ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༧༣༥༽

བྱས་པ་ལས་བྱུང་བ་ལྟར་ལག་ཉར་བླངས་པ་ལ་སོགས་པ་ཟ་བའི་ཉེས་པ་ཡང་། རྒྱུ་རང་ངམ་རང་འདྲ་བས་ལག་ཉར་བླངས་པ་ལ་སོགས་པ་འདི་དག་བྱས་པ་ལས་བྱུང་བས་སོ། །ཆ་ལ་བརྟེན་པ་འདི་ལ་བརྒྱད་དེ། ལག་ཉ་ལ་སོགས་པའི་ཉེས་བྱས་བཞི་དང་། དེ་དག་ཟ་བའི་ཉེས་བྱས་བཞིའོ། །དང་པོ་ལག་ཉར་བླངས་པའི་ཉེས་བྱས་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་བྱིན་ལེན་མ་བྱས་པ་ལ་རེག་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་བརྒྱད་ལས། ཟས་སམ་ཉེ་བའི་སྟ་གོན་དུ་གནས་པ་སྟེ། ཟས་དངོས་དང་ནས་དང་འབྲས་ལ་སོགས་པའོ། །དགེ་སློང་རང་ངམ་རང་དང་འདྲ་བ་དབང་བ་སྟེ། དགེ་ཚུལ་དག་གི་ལ་རེག་པ་ནས་སྦེད་པའི་བར་ལ་ཞེས་པ་དང་། སྐྱེས་པ་དགེ་སློང་དང་བུད་མེད་དགེ་སློང་མ་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲ་ཞེས་གསུངས་པས་སོ། །སྨན་ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་སྟེ། ཤས་ནོད་པ་དང་བྲུབ་པའི་ཕྱིར་ཞེས་པ་དང་། མ་རུངས་པར་འགྱུར་བའི་རྒྱུ་བྱུང་ན། རང་གིས་གྲུབ་པར་བྱ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ།་་་་་སྨན་གྱི་ངོ་བོ་མ་རྫོགས་པ་ལ་རེག་ན་ཉེས་བྱས་ཕྲ་མོ་ཙམ་བསྐྱེད་པའི་དོན་ནོ། །བྱིན་ལེན་སྟོབས་པར་འོས་པ་དང་མ་འབྲེལ་བ་སྟེ་མ་བྲལ་བའི་ཞེས་་་་་་བླངས་པ་ཡང་མ་ཡིན་ནོ་དེས་བཟང་བའི་ཐག་པ་ལ་སོགས་པ་དང་འབྲེལ་བ་ཉིད་ནི་འབྲེལ་བ་ཉིད་ཡིན་ནོ། །གསུངས་པས་སོ། །བྱིན་ལེན་གྱི་ཆོ་ག་དང་མི་ལྡན་པ་སྟེ། ཊཱི་ཀ་ལས་ལག་ཉར་བླངས་པ་ཞེས་བྱ་བ་ནི་བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པའི་ཟས་ཏེ་ཞེས་བཤད་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །གཞན་དུ་ན་ལག་ཉར་བླངས་པའི་ཉེས་བྱས་ཕྲ་མོར་འགྱུར་རོ།་་་་་དགེ་འདུན་གྱི་ཞིང་ལ་སྐྱེས་བཞིན་པའི་སྙེ་མ་ལ་རེག་པས་ནི་ལག་ཉའི་ཉེས་པར་མི་འགྱུར་རོ། །སྐབས་འདིར་ཁ་ཅིག་ན་རེ་ལག་ཉའི་ཉེས་པར་འགྱུར་བ་ལ་གང་ལ་རེག་པའི་

༼༧༣༦༽

དངོས་པོ་དེ་རྫས་བརྟན་པ་དང་མ་འབྲེལ་བ་ཡན་ལག་ཏུ་དགོས་ཏེ་གཞན་དུ་ན་ཕན་ཚུན་བསྐྱོད་པའི་སྒོ་ནས་དོན་དང་བྱ་བ་མེད་པའི་ཕྱིར་གསུངས་སོ། །དེས་ན་ཕྱེ་རྐྱལ་ཀ་བ་ལ་འཆིང་སྐད་དེ་ཡིད་ལ་མི་འཚམ་མོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྦྱོར་བ་དེས་ཟ་བ་ལས་གཞན་པའི་དོན་དུ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་དེས་ཟ་བར་འདོད་པས་རེག་ན་ནི་བྱིན་ལེན་མ་བྱས་པར་ཟ་བའི་སྦྱོར་བའི་ཉེས་བྱས་སུ་འགྱུར་གྱི། ལག་ཉའི་ཉེས་པར་མི་འགྱུར་ཏེ། ལྟུང་བ་གཞན་གྱི་ཀུན་སློང་ལས་ལྟུང་བ་གཞན་མི་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ། །སྦྱོར་བ་ནི་ཟས་དེ་ལ་རེག་པར་བྱེད་པ་སྟེ། མཐར་ཐུག་ནི་རེག་པ་རྫོགས་པའོ། །འདིར་བྱིན་ལེན་གྱི་ཆོ་ག་དང་ལྡན་ན་ཟས་དེ་ལ་རེག་ཀྱང་ལག་ཉའི་ཉེས་པ་མེད་པས། ལག་ཉ་བསྲུང་བའི་ཆེད་དུ་བྱིན་ལེན་བྱས་ན་ཡང་ངོ་། །དེ་ལ་ཁ་ཅིག་ན་རེ་ལག་ཉ་བསྲུང་བའི་ཆེད་ཀྱི་བྱིན་ལེན་མེད་དེ། ལུང་ལྔ་ཚན་པ་ལས་་་་་་རྣམ་པ་ལྔས་ནི་བྱིན་ལེན་བྱས་ཀྱང་བྱིན་ལེན་བྱས་པར་མི་འགྱུར་ཏེ། མ་བཏང་བཞིན་ལེན་པ་དང་། བཟའ་བར་མི་སེམས་པར་ལེན་པ་དང་། གཞན་དུ་འདུ་ཤེས་ཏེ་ལེན་པ་དང་། མདུན་དུ་མ་འདུག་པར་ལེན་པ་དང་། ཤེས་པ་རང་བཞིན་ཅན་མ་ཡིན་པ་ལས་བླངས་པའོ་ཞེས། བཟའ་བར་མི་སེམས་པ་ལ་བྱིན་ལེན་མེད་པར་གསུངས་པ་དང་་་་་་གལ་ཏེ་ལག་ཉའི་ཉེས་པ་བསྲུང་བའི་བྱིན་ལེན་ཡོད་ན། བྱིན་ལེན་བྱས་ནས་དགེ་སློང་གིས་ཁུར་བར་རིག་པ་ལས་བྱིན་ལེན་བྱ་བར་མ་གསུངས་པར་བསྙེན་པར་མ་རྫོགས་པས་ཐག་པ་ནས་གཟུང་བར་གསུངས་པས། ལག་ཉའི་ཉེས་པ་བསྲུང་བའི་ཕྱིར་བྱིན་ལེན་མེད་པར་ཤེས་ཏེ། མདོ་རྩ་བ་ཉིད་ལས་ཆོ་ག་མ་འབྱོར་ཏམ་ཞེས་ཆུ་ཀླུང་བརྒལ་བ་ན་ཐག་པ་བཏགས་ཏེ་བསྙེན་པར་མ་རྫོགས་པས་གཟུང་བར་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། བམ་པོ་ལྔ་བཅུ་པ་ལས། གལ་ཏེ་དུས་མ་ཡིན་པར་རུང་བའི་རྫས་ལས་བཏུང་བ་དེ་སྦྱོར་ན་ནི་བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱས་ཏེ་སྦྱར་ཞིང་བཙགས་ལ། གང་གི་ཚེ་འཐུང་བའི་ཚེ་ན་ཆུ་གྲང་མོས་གདབ་པ་དང་།

