ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༦༢༡༽

ད་ནི་འཐག་པ་བསྐྱེད་པའི་སྤང་བ་འཆད་དེ། དེའི་ཕྱིར་བཏགས་པར་བྱ་བ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་དེ་ཞེང་དཀྱུས་ཆེར་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་གིས་འཐག་ཏུ་འཇུག་པའི་སྦྱིན་བདག་དང་། གང་གིས་འཐག་པའི་ཐ་ག་པ་དང་། གང་འཐག་པ་བསྐྱེད་པའི་དངོས་པོའོ། །དང་པོ་ནི་སྦྱིན་བདག་ཁྱིམ་པ་་་་་་དོག་པ་ལ་སོགས་པ་ཅི་བདེར་སྟོབས་པ་མ་ཡིན་པས་བགྲང་པའི། ཆོས་དྲུག་ལྡན་ནོ། །གཉིས་པ་ནི་རྔན་པ་མ་བྱིན་ན་ལྟུང་བ་བསྐྱེད་པའི་ཆ་ནས་ཐ་ག་པ་ཁྱིམ་པ་ཐགས་གླ་ཅི་བདེར་སྟོབས་པ་མ་ཡིན་པ་བགྲངས་པའི།་་་་་ཆོས་དྲུག་ལྡན་ནོ། །གང་འཐག་པ་བསྐྱེད་པའི་དངོས་པོ་ནི། གོས་ཀྱི་རྒྱུ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རང་ལ་སྦྱིན་བདག་གིས་བསྔོས་པ་ལས་ལྷག་པ་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ །བསམ་པའི་ཡན་ལག་ནི་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་འཐག་པ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་འཐག་པ་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་འཐག་པ་བསྐྱེད་པའི་གོས་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་དེའི་ཕྱིར་ཞེས་སོ། །གལ་ཏེ་འཐག་པ་བསྐྱེད་པས་སྦྱིན་བདག་གི་དོག་པ་ལ་སོགས་པ་བསྔོས་ཚོད་ལས་ལྷག་པ་ཟད་ན་་་་་་ཐགས་རྔན་བྱིན་ཡང་། འཐག་པ་བསྐྱེད་པས་སྦྱིན་བདག་ལ་གནོད་པའི་ཆ་ནས་འཐག་པ་བསྐྱེད་པའི་སྤང་ལྟུང་དངོས་གཞིར་འགྱུར་བའོ།་་་་་རྔན་པ་མ་བྱིན་པ་ཡང་ངོ་སྟེ་འཐག་ཏུ་འཇུག་པའི་ཉེས་བྱས་ཀྱི་དངོས་གཞིའོ་ཞེས་རྒྱ་ལ་སོགས་པ་རྣམས་གསུངས་ཀྱང་ནོར་བ་ཁོ་ན་སྟེ། འཐག་པ་བསྐྱེད་པའི་སྟོབས་ཀྱིས་ཐ་ག་པའི་ལས་ཆེར་སྐྱེས་པ་དེའི་་་་་་སྦྱིན་བདག་གམ་དགེ་སློང་གིས། རྔན་པ་མ་བྱིན་ན་ཡང་ངོ་སྟེ་འཐག་པ་བསྐྱེད་པའི་སྤང་ལྟུང་དངོས་གཞིར་འགྱུར་བའོ། །ཐ་ག་པ་ལ་རྔན་ཕ་མ་བྱིན་པ།་་་་་འདི་ནི་་་་་་སྦྱིན་བདག་གི་དོག་པ་ལ་སོགས་པ་མ་ཟད་ན་ཡང་།

༼༦༢༢༽

འཐག་པ་བསྐྱེད་པའི་སྟོབས་ཀྱིས་ཐ་ག་པ་ལས་ཆེར་བསྐྱེད་པས་ན། འཐག་པ་བསྐྱེད་པས་ཐ་ག་པ་ལ་གནོད་པའི་ཆ་ནས་འཐག་པ་བསྐྱེད་པའི་སྤང་ལྟུང་དངོས་གཞིར་འགྱུར་བ་སྟེ་དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ།་་་་་སྦྱིན་པར་བྱེད་པའི་དོག་པ་ལ་སོགས་པ་ཟད་པ་དང་། ཐ་ག་པ་ལ་རྔན་པ་མ་བྱིན་པ་གཉིས་ཀ་ཡང་སོ་སོར་ལྟུང་བའི་བྱེད་པ་པོའི་གཙོ་བོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེས་ན་དེ་གཉིས་གང་རུང་བ་གཅིག་ཡོད་ན་ཡང་། འདིར་དངོས་གཞིར་འགྱུར་ཞེས་ཊཱི་ཀ་ལས་བཤད་དེ་འཐག་པ་བསྐྱེད་པའི་སྐབས་འདིར་སྤང་ལྟུང་དངོས་གཞིར་བསྐྱེད་དོ་ཞེས་བསྟན་ཏོ། །འདིར་རྔན་པ་སྟེར་བར་ཁས་བླངས་པ་མ་བྱིན་ན་ནི་ཊཱི་ཀ་ལས་ཁས་བླངས་པ་མ་བྱིན་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་ཡང་འགྱུར་བ་ཉིད་དོ་ཞེས་སོ། །ད་ནི་འཕྲོག་པའི་སྤང་བ་འཆད་དེ། དབྲལ་བར་བྱ་བ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ཆོས་གོས་བྱིན་འཕྲོག་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། མ་བྱིན་ལེན་པའི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་ལྷུང་བཟེད་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འདུ་ཤེས་འཁྲུལ་བས་རྐུ་སེམས་མེད་པར་འཕྲོགས་ཏེ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལས་འཕྲོག་པའི་ཡུལ་དང་། གང་འཕྲོག་པའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། མཚན་མཐུན་པ་དང་། ལྟ་བ་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། །ལུས་ཐ་མལ་དུ་གནས་པ་དང་། བདག་ལས་ཐ་དད་པའོ། །དང་པོ་ནི་དགེ་སློང་གི་སྡོམ་པ་ཕམ་པས་མ་གོས་པ་སྟེ། སྤྱིར་བསྟན་པ་ལས། བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་སོ། །སེལ་བ་ནི་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་ཕམ་པས་ཉམས་པའི་ཆོས་གོས་འཕྲོགས་ན་ཉེས་བྱས་ཏེ། འོག་མ་དག་ལ་་་་་་ཕམ་པས་མ་ཉམས་པ་ལས། གཞན་ལ་་་་་་ཕམ་པས་ཉམས་པ་ན་སྨད་པ་ཉིད་དོ་ཞེས་སོ། །གཉིས་པ་དང་གསུམ་པ་ནི་ཡུལ་རྟེན་མཚན་མཐུན་པ་དང་ལྟ་བ་མཐུན་པ་སྟེ།་་་་་བར་དུ

༼༦༢༣༽

གཅོད་པའི་གཞི་ལ་གཅོད་པའི་གཞིར་འདོད་པ་མཐུན་པ། སྤྱིར་བསྟན་པ་ལས་མཚན་མཐུན་པ་དང་།་་་་་ལྟ་བ་མཐུན་པ་སྟེ། ལྟ་བ།་་་་་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་སོ།་་་་་པ་ཡན་ལག་ཡིན། སེལ་བ་ནི་མཚན་མི་མཐུན་པ་དགེ་སློང་གིས་དགེ་སློང་མའི་ཆོས་གོས་འཕྲོགས་པ་དང་། ལྟ་བ་་་་་་ལྷས་སྦྱིན་ལྟ་བུ། མི་མཐུན་པའི་ཆོས་གོས་འཕྲོགས་ན་ཉེས་བྱས་ཏེ། འོག་མ་དག་ལ་གཞན་་་་་་སྨྲ་མི་ཤེས་དོན་མི་གོ་ལ་ན་སྨད་པ་ཉིད་ཅེས་སོ། །བཞི་པ་་་་་་ཐ་སྙད་གསུམ་དང་ལྡན་པ། ནི་སྨྲ་ཤེས་དོན་གོ །ཤེས་པ་རང་བཞིན་དུ་གནས་པ་སྟེ། སྤྱིར་བསྟན་པ་ལས། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་སོ། །སེལ་བ་ནི་འོག་མ་དག་ལ་གཞན་ལ་ན་སྨད་པ་ཉིད་ཅེས་སོ། །ལྔ་པ་ནི་སྤྱིར་བསྟན་གྱི།་་་་་ཊཱི་ཀ་ལས་རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་་་་་་ལྟུང་བ་ན་སྨད་དུ། རྣམ་པར་བཞག་ཅེས་གསུངས་སོ། །དྲུག་པ་ནི་དགེ་སློང་ཕ་རོལ་པོ་ཞེས་བརྡེག་པའི་ལྟུང་བྱེད་ལ་གསུངས་པའི་གནད་ཀྱིས་སྦྱར་རོ། །སེལ་བ་ནི་་་་་་གཞན་གྱི་གོས་དང་རང་གི་གོས་ནོར་བ་ལ་སོགས་པས། རང་གི་གོས་རང་གིས་འཕྲོགས་ན་ཉེས་བྱས་སོ། །དགེ་སློང་ཆོས་དྲུག་ལྡན་ཞེས་ལྟུང་བའི་ཡན་ལག་ཙམ།་་་་་འོག་ཏུ་འཆད་པ་རྣམས་སུའང་དེ་བཞིན་དུ་སྦྱར་རོ། །གཉིས་པ་གང་འཕྲོག་པའི་དངོས་པོ་ནི་བཞི་ལས། གོས་སམ་ལྷུང་བཟེད་ཡིན་པ་སྟེ། གོས་ཉིད་ཡིན་ནའོ་ཞེས་པ་དང་། ཊཱི་ཀ་ལས་འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་གི་་་་་་འཚོ་བའི་ཡོ་བྱད་གཞན་ཡང་འཕྲོགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་གསུངས་པས་ལྷུང་བཟེད་ལ་ཡང་སྦྱར་རོ། །དགེ་སློང་གཞན་དེ་ཉིད་དབང་བ་ཡིན་པ་སྟེ། དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་ནའོ་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་བདག་པོའི་ཆ་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །བདག་པོའི་ཆ་ནས་ནི་དངོས་པོ་དེ་གཞན་གྱི་

༼༦༢༤༽

ཡིན་པ་ལ་རང་གི་ཡིན་པར་འདུ་ཤེས་འཁྲུལ་པ་ཡན་ལག་ཏུ་དགོས་ཏེ། བསྡུས་པ་ལས་་་་་་གཞན་གྱི་ཡིན་པ་ལ། རང་གི་ཡིན་པར་འདུ་ཤེས་ནས་འཕྲོགས་པའོ། །རྣམ་པ་གཞན་དུ་ན་ཕམ་པར་འགྱུར་རོ་ཞེས་སོ། །ཀུན་སློང་ནི་རྐུ་སེམས་མེད་པར་གོས་སམ་ལྷུང་བཟེད་འཕྲོག་པར་འདོད་པ་རྒྱུན་མ་ཆད་པའོ། །ཊཱི་ཀ་ལས་ཁ་ན་མ་ཐོ་བ་འདི་ནི་རྐུ་སེམས་མེད་པ་ཡིན་གྱི་རྐུ་སེམས་ཡོད་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ་ཞེས་སོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ལུས་སམ་ངག་གིས་འཕྲོག་པར་ཞུགས་པའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་ལ་མཐར་ཐུག་པ་ན་མཐའི་འོ་ཞེས་གསུངས་པ་ནི་མཚོན་པ་ཙམ་ཡིན་ཏེ། གཞན་དུ་ན་ཆོས་གོས་གདང་ལ་བཀལ་ཏེ་འདུག་པ་འཕྲོག་ན་མཐར་ཐུག་གྲུབ་པ་མི་འཐད་པར་འགྱུར་རོ། །ཡན་ལག་གི་དོན་ནི། དབྲལ་བར་བྱ་བ་དགེ་སློང་ཞེས་སོ། །སུ་དབང་བ་ལས་འཕྲོགས་ཞེས་གོས་ལྟ་བུ་དང་།་་་་་དབྲོག་པར་བྱ་བའི་དངོས་པོ་དེ་དགེ་སློང་ལྟུང་བ་འབྱིན་པ་པོ་རང་གི་ཉིད་མ་ཡིན་གྱི། གང་ལ་འཕྲོག་པའི་ཡུལ་དགེ་སློང་གཞན་དེ་དབང་བ་ཉིད་ཡིན་ནའོ། །དེ་ལྟར་དབྲོག་པར་བྱ་བའི་གོས་དེ་རང་གིས་ལྟོས་པ་མེད་པའི་སེམས་ཀྱིས་བྱིན་པ་ཡིན་ཡང་རུང་། གཞན་གྱིས་བྱིན་པ་ཡིན་ཡང་རུང་། དེ་འཕྲོགས་ན་ལྟུང་བ་འདིར་འགྱུར་རོ། །འོ་ན་སོ་སོར་ཐར་པ་ལས། དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་སླར་འཕྲོགས་ན་ཞེས་གསུངས་སོ་ཞེ་ན། ཊཱི་ཀ་ལས་གླེང་གཞིའི་དབང་གིས་དེ་སྐད་གསུངས་པ་ཡིན་ཏེ། འདི་ལྟར་རང་གིས་བྱིན་པ་འཕྲོགས་ན་ཉེས་པར་འགྱུར་བ་ལས་ན། གཞན་གྱིས་བྱིན་པ་འཕྲོགས་ན་ཆེས་ཉེས་པར་འགྱུར་བར་ཤེས་པར་བྱའོ་ཞེས་བཤད་དོ། །དེ་གོས་ཉིད་ཡིན་ནའོ་ཞེས་པའི་ཊཱི་ཀ་ལས། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སྦྱོང་གི་ཡོ་བྱད་གཞན་ཡང་འཕྲོགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་པ་ནི་ལྷུང་བཟེད་འཕྲོགས་ནའོ། །དེ་ནི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ་ཞེས་པ་འདི་ལ་་་་་་ཕྱིར་བྱིན་མ་ཐག་བཤགས་པར་བྱའི། ཞག་ལོན་པ་མི་དགོས་སོ་ཞེས་ཁ་ཅིག་ཟེར་ཡང་།

༼༦༢༥༽

བམ་པོ་ལྔ་བཅུ་པ་ལས་ཕྱིར་སྦྱིན་པ་འདི་ནི་སྤང་ཞིང་བྲལ་བར་བྱ་བའི་ཆོ་ག་ཡིན་ལ། དེའི་འོག་ཏུ་ཞག་གཅིག་ལ་སོགས་པ་ལོན་ན་ལྟུང་བ་དེ་ཕྱིར་བཅོས་པར་བྱའོ་ཞེས་སོ། །འདི་ལ་རང་གི་དོན་ཉིད་ནི་ཡན་ལག་མ་ཡིན་ན་་་་་་བྱིན་འཕྲོག་བྱེད་པའི་སྤང་ལྟུང་གི་སྐབས་འདིར་ཆོས་ཅན། གཞན་གྱི་དོན་སེལ་བར་འགྱུར་བ་མ་ཡིན་པར་ཐལ། རང་གི་དོན་ཡན་ལག་ཏུ་མི་དགོས་པའི་ཕྱིར་རོ། །མ་གྲུབ་ན་བུད་ཅིང་། མ་ངེས་ན་འགལ་ལ། འདོད་ན། རང་ཉིད་སེལ་བ་ཞེས་པའི་སྐབས་འདིར། ལུང་ཞུ་བ་ལས་གཞན་གྱི་ཕྱིར་འཕྲོགས་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཞེ་ན། སྐབས་འདིར་སྦྱོར་བའི་གནས་སྐབས་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་བ་ལ་དགོངས་སོ་ཞེས་རིགས་ཏེ། ལུང་རྣམ་འབྱེད་ལས་གཞན་གྱི་་་་་་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་དགེ་སློང་གཞན་འཕྲོག་ཏུ་འཇུག་ན་གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློང་གཉིས་ཀ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་ཏེ་དེ་ལྟར་འཕྲོག་པར་བྱེད་པ་པོས། དོན་དུ་འཕྲོགས་ན་ཡང་སྤང་ལྟུང་བསྐྱེད་པར་གསུངས་པ་དང་། མདོ་རྩ་འགྲེལ་ལས་གསུངས་པ་ནི། གཙོ་བོར་གཟུང་ངོ་། །ཊཱི་ཀ་ལས་འཕྲོག་པ་ནི་རྣམ་པ་གསུམ་སྟེ། རང་གི་ཉིད་སེལ་བར་གྱུར་པ་དང་། བློ་གྲོས་ངན་པས་བྱས་པ་དང་། རིགས་པའི་དོན་གྱིས་དབང་དུ་བྱས་པའོ་ཞེས་གསུངས་པ་ལས་དང་པོ་ནི་བདག་་་་་་བདག་པོ་ལས་གཏན་དུ་བྲལ་བར་འདོད་པའི་བསམ་པས་འཕྲོག་པ་ནི་སྐབས་འདིར་ཡན་ལག་ཡིན་ནོ་ཞེས་བསྟན་པའི་ཕྱིར། པོ་རང་གི་ཉིད་ལས་གཏན་དུ་སེལ་བར་འདོད་པ་སྟེ། གཏན་དུ་དབྲལ་བར་འདོད་པར་གྱུར་པའི་བསམ་པས་འཕྲོག་པ་ནི་འཕྲོག་པའི་སྤང་ལྟུང་གི་སྐབས་འདིར་ཡན་ལག་ཏུ་བསྡུས་པ་ཡིན་ཏེ། རེ་ཞིག་འཕྲོགས་ལ་ཕྱིར་སྦྱིན་པར་བྱའོ་སྙམ་པས་ནི་མ་ཡིན་ནོ། །གཉིས་པ་བློ་གྲོས་་་་་་བསམ་པ། ངན་པས་བྱས་་་་་་ཏེ་རེ་ཞིག་ཡི་ཆད་པར་བྱ་སྙམ་པས་འཕྲོགས། པ་ནི། བདག་པོ་རང་གི་ཉིད་ལས་གཏན་དུ་སེལ་བར་འདོད་པའི་བསམ་པ་མེད་པ་སྟེ། རེ་ཞིག་འཕྲོགས་ལ་ཕྱིར་སྦྱིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །གསུམ་པ་ནི་གནོད་པ་དང་ཞེས་པ་ནས་སོ། །འདི་ཡང་བདག་པོ་རང་གི་ཉིད་ལས་གཏན་དུ་སེལ་བར་འདོད་པའི་བསམ་པ་མེད་པ་སྟེ་སྔ་

