་གནས་པའི་དྲུང་དུ་བསླབ་པ་ལ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་སོ། །ཐ་སྙད་གསུམ་དང་ལྡན་པ་ཡན་ལག་ཏུ་དགོས་ཏེ་དེ་ཡང་སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པ་སྟེ་དགེ་སློང་གིས་ལྐུག་པ་དང་གླེན་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་འཕྱས་ན་ཉེས་བྱས་སོ་ཞེས་པ་དང་། དགེ་སློང་གིས་སྨྱོན་པའི་དྲུང་དུ་བསླབ་པ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་སོ། །ལུས་ཐ་མལ་དུ་གནས་པ་སྟེ་དགེ་སློང་གིས་སྤྲུལ་པའི་དྲུང་དུ་བསླབ་པ་ལ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་སོ། །བདག་ལས་ཐ་དད་པ་ཡན་ལག་ཏུ་དོགས་ཏེ་ལུང་ལས་དགེ་སློང་གིས་དབེན་པ་ལ་མི་བདེན་པར་འདུ་ཤེས་ཏེ་བསླབ་པ་ལ་འཕྱས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འདུལ་བའི་ཚིག་ཁྱད་དུ་གསོད་པའི་ཚིག་སྨྲ་བར་བྱེད་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ལ་འདུལ་བ་ནི་བརྗོད་བྱ་དོན་གྱི་འདུལ་བའོ། །དེ་དང་ལྡན་པ་ནི་ཚིག་སྟེ་ཚིག་དེ་དོན་དང་ལྡན་པའི་ཕྱིར་རོ། །འདུལ་བའི་་་་་་ཚིག་དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཉིད་དེ་ཊཱི་ཀ་ལས་ཚིག་དེ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་ན་ཞེས་པས་སོ། །སྐབས་འདིར་ཊཱི་ཀ་ལས་འདིར་བརྙས་ཐབས་ཀྱི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི་གདོན་པའི་བྱེ་བྲག་ལས་མ་ཡིན་ཏེ་ཞེས་པ་ནི་ཁྱད་དུ་གསོད་པའི་སྦྱོར་བ་ཐ་དད་ཀྱིས་ཞུགས་ན་ལྟུང་བ་བྱེ་བྲག་ཐ་དད་དུ་འགྱུར་ལ། གདོན་པ་སྡེ་ལྔ་ལ་ཡང་ཁྱད་དུ་གསོད་པའི་སྦྱོར་བ་གཅིག་གིས་ཞུགས་ན་ནི་ལྟུང་བྱེད་གཅིག་ཏུ་འགྱུར་གྱི་གདོན་པ་སྡེ་ལྔ་ལས་ལྟུང་བྱེད་ལྔར་གྱུར་པ་ནི་མ་ཡིན་ནོ། །གལ་ཏེ་སོ་སོར་ཐར་པའི་མདོ་ལས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པ་ན་བསླབ་པ་ཁྱད་དུ་བསད་ན་ཞེས་སོ་སོ་ཐར་པའི་མདོ་ངེས་གཟུང་དུ་སྨོས་པ་མ་ཡིན་ནམ་འདུལ་བ་དང་ལྡན་པ་ཉིད་དོ་ཞེས་་་་་་འདུལ་བ་སྤྱི་ཙམ་དུ་སྨོས་པ་མི་རིགས་སོ་ཞེ་ན། ཊཱི་ཀ་ལས་་་་་་སོ་སོ་ཐར་པའི་མདོ་དེ་ནི་འདུལ་བ་ལྷག་མ་རྣམས་ཀྱི་དཔེ་ཙམ་དུ་ཟད་དེ་ཞེས་བཤད་ཅིང་། ལུང་རྣམ་འབྱེད་ལས་གཞི་དག་དང་ཕྲན་ཚེགས་དག་དང་གླེང་གཞི་དག་དང་སིལ་བུ་ལ་སོགས་པ་འདོན་པ་ན་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། ཊཱི་ཀ་ལས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ཏེ་དགེ་སློང་གིས་འདུལ་བ་དང་ལྡན་པ་ཅི་ཙམ་བརྗོད་པ་ལ་བརྙས་ཐབས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་