༼༧༣༧༽

བྱིན་ལེན་སྟོབས་སུ་བཅུག་ནས་བཏུང་ཞེས་བཤད་པས་བྱིན་ལེན་གཉིས་བྱ་བར་གསུངས་ཏེ། སྔ་མ་དེ་ལག་ཉ་བསྲུང་བའི་བྱིན་ལེན་ནོ། །གཞན་ཡང་མདོ་རྩ་བ་འདི་ཉིད་ལས་གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ་ཞེས་གསུངས་པས། རྒྱུ་དུས་མ་ཡིན་པར་རུང་བའི་རྫས་ལས་བཏུང་བ་དེ་སྦྱོར་ན་ནི་བསྙེན་པར་རྫོགས་པས་ཀྱང་སྦྱར་ཞིང་བཙག་ཏུ་རུང་ཞེས་མདོ་རྩ་བས་ཤུགས་ཀྱིས་བསྟན་ལ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དངོས་སུ་གསུངས་ཏེ། དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་ནི་བསྙེན་པར་རྫོགས་པས་སྦྱར་ཞིང་བཙགས་པ་ལ་ཉེས་པ་མེད་དོ་ཞེས་བཤད་དོ། །དེའང་རྫས་དེ་ལ་མ་རེག་པར་ནི་སྦྱར་ཞིང་ཚགས་ཀྱིས་བཙགས་པར་མི་ནུས་ལ། ཆུད་འཛའ་བ་ལ་སོགས་པའི་རྐྱེན་མེད་པར་་་་་་དགེ་སློང་གིས། རེག་ན་ནི་ལག་ཉའི་ཉེས་པར་འགྱུར་བས་ལག་ཉ་བསྲུང་བའི་བྱིན་ལེན་བྱས་ནས་སྦྱར་ཞིང་བཙགས་པར་གྲུབ་བོ། །གལ་ཏེ་ལག་ཉ་བསྲུང་བའི་ཆེད་ཀྱི་བྱིན་ལེན་མེད་ཀྱང་། བཟའ་བའི་ཆེད་ཀྱི་བྱིན་ལེན་བྱས་ནས་སྦྱར་ཞིང་བཙགས་པའོ་སྙམ་ན། དེའི་ཚེ་ན་བཟའ་བའི་ཆེད་ཀྱི་བྱིན་ལེན་ནི་མི་རུང་སྟེ། དེ་ལྟ་བུ་ཉིད་ཀྱི་མདུན་རོལ་ཏུ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ་ཞེས་བཀག་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི་ལུང་ལས་བཟའ་བར་མི་སེམས་པ་ལ་བྱིན་ལེན་མེད་ཅེས་གསུངས་པ་ནི་བཟའ་བའི་ཆེད་ཀྱི་བྱིན་ལེན་མེད་པ་ལ་དགོངས་པ་སྟེ། དེ་ལྟར་མ་ཡིན་ན་སྣར་བླུགས་པ་ལ་བྱིན་ལེན་མི་འཐོབ་པར་ཐལ། བཟའ་བར་མི་སེམས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །འདོད་ན་ཕྲན་ཚེགས་ལས་བྱིན་ལེན་བྱས་ནས་སྣར་བླུགས་པར་བྱའོ་ཞེས་གསུངས་སོ། །ཐག་པ་ནས་གཟུང་བར་གསུངས་པ་དེ་ཡང་འབྲས་ཀྱི་ཁུར་ཚའི་ཐག་པ་ནས་དགེ་ཚུལ་ཆུང་ངུས་བཟུང་སྟེ་འབྲས་ཀྱི་ཁུར་དགེ་སློང་གིས་ཁུར་ཏེ་ཆུ་ཀླུང་བརྒལ་བ་ལྟ་བུ་ལ་གྱེན་དུ་འདེགས་མི་ནུས་པས་བྱིན་ལེན་བྱེད་པར་མི་ནུས་ལ། ཐག་པ་ནས་འཛིན་ནུས་པའི་ཕྱིར་དང་། བྱིན་ལེན་སྟོབས་པར་མི་སྤྲོ་ཡང་ཐག་པ་ནས་འཛིན་པར་སྤྲོ་བ་ཡང་སྲིད་པས་སྐྱོན་

༼༧༣༨༽

མེད་དོ། །གཉིས་པ་མཚམས་སུ་བཅོས་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གནས་ཀྱི་ཁྱད་པར་རང་ངམ་རང་དང་འདྲ་བ་དབང་ཞིང་རུང་ཁང་མ་ཡིན་པའི་རང་བཞིན་གྱི་མཚམས་སམ་དེའི་ཉེ་འཁོར་དུ། དངོས་པོའི་ཁྱད་པར་རང་ངམ་རང་དང་འདྲ་བ་དབང་བའི་རྗེན་པ། ཆེད་དུ་བྱ་བའི་ཁྱད་པར་རང་ངམ་རང་དང་འདྲ་བ་ལོངས་སྤྱོད་པའི་ཆེད་དུ་མེ་དང་འབྲེལ་བས་རེག་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བཙོ་བའི་གནས་དང་། གང་བཙོ་བའི་དངོས་པོ་དང་། གང་གིས་འཚོད་པའི་རྟེན་ནོ། །དང་པོ་ལ་གསུམ་ལས། རང་བཞིན་གྱི་མཚམས་སམ་དེའི་ཉེ་འཁོར་ཡིན་པ་སྟེ། འོག་ཏུ་རྒྱས་པར་འཆད་དོ། །དགེ་སློང་རང་ངམ་རང་དང་འདྲ་བ་དབང་བ་སྟེ་ཁྱིམ་པ་ལ་སོགས་པ།་་་་་གཞན་དབང་བར་ནི་མཚམས་བཅོས་སུ་མི་འགྱུར་ཏེ། གཞན་གནས་པ་ཉིད་ནི་གཞན་གྱི་གནས་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་སོ། །རུང་ཁང་བྱིན་གྱིས་བརླབས་པ་མ་ཡིན་པ་སྟེ། རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་ཞེས་གསུངས་པས་སོ། །གཉིས་པ་གང་བཙོ་བའི་དངོས་པོ་ལ་བདུན་ཏེ། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། དགེ་སློང་རང་ངམ་རང་དང་འདྲ་བ་དབང་བ་དང་། སྨན་ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་། སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་དང་། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་ནི་སྔར་བཤད་པ་བཞིན་ནོ། །རྗེན་པ་ཡིན་པ་སྟེ། འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི་དེའོ་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འཚོད་པའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རང་ངམ་རང་དང་འདྲ་བས་ལོངས་སྤྱོད་པའི་ཆེད་དུ་འཚོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཚམས་སུ་འཚོད་པར་བཞུགས་པའོ། །མཐར་ཐུག་ནི་མེས་རེག་པའོ། །གསུམ་པ་ཞག་ལོན་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ངམ་རང་དང་འདྲ་བ་དབང་བའི་གནས་ཡིན་ཞིང་རུང་ཁང་མ་ཡིན་པའི་རང་བཞིན་