༼༦༢༦༽

མ་བཞིན་ནོ། །ད་ནི་དགོན་པ་པའི་འབྲལ་བ་འཆད་དེ། དགོན་པ་པའི་ཞེས་སོ། །འདིར་སྐབས་སྒྲུབ་པ་དང་། དངོས་ཀྱི་དོན་གཉིས་ལས། དང་པོ་ནི་གལ་ཏེ་་་་་་བྱིན་འཕྲོགས་སྟོན་ཟླ་ཐ་ཆུང་དང་། དགོན་པ་པ་དང་རས་ཆེན་དང་ཞེས། སོ་སོར་ཐར་པ་དང་ལུང་རྣམ་འབྱེད་ལས་བརྟད་པ་ལས་བྱུང་བའི་སྤང་ལྟུང་གི་འོག་ཏུ་དགོན་པ་པའི་འབྲལ་བ་འདི་གསུངས་པ་ལ། འཕྲོག་པའི་སྤང་བའི་འོག་འདིར་བསྟན་པའི་རྒྱུ་མཚན་གང་ཞེ་ན། རྒྱ་ཆེ་འགྲེལ་ལས་ལུང་ཞུ་བ་ཁུངས་སུ་དྲངས་ནས་འདི་སྐད་བཤད་དེ། ཞུ་བ་ལས་འཕྲོག་པའི་སྤང་བའི་འོག་ཏུ་ཞག་བདུན་ནས་འབྲལ་བའི་སྤང་བ་འབྱུང་བས། ཞུ་བའི་གཞུང་ཁས་བླངས་ཏེ་ཞེས་་་་་་ཊཱི་ཀ་ལས། བཤད་དོ། །འོ་ན་སྐབས་འདིར་གོ་རིམ་ལུང་རྣམ་འབྱེད་དང་མ་བསྟུན་པར་ལུང་ཞུ་བ་དང་མཐུན་པར་བཀོད་པའི་དགོས་པ་ནི་གང་ཞེ་ན། དབྱར་དང་འབྲེལ་བའི་་་་་་རས་ཆེན་དང་བརྟད་བྱུང་གི ལྟུང་བ་གཉིས་ལྷན་ཅིག་ཏུ་་་་་་དགོན་འབྲལ་བར་དུ་མ་ཆོད་པར། བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །འོ་ན་དེང་སང་ལུང་ཞུ་བ་ལས་ལུང་རྣམ་འབྱེད་དང་གོ་རིམ་མཐུན་པར་བྱུང་བ་དང་འགལ་སྙམ་ན། སྐབས་འདིར་འགའ་ཞིག་གིས་ལུང་རྣམ་འབྱེད་ཀྱི་གོ་རིམ་དང་མཐུན་པར་ལུང་ཞུ་བའི་གོ་རིམ་བསྒྱུར་བར་གསལ་ཏེ། གཞན་དུ་ན་རྒྱ་ཆེ་འགྲེལ་ལས། ལུང་རྣམ་འབྱེད་དང་ལུང་ཞུ་བ་གཉིས་གོ་རིམ་མི་མཐུན་པར་གསུངས་པ་དང་འགལ་ལོ། །དངོས་ཀྱི་དོན་ལ་གསུམ་ལས། དང་པོ་གནང་བའི་བསླབ་བྱ་ནི། དགོན་པ་བའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཅེས་་་་་་ཁ་ཅིག་ནིི་སྣམ་སྦྱར་ཁོ་ན་བཞག་ཏུ་གནང་བ་སྟེ། རྒན་པོ་དང་ནད་པ་ལ་སྣམ་སྦྱར་ཁོ་ན་དང་མི་བྲལ་བའི་གནང་བ་གསུངས་པ་དང་། ཆར་འབབ་པ་དང་། ཆར་བབ་ཏུ་དོགས་པ་ན་སྣམ་སྦྱར་བཞག་ཏུ་གནང་ཡང་བླ་གོས་དང་མཐང་གོས་བཞག་ཏུ་མ་གནང་བ་དང་། སྲ་བརྐྱང་བཏིང་ན་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་གནང་ཡང་བླ་གོས་དང་མཐང་གོས་མེད་པར་དེ་དག་མི་གནང་བའི་གནད་ཀྱིས་ཤེས་སོ་ཞེས་ཟེར་རོ། །དེ་ནི་གཞུང་དང་འགལ་ཏེ། པ་ལུང་རྣམ་འབྱེད་ལ་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི། སྣམ་སྦྱར་དང་བླ་

༼༦༢༧༽

གོས་དང་མཐང་གོས་ལས་གང་འདོད་པ་ཁྱིམ་གཞན་དུ་བཞག་པར་བྱའོ་ཞེས་གསུངས་པས། སྣམ་སྦྱར་གྲོང་དུ་བཞག་ཏུ་གནང་བར་མ་ཟད་ཀྱི། སྣམ་སྦྱར་དགོན་པར་བཞག་སྟེ་བླ་གོས་སམ་མཐང་གོས་གྲོང་དུ་བཞག་པར་འདོད་ན་ཡང་གང་ཡང་རུང་བ་གཅིག་བཞག་ཏུ་གནང་ངོ་། །འོ་ན་སྟོད་གཡོགས་དང་སྨད་གཡོགས་མེད་ན་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པར་འགྱུར་རོ་སྙམ་ན། བླ་གོས་གྲོང་དུ་བཞག་ན་སྟོད་གཡོགས་ནི་སྐྲ་བཟེད་དང་རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་ནམ་དབྱར་ཡིན་ན་རས་ཆེན་དང་སྟོད་གཡོགས་བསྟེན་ཞིང་མཐང་གོས་གྲོང་དུ་བཞག་ན་ཡང་སྨད་གཡོགས་ནི་ཤམ་ཐབས་སམ་ཤམ་ཐབས་ཀྱི་གཟན་བསྟེན་པའོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲ་སྟེ། ཆོས་གོས་གཅིག་གྲོང་དུ་བཞག་ཅིང་དགེ་སློང་དགོན་པར་གནས་ན་ཊཱི་ཀ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བའི་ཉེས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཞག་དྲུག་ནི་མཚོན་པ་སྟེ། འགྲེལ་ཆུང་ལས་རྟག་ཏུ་འཇིགས་སུ་རུང་བའི་རྐྱེན་ཡོད་ན་ཚུལ་ནས་བྱུང་བྱུང་གི་བར་དུ་བྲལ་ཡང་ཉེས་མེད་ཅེས་བཤད་དོ། །དེར་ཡང་མ་ཟད་ཇི་སྲིད་འཚོའི་བར་དུ་ཡང་འབྲལ་བའི་ཉེས་པ་མེད་དོ་ཞེས་བླ་མ་རྣམས་གསུང་ངོ་།་་་་་གྲོང་ཡང་རང་གི་གནས་དང་འདྲ་ཞེས་གསུངས་པ་ལ་བརྟེན་ནས་སོ། །གལ་ཏེ་འདི་སྐད་དུ་སོ་སོར་ཐར་པ་ལས་དབྱར་ཕྱི་མར་གྱུར་ལ་དགེ་སློང་དགོན་པ་བས་འདོད་ན་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་བཞག་པར་བྱའོ་གསུངས་པ་ལ། འདིར་དབྱར་གྱིས་ཁྱད་པར་དུ་མ་བྱས་པ་འགལ་ཞེ་ན། རང་འགྲེལ་དང་ཊཱི་ཀ་ལས་འདིལྟར་གསུངས་ཏེ། དབྱར་ཕྱི་མ་ཞེས་་་་་་སོ་སོ་ཐར་པ་ལས། གསུངས་པ་ནི། གླེང་གཞིའི་དབང་གིས་ཏེ། ལུང་རྣམ་འབྱེད་ལྟུང་བ་བསྟན་པ་ལས། དགེ་སློང་དགོན་པ་བས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་ཏུ་བྲལ་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་གྱུར་རོ་ཞེས་དབྱར་ཕྱི་མ་ལ་མ་བསྟེན་པར་སྤྱིར་གསུངས་པ་ཡིན་ནོ། །

༼༦༢༨༽

གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ་ཞེས་ཉེས་པ་མེད་པར་གསུངས་པའི་དམིགས་བསལ་ནི་ལུང་ཞུ་བ་་་་་་འཇིགས་པ་དང་བཅས་པ་ཉིད་ཡིན་ན། དགེ་སློང་དགོན་པ་བས་བྱིན་གྱིས་བརླབས་པའི་ཆོས་གོས་གཅིག་གྲོང་དུ་བཞག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱེད་པ་ཆོས་ཅན། ཞག་དྲུག་མ་འདས་པར་འབྲལ་བ་ལ་དགོན་པ་པའི་འབྲལ་ལྟུང་བསྐྱེད་པ་ཡོད་པ་མ་ཡིན་པར་ཐལ། ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱ་བ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་མ་གྲུབ་ན་ཕན་ཚུན་འགལ་ལོ། །འདོད་ན་ཆོས་ཅན་སྔར་བཞིན་ཞག་དྲུག་མ་འདས་པར་འབྲལ་བ་ལ་དགོན་པ་པའི་འབྲལ་ལྟུང་ན་སྨད་བསྐྱེད་པ་ཁེགས་པར་ཐལ། ཞག་དྲུག་མ་འདས་པར་འབྲལ་བ་ལ་དགོན་པ་པའི་འབྲལ་ལྟུང་བསྐྱེད་པ་ཁེགས་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་འདོད་ན་དགོན་པ་པའི་འབྲལ་བ་ལས་ཞག་དྲུག་མ་འདས་པར་འདུ་ཤེས་ཏེ་བྲལ་ན་ནི་ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །ལྟུང་བ་རྣམ་གཞག་ནི། ལྷག་པ་ལ་ནི་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཆོས་གོས་གྲོང་དུ་བཞག་པ་དེ་ལས་ཞག་བདུན་དུ་འབྲལ་བར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གི་ཆ་ལུགས་ཁྱད་པར་ཅན་ཉམས་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་དགོན་པ་པས་འཇིགས་པའི་དབང་གིས་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་སྤྱོད་ཡུལ་གྱི་གྲོང་དུ་བཞག་སྟེ་བྱ་བ་ཆོས་ལྡན་གྱི་ཆེད་དུ་དགོན་པ་དང་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་ཏུ་གནས་སྟེ་བར་ཆད་ཀྱི་དབང་མ་གཏོགས་པ་ཞག་དྲུག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འབྲལ་བའི་དངོས་པོ་དང་། གང་དུ་འབྲལ་བའི་གནས་དང་། གང་གིས་འབྲལ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཡིན་པ་དང་། འཇིགས་པའི་དབང་གིས་ཆོས་གོས་གྲོང་དུ་བཞག་པ་ཡིན་པ་སྟེ། ཆོས་གོས་གཅིག་ལ་ནི་ཞེས་པ་དང་། འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་ཞེས་བཤད་ཅིང་། གྲོང་

༼༦༢༩༽

གཞན་ན་འདུག་པ་དེ་ལས་ཞེས་སོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་དང་ལྡན་པ་དང་། རུང་བ་དང་ཚད་དང་ལྡན་པ་གསུམ་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་་་་་་གང་དུ་འབྲལ་བའི་གནས། ནི་དགོན་པ་དང་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ། ཞུ་འགྲེལ་ལས་དགོན་པ་པའི་གནས་དང་ཆོས་གོས་ཀྱི་གནས་དེའི་ཉེར་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་ཏུ་གྱུར་པ་དེར་རོ་ཞེས་བཤད་དོ། །ལུང་རྣམ་འབྱེད་ལས་ཆོས་གོས་ཀྱི་གནས་དེར་ཉལ་བར་མི་བྱའོ་ཞེས་བཀག་པས་དེར་ཉལ་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་ཡང་འབྲལ་བའི་ལྟུང་བར་ནི་མི་འགྱུར་རོ། །གསུམ་པ་་་་་་གང་གིས་བྲལ་པའི་རྟེན། ལ་བཞི་ལས་དགོན་པ་པའི་ཡི་དམ་དང་ལྡན་པ་དང་། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། དགོན་པ་པའི་ཞེས་པ་དང་། བར་ཆད་ཀྱི་དབང་གིས་་་་་་མ་འོངས་པ་ལ་ཉེས་པ་མེད། ཞེས་པས་སོ། །སྲ་བརྐྱང་མ་བཏིང་བ་དང་། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་སྟེ། དེ་གཉིས་ནི་ཞག་གཅིག་གི་འབྲལ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགོན་པ་པའི་གནས་དང་ཆོས་གོས་ཀྱི་གནས་ལས་མཚམས་ཐ་དད་དུ་གནས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་དེ་གཉིས་ལས་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །མཐར་ཐུག་ནི་ཞག་དྲུག་གི་མཚན་མོ་མཐའི་སྐད་ཅིག་མའོ། །དེའི་སྐད་ཅིག་གཉིས་པ་ལ་ལྟུང་བ་དངོས་གཞི་སྟེ། ཊཱི་ཀ་ལས་ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བའི་ལྟུང་བ་འབྱུང་ངོ་ཞེས་སོ། །ཡན་ལག་གི་དོན་ནི་ལྷག་པ་ལ་ནི་བག་ཡངས་མེད་དོ་ཞེས་སོ། །ལྟུང་བ་མེད་པ་ནི། བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ་ཞེས་སོ། །སྐབས་འདིར་ཁ་ཅིག་་་་་་པཎྜི་ཏ་ན་རེ་ཞག་དྲུག་ན་ལྡོག་པར་བྱའོ་སྙམ་དུ་བརྣག་པ་བྱས་ཏེ་སོང་ན་ཉེས་པ་མེད་པ་ཡིན་གྱི། ཞག་དྲུག་གི་སྔ་ན་ལྡོག་པར་བྱའོ་སྙམ་དུ་བརྟགས་པ་ལྟ་བུ།་་་་་ཞག་དྲུག་