༼༦༦༧༽

འགྱུར་རོ་ཞེས་གསུངས་པས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། ཚེས་བཅོ་ལྔ་ནི་འདིར་ངེས་གཟུང་གི་ཡན་ལག་མ་ཡིན་ནོ། །འོ་ན་འགྲེལ་ཆུང་ལས་བཅོ་ལྔའི་གསོ་སྦྱོང་གི་ཚེ་ཡིན་པ་དང་། འདུལ་བ་སྡེ་བཞིའི་ནང་ནས་བྱུང་བའི་ཚིག་ཡིན་པ་དང་འདི་ལྟ་བུའི་ཚིག་ཆུང་ངུ་ཅི་དགོས་ཞེས་ཚིག་ཏུ་སྨྲས་པ་དང་། ཡན་ལག་འདི་གསུམ་ལྡན་ན་ལྟུང་བར་འགྱུར་ཞེས་བཤད་པ་དང་འགལ་ཞེ་ན། དེ་ལྟར་ཚེས་བཅོ་ལྔ་ཡན་ལག་ཏུ་དགོས་པར་བཤད་པ་དེའི་རྗེས་སུ་མི་འབྲང་ངོ་། །ཁྱད་དུ་གསོད་པ་འོག་མའི་ཊཱི་ཀ་ལས་གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོ་ཐར་པའི་མདོ་འདོན་པ་ན་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི། དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ་ཞེས་ཁྱད་དུ་གསོད་པ་འོག་མའི་སྐབས་སུ་གསུངས་པ་དེ་ཁྱད་དུ་གསོད་པ་གོང་མའི་སྐབས་འདིར་ཡང་སྦྱར་ཞེས་བླ་མ་རྣམས་གསུང་ཡང་། ཁྱད་དུ་གསོད་པ་གོང་འོག་འདི་གཉིས་འདུལ་བ་ཁྱད་དུ་གསོད་པ་ཙམ་དུ་འདྲ་ཡང་ཁྱད་དུ་གསོད་པའི་ཚུལ་ཐ་དད་པའི་ཕྱིར་དང་། སྐབས་འདིའི་ལུང་རྣམ་འབྱེད་ལས་་་་་་འདུལ་བ་དང་ལྡན་པ་གང་ཇི་ཙམ་བརྗོད་པ་ལ། བརྙས་ཐབས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། སྐབས་འདིར་མདོ་རྩ་བ་ཉིད་ལས་གནས་དང་ཚེས་གྲངས་ངེས་པ་ཅན་མ་གསུངས་པར་འདུལ་བ་དང་ལྡན་པ་ཉིད་དོ་ཞེས་སྤྱིར་གསུངས་པའི་ཕྱིར་ན་ཚེས་བཅུ་གསུམ་དང་བཅུ་བཞི་ལྟ་བུ་ལ་འདུལ་བ་ཁྱད་དུ་བསད་ན་ལྟུང་བྱེད་མི་སྐྱེ་བར་འཆད་པ་དེ་མི་རིགས་པར་སེམས་སོ། །དུས་མ་ཡིན་པའི་ཟས་བཀག་པ་དང་འབྲུ་རློན་པ་ལེན་པ་བཀག་

༼༦༦༨༽

པ་ལ་སོགས་པ་རྣམས་ནི་མདོ་སྡེ་ལས་གསུངས་ཀྱང་འདུལ་བར་གཏོགས་པ་ཉིད་ཡིན་པས་དེ་དག་ཀྱང་ཁྱད་དུ་བསད་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལས་འདུལ་བ་དང་ལྡན་པའི་མདོ་སྡེ་དག་འདོན་ན་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །དེ་དག་ལས་གཞན་པའི།་་་་་མདོ་སྡེ་ལ་ནི་ཉེས་བྱས་ཞེས་པ་ཊཱི་ཀ་ལས་འདུལ་བ་དང་ལྡན་པ་དུས་མ་ཡིན་པའི་ཟས་དང་འབྲུ་རློན་པ་ལེན་པ་ལ་སོགས་པ་གཞན་པ་མདོ་སྡེར་གཏོགས་པའི་བརྗོད་པ་གཞན་ལ་ཁྱད་དུ་གསོད་ན་ཉེས་བྱས་སོ་ཞེས་སོ། །མངོན་པ་ཁྱད་དུ་གསོད་ན་ཅིར་འགྱུར་ན་ཊཱི་ཀ་ལས་ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་དག་ལས་ཐ་དད་པ་མ་ཡིན་ཏེ་ཞེས་བཤད་པས། ལྟུང་བྱེད་དང་ཉེས་བྱས་ཅི་རིགས་པ་བསྐྱེད་དོ།་་་་་འདུལ་བ་གཏན་ལ་འབེབས་བྱེད་ཀྱི་མངོན་པ་ཁྱད་དུ་བསད་ན་ལྟུང་བྱེད་བསྐྱེད་ཅིང་། མདོ་སྡེ་གཏན་ལ་འབེབས་བྱེད་ཀྱི་མངོན་པ་ཁྱད་དུ་བསད་ན་ཉེས་བྱས་བསྐྱེད་པ་སྟེ། དེ་ཡང་ཊཱི་ཀ་ལས་དགེ་སློང་གི་སྡོམ་པ་ལ་སོགས་པ་འདུལ་བ་ལས་གསུངས་པ་ཡང་དེར་རྣམ་པར་གཅོད་པར་བྱེད་ལ། མདོ་སྡེའི་གཏན་འབེབས་ལྟ་བུ་དང་མདོ་སྡེ་རྣམས་པར་འཆད་པ་ཡང་ཆོས་མངོན་པ་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །ད་ནི་ས་བོན་སྐྱེ་འཇིག་གི་ལྟུང་བྱེད་འཆད་དེ། གནང་བའི་བསླབ་བྱ་ནི། ལག་གི་བླས་མཆོད་རྟེན་དང་དགེ་འདུན་གྱི་ཞེས་པ་ལུང་རྣམ་འབྱེད་ལས་མཆོད་རྟེན་གྱིའམ་ཆོས་ཀྱིའམ་དགེ་འདུན་གྱི་ཞེས་དཀོན་མཆོག་གསུམ་ག་གསུངས་སོ། །ཊཱི་ཀ་ལས་ཀྱང་མཆོད་རྟེན་སྨོས་པས་ཆོས་དཀོན་མཆོག་སྨོས་པ་ཡིན་ཏེ། མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ།་་་་་སངས་རྒྱས་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་པའི་ཕྱིར་ཞེས་པ་སྟེ། མཆོད་རྟེན་ཞེས་པས་སངས་རྒྱས་དང་ཆོས་གཉིས་བསྟན་ཏོ། །དྲི་དང་བདུག་པའི་ཁྱད་པར་ནི་མ་བསྲེགས་པར་དྲི་ཞིམ་པོ་འབྱུང་བ་དང་བསྲེགས་པས་དྲི་ཞིམ་པོ་འབྱུང་བ་སྟེ་གོ་རིམ་བཞིན་ནོ། །ལུང་རྣམ་འབྱེད་ལས་ཤིང་ལྗོན་པ་འདིས་མཆོད་རྟེན་གྱིའམ་ཆོས་ཀྱིའམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །ཤེས་པར་གྱིས་ཤིག་ཅེས་ཟུར་གྱིས་བསྒོ་སྟེ་གཅོད་དུ་གཞུག་པར་བྱའོ་ཞེས་ཊཱི་ཀ་ལས་གསུངས་ཏེ། འདི་ནི་སྐྱེ་བ་གཅོད་པ་དང་། ས་བརྐོ་མེ་རེག་ལ་སོགས་པའི་སྐབས་སུ་ཡང་། རུང་བ་གྱིས་ཤིག་ཅེས་ཟུར་གྱིས་བསྒོ་བ་ལ་ཉེས་པ་མེད་པའི་ཁུངས་ནི་འདི་ཡིན་ནོ། །རྨི་ལམ་དུའམ་མངོན་སུམ་དུ་ཤིང་ལྗོན་པ་དེ་ལ་མེ་འབྱུང་བའམ་ཁྲག་འཛག་པའམ་ཞེས་སྦྱར་རོ། །མི་གཏོང་ན་བཅད་པར་མི་བྱ་ཞེས་ཏེ་རྐུ་སེམས་མེད་ན་ཉེས་པ་འདི་འབའ་ཞིག་ཏུ་འགྱུར་གྱི། སྐུ་སེམས་ཡོད་ན་ནི་་་་་་མི་མ་ཡིན་ལ་འཕྲོགས་པ་ལ་སོགས་པ། གཞི་ཇི་ལྟ་བའི་ལྟུང་བའོ། །ལྟུང་བ་རྣམ་གཞག་ནི། ཤེས་གཙོའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་