༼༧༣༩༽

གྱི་མཚམས་སམ་དེའི་ཉེ་འཁོར་དུ་སྨན་བཞི་ལས་གང་ཡང་རུང་བ་བཞག་སྟེ། མཚན་མོ་འདས་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བཞག་པའི་གནས་ནི་སྔ་མ་བཞིན་ནོ། །གང་བཞག་པའི་དངོས་པོ་ནི། ཆོས་དྲུག་ལྡན་ཏེ། སྔར་མཚམས་བཙོས་ཀྱི་དངོས་པོ་ཆོས་བདུན་ལྡན་ལས་འདིར་རྗེན་པ་མ་གཏོགས་པ་དྲུག་སྔར་བཞིན་ནོ། །གང་གིས་འཇོག་པའི་རྟེན་ནི་གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་མཚམས་དེར་འཇོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཇོག་པར་བྱེད་པའོ། །མཐར་ཐུག་ནི་མཚན་མོ་མཐའི་སྐད་ཅིག་གོ །བཞི་པ་དགེ་སློང་གིས་རྗེན་པ་བཙོས་པའི་ཉེས་བྱས་འཆད་དེ། འདིའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྗེན་པ་མཚན་ཉིད་དང་ལྡན་པ་དགེ་སློང་རང་ངམ་རང་དང་འདྲ་བས་བཟའ་དོན་དུ་མེས་རེག་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གཉིས་ལས། གང་བཙོ་བའི་དངོས་པོ་ཆོས་བདུན་ལྡན་སྔར་མཚམས་བཙོས་དང་འདྲའོ། །གང་གིས་འཚོད་པའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རང་ངམ་རང་དང་འདྲ་བས་ལོངས་སྤྱོད་པའི་ཆེད་དུ་འཚོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྗེན་པ་འཚོད་པར་བྱེད་པའོ། །མཐར་ཐུག་ནི་མེས་རེག་པའོ། །ལྔ་པ་ལག་ཉར་བླངས་པ་ལ་སོགས་པ་བཞི་པོ་དེ་རྣམས་ཟ་བའི་ཉེས་བྱས་བཞི་འཆད་དེ། འདི་རྣམས་ཀྱི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་ལས་གང་ཡང་རུང་བ་ལག་ཉ་ལ་སོགས་པའི་སྐྱོན་ཆགས་པ་མགུལ་དུ་མིད་པ་ལས་གྱུར་པའི་ཉེས་བྱས་ཡོངས་སུ་རྫོགས་པའོ། །དེའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། གང་བཟའ་བའི་དངོས་པོ་ལ་ལྔ་སྟེ། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་

༼༧༤༠༽

ཡིན་པ་དང་། གཞི་གཞན་གྱི་སྒོ་ནས་རུང་བ་དང་། ཚད་དང་ལྡན་པ་སྟེ་བཞི་ནི་སྔར་བཤད་པ་བཞིན་འདིར་ལག་ཉ་ལ་སོགས་པ་རང་རང་གི་སྐྱོན་ཆགས་པ་ཡིན་པ་སྟེ། སྐབས་ཀྱིས་གྲུབ་བོ། །གང་གི་ཚེ་ཟ་བའི་དུས་ནི་མུ་གེའི་དུས་མ་ཡིན་པའོ། །གང་གིས་ཟ་བའི་རྟེན་ནི་ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པ་དང་། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། སྔ་མའི་གཞུང་ནི། ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་དགེ་སློང་ལུང་སྟོང་དུ་ཞག་གྲངས་མང་པོར་ཟས་མེད་པར་འཁྱམས་པ་ལྟ་བུ་ཤིན་ཏུ་བཀྲེས་པ་ཉིད་ན་ལག་ཉར་བླངས་པ་སོགས་བཟར་གནང་བར་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པ་སྟེ། མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི། ལག་ཉར་བླངས་པ་ཞེས་སོ། །མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པ་ཡང་མིད་པར་མི་བྱའོ་ཞེས་སྦྱར་རོ། །སྐབས་འདིར་ཊཱི་ཀ་ལས་འདི་ལྟར་བཤད་དེ།་་་་་རུང་ཁང་མ་བཅད་པའི་གཙུག་ལག་ཁང་ལྟ་བུ། རུང་བ་མ་ཡིན་པའི་ས་གཞིར་སྦྱིན་བདག་གིས་བཙོས་པའམ་དེར་ཞག་ལོན་པ་འབུལ་བར་བྱེད་པ་དེ་ལ་ནི་ཉེས་པ་མེད་དོ། །རུང་ཁང་མ་བཅད་པའི་གཙུག་ལག་ཁང་དུ།་་་་་སྦྱིན་བདག་གིས་མར་དང་འབྲས་ལ་སོགས་པ་བསམ་པ་ཐག་པས་ཕུལ་ལ་རང་འོངས་ནས་བྲིམ་མོ་ཞེས་ཟེར་བ་་་་་་ལས་གཙུག་ལག་ཁང་དུ་བཙོས་པ་དང་ཞག་ལོན་པར་བཞག་པ། དགེ་འདུན་ལ་འབྲིམ་པར་བྱེད་པ་དེ་ལ་ནི་མཚམས་བཙོས་ཞག་ལོན་ཟ་བའི་ཉེས་པར་འགྱུར་ཏེ། དང་པོ་ཁོ་ནར་དགེ་འདུན་གྱིས་བདག་གིར་བྱས་པའི་ཕྱིར་རོ། །དགེ་སློང་གིས་གྲོང་དུ་མཛོད་དང་བང་བ་ལ་སོགས་པ་བྱས་ཏེ་གྲོང་དེར་དགེ་སློང་གིས་ཉིན་མཚན་དུ་གནས་ན་དེ་ནི་དགེ་སློང་གི་གནས་ཉིད་ཡིན་པས་དེར་བཙོས་པ་དང་ཞག་ལོན་དུ་བཞག་པ་ལ་ཉེས་བྱས་སྐྱེད་ལ། གྲོང་དེར་དགེ་སློང་མི་གནས་ན་ནི་དེར་བཙོས་པ་དང་ཞག་ལོན་པ་ལ་ཉེས་པ་མེད་དེ། གཙུག་ལག་ཁང་གི་གནས་ཁང་འགའ་ཞིག་ཏུ་བདག་པོ་་་་་་ཁང་བའི། ཁྱིམ་པས་གནས་འདིར་དགེ་སློང་སུ་ཡང་གནས་པར་མི་བྱའོ་ཞེས་ངེས་པར་བྱས་པ་དེ་ནི་