༼༦༣༠༽

གི་སྔ་རོལ་ཏུ་ལྡོག་པ་བརྣག་པར་བྱས་ཏེ་སོང་ན། བརྣག་པ་གཏན་ནས་མ་བྱས་པས་སོང་ན་བར་ཆད་བྱུང་ཡང་ཞག་དྲུག་འདས་ན་ཉེས་པར་འགྱུར་རོ་ཞེས་ཟེར་བ་དགག་པ་ནི་བསླབ་པའི་གཞི་འདིར་ཞག་དྲུག་ཏུ་འགྲོ་བ་བར་ཆད་ཀྱི་དབང་གིས་ཞག་དྲུག་ལས་ཧ་ཅང་ཐལ་བ་ཉིད་ལ་ནི། ཞག་དྲུག་ན་ལྡོག་པའི་བརྣག་པ་ནི་ཉེས་པ་མེད་པའི་ཡན་ལག་མ་ཡིན་ལ། ཞག་གཅིག་ནས་ལྡོག་པར་བརྣག་པ་ལྟ་བུ་ཞག་དྲུག་གི་སྔ་རོལ་ཏུ་ལྡོག་པར་བརྣག་པ་ནི་ཉེས་པར་འགྱུར་བའི་ཡན་ལག་མ་ཡིན་ཏེ། བརྣག་པར་བྱས་རུང་མ་བྱས་རུང་བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་པ་ཡིན་ནོ། །ད་ནི་དབྱར་གྱི་རས་ཆེན་གྱི་སྤང་བ་འཆད་དེ། བཙལ་བ་དང་འཆང་དུ་གནང་བའི་དུས་ནི་བདག་ཉིད་གནས་པར་ཞེས་པ་ནས་ཏེ། བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་བཅང་བར་བྱའོ། །འདིའི་དམིགས་བསལ་་་་་་བཅས་ལྡན་དགེ་སློང་གིས་བདག་ཉིད་ཀྱིས་དབྱར་གནས་ཟླ་བ་གསུམ་རྫོགས་ནས་རས་ཆེན་འཆང་བ་ཆོས་ཅན། བདག་ཉིད་ཀྱིས་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་མ་འདས་པ་ལ་རས་ཆེན་བཅངས་པའི་ལྟུང་བྱེད་བསྐྱེད་པ་ཁེགས་པར་ཐལ། བདག་ཉིད་ཀྱིས་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་རས་ཆེན་བཅང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །ཁྱབ་པ་མ་གྲུབ་ན་འགལ་ལོ། །འདོད་ན་ཆོས་ཅན་སྔར་བཞིན་ནོ། །བདག་ཉིད་ཀྱིས་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་མ་འདས་པར་རས་ཆེན་བཅངས་པའི་ལྟུང་བ་ན་སྨད་བསྐྱེད་པ་ཁེགས་པར་ཐལ། སྔར་གྱི་ཆོས་ནི་རྟགས་སོ། །འདོད་ན། ནི་ལུང་ཞུ་བ་་་་་་རས་ཆེན་བཞག་འཕྱིས་ཀྱི་སྐབས་སུ། ནས་ཚུལ་ནས་བྱུང་བ་ལས་ཟླ་བ་ཕྱེད་མ་འདས་པ་ལ་འདས་པར་འདུ་ཤེས་ཏེ་དབྱར་གྱི་རས་ཆེན་བཅངས་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །འཚོལ་བ་དང་འཆང་བ་བཞག་པའི་དུས་ནི་སྔོན་དང་ཕྱི་མ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དབྱར་གྱི་གོས་རས་ཆེན་ཧ་ཅང་མྱུར་བ་འཚོལ་བ་དང་། ཧ་ཅང་ཡུན་རིང་དུ་བཅང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བཙལ་སྔས་ཀྱི་དགག་བྱ་འདོད་པ་ཆེ་བ་དང་། སྦྱིན་བདག་གི་

༼༦༣༡༽

ལོངས་སྤྱོད་ལ་གནོད་པ་ཡིན་ལ། བཞག་འཕྱིས་ཀྱི་དགག་བྱ་ནི་འདོད་པ་ཆེ་བ་དང་རང་གི་ཡོ་བྱད་ཆུད་ཟོས་པ་སྟེ། རས་ཆེན་སྦེད་པ་པོ་ལ་གཏད་ན་ལྟུང་བ་མེད་པར་གསུངས་པས་ཤེས་སོ། །བཙལ་སྔས་པའི་ལྟུང་བའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རས་ཆེན་བཙལ་བའི་དུས་ཀྱི་སྔ་རོལ་ཏུ་བླངས་ཏེ། ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གི་ཚེ་སློང་བའི་དུས་སོ། །དང་པོ་ནི་ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་དུ་གནས་པ་དང་། མ་བསླངས་པའི་སྔ་རོལ་ནས་ཅི་བདེར་སྟོབས་པ་མ་ཡིན་པ་དང་གསུམ་སྟེ། མ་བསླངས་པར་ཕུལ་ན་དེ་བླངས་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་གང་བསླང་བའི་དངོས་པོ་ལ་དྲུག་ལས། དབྱར་གྱི་རས་ཆེན་ཡིན་པ་སྟེ། རས་ཆེན་གྱི་སྤང་བ་ཞེས་སོ། །རྙིང་རྙིང་མ་ཡིན་པ་སྟེ། རྙང་རྙིང་ལ་ན་སྨད་པ་ཉིད་དོ་ཞེས་སོ། །ཆར་ཆུ་བསྐྱབ་པའི་བྱ་བ་བྱེད་ནུས་པ་ཡིན་པ་སྟེ། ཞུ་བ་ལས་སེང་རས་ཀྱི་རས་ཆེན་ཤིན་ཏུ་མྱུར་བ་བཙལ་ཏམ་ཤིན་ཏུ་རིང་བར་བཙལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །ཆར་ཆུ་བསྐྱབ་པའི་བྱ་བ་བྱེད་མི་ནུས་པའི་རས་ཆེན་སློང་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར་རོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ །གསུམ་པ་གང་གི་ཚེ་སློང་བའི་དུས་ནི། དབྱར་གནས་ཁས་ལེན་རན་པའི་དུས་ལས་ཟླ་བ་གཅིག་པས་སྔ་བ་ཡིན་པ་སྟེ། སྔོན་དང་ཞེས་པ་་་་་་སྐབས་འདིར་སྔ་རབས་པ་རྣམས་ནི། རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་བསྐྱེད་པ་ལ། དགེ་སློང་བདག་ཉིད་དབྱར་གནས་པར་ཁས་ལེན་བྱེད་པ་ཡན་ལག་ཏུ་དགོས་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ་དབྱར་གནས་པ་ཁས་ལེན་པའི་ཟླ་བ་

༼༦༣༢༽

གཅིག་གི་སྔ་རོལ་ཏུ་རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་བསྐྱེད་པ་ལ། དུས་ཕྱིས་དབྱར་གནས་པར་ཁས་ལེན་པ་བྱེད་པ་རྒྱུར་དགོས་ནས་འབྲས་བུ་སྔར་གྲུབ་ནས་དེའི་རྒྱུ་ཕྱིས་འབྱུང་བར་ཐལ་བར་འགྱུར་ཏེ། རྒྱུ་འབྲས་སྔ་ཕྱི་འཆོལ་བར་འགྱུར་རོ། །དེས་ན་དགེ་སློང་དབྱར་གྱི་ཚུལ་འཇུག་ལ་གཏན་ནས་མི་བྱེད་ན་ཡང་དེས་རས་ཆེན་དེ་བཙལ་སྔས་ཏེ་ཐོབ་ན་རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་འབྱུང་ངོ་། །འོ་ན་དགེ་སློང་དབྱར་ཚུལ་འཇུག་གཏན་ནས་མི་བྱེད་པ་དེས་རས་ཆེན་བཙལ་བའི་དུས་དང་བཅང་བའི་དུས་ཀྱི་ས་མཚམས་གང་གིས་བཟུང་ཞེ་ན། ལག་ལེན་དོག་མཐར་བཟུང་སྟེ། བཙལ་བའི་དུས་ནི་དབྱར་ཕ་མ་ལ་ལྟོས་ཏེ་བཙལ་ཞིང་བཅང་བའི་དུས་ནི་དབྱར་སྔ་མ་ལ་ལྟོས་ཏེ་འཆང་ན་ལག་ལེན་འཁྲུལ་བ་མེད་པར་འོང་ངོ་། ནས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རས་ཆེན་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རས་ཆེན་སློང་བར་ཞུགས་པའོ། །མཐར་ཐུག་ནི་་་་་་དབྱར་གྱི་རས་ཆེན་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །རས་ཆེན་བཞག་འཕྱིས་པའི་ལྟུང་བའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་ཟླ་གསུམ་པའི་དགག་དབྱེའི་དུས་ལས་ཟླ་བ་ཕྱེད་འདས་པར་དབྱར་གྱི་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། དང་པོ་གང་འཆང་བའི་དངོས་པོ་ནི་རས་ཆེན་ཆོས་དྲུག་ལྡན་སྔར་དང་འདྲ་བ་ལ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་ཕྲི་སྟེ་དགེ་སློང་རང་གི་ཡིན་ཞེས་ཁྱད་པར་རོ། །གཉིས་པ་གང་གི་ཚེ་འཆང་བའི་དུས་ནི། དབྱར་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་འདས་པ་སྟེ། ཕྱི་མ་ཞེས་པ་ནས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རས་ཆེན་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རས་ཆེན་འཆང་བར་བྱེད་པའོ། །མཐར་ཐུག་ནི་ཟླ་བ་ཕྱེད་ཀྱི་མཚན་མོའི་མཐའི་སྐད་ཅིག་མའོ། །ཡན་ལག་གི་དོན་ནི་སྔོན་དང་ཕྱི་མ་ཞེས་སོ།་་་་་་གྲུབ་ན་མཐའི་འོ་ཞེས་པའི་ཊཱི་ཀ་ལས་བཙལ་བའི་དུས་བསྟན་པ་ལས། སྔོན་རོལ་གྱི་དུས་སུ་དབྱར་གྱི་རས་ཆེན་དེ་གྲུབ་ན་སྔོན་རོལ་གྱི་དུས་དེ་མཐའ་ཞེས་བྱ་བ་དངོས་གཞི་ལ་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །དུས་སྔ་ཞིག་གང་འཚོལ་བ་རྩོམ་པར་བྱེད་ཅིང་རིགས་པའི་དུས་སུ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱོར་བའི་ལྟུང་བར་འགྱུར་གྱི། དངོས་གཞིའི་ལྟུང་བར་འགྱུར་བ་ནི་མ་ཡིན་ནོ། །རྙང་རྙིང་ལ་ནི་ན་སྨད་པ་ཉིད་དོ་ཞེས་སོ། །རྙང་རྙིང་ནི་ཟླ་བ་བཞི་ལོངས་སྤྱད་པ་ཡན་ཆད་དེ། ཟླ་འཇོག་གི་སྐབས་སུ་་་་་་དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་ཀྱི་ཚད་ཟླ་བ་བཞིར་