༼༦༦༩༽

ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་རྩ་སྔོན་པོ་བརྔ་ཞིང་རྔར་འཇུག་པ་ལས་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་བོན་ནམ་ཕྱི་རོལ་གྱི་སྐྱེ་བ་རུང་བའི་ཆོས་དང་མ་འབྲེལ་བ་ཉམས་འདུན་གྱིས་རང་ངམ་བསྐོས་པས་ཉམས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི། ས་བོན་ལྔ་ལས་གང་ཡང་རུང་བའམ།་་་་་ནང་གི་སྐྱེ་བ་སྐྲ་སྤུ་སེན་མོ་ལས་གཞན། ཕྱི་རོལ་གྱི་སྐྱེ་བ་མཚན་ཉིད་དང་ལྡན་པ་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། རུང་བའི་ཆོས་དང་མ་འབྲེལ་བ་དང་གསུམ་སྟེ། ས་བོན་དང་ཁྱིའུ་ཁ་ཐོན་པ་ཞེས་པ་དང་། མ་ཉམས་པ་ཉིད་ལའོ། །རུང་བར་མ་བྱས་པ་དག་གིའོ་ཞེས་བཤད་དོ། །ཁྱད་པར་དུ་ཡང་སྐྱེ་བ་གཅོད་པ་ནི་སྐྱེ་བ་ཡོངས་སུ་རྫོགས་པ་དང་བཞི་སྟེ། ས་འབུས་པ་དང་ཤ་མོ་དང་ཞེས་སྐྱེ་བ་མ་རྫོགས་པ་འཇིག་པ་ལ་ན་སྨད་དུ་གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་གར་ས་བོན་ནམ་སྐྱེ་བ་ཉམས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ས་བོན་ནམ་སྐྱེ་བ་ཉམས་པར་བྱེད་པར་ཞུགས་པ་སྟེ། རང་ངམ་གཞན་གྱིས་ཀྱང་རུང་ངོ་ཞེས་སོ། །མཐར་ཐུག་ནི་ཉམས་པར་གྱུར་པ་སྟེ། ཉམས་པར་གྱུར་པ་ན་དངོས་གཞི་དག་གོ་ཞེས་སོ། །ཡན་ལག་གི་དོན་ནི། ཤེས་གཙོའོ་ཞེས་སོ། །ས་བོན་དང་ཞེས་སྨོས་ན་ས་བོན་དེ་ཇི་ལྟ་བུ་ཞེ་ན། རྣམ་འབྱེད་ལས་ས་བོན་ལྔ་སྟེ། རྩ་བའི་ས་བོན་དང་།་་་་་ནི་གླ་སྒང་དང་ཤུ་དག་ཡུ་ང་དང་སྒེའུ་ཤེར་དང་ཞེས་རྣམ་འབྱེད་ལས་གསུངས་པ། སྡོང་པོའི་ས་བོན་དང་།་་་་་ནི་ཤིང་ཀན་ཙ་ན་དང་ཀ་པའི་ལ་དང་ཞེས་རྣམ་འབྱེད་ལས་གསུངས་པ། ཐོག་གུའི་ས་བོན་ནི་་་་་་གོ་སྙོད་ལྟ་བུ་སྟེ་རྣམ་འབྱེད་འགྲེལ་ལས། ཐོག་གུ་ཞེས་བྱ་བ་ནི་རྩ་མོའི་ཞེས་བཤད་དོ། །རྣམ་འབྱེད་ལས་ཐོག་གུའི་ས་བོན་ནི་བུ་རམ་ཤིང་དང་སྨྱིག་མ་ལ་སོགས་པའོ་ཞེས་གསུངས་པ། དང་། འགས་པའི་ས་བོན་དང་།་་་་་ལུང་རྣམ་འབྱེད་ལས་ཨ་ན་ཙ་ཀ་དང་བ་རྫ་ཀ་ལ་སོགས་པ། འབྲས་བུ་འབྲུའི་སྣོད་བཀས་པ་ལས་ས་བོན་བྱུང་