༼༧༤༡༽

དགེ་སློང་གི་གནས་ཉིད་མ་ཡིན་ནོ།་་་་་པས་དེར་བཙོས་པ་དང་ཞག་ལོན་པར་བཞག་ཀྱང་ཉེས་པ་མེད་དོ། །གཙུག་ལག་ཁང་སྟོང་པར་ནི་དགེ་སློང་་་་་་ངལ་བསོ་བའི་ཕྱིར་ཞག་འགའ་ཙམ། གནས་ན་ནི་དགེ་སློང་གི་གནས་ཡིན་་་་་་པས་དེར་མཚམས་བཙོས་དང་ཞག་ལོན་དུ་འགྱུར། ལ། མི་གནས་ན་དེ་ལྟར་མ་ཡིན་་་་་་དེ་ཐམས་ཅད་ཊཱི་ཀ་ལས་གསུངས་སོ། ནོ། །དགེ་སློང་གིས་བཙོས་པ་ཡང་མིད་པར་མི་བྱའོ་ཞེས་སྦྱར་ཏེ་མཚམས་ཀྱི་ནང་ན་ཡང་རུང་ཕྱི་རོལ་ཀྱང་རུང་སྟེ་དགེ་སློང་གིས་བཙོས་ནའོ།་་་་་མཚམས་ཀྱི་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པའི་སྐབས་གཉིས་པོ་འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི་མཚམས་བཙོས་དང་དགེ་སློང་གིས་བཙོས་པ་དེ་ཡིན་པའོ། །འདིར་ཁ་ཅིག་ན་རེ་འོ་མ་བསྐོལ་བ་རྗེན་པ་དང་བྲལ་ཡང་དེ་ལས་ཕྱུང་བའི་མར་དེ་རྗེན་པར་གྱུར་པ་ཡིན་ཏེ། སྨན་གྱི་དངོས་པོ་གནས་གྱུར་པས་སྔར་གྱི་བཙོས་པ་ཞིག་པའི་ཕྱིར་ཏེ། དཔེར་ན་འོ་མ་བྱིན་ལེན་བྱས་པ་ལས་མར་གྱུར་ན་སྨན་གྱི་དངོས་པོ་གྱུར་པས་སྔར་གྱི་བྱིན་ལེན་ཞིག་པ་དང་མཚུངས་སོ། །དེས་ན་འོ་མ་བསྐོལ་བ་ལས་བྱུང་བའི་མར་དགེ་སློང་གིས་བསྐོལ་ན་རྗེན་འཚོད་ཀྱི་ཉེས་པ་བསྐྱེད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ཆོ་ག་རྣམ་གཞག་དང་དངོས་པོའི་ཆོས་གཉིས་ཐ་དད་དེ། འོ་མ་ལས་མར་དུ་གྱུར་ན་བྱིན་ལེན་ལ་སོགས་པ་ཆོ་ག་རྣམ་གཞག་ཞིག་མོད་ཀྱང་བཙོས་པ་ཞིག་པ་མི་འཐད་དོ། །སྔར་བཙོས་པས་རྗེན་པ་དང་བྲལ་བ་དེ་ཕྱིས་རྗེན་པར་གྱུར་པ་མི་འཐད་པའི་རྒྱུ་མཚན་ཅི་ཞེ་ན། རྗེན་པ་ཡིན་མིན་ནི་ཆོ་ག་རྣམ་གཞག་མ་ཡིན་གྱི་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ།་་་་་རྗེན་པའི་བྱེ་བྲག་ཤ་བཙོས་པ་དེ་བསྲེགས་ཏེ་ཐལ་བར་གྱུར་པ་ཆོས་ཅན། རྗེན་པར་གྱུར་པ་ཡིན་པར་ཐལ། སྨན་གྱི་དངོས་པོ་གྱུར་པས་སྔར་གྱི་བཙོས་པ་ཞིག་པའི་ཕྱིར་ཞེས་མཚུངས་སོ། །འདོད་ན་ཤ་བཙོས་པ་རྗེན་པར་འགྱུར་བ་འགལ་ལོ། །མེས་བསྲེགས་པའི་ཐལ་བ་བཙོས་ན་རྗེན་འཚོད་ཀྱི་ཉེས་པ་བསྐྱེད་པ་འགལ་ལོ་ཞེས་གསུང་ངོ་། །མི་སྙི་པ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཞེས་པ་་་་་་འགྲེལ་ཆུང་ལས་ཆུ་གྲང་གིས་སུམ་ཆ་བངས་པས་མ་ཡིན་གྱི། མེ་དང་འབྲེལ་བས་བཙོས་པས་སུམ་ཆ་བངས་པའོ། །སུམ་ཆ་ཞེས་པ་འདི་ཕྱོགས་གཅིག་ཏུ་བསྡུས་པའི་སུམ་ཆ་ཡིན་ཞེས་ཁ་ཅིག་ཟེར་ཡང་མི་རིགས་ཏེ།

༼༧༤༢༽

འཇིག་རྟེན་པའི་གྲགས་པ་དང་འཕགས་པའི་གྲགས་པ་གཉིས་ཀ་དང་མི་མཐུན་པའི་ཕྱིར་རོ།་་་་་ཊཱི་ཀ་ལས་ཕྱེད་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཇིག་རྟེན་པའི་གྲགས་པ་ཡིན་ལ། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས་ཞེས་གསུངས་སོ། །དེས་ན་འདི་ནི་་་་་་རྒྱ་དང་ཤ་ལུགས་པ་རྣམས་ནི། ཕྱོགས་ཕྱོགས་ནས་སུམ་ཆ་བངས་པ་སྟེ། ཕལ་ཆེར་བངས་པ་ཡིན་པའི་ཕྱིར། འཕགས་པའི་གྲགས་པ་དང་མཐུན་ཞིང་།་་་་་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་གསུངས་པ་དང་ཡང་མཐུན་པས་སོ། །འགྲེལ་ཆུང་ལས་ཀྱང་སུམ་གཉིས་ཚོས་ཤིང་འཇམ་པོ་མུལ་མུལ་པོར་གྱུར་པ་ཞེས་བཤད་དོ། །ཤིང་ཐོག་ལ་སོགས་པ་རུང་ཁང་བཅད་པའི་ས་ན་འདུག་པའི་རུང་བའི་སར་འགྲུབ་པ་ཉིད་རྩ་བ་དང་སྡོང་པོ་རུང་ཁང་མ་བཅད་པའི་ས་ན་འདུག་པ་ལས་སྐྱེ་བ་ལ་རག་ལས་པ་ནི་འབྲས་བུ་དེ་ཞག་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་པས། འབྲས་བུ་དེ་ཞག་ལོན་པ་ཉིད་ཡིན་ཏེ། མི་རུང་བའི་ས་ན་ཞག་མང་དུ་གནས་པའི་རྩ་བ་ལ་རག་ལས་པའི་ཕྱིར་རོ། །དེ་བཞིན་དུ་མཚམས་ནང་དུ་ཞག་ལོན་པའི་བ་ལས་བྱུང་བའི་འོ་མ་ཡང་ཞག་ལོན་པ་ཉིད་ཡིན་ནོ། །ཞག་ལོན་པའི་འོ་མ་ལས་གྱུར་པའི་ཞོ་ཡང་ཞག་ལོན་པ་ཉིད་ཡིན་ཏེ། དུས་སུ་རུང་བའི་གནས་སྐབས་ལས་གཞན་དུ་མ་གྱུར་པའི་ཕྱིར་རོ། །ཞག་ལོན་པའི་འོ་མ་དང་ཞོ་ལས་གྱུར་པའི་མར་དང་ཕྱུར་ཁུ་ནི་ཞག་ལོན་ཞིག་པ་སྟེ། སྨན་གྱི་རིགས་གཞན་དུ་གྱུར་པའི་ཕྱིར་རོ། །མཚམས་ནང་དུ་ཞག་ལོན་པའི་ས་བོན་མཚམས་ཀྱི་ཕྱི་རོལ་ཏུ་བཏབ་པ་ལས་མྱུ་གུ་སྐྱེས་པ་དེ་ནི་ཞག་ལོན་ཞིག་པ་སྟེ་སྐྱེ་བ་གཞན་ཡིན་པའི་ཕྱིར་རོ་ཞེས་དེ་རྣམས་ཊཱི་ཀ་ལས་བཤད་དོ། །སྣོད་ཕྱོགས་ནི་འདུག་ན་ཞེས་པའི་སྐབས་འདིར་ཊཱི་ཀ་ལས་ལྕགས་སྒྱེད་ཀྱི་སྟེང་དུ་ཕྲུ་བ་ལ་སོགས་པའི་སྣོད་བཞག་པ་་་་་འི་ནང་དུ་ཤ་བཙོས་པ། ལ་སོགས་པ་བརྒྱུད་པའི་ཚུལ་གྱིས་བཙོས་པར་འགྱུར་བ་ཡང་གོ་བར་བྱའོ། །ལག་ཉར་བླངས་པ་ལ་སོགས་པ་དུས་ཀྱི་ཕྱིར་དགག་པ་མཛད་པར་ཞེས་པའི་དངོས་དང་ཤུགས་ཀྱིས་བཅས་པ་བཞི་བསྟན་ཏེ། ལག་ཉ་ལ་སོགས་པ་དེ་དག་ནི་མུ་གེ་མ་བྱུང་བའི་དུས་ཀྱི་ཕྱིར་དགག་པ་མཛད་ཅེས་དངོས་སུ་བསྟན་པས།