༼༦༣༣༽

ལོངས་སྤྱད་པར་གསུངས་པའི་གནད་ཀྱིས་སོ། །འོ་ན་་་་་་རས་ཆེན་ཟླ་བ་བཞི་ལོན་པའི་རྙང་རྙིང་བཞག་འཕྱིས་པ་ལ་ན་སྨད་དུ་འགྱུར་ན། རས་ཆེན་བཙལ་དུ་གནང་བའི་དུས་ནས། བཞག་འཕྱིས་ཀྱི་བར་ལ་ཟླ་བ་ཕྱེད་དང་ལྔ་ཡོད་པས། ཟླ་བ་ཕྱེད་དང་ལྔ་ལས་འདས་པར་བཞག་པ་ན་རྙང་རྙིང་བཞག་པའི་ན་སྨད་ཁོ་ནར་འགྱུར་གྱི། རས་ཆེན་བཞག་འཕྱིས་ཀྱི་སྤང་ལྟུང་བསྐྱེད་པ་མི་སྲིད་པར་ཐལ་ལོ་ཞེ་ན། སྔར་ནས་བཙལ་ཡང་་་་་་དབྱར་གནས་ཁས་བླངས་པའི་ཕྱིས་ཐོབ་སྟེ་བཞག་འཕྱིས་པ་སྲིད་ཅིང་། ཚུལ་ཁས་ལེན་པའི་ཟླ་བ་གཅིག་གི་་་་་་སྔར་ཐོབ་ཀྱང་་་་་་རས་ཆེན་ཟླ་བ་བཞི། ལོངས་མི་སྤྱོད་པར་བཞག་འཕྱིས་པར་སྲིད་པས་རས་ཆེན་བཞག་འཕྱིས་ཀྱི་སྤང་ལྟུང་མི་སྲིད་པར་ཐལ་བའི།་་་་་སྐྱོན་མེད་དོ། །ད་ནི་བརྟད་པ་ལས་བྱུང་བའི་སྤང་བ་འཆད་དེ། དབྱར་གྱི་རྙེད་པ་ནི་ཞེས་སོ། །འདི་ལ་གསུམ་སྟེ། དབྱར་གྱི་རྙེད་པ་བདག་གིར་བྱ་སྔས་པ་དང་། བགོས་སྔས་པ་དང་། བཞག་འཕྱིས་པའོ། །དང་པོ་གཉིས་ཀྱི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་པ་དང་། སོ་སོར་བགོས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བ་ཟས་ལས་གཞན་པའི་རྙེད་པ་དབྱར་གྱི་ནང་ལོགས་སུ་སྦྱིན་བདག་ལས་ལེན་ཞིང་དགེ་འདུན་གྱིས་སྤྱིའི་ཚོམས་སུ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་དང་། རྙེད་པ་དེ་སོ་སོར་བགོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །འདིར་ཡན་ལག་བརྩི་བ་ལ་གཉིས་ལས། བདག་གིར་བྱ་སྔས་པའི་ཡན་ལག་བརྩིས་དང་། བགོ་སྔས་པའི་ཡན་ལག་བརྩིས་སོ། །དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་བདག་གིར་བྱ་བའི་སྦྱིན་བདག་དང་། གང་བདག་གིར་བྱ་བའི་དངོས་པོ་དང་། གང་གི་ཚེ་བདག་གིར་བྱ་བའི་དུས་སོ། །དང་པོ་ནི་ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་དུ་གནས་པའོ། །

༼༦༣༤༽

གཉིས་པ་ནི་ལྔ་ལས། དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ་སྟེ། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ་ཞེས་སོ། །ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ་སྟེ། དབྱར་གྱི་ནང་ལོགས་སུ་ཡང་ཟས་ཀྱི་རྙེད་པ་ནི་འཕྲལ་དུ་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །བརྟད་པའི་རྙེད་པ་མ་ཡིན་པ་སྟེ། བརྟད་པའི་དབང་གིས་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གི་ཚེ་བདག་གིར་བྱ་བའི་དུས་ནི། དབྱར་གནས་པར་ཁས་བླངས་ནས་དབྱུང་བ་་་་་་དགག་དབྱེའམ། རྐྱེན་དབང་གིས་དགག་དབྱེ་བྱིན་གྱིས་བརླབས་པའམ་འཐབ་ཀྲོལ་གྱི་རྐྱེན་གྱི་དབང་གིས་དགག་དབྱེའི་དུས་སུ་གསོ་སྦྱོང་བྱ་བ་དང་གསུམ་གང་ཡང་། མ་བྱས་པའི་དུས་ཡིན་པ་སྟེ། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་བདག་གིར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བདག་གིར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བདག་གིར་བྱས་པ་རྫོགས་པའོ། །གཉིས་པ་་་་་་དབྱར་གྱི་རྙེད་པ། བགོ་སྔས་པའི་ཡན་ལག་ལ། གཞན་རྣམས་བདག་གིར་བྱ་སྔས་པ་དང་འདྲ་བ་ལ། འདིར་སོ་སོར་བགོས་པ་ཞེས་ཁྱད་པར་དུ་བྱ་ཞིང་། བརྟད་པའི་རྙེད་པ་མ་ཡིན་པ་ནི་འདིར་ཡན་ལག་ཏུ་མི་བགྲང་སྟེ། བརྟད་པའི་རྙེད་པ་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། དངོས་གཞི་བསྐྱེད་པར་རུང་ངོ་། །ཡན་ལག་གི་དོན་ནི་དབྱར་གྱི་རྙེད་པ་ནི་ཞེས་སོ། །བརྟད་པའི་དབང་གིས་ཞེས་གློ་བུར་གྱི་དབང་གིས་ཏེ་རྐྱེན་དབང་ངོ་། །དེ་ཡང་རལ་གྲི་མཐུ་ཅན་པས་ཕུལ་བ་ལྟ་བུའོ། །ལུང་རྣམ་འབྱེད་ལས། བརྟད་པ་ལས་བྱུང་བའི་གོས་ལྔ་པོ། ནད་པ་་་་་འི་རྐྱེན་དབང་ལ་སྦྱིན་པ་་་་་་ནད་པ་བདག་གིས་ཕུལ་བ། དང་། ནད་པའི་ཕྱིར་སྦྱིན་པ་་་་་་གཉེན་གྱིས་ཕུལ་བ་དང་། འཆི་བའི་་་་་་རྐྱེན་དབང་ལ་སྦྱིན་པ་་་་་་ཤི་ལ་ཐུག་པ་རང་གི་ལག་ནས་ཕུལ་བ། དང་། ཤི་བའི་ཕྱིར་སྦྱིན་པ་་་་་་ཤི་བའི་འོག་ཏུ་གཉེན་གྱིས་ཕུལ་བ། དང་། འགྲོ་བར་ཆས་པ་་་་་འི་རྐྱེན་དབང་ལ་སྦྱིན་པ་དམག་གམ་ལམ་རིང་པོར་འགྲོ་བས་ཕུལ་བའོ། །ཞེས་སོ། ཊཱི་ཀ་ལས་ལྔ་པོ་་་་་་དེ་ནི་དཔེ་ཙམ་དུ་ཟད་དེ། རྒྱལ་པོ་དང་ཆོམ་རྐུན་དང་རིགས་བརྒྱུད་དང་ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང་མཆོད་གནས་བགོ་སྐལ་ལ་གཏོགས་