༼༦༧༠༽

བ་ནི་ཀས་པའི་ས་བོན་ཡིན་ནོ་ཞེས་ཕྲན་ཚེགས་འགྲེལ་བ་ལས་བཤད་དོ། །རྣམ་འབྱེད་འགྲེལ་པར་འགས་པ་ཞེས་བྱ་བ་ནི་ཚལ་པའོ་ཞེས་སོ། །ས་བོན་གྱི་ས་བོན་ཉིད་ནི་ལྔ་་་་་་འབྲས་ས་ལུ་དང་ནས་དང་གྲོ་ལ་སོགས་པའོ་ཞེས་རྣམ་འབྱེད་ལས་གསུངས། ས་བོན་གྱི་ས་བོན་ནི་འབྲུའི་ས་བོན་ཏེ། རྣམ་འབྱེད་འགྲེལ་པ་ལས་ས་བོན་ཞེས་བྱ་བ་ནི་འབྲས་བུའོ་ཞེས་བཤད་དོ། །པའོ་ཞེས་གསུངས་སོ། །ས་བོན་གྱི་མཚན་ཉིད་ནི་རང་གི་རིགས་འདྲ་བསྐྱེད་པའི་ནུས་པ་དང་ལྡན་པའོ།་་་་་ལུང་རྣམ་འབྱེད་ལས་རྩ་བའི་ས་བོན་གང་ཞེ་ན་རྩ་བ་བཏབ་པ་ལས་རྩ་བ་བསྐྱེད་པའོ། །སྡོང་བུའི་ས་བོན་ནི་སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་བསྐྱེད་པའོ། །ཐེའུའི་ས་བོན་ནི་ཐེའུ་བཏབ་པ་ལས་ཐེའུ་ཉིད་བསྐྱེད་པའོ། །འགས་པའི་ས་བོན་ནི་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བའོ་ཞེས་གསུངས་སོ། །ས་བོན་གྱི་ས་བོ་ནི་ས་བོན་བཏབ་པ་ལས་ས་བོན་སྐྱེ་བའོ། །འོ་ན་ལ་ཕུག་དང་ཉུག་མ་འཇིག་པར་བྱེད་ན་ས་བོན་འཇོམས་པའི་ལྟུང་བྱེད་སྐྱེད་དམ་མི་སྐྱེད་ཅེ་ན། ཤ་ལུགས།་་་་་ཁ་ཅིག་ན་རེ་ལ་གཞི་དང་ཉུང་གཞི་ནི་ནས་དང་འདྲ་ཡང་། ལ་ཕུག་དང་ཉུང་མ་ནི་ལྗང་བུ་དང་འདྲ་སྟེ། གནས་སྐབས་ཀྱི་ཆོས་ཡིན་པས་དེ་འཇིག་པར་བྱེད་ཀྱང་ས་བོན་འཇོམས་པའི་ཉེས་པར་མི་འགྱུར་་་་་་གནས་སྐབས་ལྗང་བུ་འཇོམས་པ་བཞིན། ཞེས་ཟེར་རོ། །དེ་་་་་་རྒྱ་འདུལ་འཛིན་གྱི་ཞལ་ནས། ནི་སྡྱབི་ར་བྱུང་བ་དང་འགལ་ལ། སྡྱབི་ར་ཞེས་པ་ནི་གནས་བརྟན་ཏེ། བལ་ཡུལ་གྱི་གནས་བརྟན་འོན་པའི་དྲུང་དུ་ཞང་ཞུང་རྒྱལ་་་་་་ཤས་ཉུང་མ་གསིལ་བ་ན། གནས་བརྟན་དེ་ན་རེ། ཚེ་དང་ལྡན་པ་ས་བོན་འཇོམས་པའི་ཉེས་པ་འོང་ངོ་ཞེས་ཟེར་སྐད། དགེ་སློང་གིས་ཉུང་མ་མི་གསིལ་བ་དེ་རྒྱ་གར་ནས་ཀྱི་ལག་ལེན་ཡིན་པའོ། ལ་ཕུག་དང་ཉུང་མ་ཡང་རྩ་བའི་ས་བོན་ཡིན་ཏེ། ལུང་རྣམ་འབྱེད་ལས། རྩ་བའི་ས་བོན་གང་ཞེ་ན་རྩ་བ་བཏབ་པ་ལས་རྩ་བ་སྐྱེ་བ་སྟེ་ཉུང་མ་ནི་ལྗང་བུ་དང་འདྲ་སྟེ་ཉིད་སྐྱེ་བའོ་ཞེས་གསུངས་ལ། ལ་ཕུག་དང་ཉུང་མ་ཡང་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་ཡིན་པའི་ཕྱིར་རོ། །དེས་ན་་་་་་ལ་ཕུག་དང་ཉུང་མ་འདིར་རྩ་བའི་གནས་སྐབས་དང་འབྲས་བུའི་གནས་སྐབས་གཉིས་གོ་རིམ་བཞིན་དུ། རྩ་བའི་ས་བོན་དང་ས་བོན་གྱི་ས་བོན་ཡིན་ནོ། །ཁྱིའུ་ཁ་ཐོན་པ་ནི་སའི་འོག་ནས་རྩ་བ་ལ་སོགས་པ་སྐྱེ་བར་རྩོམ་པ་སྟེ། ཅུང་ཟད་ཐོན་པའོ། །ཐ་ན་ས་འོག་གི་རྩ་རྒྱུན་ཕྲ་མོ།་་་་་སྤུ་འདྲ་བ། དང་ཡན་ཆད་ཅེས་པ་ནི་རྩ་བ་ལ་སོགས་པ་དེ་དག་ཉམས་པར་བྱེད་ན་ལྟུང་བར་འགྱུར་བའོ། །དེ་