༼༧༤༣༽

དེ་དག་མུ་གེའི་དུས་སུ་གནང་ཞེས་ཤུགས་ཀྱིས་བསྟན་ཏོ། །གསོག་འཇོག་ཏུ་འཇོག་པ་ནི་མུ་གེའི་ཡང་དུས་ཀྱི་ཕྱིར་དགག་པ་མཛད་དེ། ཟས་གསོག་འཇོག་ཏུ་བཞག་ཏུ་ཡོད་ན་ཟས་ཀྱིས་ཕོངས་པ་ཉིད་ཀྱང་མ་ཡིན་ལ། གསོག་འཇོག་ཏུ་བཞག་པས་མང་དུ་འཕེལ་བ་ལ་སོགས་པའི་དགོས་པ་མེད་པའི་ཕྱིར་རོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་དག་ནི་མུ་གེ་མ་བྱུང་བ་ལ་སོགས་པའི་དུས་ཀྱི་ཕྱིར་གསོག་འཇོག་ཏུ་འཇོག་པ་དགག་པ་མཛད་པར་མ་བསྡུས་པ་ཉིད་ཡིན་ཏེ། བྱིན་གྱིས་བརླབས་པས་གསོག་འཇོག་གི་ཉེས་པ་ཁེགས་པའི་ཕྱིར་རོ།་་་་་འཚོ་བའི་དུ་བཅང་བར་བྱིན་གྱིས་བརླབས་པ་དེ་ཡང་ཚོན་པ་སྟེ། །ཐུན་ཚོད་དུ་རུང་བ་དང་ཞག་བདུན་པར་བྱིན་གྱིས་བརླབས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་་་་་་ཤ་སྦས། འཆད་དོ།་་་་་ཊཱི་ཀ་ལས་འཚོ་བའི་བར་དུ་བཅངས་པ་བྱིན་གྱིས་བརླབས་པ་རྣམས་ནི་དུས་ཀྱི་ཕྱིར་བསྡུས་པ་ཡིན་ནོ་ཞེས་གསུངས་ཏེ་དུས་ཀྱི་ཕྱིར་དགག་པ་མཛད་པར་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྷུང་བཟེད་ལ་སོགས་པ་ལ་ཟས་གསོག་འཇོག་བྱས་པའི་སྐྱོ་མ་ལྟ་བུ་ཅུང་ཟད་ཙམ་གྱིས། འབགས་པ་སྟེ་འབྱར་བར་གྱུར་པ་ནི་ཟས་ཚད་ལོངས་ཀྱི་ཕྱེད་ཉིད་ཡིན་པས། དེ་ཟ་ན་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །འདི་ནི་ལུང་རྣམ་འབྱེད་ལས་དགེ་སློང་གིས་ལྷུང་བཟེད་ཆུང་ངུ་དང་ཁ་གཟར་དང་ལྡེ་མིག་ཀྱོག་པོ་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཏེ། ལྟུང་བྱེད་དུ་མི་འགྱུར་བ་ནི་ཟས་ཁམ་དུ་མ་ལོངས་པས་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ལན་ཚྭ་ལ་སོགས་པའི་ཚྭ་ཆུ་ལ་ལྷན་ཅིག་སྐྱེས་པ་དང་ཉེ་བར་བསྒྲུབས་པ་གཉིས་ལས། དང་པོ་ནི་ལན་ཚྭ་ལ་སོགས་པ་ཚྭ་ཆུ་དང་འགྱུར་བྱེད་ཀྱི་ཆུ་ཞེས་པའི་ཊཱི་ཀ་ལས་་་་་་དང་པོ་ལྷན་ཅིག་སྐྱེས་པ་ཡིན་གྱི་ཉེ་བར་་་་་་ཁྲོན་པའི་ནང་དུ་ཚྭ་བར་ལ་བཏབ་པ་ལྟ་བུ་སྟེ་སྐྱེས་བུའི་རྩོལ་པ་ལ། བསྒྲུབས་པ་ནི་མ་ཡིན་ནོ་ཞེས་སོ། །འགྲེལ་ཆུང་ལས་ཚ་ཆུ་དེ་ཉིད་ཀྱི་ནང་དུ་ལན་ཚྭ་གུད་ནས་གདབ་མི་དགོས་ན་ལན་ཚྭ་ཅན་གྱི་ཆུར་བརྩིའོ། །ཆུ་ཚན་གྱི་ཆུ་དེ་ལན་ཚྭ་གུད་ནས་གདབ་མི་དགོས་པའི།་་་་་ཚད་འདིར་མ་བྱིན་པ་ནི་བྱིན་ལེན་ཉིད་ནས་་་་་་ཚྭ་ཆུར་

