ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
མཆོད་རྟེན་ཆེ་ཆུང་གང་འདོད་པ། ཚངས་ཐིག་གཉིས་པོ་སྤྱི་ལྟར་གདའ། ། ཏོག་ནས་ས་འཛིན་བར་དག་ཏུ། ། བཅུ་དྲུག་ཆ་བགོས་ཆ་ཆེན་ཏེ། ། དེ་ཡི་གཞི་ཆ་ཆ་ཆུང་ཡིན། ། རྒྱར་ནི་ཆ་ཆེན་བཅུ་ཡི་ཐིག། གདབ་ནས་ཡས་རི་མ་འདི་ལྟར་གཞལ། ། ས་འཛིན་དཔངས་སུ་ཆ་ཆུང་གསུམ། ། རྒྱ་ལ་གཡས་གཡོན་ཉི་ཤུ་མེ ། ཐེམ་སྐས་དཔངས་སུ་ཆ་ཆུང་ཀེ ། གཡས་གཡོན་རྒྱ་ལ་ཡས་རིམ་བཞིན། །བཅུ་བདུན་བཅུ་དྲུག་བཅོ་ལྔའོ། །སེང་ཁྲིའི་དཔངས་སུ་ཆ་ཆུང་དྲུག།གཡས་གཡོན་ཆ་ཆུང་བཅུ་གསུམ་རེ ། གཟུངས་སྣེ་དང་ནི་བད་ཆུང་གི། ། དཔངས་སུ་ཆ་ཆུང་རེ་རེ་དང༌། ། རྒྱ་ལས་བཅུ་བཞི་བཅོ་ལྔའོ། ། བད་ཆེན་དཔངས་སུ་ཆ་ཆུང་གསུམ། ། གཡས་གཡོན་ཆ་ཆུང་བཅུ་དྲུག་རེ། ། དགེ་བཅུའི་དཔངས་སུ་ཆ་ཆུང་གཅིག། རྒྱ་ལ་གཡས་གཡོན་བཅུ་བཞིའོ། ། བང་རིམ་བཞི་པོ་རེ་རེ་ཡི། ། དཔངས་སུ་ཆ་ཆུང་གཉིས་གཉིས་མཉམ། ། རྒྱ་ལ་བཅུ་གསུམ་བཅུ་གཉིས་དང༌། ། བཅུ་གཅིག་བཅུ་དང་བཅས་པའོ། ། བུམ་སྟེགས་དཔངས་སུ་ཆ་ཆུང་གཅིག   རྒྱ་ལ་ཆ་ཆུང་དགུ་ཡི་ཚད། ། བུམ་དཔངས་ཆ་ཆུང་བཅུ་གསུམ་དང༌། ། ཆ་ཆུང་གཅིག་གི་སུམ་ཆ་བཅས། ། བུམ་པ་སྨད་ཞུམ་སྟོད་རྒྱས་པར། ། སྨད་ཀྱི་རྒྱ་ལ་གཡས་གཡོན་དུ། ། ཆ་ཆུང་བརྒྱད་བརྒྱད་མཉམ་པའོ། ། གྱེན་གྱི་ཆ་ཆུང་བཅུ་ཡི་ཐད། ། གཡས་གཡོན་ཆ་ཆུང་བཅུ་གཅིག་རེ། ། དེ་ལྷག་ཆ་ཆུང་ཕྱེད་བཞིའི་ཕྲག། བུམ་སྨད་རྒྱ་དང་མཚུངས་པར་བྱ། །བྲེ་རྨང་དཔངས་སུ་ཆ་ཆུང་ཕྱེད། ། རྒྱ་ནི་གཡས་གཡོན་ཆ་ཆུང་གསུམ། ། བྲེ་རྟེན་དཔངས་སུ་ཆ་ཆུང་གཅིག། རྒྱ་ལ་གཡས་གཡོན་ཆ་ཆུང་གཉིས། ། བ་གམ་དཔངས་སུ་ཆ་ཆུང་ཕྱེད། ། རྒྱ་ལཆ་ཆུང་ཕྱེད་གསུམ་རེ། ། བྲེ་འདེགས་དཔངས་སུ་ཆ་ཆུང་གཉིས། ། རྒྱ་ནི་བྲེ་རྨང་དག་དང་མཉམ། ། པདྨ་འོད་ཕྲེང་དཔངས་ཕྱེད་ཅན། ། རྒྱ་ནི་བྲེ་འདེགས་ཉིད་དང་མཚུངས། ། ཆོས་འཁོརབཅུ་གསུམ་དང་པོ་ཡི། ། རྒྱ་ནི་ཆ་ཆུང་གསུམ་གསུམ་མོ ། དེ་སྟེང་ཆ་ཆུང་བཅུ་བཞི་ནི། ། བཅུ་གསུམ་ཆོས་ཀྱི་འཁོར་ལོ་དང༌། ། ལྷག་མ་ཐུགས་རྗེ་མདོ་གཟུགས་དཔངས། །འཁོར་ལོ་བཅུ་གསུམ་པ་དང་མཉམ། ། གྱེན་དུ་ཅུང་ཟད་གཡེར་བར་བྱ། ། ཆོས་འཁོར་བཅུ་གསུམ་པ་ཡི་རྒྱར། ། ཆ་ཆུང་གཅིག་དང་སུམ་ཆ་ཡི། ། ཕྱིན་པའི་མཐའ་ནས་ཐིག་སྐུད་བརྐྱངས།འཁོར་ལོ་དང་པོའི་ཕྱི་མཐར་དྲངས། ། དེ་ཡི་ནང་ཕྱོགས་ཆ་ཕྲན་ཕྱེད། ། བསྣུར་ནས་ཐིག་ནི་མཉམ་པར་གདབ། ། རིམ་བཞིན་ཇེ་ཕྲ་གཞོལ་ཞིང་མཛེས། ། བཅུ་གསུམ་ཆ་མཉམ་རེ་རེར་ཡང༌། ། སུམ་ཆའི་སུམ་གཉིས་ཕོ་འཁོར་སྟེ། ། སུམ་ཆ་མོ་འཁོར་བྱེད་པའོ། ། དེ་སྟེང་གདུགས་དང་ཆར་ཁེབས་དཔང༌། ། གཅིག་དང་ཕྱེད་ཉིས་ཆ་ཕྲན་ཅན། ། གདུགས་རྒྱ་ཕོ་འཁོར་བརྒྱད་པ་མཉམ། ། ཆར་ཁེབས་འཁོར་ལོ་དྲུག་པ་འདྲ། ། (གདུག་དང་ཆར་ཁེབས་གཅིག་ཏུ་བརྗོད་པའང་སྣང༌།) ཟར་ཚགས་དཔངས་སུ་ཆ་ཆུང་གསུམ། ། རྒྱ་ལ་གཡས་གཡོན་ཆ་ཕྲན་གསུམ། ། མཛེས་པ་ཡན་ཞེས་མཁས་པས་གསུངས། ། ཟླ་ཕྱད་དཔངས་ལ་ཆ་ཆུང་གཙག།རྩེ་གཉིས་རྒྱ་ཚད་ཆར་ཁེབས་མཉམ། ། ཉི་མའི་དཔངས་སུ་ཆ་ཆུང་གཉིས། ། ཆ་ཆུང་གཅིག་གི་ཟླུམ་པོ་བསྐོམ ། ཏོག་གི་རྒྱ་དཔངས་ཆ་ཆུང་གཅིག། དེ་ལྟར་བྱང་ཆུབ་མཆོད་རྟེན་གྲུབ། །ཅེས་ཚིགས་སུ་བཅད་པ་འདི་ཡང་ཀློང་བླ་མའི་བཟོ་སྐར་རྩིས་གསོ་བ་རིག་པའི་མིང་གི་རྣམ་གྲངས་ལས་བྱུང་བར་གཞིར་བྱས་སྡེ་སྲིད་ལུགས་ཀྱི་ཐིག་གི་ལག་ལེན་དངོས་དང་མཐུན་པར་བྲིས་པའོ། །
༤ དངུལ་ཆུ་པཎ་ཆེན་ལུགས་ཀྱི་མཆོད་རྟེན་
ཁང་བུ་བརྩེགས་པའི་ཐིག་ཚད།
མཆོད་རྟེན་ཁང་བུ་བརྩེགས་པའི་ཐིག་ཚད་ནི། ཐོག་མར་མཆོད་རྟེན་ཆེ་ཆུང་གང་ལྟར་འདོད་པ་དེ་རྒྱ་དཔངས་གཉིས་སུ་སུམ་ཅུ་རྩ་གཉིས་རེ་བགོ མཆོད་རྟེན་གྱི་དཔངས་སུ། ཚངས་ཐིག་ལེགས་པར་དྲངས་པའི་སྟེང་ནས་བྱེད་དུ་རིམ་པར།ས་གདན་ནམ་སྟེགས་བུར་ཆ་གོང་ལྟར་བྱས་པའི་ཆ་བཞི། གེ་སར་ཆ་གཅིག ཐེམ་སྐས་ཆ་གཅིག དམངས་ཆ་བཅུ་གཉིས། བད་ཆུང་ཆ་གཅིག་དང་སུམ་ཆ། བད་ཆེན་ཆ་གསུམ་དང་སུམ་ཆ་གཉིས། ཁ་རྒྱན་འོག་མ་ཆ་གཅིག བྲེ་གདན་ཆ་ཕྱེད་ལྔ། བྲེ་ཆ་གསུམ་ཁ་རྒྱན་གོང་མ་ལ་ཆ་གཅིག་བཅས་ཆ་སུམ་ཅུ་སོ་གཉིས་ཀྱི་སྟེང་དུ་རྒྱལ་མཚན་དང་ཏོག་སོགས་ཀྱིས་མཛེས་པར་བྱའོ།།