༼༦༧༡༽

ཡང་རྩ་རྒྱུན་ཕྲ་མོ་བཅད་ན་ཉེས་བྱས་དང་རྩ་བ་ལ་སོགས་པ་བཅད་ན་ལྟུང་བྱེད་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ལས་ཤིང་ལྗོན་པའི་རྩ་རྒྱུན་་་་་་ནི་རྩ་བའི་རྒྱུན་ཕྲ་མོའོ་ཞེས་རྣམ་འབྱེད་ལས་བཤད། འབྱིན་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཤིང་ལྗོན་པའི་རྩ་བ་འབྱིན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །རྣམ་འབྱེད་འགྲེལ་ལས་ཉ་ལྕིབས་ཞེས་བྱ་བ་ནི་ཆུ་ན་འཕྱོ་བའི་རྫས་སོ། །ཉ་ཚང་ཞེས་བྱ་བ་ནི་ཉ་ལྕིབས་དང་འདྲ་བ་ཆུའི་རྩྭའོ། །ཉ་ལྕིབས་དང་ཉ་ཚང་།་་་་་དེ་གཉིས་ནི་སྲོག་ཆུ་དང་འབྲེལ་བ་ཡིན་པས་ཆུ་ནས་བཏོན་ན་འཇིག་གོ་ཞེས་བཤད་དོ། །ཆུ་ནས་བཏོན་པ་ནི་བཏོན་པ་དེ་ཉིད་མཐའ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ་སྐྱེ་བ་འཇིག་པའི་ལྟུང་བྱེད་བསྐྱེད་དོ།་་་་་ཊཱི་ཀ་ལས་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །འོ་ན་ཞུ་བ་ཆེ་ཤོས་ལས་དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པ་དང་། མའི་སོ་སོ་ཐར་བའི་འགྲེལ་བ་ལས་ཀྱང་། ཉ་ལྕིབས་བཏོན་ན་ནི་ཉེས་བྱས་སོ་ཞེས་བཤད་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཉ་ཚང་འབྱིན་ན་ཉེས་བྱས་སོ་ཞེས་བཤད་པ་དང་འགལ་ཞེ་ན། དེ་དག་ནི་སྦྱོར་བའི་དུས་ན་ཉེས་བྱས་བསྐྱེད་པ་ལ་དགོངས་ཞེས་བརྗོད་དེ། མཐར་ཐུག་གྲུབ་དུས་ན་ནི། ཞུ་ཆུང་ལས་དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན་ཅིར་འགྱུར། ལྟུང་བྱེད་དོ་ཞེས་བཤད་ལ། དགེ་སློང་གི་རྣམ་འབྱེད་ལས་ཀྱང་། དགེ་སློང་གིས་ཉ་ལྕིབས་དང་ཉ་ཚང་ཆུ་ནས་སྐམ་ལ་འདོན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཤིང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་། ཉ་ལྕིབས་ཆུ་ནས་བཏོན་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཚིག་གུ་མ་བཅོམ་པར་ཞེས་པ་ནི་མཐར་ཐུག་གི་སེལ་བ་སྟེ། ཞུ་འགྲེལ་ལས་ཚིག་གུ་མ་བཅོམ་པར་རིལ་མིད་བགྱིད་ན་ཉེས་བྱས་སོ་ཞེས་བྱ་བ་འདི་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་འདི་ལ་ས་བོན་ཉམས་པར་འདུན་པས་ས་བོན་ཉམས་ཏེ་མཐར་ཐུག་གྲུབ་ན་ནི་ལྟུང་བྱེད་དོ། །རིལ་མིད་བྱེད་པ་འདི་ལ་རང་གི་རྣམ་བཤད་ལས་ནི་ས་བོན་ཉམས་འདུན་མེད་པར་ལྟོར་གཞུག་པ་ཙམ་གྱི་བློས་ལྟོར་མིད་ན་བསླབ་བྱའི་ཉེས་བྱས་ཉིད་