༼༧༤༤༽

མ་བྱས་པར་འཐུངས་ཀྱང་ཉེས་པ་མེད་དོ་ཞེས་བཤད་པ་ནི་མི་འཐད་དེ། ལན་ཚྭ་གུད་ནས་གདབ་མི་དགོས་ཀྱང་ལན་ཚྭའི་རོ་བྲོ་བ་མངོན་པ་བྱིན་ལེན་མ་བྱས་པར་འཐུངས་ན་ཉེས་བྱས་སོ། །གཉིས་པ་ཉེ་བར་བསྒྲུབས་པ་ནི། ཆུའི་འབྱུང་ཁུངས་ཁྲོན་པའམ་ཆུ་མིག་དག་ཏུ་ལན་ཚྭ་ལ་སོགས་པའི་ཟས་བཏབ་པ་མི་མངོན་པ་ནི་ཞེས་པ་ནས་སོ། །ནོར་བ་དང་བརྗེད་པ་ཞེས་པ་ལ་ནོར་བ་ནི་བྱེ་བྲག་ལ་འཁྲུལ་བ་སྟེ། འབྲུ་མར་གྱི་བུམ་པ་ལ་ཚོན་རྩིའི་བུམ་པར་ནོར་བ་ལྟ་བུ་དང་། བརྗེད་པ་ནི་སྤྱི་ལ་འཁྲུལ་བ་སྟེ་འབྲུ་མར་གྱི་བུམ་པ་ལ་སྟོང་པར་འཁྲུལ་བ་ལྟ་བུ་ནང་ན་རྫས་ཡོད་པ་བརྗེད་པ་ལྟ་བུའོ། །ནོར་བ་དང་བརྗེད་པས་འབྲུ་མར་གྱི་བུམ་པ་དགེ་སློང་གིས་བཏེག་སྟེ་སྐས་ལ་འཛེག་བཞིན་པ་ན་འབྲུ་མར་གྱི་བུམ་པ་ཡིན་པར་ཤེས་ན། ལག་ཉའི་ཉེས་པར་འགྱུར་སྙམ་སྟེ་འབྲུ་མར་གྱི་བུམ་པ་དེ་ལག་ནས་བོར་བར་མི་བྱ་སྟེ། རྫས་དེ་ཆུད་ཟ་བ་སྤངས་པའི་ཕྱིར་རོ། །དེའང་གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བསྐུར་ཏེ། སྐས་ལ་འཛེག་བཞིན་པ་ནི་འོག་ཏུ་ཉེ་ན་ནི། ལུང་ལས་སླར་བོབས་ལ་གནས་བདེ་བར་མ་འགྱེལ་བར་ཞོག་ཅིག་ཅེས་གསུངས་ལ། སྟེང་དུ་ཉེ་ན་ནི། ལུང་སིལ་བུ། ལས་སྟེང་དུ་འཛེགས་ལ་གནས་བདེ་བར་མ་འགྱེལ་བར་ཞོག་ཅིག དེ་ལ་་་་་་ལག་ཉར་བླངས་པ་ཟོས་པའི་ཉེས་པར་འགྱུར་རམ་སྙམ་དུ། ཐེ་ཚོམ་མ་བྱེད་པར་ཟོ་ཞིག་ཅེས་གསུངས་སོ། །ཊཱི་ཀ་ལས་གནས་ཀྱི་ཐག་ཤིན་ཏུ་རིང་བར་ཁྱེར་ན་དེ་ལ་རེག་པ་ལ་་་་་་སྟེ་ལག་ཉར་བླངས་པས། སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་སོ། །ནད་པ་ཞོན་པ་ནི་ནད་པ་རང་གིས་ཞོན་པར་མི་ནུས་པས་གཞན་གྱིས་ནད་པ་བསྐྱོན་པའོ། །སྐྱོགས་ཀྱིས་སྐོམ་མི་འབྱུང་ངོ་ཞེས་པའི་སྐབས་འདིར་སྐྱོགས་ཞེས་སྨོས་པ་ནི་བྱ་མ་བུམ་གྱི་མིང་སྟེ། ཊཱི་ཀ་ལས་བྱ་སྐྱོགས་ཞེས་སྨོས་ལ། སྐབས་འདིར།་་་་་འོད་ལྡན་ལས་བྱ་མ་བུམ་ཞེས་བཤད་དོ། །སྐབས་འདི་ཉིད་ཀྱི་ལུང་སིལ་བུ་ལས་་་་་་ལག་པ་བསྙལ་བ་གང་འདབ་མ་དག་ཡོད། བུམ་པའི་ནང་ནས་ཆུ་འཐུང་ཞིག་ཅེས་གསུངས་པ། འདིར་འོད་ལྡན་ལས་ཁར་རིལ་བ་སྤྱི་བླུགས་བ་ཟློ་གནས་ཆུ་གཏུང་བར་མི་བྱ་ཞེས་བཤད་དོ། །མདོ་འོག་མ་བཞིའི་སྐབས་སུ་ཡང་། སྐྱོགས་ཞེས་སྨོས་པ་ཐམས་ཅད་བྱ་སྐྱོགས་ཏེ་བྱ་མ་བུམ་ཡིན་ནོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པའི་བྱིན་ལེན་མི་དགོས་སོ་ཞེས་

༼༧༤༥༽

གསུངས་པ་ལ་བརྟེན་ནས། ཁ་ཅིག་ན་རེ་ལྷུང་བཟེད་ལ་སོགས་པ་ཟས་ཀྱི་སྣོད་ལ་ཡང་བྱིན་ལེན་དགོས་ཏེ།་་་་་ལྷུང་བཟེད་དག་སྣོད་ཉིད་དུ་སྤྱོད་པ་ལ་བྱིན་ལེན་དགོས་ཀྱང་འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་ཅེས་བསྟན་པ་ཡིན་པས། འདབ་མ་དམིགས་ཀྱིས་བསལ་བའི་ཕྱིར་དང་། ལུང་ལས་ཀྱང་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་གསོག་འཇོག་བྱས་པ་ཞེས་གསུངས་པས་ལྷུང་བཟེད་ལ་བྱིན་ལེན་ཡོད་པར།་་་་་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། མེ་ཏོག་ཕྲེང་རྒྱུད་ལས། མགུལ་དུ་མིད་པ་མ་ཡིན་པ། །འདི་ལ་བྱིན་ལེན་མི་དགོས་སོ། །ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་ཁྲི་དང་ཁྲིའུ་དང་ཐུ་བ་དང་ཞེས་ལེན་པའི་སྣོད་ཁྲིས་བྱིན་ལེན་ནོད་དུ་རུང་བར་གསུངས་ལ། ཁྲི་ནི་བྱིན་ལེན་བྱ་བར་མི་ནུས་ཏེ། གྱེན་དུ་གདེག་མི་ནུས་པའི་ཕྱིར་དང་། ཆུ་དང་སོ་ཤིང་་་་་་བྱིན་ལེན་བྱ་དགོས་ལ། མ་གཏོགས་པ་ཞེས་པ་ལ་ལུང་རྣམ་འབྱེད་ལས་ཆུ་ཟས་མ་ཡིན་པའི་ཕྱིར་ཞེས་པ་དང་། ཊཱི་ཀ་ལས་སོ་ཤིང་མིད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་གསུངས་པས་ལྷུང་བཟེད་ལ་སོགས་པ་ཡང་ཟས་མ་ཡིན་པའི་ཕྱིར་དང་མིད་པར་བྱ་བ་མ་ཡིན་པའི་ཕྱིར་བྱིན་ལེན་མི་དགོས་ཞེས་མཚུངས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། འདབ་་་་་་འདབ་མ་དམིགས་ཀྱིས་བསལ་བ་དེ། མ་དག་ཟས་ཉིད་དུ་སྤྱད་པ་ན་བྱིན་ལེན་དགོས་ཀྱང་འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མི་དགོས་ཞེས་བསྟན་པ་ཡིན་ལ། ལུང་རྣམ་འབྱེད་ལས་ལྷུང་བཟེད་གསོག་འཇོག་བྱས་ཞེས་གསུངས་་་་་་པས་ལྷུང་བཟེད་ལ་བྱིན་ལེན་དགོས་ན། ལུང་ལས་ལྡེ་མིག་ཀྱོག་པོ་གསོག་འཇོག་བྱ་ཞེས་གསུངས་པས་ལྡེ་མིག་ལ་ཡང་བྱིན་ལེན་དགོས་སམ་ཅི། དེས་ན་ལུང་ལས་ལྷུང་བཟེད་གསོག་འཇོག་བྱའོ་ཞེས་གསུངས། པ་ནི་ལྷུང་བཟེད་ལ་ཟས་ཅུང་ཟད་འབགས་པ་གསོག་འཇོག་བྱས་པ་སྟེ། དེ་ལ་དགོངས་ནས་འབགས་པ་ནི་ཟས་ཀྱི་ཕྱེད་ཉིད་དོ་ཞེས་གསུངས་སོ། །ཟས་ཀྱི་སྣོད་ལ་བྱིན་ལེན་མེད་ན།་་་་་འོ་ན་མེ་ཏོག་ཕྲེང་རྒྱུད་ལས། ལྷུང་བཟེད་བྱིན་ལེན་བྱས་པར་ནི། །བཟའ་བ་གང་ཞིག་ལྟུང་གྱུར་པ། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །བྱིན་ལེན་བྱས་ཡིན་དེ་བཟའ་རུང་། །ཞེས་བཤད་པ་དེ་ཅི་ཞེ་ན། དེ་ནི་སྡེ་པ་