༼༦༣༥༽

པ་འཆིར་དོགས་པ་ལ་སོགས་པ་དག་ཀྱང་བསྡུ་ཞེས་སོ།་་་་་མཐའི་ཞག་བཅུ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། མཐའི་ཞག་དགུ་དང་མཐའི་ཞག་ཉི་ཤུ་ཡང་མཚུངས་པར་སྦྱར་གསུང་ངོ་། །བགོ་སྔས་པ་ནི། བརྟད་པ་དག་གིས་སྤྱི་ཚོམས་སུ་བདག་གིར་བྱེད་པ་གནང་ཡང་། སོ་སོར་བགོ་བ་ནི་མ་གནང་ངོ་། །ཞེས་སྟོན་པ་ནི། དེ་བགོས་ན་ཡང་ངོ་ཞེས་གསུངས་ཏེ། ཊཱི་ཀ་ལས་བརྟད་པ་ལས་བྱུང་བའི་རྙེད་པ་དེ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ནའང་སྤང་བའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་པའོ་ཞེས་སོ། །བརྟད་པ་ལས་བྱུང་བའི་རྙེད་པ་ནི་མཚོན་པ་སྟེ། བརྟད་པ་ལས་བྱུང་རུང་མ་བྱུང་རུང་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ནའོ། །དེའང་ཊཱི་ཀ་ལས་དབྱར་གྱི་ནང་ལོགས་སུ་བྱུང་བའི་རྙེད་པ་བགོད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་་་་་་དབྱར་གྱི་རྙེད་པ། བཞག་པ་འཕྱིས་པ་ནི་མ་བགོས་པ་ན་ཡང་ངོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དབྱར་ཟླ་བ་གསུམ་གྱི་ནང་ལོགས་སུ་དགེ་འདུན་རྣམས་ལ་རལ་གྲི་མཐུ་ཅན་པ་རྣམས་ཀྱིས་གོས་ཀྱི་རྙེད་པ་ཆོས་གོས་མང་པོ་ཕུལ་བ་ན་་་་་་དབྱར་ནང་བདག་ཅག་མི་ལེན་ནོ་ཞེས་ཟེར་ནས་སྦྱིན་བདག་གིས་ཆོས་གོས་དེ་དག་གནས་ཁང་དུ་བཅུག་སྟེ་སོང་ངོ་། །དགེ་འདུན་རྣམས་ཀྱིས་གཉེར་ཁ་མ་བྱས་པར་བཞག་སྟེ་ཆོས་གོས་དེ་རྣམས་སྲིན་གྱིས་རྨུགས་ཏེ་རྡུལ་དུ་བརླགས་ནས་འདུག་པ་ལས་སོ། །དགག་བྱ་ནི་རང་རིགས་ཀྱི་ཡོ་བྱད་ཆུད་ཟོས་པར་གྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་རང་དབང་བ་དེ་གོས་སྦེད་པ་པོ་མ་བསྐོས་པར་གོས་འགེད་པའི་དུས་སུ་མ་བགོས་པར་བཞག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་བཞི་ལས། གང་གི་བཞག་པའི་སྦྱིན་བདག་ནི་སྔ་མ་གཉིས་དང་འདྲའོ། །གང་བཞག་པའི་དངོས་པོ་ནི། སྔར་བགོ་སྔས་པའི་སྐབས་སུ་ཇི་སྐད་བཤད་པ་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ། ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ། རུང་བ་དང་། ཚད་དང་ལྡན་པ་སྟེ་བཞི་པོ་དེའི་སྟེང་དུ་རང་གི་ཡིན་པ་བསྣན་པ་སྟེ་ལྔའོ། །གང་གིས་བཞག་པའི་

༼༦༣༦༽

རྟེན་ནི། གོས་སྦེད་པ་པོ་མ་བསྐོས་པ་དང་། སྦྱིན་བདག་གིས་དབང་མེད་པ་མ་ཡིན་པ་སྟེ། དེ་སྦེད་པ་མ་བསྐོས་པ་རྣམས་ལའོ་ཞེས་པ་དང་། སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ་ཞེས་སོ། །གང་གི་ཚེ་བཞག་པའི་དུས་ནི། སྲ་བརྐྱང་མ་བཏིང་ན་དགག་དབྱེའི་ཕྱི་དེ་ཉིན་པར་རམ། སྲ་བརྐྱང་བཏིང་ན་དཔྱིད་ཟླ་ར་བའི་འབྲིང་པོའི་ཉ་ལ་མ་བགོས་ན་ལྟུང་བ་འདི་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ལས་དེ་ལྟར་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དབྱར་གྱི་རྙེད་པ་དེ་མ་བགོས་པར་འཇོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྙེད་པ་བགོད་པའི་བྱ་བ་མི་བྱེད་པའོ། །མཐར་ཐུག་ནི་སྲ་བརྐྱང་མ་བཏིང་ན་ཚེས་བཅུ་དྲུག་གི་མཚན་མོ་མཐའི་སྐད་ཅིག་ལའོ། །སྲ་བརྐྱང་བཏིང་ན་ནི་དཔྱིད་ཟླ་འབྲིང་པོའི་ཉའམ་དཔྱིད་ཟླ་ར་བའི་ཉའི་མཚན་མོ་མཐའི་སྐད་ཅིག་ལའོ། །ཡན་ལག་གི་དོན་ན་མི་བགོས་ན་ཡང་ངོ་ཞེས་སོ། །སྦྱིན་བདག་གི་ཚིག་གིས་དབང་མེད་ན་མ་གཏོགས་སོ་ཞེས་གོང་དུ་བསྙེག་གོ་སྟེ་ཉེས་པ་མེད་པའོ། །ད་ནི་དངོས་བསྒྱུར་གྱི་སྤང་བ་འཆད་དེ། གཞན་གྱིས་གང་ཟག་གཞན་ནམ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི་སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་དེ་བཅས་ལྡན་དགེ་སློང་གིས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་བཞི་ལས། དང་པོ་གང་གིས་བསྔོས་པའི་སྦྱིན་བདག་ནི་ཆོས་གསུམ་ལྡན་ལས། བསྔོ་བའི་ཡུལ་དེ་ལ།་་་་་བསམ་པ་ཐག་པ་ནས་བསྔོ་བ་པོ་ཡིན་པ་སྟེ། དགེ་འདུན་ལ་བསྔོས་པའི་ཞེས་གསུངས་པའོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། དེ་གཉིས་ནི་གོས་སློང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་ལ་བསྔོས་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གསུམ་པ་གང་བསྔོས་

༼༦༣༧༽

པའི་དངོས་པོ་ནི། ཆོས་བཞི་ལྡན་ལས་གོས་སམ་ལྷུང་བཟེད་ཡིན་པ་སྟེ། བསྔོས་པའི་གོས་ཞེས་གསུངས་པས་ལྷུང་བཟེད་ཀྱང་མཚོན་ཏེ། གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བསམ་པ་ཐག་པ་ནས་བསྔོས་ཟིན་པ་སྟེ། བསྔོས་པའི་ཞེས་སོ། །རུང་བ་ཚད་དང་ལྡན་པ་སྟེ་བཞིའོ། །བཞི་པ་གང་ལ་བསྒྱུར་བའི་ཡུལ་ནི་བདག་ཉིད་ལ་བསྒྱུར་བ་སྟེ། བདག་ཉིད་ལ་བསྒྱུར་ཏེ་ཞེས་སོ། །སེལ་བ་ནི་་་་་་དངོས་བསྒྱུར་གྱི་སྐབས། འདིར་གང་ཟག་་་་་གཞན་ལ་་་་་་བསྒྱུར་བ་ལ། ཡང་ངོ་་་་་་ཉེས་བྱས་སོ། །ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གི་དོན་དུ་རང་ལ་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རང་ལ་བསྒྱུར་བར་ཞུགས་པའོ། །མཐར་ཐུག་ནི་དངོས་པོ་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་གཞན་གྱིས་ཞེས་བྱ་བ་ནི་སྦྱིན་བདག་གཞན་གྱིས་ཏེ། སྦྱིན་བདག་གཞན་སྤྱིར་བརྗོད་པའོ། །ཤ་ལུགས་པ་རྣམས་་་་་ཁ་ཅིག་ན་རེ་འདི་ལ་སྦྱིན་བདག་ཁྱིམ་པ་ཡིན་པ་ཡན་ལག་ཏུ་དགོས་ཏེ། སྦྱིན་བདག་རབ་བྱུང་གིས་གཞན་ལ་བསྔོས་པ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པས་ནི་འདིར་དངོས་གཞིར་མི་འགྱུར་་་་་་ཕྱི་རོལ་པ་དང་ཆོས་འདི་པའི་རབ་ཏུ་བྱུང་བ་རྣམས་གཉིས་ཀྱིས་ཡོ་བྱད་གསོག་པ་ནི་རང་རང་གི་སྟོན་པས་བཀག་པས་གཞན་ལ་ཡོ་བྱད་བསྔོས་པ་འབྱུང་རིང་བའི་ཕྱིར་རོ། །ཟེར་བ་ནི་མི་རིགས་ཏེ། རིགས་པའི་སྒྲུབ་བྱེད་དེ་ནི་མ་ངེས་པ་སྟེ། ཁྱིམ་པས་ལྷུང་བཟེད་གཞན་ལ་བསྔོས་པ་བས་རབ་བྱུང་གིས་ལྷུང་བཟེད་གཞན་ལ་བསྔོས་པ་འབྱུང་རིང་བའི་རྟགས་མ་གྲུབ་བོ། །གནོད་བྱེད་ནི་གཞུང་འདི་ཉིད་ལས།་་་་་གཞན་གྱིས་སོ་ཞེས་སྤྱིར་བརྗོད་དུ་གསུངས་པ་དང་འགལ་ཞིང་། བམ་པོ་ལྔ་བཅུ་པ་ལས་སྦྱིན་བདག་གཞན་ཉེ་དུ་དང་ཉེ་དུ་མ་ཡིན་པ་ཁྱིམ་པ་དང་། རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་། མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཞེས་བཤད་པ་དང་ཡང་འགལ་ལོ། །སོ་སོ་ཐར་པའི་མདོ་ལས་དགེ་འདུན་ལ་བསྔོས་པ་ཞེས་གསུངས་ཀྱི། གང་ཟག་གཞན་ནམ་ཞེས་མ་གསུངས་ཀྱང་། ལུང་རྣམ་འབྱེད་ལས། གང་ཟག་གཅིག་ལ་བསྔོས་པ་དང་གཉིས་སམ་གསུམ་ལ་བསྔོས་པ་བདག་