༼༦༧༢༽

ཡིན་གྱི། ས་བོན་ཉམས་པར་འདུན་པས་ལྟོར་མིད་པས་ས་བོན་ཉམས་པར་གྱུར་ན་ལྟུང་བྱེད་དུ་འགྱུར་བར་བཤད་དོ། །དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་གཅོད་ན་ལྟུང་བ་རྫོགས་པར་མ་བྱས་པ་ཉིད་དོ། །ཞུ་བ་་་་་་ལྟུང་བ་རྫོགས་པར་མི་བསྐྱེད་ཀྱང་། མང་ཤོས་ལས་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་བཀུམ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །འོ་ན་ཞུ་བ་ཉུང་ཤོས་ལས་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་འགུམ་པར་མོས་པར་བགྱིད་ན་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་ལ། དེ་ནི་རང་གི་རྣམ་བཤད་དང་ཊཱི་ཀ་དང་ཞུ་འགྲེལ་དང་གསུམ་གས་ལྟུང་བ་མེད་དོ། །ཞེས་ལུང་དྲངས་པ་དེ་དག་དང་འགལ་ཞེ་ན། དེ་དག་ཐམས་ཅད་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་སོ་ཞེས་བརྗོད་དོ། །ཞུ་ཊཱིཀ་མི་འཐད་དེ།་་་་་ས་བོན་ལ་ས་བོན་གཞན་ཉིད་དུ་ཞེས་པ་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་ཤུན་པ་ཞེས་བྱ་བ་ནི་ཕྱི་ཤུན་རྙི་བའོ། །ཕྲི་ཞེས་བྱ་བ་ནི་ནང་ཕྲི་སྲ་བའོ་ཞེས་བཤད་་་་་་དུ་ལྷས་དོ། །ཤུན་པ་ལ་སོགས་པ་ལྔ་པོ་དེ་དག་གི་ཤུན་པ་དང་ཕྲི་གཉིས་པོ་དེ་དག་གི་རྩ་བར་གྱུར་པ་སྟེ་་་་་་ཤུན་པ་དང་ཕྲི་དེ་དག་གི་སྙིང་པོར་གྱུར་པ་ཤིང་སྡོང་པོ་དངོས་ཀྱི་རང་བཞིན་ལས་མཚམས་མ་བྱེ་བ་མ་བྲལ་བ་དང་། འདབ་མ་སྐྱ་བོ་ལ་སོགས་པ་གསུམ་པོ་དེ་དག་གི་རྩ་བར་གྱུར་པ་སྟེ་་་་་་འདབ་མ་སྐྱ་བོ་ལ་སོགས་པ་དེ་དག་གིས། རྩ་བ་དངོས་ཀྱི་རང་བཞིན་ལས་མཚམས་མ་ཕྱེ་མ་བྲལ་བ་དེ་ནི་ཕྱེད་ཤི་བ་ཉིད་མ་ཡིན་ནོ།་་་་་དངོས་ཀྱི་རང་བཞིན་ལས་མཚམས་མ་ཕྱེ་བའི་དབང་དུ་བྱས་ན། ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་ལ་སོགས་པ་སྟེ་དེ་རྣམས་རང་རང་གི་རྩ་བ་ལས་ཕྲལ་ན་ལྟུང་བྱེད་དོ། །ས་འབུས་པ་དང་ཞེས་པ་ལུང་རྣམ་འབྱེད་ལས་ཕ་བ་དགོད་གོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་གྱི་སྐབས་གཞན་ལས་ཚ་སྒོ་ཞེས་བྱ་བ་ནི་ས་ཚོས་པ་འབུས་པའོ། །ཞེས་ཀྱང་བཤད་དོ། །རྣམ་འབྱེད།་་་་་འགྲེལ་བ་དེ་ཉིད་ལས། ཤ་བལ་ཞེས་བྱ་བ་ནི་ས་དྲེག་སྟེ་ས་ཞག་ལ་སོགས་པ་སྟེང་སྔོ་བ་དང་ཤ་བ་ལ་ཆགས་པ་དག་གོ་ཞེས་བཤད་དོ། །འུ་ཤའི་་་་་་འུ་ཤའི་་་་་་ཁུ་ཚན་ནི་སྲན་ཆུང་གི་ཁུ་བ་ཡིན་ཞེས་སྔ་རབས་པ་ཁ་ཅིག་ཟེར་བ་ནི་མ་ཡིན་ཏེ། ཁུ་ཚན་ནི། ཤ་བཙོས་པའི་ཁུ་བ་ཚན་མོ་སྟེའུ་ཤ་དང་ཞེས་པའི་སྐབས་ཀྱི།་་་་་ལུང་དགེ་སློང་མའི་