མཆོད་རྟེནགྱི་རྒྱར།ཚངས་ཐིག་གི་གཡས་གཡོན་དུ་སྟེགས་བུར་ཆ་བཅུ་དྲུག་རེ་སྟེ་གཡས་གཡོན་བསྡོམས་པས་ཆ་སོ་གཉིས། གེ་སར་བཅུ་གཉིས་རེ།བསྡོམས་པས་ཆ་ཉེར་བཞི། ཐེམ་སྐས་ལ་བཅུ་གཅིག་རེ། བསྡོམས་པས་ཉེར་གཉིས། བད་ཆེན་ལ་བཅུ་གཉིས་རེ།བསྡོམས་པས་ཉེར་བཞི། ཁ་རྒྱན་འོག་མར་ཕྱེད་བཅུ་གསུམ་རེ།བསྡོམས་པས་ཉེར་ལྔ། ། བྲེ་གདན་ལ་ཕྱེད་དྲུག བསྡོམས་པས་བཅུ་གཅིག བྲེ་ལ་ཕྱེད་བདུན་རེ།བསྡོམས་པས་བཅུ་གསུམ། ཁ་རྒྱན་གོང་མ་ལཆ་བདུན། བསྡོམས་པས་བཅུ་བཞི་བཅས་རྒྱ་དཔངས་ལ་ཆ་སུམ་ཅུ་རྩ་གཉིས་རེ་སྟེ་ཆུ་ཞེང་མཉམ་པའོ། །
༥ས་ལུགས་ཀྱི་མཆོད་རྟེན་ཁང་བུ་བརྩེགས་པའི་ཐིག་ཚད།
 ཚངས་ཐིག་གཉིས་སོགས་སྤྱི་ལྟར་ལ། །ཆེ་ཆུང་གང་འདོད་རྩ་ཐིག་བཞི། །རྩ་ཐིག་ཆ་ཆེན་ལྔ་ལྔར་བགོ། ། ཆ་ཆེན་རེར་ཡང་ཆ་ཆུང་བཞི། ། གདན་ཁྲི་ཆ་ཆུང་ཉི་ཤུ་དང༌། །དཔངས་སུ་ཆ་ཕྲན་གསུམ་པ་བྱ། ། དེ་ཡི་སྟེང་དུ་ཁྲི་ཆུང་ནི། ། ཕྱོགས་བཞི་ཕྱི་རུ་ཆ་གཉིས་དོར། ། རྒྱ་དཔངས་ཆ་ཕྲན་རེ་རེ་བྱ། ། དེ་སྟེང་ཁང་ཆེན་རྒྱར་ཆ་ཆུང༌། བཅུ་དྲུག་དཔངས་སུ་ཆ་ཆུང་བརྒྱད། ། པད་ཆུང་དཔངས་སུ་ཆ་ཕྲན་ཕྱེད། །བད་ཆེན་དཔངས་སུ་ཕྱེད་དང་བཞི། ། དེ་སྟེང་ཁང་བརྩེགས་རྒྱ་ཚད་ནི། ། བད་ཆེན་རྒྱ་ནི་ཆ་གསུམ་བགོ ། དབུས་ཀྱི་ཆ་ཡི་སུམ་ཆ་ལ། ། ཆ་ཕྲན་གཅིག་བསྣན་ཁང་བརྩེགས་རྒྱ། ། དཔངས་སུ་བཞི་ཆས་དམན་པ་ཡི། །ཆ་ཕྲན་གསུམ་ཡིན་བད་ཆུང་དཔངས། ། ཆ་ཕྲན་གཅིག་གི་བཞི་ཆའོ ། དེ་སྟེང་བད་ཆེན་ཆ་ཕྲན་གཅིག། དྲིལ་བས་རྒྱ་དཔངས་མཉམ་པ་ཡི། ། ཆ་ཕྲན་ཉི་ཤུ་ཉི་ཤུར་མཚུངས། ། འདི་ནི་ལུས་ཚད་གྲུ་བཞི་མཚོན། ། ཡང་ན་སངས་རྒྱས་ཡོན་ཏན་རྫོགས། ། མི་མཉམ་མེད་པ་གྲུ་བཞི་པ།།ཞེས་པའི་དོན་བཞིན་ཡིན་པར་བཞེད། ། བད་ཆེན་བད་ཆུང་རྒྱ་ཚད་སོགས། ། མ་བཤད་རིགས་པས་དཔྱད་པའམ། ། མཁས་པའི་ངག་ལས་ཐོས་པར་གྱིས། ། ཞེས་ས་ལུགས་ཐིག་ཆོག་རྒྱ་མཚོ་ལས་བྱུང་བ། ། ཇི་ལྟ་བ་བཞིན་འདི་བཀོད་པ་ཡིན་ལ། ། དེབ་འདིའི་བོད་ལུགས་མཆོད་རྟེན་གྱི་དཔེ་རིས་ལས་མཆོད་རྟེན་ཁང་བུ་བརྩེགས་པའི་ཐིག་ཚད་ནི་དངུལ་ཆུ་པཎ་ཆེན་གྱི་ལུགས་སུ་བྲིས་པ་ཤེས་པ་བྱའོ། །
 ཉན་རང་སོགས་ཀྱི་མཆོད་རྟེན།
སྤྱིར་ཉན་རང་སོགས་ཀྱི་མཆོད་རྟེན་ནི། ཚད་དབྱིབས་ཐམས་ཅད་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་མཚུངས་པ་ལ། སངས་རྒྱས་ཀྱི་མཆོད་རྟེན་ལ་གདུགས་བཅུ་གསུམ། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བདུན་ཡོད་པ། ཉན་ཐོས་ཀྱི་མཆོད་རྟེན་ལ་གདུགས་བཞི་པ། ཕྱིར་མི་འོང་བའི་མཆོད་རྟེན་གདུགས་གསུམ་པ། རྒྱུན་ཞུགས་ཀྱི་མཆོད་རྟེན་གདུགས་གཉིས་པ། སོ་སོ་སྐྱེ་བོའི་མཆོད་རྟེན་ནི་གདུགས་མེད་ལ་བྲེའི་སྟེང་དུ་ཉི་ཟླ་བཞག་པའོ། །
༧ མཆོད་རྟེན་གྱི་གྲུབ་ཆ་དང་བརྡ་ཁྱད་ཉེར་མཁོ།
བྱང་ཆུབ་ཆོས་ཀྱི་མཆོད་རྟེན་ལ། ། གདན་གྱི་ས་འཛིན་ཐེམ་སྐས་གསུམ། ། ཐིག་གདན་སེང་ཁྲི་བད་ཆུང་དང༌། ། གཟུངས་སྣེ་བད་ཆེན་རྨང་དགེ་བ། ། དེ་སྟེང་སྤྱི་ལ་བང་རིམ་བཞི། ། བུམ་རྟེན་བུམ་པ་བྲེ་རྟེན་དང༌། ། བྲེ་འདེགས་པད་མ་འོད་ཟེར་ཕྲེང༌། ། ཕོ་འཁོར་མོ་འཁོརབཅུ་གསུམ་དང་། ། ཐུགས་རྗེ་མདོ་གཟུངས་ཞུ་རྒྱ་གྲམ། ། གདུགས་དང་ཆར་ཁེབས་ཟླ་ཕྱེད་ཉི། ། ནོར་བུ་ཏོག་དང་བཅས་པའོ །
མཆོད་རྟེན་གྱི་ཆ་དབྱེ་བར་རྣམ་དག་སློབ་དཔོན་ཤྰིནྟཾ་གརྦྷས་གསུངས་པའི་དོན་ནི། བད་གཟུངས་རྗེས་སུ་དྲན་པ་དྲུག །བད་ཆེན་དགེ་བཅུ་རྨངས་ཚད་མེད། ། ཡང་ན་དེ་གཉིས་ལྡོགས་པའང་བཤད། ཆོས་ཀྱི་འཁོར་ལོ་ས་བཅུ་སྟེ། ། དེས་རྡོ་རྗེའི་ས་ལམ་བཅུ་གསུམ་མཚོན་པའང་གསུངས་ཏེ། དེ་རྣམས་ནི། ༡རབ་ཏུ་དགལབ། ༢དྲི་མ་མེད་པ། ༣འོད་བྱེད། ༤འོད་འཕྲོ།༥སྦྱང་དཀའ་བ། ༦མངོན་དུ་གྱུར་པ། ༧རིང་དུསོང་བ། ༨མི་གཡོ་བ། ༩་ལེགས་པའི་བློ་གྲོས།༡༠ཆོས་ཀྱི་སྤྲིན། ༡༡དཔེ་མེད་པ། ༡༢ཡེ་ཤེས། ༡༣རྡོ་རྗེ་ས་ལམ་བཅས་སོ། ། བང་རིམ་བཞི་པོ་རིམ་པ་བཞིན། ། དྲན་པ་ཉེར་བཞག་ཡང་དག་སྤོང༌། ། བུམ་རྟེན་སྟོབས་ལྔ་བུམ་པ་ནི། ། བྱང་ཆུབ་ཡན་ལག་བྲེ་འཕགས་ལམ། ། རྒྱུའི་ཆོས་རྣམས་རྣམ་པར་དག། སྲོག་ཤིང་ཀུན་རྫོབ་ཕ་རོལ་སེམས། ། རྗེས་དྲན་བདེན་བཞི་ཟད་མི་ཤེས། ། ཤེས་པ་བཅུ་གཉིས་ངོ་བོ་དང༌། ། པད་མ་ཐབས་དང་ཤེས་རབ་སྟེ། ། འཁོར་ལོ་སྟོབས་བཅུ་དྲན་ཉེ་གསུམ། ། ཆར་ཁེབས་ཐུགས་རྗེ་ཏོག་ཆོས་སྐུ། ། མཆོད་རྟེན་ཉིད་ཀྱི་ངོ་བོ་བཤད། ། ཅེས་དང༌། ཡང༌། རྒྱན་རྣམས་རྒྱལ་བའི་ཡོན་ཏན་ཏེ། ། རྡོ་རིང་མི་འཇིགས་བཞི་དང་ལྡན། ། ཐེམ་སྐས་སྲུང་བ་མེད་པ་བཞི། ། རྒྱལ་མཚན་བདུད་བཞིའི་གཡུལ་ལས་རྒྱལ། ། མེ་ཏོག་ཕྲེང་བ་མཚན་དཔེ་འབར།།རྒྱལ་མཚན་བཞི་ནི་བདེན་བཞིའི་དོན། ། དྲིལ་བུ་ཚངས་དབྱངས་དྲུག་ཅུའི་གསུང༌། ། ཉི་ཟླ་ཡེ་ཤེས་སྣང་བ་སྐྱེད།།མེ་ལོང་ཡེ་ཤེས་བཞི་དང་ལྡན།།ཅོད་པན་ཆོས་ཀྱི་རྒྱལ་སྲིད་ཐོབ།།བ་དན་ཆོས་ཀྱི་སྙན་པས་ཁྱབ། ། འབྲས་བུ་ཆོས་རྣམ་དག་པའོ། ། སྒོ་མང་བདེན་བཞི་རྣམ་ཐར་བརྒྱད། ། རྟེན་འབྲེལ་སྟོང་ཉིད་བཅུ་དྲུག་གོ། ། གློ་འབུར་ཁྱད་པར་འཕགས་པ་ཡི། ། རྣམ་པར་འཕྲུལ་བས་འགྲོ་དོན་མཛད། ། ཐེམ་སྐས་སངས་རྒྱས་གཞན་དོན་བྱོན། ། པདྨ་འཁོར་བའི་སྐྱོན་མ་གོས། ། བང་རིམ་མེད་པ་སྲིད་པ་ཡི། ། འཇུག་པ་བྲལ་ཞིང་སྤྲོས་པ་མེད། །དབྱེན་ཟླུམ་དེ་རྒྱུད་དུག་གསུམ་དང༌། ། ལྟོ་བཅད་རྣམ་ཐར་བརྒྱད་མ།ཚོན་ནོ། ། ཞེས་སྐུ་གདུང་ཆ་བརྒྱད་ཀྱི་བརྡ་ཁྱད་དང་བཅས་པའི་ཚིགས་སུ་བཅད་པ་འདི་ནི། ཤེས་བྱ་ཀུན་ཁྱབ་ཀྱི་ཐུགས་རྟེན་བཤད་པ་ལ་གཞིར་བྱས་ནས་བྲིས་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号