༼༧༤༦༽

གཞན་གྱི་ལུགས་བརྗོད་པའོ་ཞེས་རིགས་སོ། །ད་ནི་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་འཆད་དེ། ཕོངས་པའི་དུས་སུ་དམིགས་ཀྱིས་བསལ་བ་་་་་་བྱིན་ལེན་བྱས་ཟིན་པའི་ཟས། ནི་གཞན་་་་་་མེད་ན་རང་གིས་བླངས་ཏེ་བཟའ་བར་བྱ་བ། དང་ཞེས་སོ། །འདི་ནི་བསོད་སྙོམས་པའི་བྱུང་བ་ལས་ཏེ། ཕྱིས་བླུགས་པ་དེ་བསལ་ཅིང་སྔ་མ་ཤོས་བཟའ་བར་བྱ་ཞེས་གསུངས་སོ། །སྔ་མ་ཤོས་ལ་ཡང་། ཁྱིམ་བདག་གིས་རེག་པ་ན་བྱིན་ལེན་ཞིག་པས། ཟས་སྔ་ཕྱི་གཉིས་ཀ་ལ་བྱིན་ལེན་མེད་པ་འདྲ་ཡང་། སྔ་མ་བཟར་གནང་ལ་ཕྱི་མ་བཟར་མི་གནང་བ་ནི་ཟས་ལ་དཔང་པོ་ཡོད་པ་དང་མེད་པའི་ཁྱད་པར་གྱིས་སོ། །བྱིན་ལེན་སྟོབས་པ་མེད་ན་ཞེས་པ་ནི། ཚོང་པའི་བྱུང་བ་ལས་སོ། །བྱིན་ལེན་བྱ་བའི་ཚུལ་དངོས་ནི། །མངོན་སུམ་དུ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་བྱིན་ལེན་བྱས་པའི་དགོས་པ་ནི། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བ་མི་འབྱུང་བ་དང་། ཟས་ལ་དཔང་པོར་འགྱུར་བ་སྟེ། རྣམ་འབྱེད་ལས་བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་དཔང་པོར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་སྟོབས་པ་པོ་གང་ལས་བླང་བ་ལ་གསུམ་སྟེ། བསླབ་པ་ལྟ་བ་མཚན་གྱི་སྒོ་ནས་བྱིན་ལེན་སྟོབས་པར་འོས་པ་དང་། བསམ་པ་ཐག་པ་ནས་འདྲེན་པར་འདོད་པ་དང་། ཟས་དེ་གྱེན་དུ་འདེགས་ནུས་པའོ། །གཉིས་པ་ལེན་པ་པོ་གང་གིས་བླང་བ་ནི། བསྙེན་པར་རྫོགས་པའམ། དགེ་སློབ་མའི་སྡོམ་ལྡན་ཡིན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པའོ། །དོན་ལ་དགེ་ཚུལ་ཉིད་ཡིན་པའམ་སྡོམ་པ་གཏན་ནས་མེད་པས་ཀྱང་བྱིན་ལེན་བྱ་དགོས་པ་ཡོད་ཅིང་། དེས་བྱིན་ལེན་མ་བྱས་པར་ཟ་ན་ཉེས་བྱས་བསྐྱེད་པ་ཡོད་དེ། མ་སྐྱེས་པ་ལྟུང་བ་ལ་སྦྱོར་བའི་ཉེས་བྱས་བསྐྱེད་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་ལ་བྱིན་ལེན་བྱ་བ་ནི། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་བྱས་པ་དང་མ་འབྲེལ་བ་ལའོ། །བྱིན་ལེན་བྱས་པ་ཡིན་ཡང་ཐེ་ཚོམ་ཟ་ན་བྱིན་ལེན་བྱ་དགོས་ཏེ། བྱིན་ལེན་བྱས་པའི་བྱིན་ལེན་སྟོབས་པ་ནི་ཞེས་གསུངས་པས་སོ། །བཞི་པ་གནས་གང་དུ་བྱིན་ལེན་བྱ་བ་ནི། མངོན་སུམ་ཡིན་

༼༧༤༧༽

པ། མཚམས་ཀྱི་ནང་ཡིན་པ། འཐོབ་པའི་ཕྱོགས་ཡིན་པ་སྟེ། མངོན་སུམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྔ་པ་ཚུལ་ཇི་ལྟར་བྱིན་ལེན་བྱ་བ་ནི། བྱིན་ལེན་བྱ་བའི་བསམ་པ་དང་བཅས་ཏེ་ལག་པ་གཉིས་བཀན་པས་བླངས་ཏེ། ལུང་ཕྲན་ཚེགས་ལས། བྱིན་ལེན་གྱི་སེམས་ནི་ཉེ་བར་བཞག་པར་བྱའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ལག་པ་གཉིས་བཀན་པ་སྟེ། དེས་བླངས་ན་བྱིན་ལེན་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་སོ། །དྲུག་པ་བྱིན་ལེན་འཇིག་པའི་རྒྱུ་ནི་བཅུ་སྟེ། འཕྲོགས་དང་ཤོར་ཏེ་འདྲིལ་དང་བོར་བ་དང་། །བབས་དང་ཤི་དང་་་་་་དགེ་ཚུལ་ལ་སོགས་པ། གཞན་གྱིས་རེག་པ་དང་། །སྨན་གྱི་རིགས་གྱུར་་་་་་བ་སྟེ་བྱིན་ལེན་བྱས་པའི་འོ་མ་ལས་མར་དུ་གྱུར་ན་བྱིན་ལེན་ཞིག སྐྱེ་བར་གྱུར་་་་་་བྱིན་ལེན་བྱས་པའི་སྲན་མ་ལས་མྱུ་གུ་སྐྱེས་ན་བྱིན་ལེན་ཞིག་པ་ལྟ་བུ་པ་དང་། །དགེ་ཚུལ་སོགས་་་་་་གཞན་ལ་བསྔོས་དང་ཆོས་་་་་་དགེ་བའི་རྩ་བ་ཆད་པ་ལ་སོགས་པ། མཚུངས་གཞན་དང་བཅུ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དང་པོ་ལྔ་ནི་ལུང་ལྔ་ཚན་པ་ལས་རྣམ་པ་ལྔས་བྱིན་ལེན་འཇིག་པར་འགྱུར་ཏེ། འཕྲོགས་པ་་་་་་ལག་ནས། དང་། ཤོར་བ་དང་་་་་་འདྲིལ་བ། བོར་བ་དང་། སླར་བབས་པ་དང་། དུས་བྱས་པའོ་ཞེས་གསུངས་སོ། །དྲུག་པ་ནི་གཞུང་འདི་ཉིད་ནས་སོ། །བདུན་པ་ནི་་་་་་འོ་མ་ལས་མར། ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་གསུངས་སོ། །བརྒྱད་པ་ནི་ཊཱི་ཀ་ལས་སྐྱེ་བར་གྱུར་ན་ཞག་ལོན་ཞིག་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །དགུ་པ་ནི་དེ་ནི་་་་་་དགེ་ཚུལ་ལམ་ཁྱིམ་པ་ལ་ཟས་འདི་སྦྱིན་ནོ་སྙམ་དུ་བསྔོས་ན། བསྔོས་པ་ཉིད་ན་བྲལ་བ་ཉིད་དོ་ཞེས་གསུངས་པས་སོ། །བཅུ་པ་ནི་་་་་་བྱིན་ལེན་བྱས་པའི་ཟས་ཀྱི་བདག་པོ་དགེ་སློང་དེ། དགེ་བའི་རྩ་བ་ཆད་པ་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། མཚན་ལན་གསུམ་དུ་གྱུར་པ་ལྟ་བུ་སྟེ། བབས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡན་ལག་གི་དོན་ནི། མངོན་སུམ་དུ་ཞེས་སོ།་་་་་མཚམས་ཀྱི་ནང་དུ་ཞེས་པ་ནི་མཚམས་གཞན་ལྔ་ལས་བར་དུ་བཅད་པ་མ་ཡིན་པ་སྟེ། དེའང་བདག་པོ་མཚན་གཞན་ཡུལ་མཚམས་གཞན་དང་། མེ་དང་། ཆུ་དང་། ནམ་མཁའ་དང་། རགས་པ་མཚམས་གཞན་དང་ལྔའོ། །ཐ་མ་ནི་ཊཱི་ཀ་ལས་སྒོ་འཕར་ལ་སོགས་པས་བར་དུ་