༼༦༧༣༽

རྣམ་འབྱེད་ལས། ཤ་ཁུ་དང་ཞེས་གསུངས་ལ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་སྐབས་སུ། འུ་ཤ་དང་ཞེས་པའི་འགྲེལ་ཆུང་ལས་བཅུད་དང་ཞེས་བཤད་པས་ཤེས་ཏེ། བཅུད་དང་ཞེས་པ་བཅུད་ཤའི་ཁུ་བ་སྟེ། གནས་སྐབས་ཀྱི་སེལ་བ་ནི་ས་བོན་གྱི་ཆོས་མེད་པ་ཞེས་སོ། །སྐབས་འདིར་རུང་བའི་སྤྱི་དོན་ལ་ལྔ་ལས། དང་པོ་རུང་བའི་དབྱེ་བ་ནི། རུང་བ་དགུ་སྟེ། མེས་རེག་པ་ལ་སོགས་པ་དགུ་གཞུང་ན་གསལ་ལོ། །གཉིས་པ་བསྡུ་བ་ནི་རུང་བ་དགུ་པོ་དེ་རྣམ་པ་གཉིས་སུ་བསྡུ་སྟེ། སྐྱེ་བའི་རུང་བ་དང་ས་བོན་གྱི་རུང་བའོ། །དང་པོ་ནི་ཕྱུང་བཅད་གཉིས་སོ། །གཉིས་པ་ནི་དེ་ལས་གཞན་བདུན་ནོ། །འདིར་ཁ་ཅིག་ན་རེ་ཕྱུང་བཅད་གཉིས་པོ་ཡང་ས་བོན་གྱི་རུང་བ་ཡིན་ཏེ། ཊཱི་ཀ་ལས་ཕྱུང་བ་ཞེས་བྱ་བ་ནི་ལ་ཕུག་ལ་སོགས་པ་རྩ་ཐོན་དུ་ཕྱུང་བ་ལྟ་བུ་དག་སྟེ་དེ་ནི་རེག་པ་ལ་སོགས་པ་གཞན་གྱིས་རུང་བར་བྱ་བ་ལ་ལྟོས་མི་དགོས་སོ། །བཅད་པ་ཞེས་བྱ་བ་ནི་ལྕང་མ་ལ་སོགས་པའི་ཡལ་ག་བཅད་ཟིན་པ་དེ་ལ་སོ་ཤིང་ལ་སོགས་པ་བྱ་བ་བརྟག་པ་གཞན་གྱིས་རུང་བར་བྱ་བ་མི་དགོས་པ་ལྟ་བུའོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོན་ཀྱང་ཊཱི་ཀ་ལས་གསུངས་པ་དེ་དག་ནི་ཕྱུང་བཅད་སྐྱེ་བའི་རུང་བ་ཡིན་པས་སྐྱེ་བའི་རུང་བ་གཞན་མི་དགོས་པ་སྟེ། གལ་ཏེ་ཕྱུང་བཅད་ས་བོན་གྱི་རུང་བ་ཡིན་ན་ནི། གནོད་བྱེད་འདི་སྐད་དུ། རྩ་བའི་ས་བོན་དང་སྡོང་པོའི་ས་བོན་ཕྱུང་བཅད་བྱས་པ་དེ། བསྙེན་རྫོགས་ཀྱི་ཉམས་པར་བྱས་པ་ཆོས་ཅན། ས་བོན་འཇོམས་པའི་ལྟུང་བ་བསྐྱེད་པ་ལ་སེལ་བ་ཞུགས་པར་ཐལ། ས་བོན་གྱི་རུང་བ་དང་ལྡན་པའི་ཕྱིར་རོ། །རྟགས་མ་གྲུབ་ན་ཕྱུང་བཅད་ས་བོན་གྱི་རུང་བ་ཡིན་ཟེར་བ་བུད་དོ། །འདོད་ན་ལུང་དགེ་སློང་མའི་རྣམ་འབྱེད་ལས་ས་བོན་གྱི་རིགས་ལྔ་པོ་བཏུན་ཁུང་དུ་བརྡུང་བ་དང་། མེ་ཐབ་དང་ཞུགས་གླིང་དང་མཚོ་ཆེན་པོ་དང་འབབ་ཆུ་ཆེན་པོ་ལ་ཉམས་པར་བྱས་ན་ལྟུང་བྱེད་དོ་ཞེ་གསུངས་པ་དང་འགལ་ལོ། །གཞན་ཡང་རྩ་བ་མ་ཕྱུང་བ་དང་སྡོང་བུ་མ་བཅད་པ་ནི་རླུང་དང་ཉི་མ་ལ་སོགས་པས་ས་བོན་ཉམས་པར་མི་ནུས་ལ། ཕྱུང་བཅད་བྱས་པའི་ས་བོན་རླུང་དང་ཉི་མ་ལ་སོགས་པ་ལ་འཇོག་པར་བྱེད་ན་ཡང་།