༼༦༣༨༽

ཉིད་ལ་བསྒྱུར་ན་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར། འདིར་གང་ཟག་གཞན་ནམ་ཞེས་སྨོས་སོ། །གོས་ཞེས་གསུངས་པས་ལྷུང་བཟེད་ཀྱང་མཚོན་ཏེ། གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཊཱི་ཀ་ལས་ཟས་ཀྱི་རྙེད་པ་ནི་མ་ཡིན་ཏེ་ཞེས་ཟས་འབའ་ཞིག་དམིགས་ཀྱིས་བསལ་བའི་ཕྱིར་རོ། །གཞུང་ལས་གོས་ཞེས་པ་ནི་གླེང་གཞིའི་དབང་གིས་གོས་ལ་མཚོན་པའོ། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པའི་ཚད་ནི་གང་ལ་བསྔོས་པ་དེ་ལ་བཞག་ན་ཟས་དེ་ཆུད་ཟ་བར་འགྱུར་ན་སྟེ། རྣམ་འབྱེད་འགྲེལ་ལས་རྫས་ཆུད་ཟ་བ་སྤང་བའི་ཕྱིར་རོ། །ཞེས་སོ། །བསྔོས་པ་མི་སྦྱིན་པ་ནས་གསུམ་གྱིས་ལེན་ནའོ་ཞེས་པ་ཡན་ཆད་མདོ་ལྔས་བསྔོས་བསྒྱུར་གྱི་ཆར་གཏོགས་པའི་ཉེས་བྱས་ལྔ་བསྟན་ཏོ། །ཉེས་བྱས་ལྔ་པོ་འདི་རྣམས་བསྔོས་བསྒྱུར་གྱི་ཆར་གཏོགས་པའི་རྒྱུ་མཚན་ནི། གཞན་དབང་བ་མི་དབང་བར་བྱེད་པ་ལ་ཞུགས་པའི་ཆ་ནས་བསྔོས་བསྒྱུར་དང་རྣམ་པ་འདྲ་བའི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་དགེ་འདུན་གྱི་བྱིན་གྱིས་རློབ་པ་ལ་སོགས་པ་་་་་་གཉིས་སམ་གསུམ་གྱིས་ལེན་ནའོ་ཞེས་པ་ཡན་ཆད། བཞི་པོ་དེ་རྣམས་ལ་ཉེས་པ་བསྐྱེད་པའི་རྒྱུ་མཚན་ནི། དེ་ལ་་་་་་རྙེད་པ་བླང་བ། གཞན་དག་གི་ཤས་ཉིད་མ་བྲལ་ལོ་ཞེས་གསུངས་སོ། །ཁྱད་པར་དུ་ཡང་བྱིན་གྱིས་མ་བརླབས་པར་ཡང་ངོ་། །ཞེས་ཤི་བའི་ཡོ་བྱད་བྱིན་གྱིས་མ་བརླབས་པར་འགོད་ན་ཉེས་པར་འགྱུར་བའི་རྒྱུ་མཚན་དུ་དེ་ལ་གཞན་དག་གི་ཤས་ཉིད་མ་བྲལ་ལོ་ཞེས་པ་ནི། ལུང་གོས་ཀྱི་གཞི་ལས་གསོལ་བའམ་ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བ་ཡིན་ནོ། །ཞེས་གསུངས་ལ། དེ་ཁོ་ན་བཞིན་དུ།་་་་་འོད་ལྡན་ལས་ཀྱང་བཤད་དོ། །མཛོད་འགྲེལ་ལས་ཀྱང་་་་་་ཆོས་འདི་པའི་རབ་བྱུང་། ཤི་བའི་རྫས་འཕྲོགས་ན་ཤི་བའི་ཡོ་བྱད་བྱིན་གྱིས་རློབ་པའི་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་་་་་་འཕྲོགས་སོ། །ལས་མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་འཕྲོགས་སོ་ཞེས་བཤད་དོ། །དེ་ལྟར་བསྔོས་པ་མི་སྦྱིན་པ་ལ་སོགས་པ་ལྔ་བསྔོས་བསྒྱུར་དངོས་དང་དྲུག་པོ་དེ་རྣམས་ལ་མ་བྱིན་པར་ལེན་པའི་ལྟུང་བ་མེད་པ་ནི། རྐུ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་རྐུ་སེམས་བྱུང་ན་

༼༦༣༩༽

ནི་དྲུག་པོ་དེ་དག་ཐམས་ཅད་དུ་ཡང་། རྐུ་སེམས་ཀྱིས་ནི་བརྐུས་པ་ཉིད་ཡིན་ནོ་ཞེས་གསུངས་ལ། དེའི་རང་གི་རྣམ་བཤད་ལས་ཕམ་པ་མི་བསྐྱེད་པ་ནི་མ་ཡིན་ནོ་ཞེས་བཤད་དེ། ཡན་ལག་གཞན་མ་ཚང་ནའོ། །ད་ནི་གསོག་འཇོག་གི་སྤང་བ་འཆད་དེ། བསླབ་པར་བྱ་བ་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་་་་་་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་པ་ལྟ་བུ། དགེ་སློང་ལ་བརྗོད་པར་བྱ་སྟེ། བརྗོད་ནས་གསོག་འཇོག་ཏུ་འགྱུར་བ་སྤང་བའི་ཕྱིར་རོ། །དབྱར་ཞག་བདུན་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་ཅེས་མདོར་བསྡུས་སྦྱར་བར་ནི་མི་བྱ་སྟེ། མདོར་བསྡུས་སྦྱོར་བ་ལ་རྒྱུ་མཚན་མཚུངས་པ་དགོས་པ་ལས། ཡངས་དོག་མི་མཚུངས་པའི་ཕྱིར་ཏེ། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི་ཞག་བདུན་གནང་ནས་ཞག་བརྒྱད་ན་དབྱར་རལ་པའི་ཉེས་པ་འབྱུང་ལ། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་ནི་ཞག་བདུན་ན་གསོག་འཇོག་གི་ཉེས་པ་འབྱུང་བའི་ཕྱིར་རོ། །དངོས་གཞིའི་ལྟུང་བ་ནི། བཟའ་བའི་ཕྱིར་རོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱི་སྨན་གང་དག་བྱིན་ལེན་བྱས་པ་རུལ་ཞིང་མྱགས་པར་གྱུར་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་བརྟེན་པའི་འདོད་པ་ཆེ་བ་དང་། ཟས་ལ་སྲེད་པ་ཆེ་བར་མངོན་པའི་སྒོ་ནས་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་པོ་གང་ཡང་རུང་བ་བཟའ་བའི་ཆེད་ཀྱི་བྱིན་ལེན་ཡོད་བཞིན་དུ་སྤྱི་དུས་སམ་རང་དུས་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང་། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་དྲུག་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་གསུངས་སོ་ཞེས་འོག་ཏུ་འཆད་དོ། །ལག་ཉ་འགེགས་པའི་བྱིན་ལེན་ལས་གཞན།་་་་་བཟའ་བའི་ཆེད་ཀྱིས་བྱིན་ལེན་བྱས་པ་དང་འབྲེལ་བ་སྟེ། བཟའ་བའི་ཕྱིར་འཆང་ནའོ་ཞེས་པ་དང་། ཊཱི་ཀ་ལས་བྱིན་ལེན་མ་བྱས་པ་ལ་གསོག་འཇོག་མི་སྲིད་པའི་ཕྱིར་རོ། །ཞེས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号