༼༦༧༤༽

ས་བོན་གྱི་རུང་བ་དང་ལྡན་པའི་ཕྱིར། ས་བོན་འཇོམས་པའི་ལྟུང་བ་བསྐྱེད་པ་ལ་སེལ་བ་ཞུགས་པར་ཐལ། མདོ་ལས། རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་། །ས་གཞི་སྐམ་པོར་ཡང་ངོ་ཞེས་སོ། །སྔར་སྡྱ་བའི་རའི་བྱུང་བ་དང་ཡང་འགལ་ལོ། །འོན་ཀྱང་ས་བོན་གྱི་རུང་བ་བྱ་སྙམ་པའི་བསམ་པས་ཕྱུང་བཅད་བྱས་ན་ནི་ཕྱུང་བཅད་ས་བོན་གྱི་ཡང་རུང་བ་ཡིན་ཏེ། སེན་མོས་རྨ་བྱུང་བ་ཙམ་ཡང་ས་བོན་གྱི་རུང་བ་ཡིན་ན་རྩ་བ་རྩ་ཐོན་དུ་ཕྱུང་བ་དང་སྡོང་བུ་དུམ་བུར་བཅད་ན་ལྟ་ཅི་སྨོས་པའི་ཕྱིར་ཞེས་གསུང་ངོ་། །གསུམ་པ་རུང་བའི་མཚན་ཉིད་ནི། ཕྱི་རོལ་གྱི་དངོས་པོ་་་་་་ས་བོན་ལ་མེས་རེག་པ་ལྟ་བུ་མཚན་གཞི། སྐབས་འདིའི་ལྟུང་བ་འགེག་བྱེད་ཀྱི་རུང་བའི་ཐ་སྙད་དུ་མཚོན་པ་ལ་མཚན་ཉིད་ནི། ས་བོན་ནམ་སྐྱེ་བ་གང་ཡང་རུང་བའི་ཆོས་ཡོད་པ་ལ་རྟེན་གྱི་ཆ་ནས་རྐྱེན་དང་མི་ལྡན་པའི་ཞེས་པ་རྟེན་གྱི་ཆ་ནས་རྐྱེན་དང་ལྡན་པ་ཕོངས་པའི་རྐྱེན་གྱིས་སྐྱེ་བ་གཅོད་པ་གནང་བ་ལྟ་བུ་རྣམ་པར་བཅད་དོ། །བསྙེན་རྫོགས་ཀྱིས་འཇོམས་པར་བྱེད་པ་ལ་ཉེས་མེད་ཀྱི་བཅས་པའི་ས་མཚམས་འཛིན་བྱེད་ཉིད་ཡིན་པའོ། །བཞི་པ་རུང་བའི་སྒྲ་བཤད་པ་ནི། ས་བོན་ནམ་སྐྱེ་བ་མ་ཉམས་ཀྱང་བསྙེན་རྫོགས་ཀྱིས་གཞོམ་དུ་རུང་བས་ན་རུང་བ་ཞེས་བྱའོ། །ལྔ་པ་རུང་བར་བྱ་བའི་ཚུལ་ལ། གཉིས་ལས་དང་པོ་རུང་བ་བྱས་པའི་དགོས་པ་ནི། དངོས་ཀྱི་དགོས་པ་ས་བོན་སྐེ་འཇིག་གི་ལྟུང་བ་མི་འབྱུང་བ་དང་། བརྒྱུད་པའི་དགོས་པ་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་གཞི་གང་ལ་རུང་བ་བྱ་བ་ནི། ཕྱི་རོལ་གྱི་སྐྱེ་བའམ་ས་བོན་མཚན་ཉིད་དང་ལྡན་པ་ཡིན། མ་ཉམས་པ་ཡིན། རུང་བར་བྱས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ན་རུང་བའི་འཇུག་ཡུལ་མ་ཡིན་པའི་ཕྱིར་དང་། རུང་བ་བྱས་ཀྱང་དགོས་པ་མེད་པའི་ཕྱིར་དང་། རུང་བའི་ཆོ་ག་མི་འཆགས་པའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །གཉིས་པ་རྟེན་གང་གིས་རུང་བ་བྱ་བ་ནི། བསྙེན་པར་མ་རྫོགས་པས་བྱ་སྟེ། རུང་བ་བྱ་བར་གཞི་གྲུབ་ཅིང་། བསྙེན་རྫོགས་ཀྱིས་བྱ་བར་མི་འོས་པའི་ཕྱིར་རོ། །འོན་ཀྱང་དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ཞེས་གསུངས་ཏེ། དགེ་སློང་གིས་མེས་རུང་བ་བྱས་ན་ས་བོན་འཇོམས་པའི་ལྟུང་བྱེད་ཁེགས་ཀྱང་། དགེ་སློང་གིས་བརྗེན་པ་བཙོས་པའི་ཉེས་པར་ནི་འགྱུར་བའོ།་་་་་ཊཱི་ཀ་ལས་བཤད་དོ། །གསུམ་པ་ཚུལ་ཇི་ལྟར་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号