༼༧༤༨༽

ཆོད་པ་ཞེས་སོ། །རྣམ་འབྱེད་འགྲེལ་ལས་སྒོ་འཕར་ཞེས་བྱ་བ་ནི་སྒོ་དྲུང་གི་ཐེམས་པའོ་ཞེས་བཤད་དོ། །དེ་ཡང་བསོད་སྙོམས་ཀྱི་ཟས་དེ་སྦྱིན་བདག་གིས་ཐེམས་པའི་ནང་ནས་འདྲེན་ཅིང་དགེ་སློང་གིས་ཐེམས་པའི་ཕྱི་རྩ་ནས་ལེན་ན་བྱིན་ལེན་མི་འཐོབ་པ་ལྟ་བུའོ། །ཡུལ་གྱི་མི་སྨད་པར་བྱ་བ་ཞེས་པ་ནི་ལུང་དགེ་སློང་མའི་རྣམ་འབྱེད་ལས། སྨད་པ་ཞེས་བྱ་བའི་ཡུལ་ཡོད་དེ་དེ་དག་ནི་མ་ལ་ཡང་ཉལ་པོ་བྱེད་པ་ཡིན་ཞེས་གསུངས་ཤིང་། དགེ་སློང་ཕའི་རྣམ་འབྱེད་ལས་སྨད་པ་ཞེས་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་ཕ་མ་ལ་ཡང་སྨད་པར་བྱེད། ཕུ་ནུ་དང་བུ་སྲིང་ལ་ཡང་སྨད་པར་བྱེད་དེ། དགེ་སློང་གང་ཡུལ་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཅིག་ཅེས་བརྗོད་པར་བྱ་ཞིང་དེ་དག་གིས་དེར་བཞག་པ་དེ་བྱིན་ལེན་བྱས་པར་བརྗོད་པར་བྱ་ཞིང་། བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱའོ་ཞེས་གསུངས་སོ། །འདི་ལ་ཁ་་་་་་རྒྱ་ཅིག་ན་རེ། བཟར་གནང་བ་དམིགས་བསལ་ཡིན་གྱི། བྱིན་ལེན་མཚན་ཉིད་པ་ནི་མ་ཡིན་ཏེ། ཡིན་ན་དུས་བྱིན་གྱིས་བརླབ་མི་དགོས་པ་ལས། ལུང་ལས་བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པས་་་་་་པ་དང་བྱིན་ལེན་མ་བསྟབས་པ་རུང་བར་བྱ་བ་དག་ལ་རྩོམ་འདོད་པ་ན་བྱང་གི་སྒྲ་མི་སྙན་དག་ན་གྲགས་པ་ཡིད་ལ་བྱེད་པར་བྱ། ཤེས་སོ། །ཞེས་ཟེར་རོ། །འོན་ཡང་བཅས་པའི་ས་མཚམས་འཛིན་བྱེད་དུ་དུས་བྱིན་གྱིས་བརླབས་པ་དེ་བྱེད་དགོས་ཀྱང་། འདི་བྱིན་ལེན་ནི་མཚན་ཉིད་པ་ཡིན་ཏེ། ལུང་རྣམ་འབྱེད་ལས། བྱིན་ལེན་ནི་རྣམ་པ་ལྔ་སྟེ་་་་་་ལུས་ཀྱིས་ལུས་སུ་དང་། ལུས་དང་འབྲལ་པས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་བ་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་དང་། བཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། ཞེས་གསུངས་ལ། འདི་་་་་་དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་འདི་བྱིན་ལེན་མཚན་ཉིད་པ་མ་ཡིན་པ་ལྟར་ན་བྱིན་ལེན་བཤིག་མི་དགོས་ལ་གསོག་འཇོག་ཏུ་མི་འགྱུར་བ་དང་། ལྷག་པོར་གྱི་སྔོན་འགྲོ་དང་། སྨན་བྱིན་གྱིས་བརླབས་པའི་སྔོན་འགྲོ་ལ་བྱིན་ལེན་གྱི་གོ་མི་ཆོད་ལ། འདི་བྱིན་ལེན་མཚན་ཉིད་པ་ཡིན་པ་ལྟར་ན་དེ་དག་པས་ལྡོག་པ་ཉིད་དོ། བྱིན་ལེན་མཚན་ཉིད་པ་མ་ཡིན་ན་བྱིན་ལེན་ལྔ་མི་ཚང་བའི་ཕྱིར་རོ། །མན་ཤེལ་ནི་གཞོང་པ་ཡིན་པར་ལུང་དགེ་སློང་མའི་རྣམ་འབྱེད་ལས་གསུངས་སོ། །ཤིང་ཐོག་དེ་དག་གནས་པ་སློབ་མ་དང་ཉེ་གནས་དག་གིས་

༼༧༤༩༽

འགྲེལ་ཆུང་ལས་མཆིལ་མའི་གཟེགས་མས་མི་རེག་པ་དང་། སེམས་མི་འཕྱར་བའི་ཕྱིར་ཅང་མི་སྨྲ་བས་ཞེས་པ་ནི་ལུང་ལས་སྲོག་ཆགས་སོ་སོར་བརྟག་པར་བྱའོ་ཞེས་གསུངས་སོ། །ལྟུང་བ་རྣམ་པར་བཞག་པ་ནི། ཤེས་གཙོའོ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླིང་གཞི་ནི་་་་་་དེང་སང་འདུལ་འཛིན་ཕལ་ཆེར་རྣམས་ན་རེ་ལྟུང་བྱེད་འདི་ནི་དགེ་སློང་ནག་པོ་ཆེན་པོ་ལ་བརྟེན་ནས་བཅས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ལུང་རྣམ་འབྱེད་ལས་དགེ་སློང་། ནག་པོ་མི་ཤ་ཟ་བར་གྲགས་པའི་བྱུང་བ་ལས། བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་ཟས་ལ་དཔང་པོར་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་གསུངས་ཀྱི། ལྟུང་བྱེད་དུ་བཅས་པ་ནི་མ་མཛད་པས་ལྟུང་བྱེད་འདིའི་གླེང་གཞི་མ་ཡིན་ནོ། །འདིའི་གླེང་གཞི་ནི་ལུང་ལས་མཉན་ཡོད་དུ་དྲུག་སྡེས་བྱིན་ལེན་མ་བྱས་པར་ཟ་བར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྱུར་བ་དང་། ཟས་བཀག་པ་ལ་ལོངས་སྤྱོད་པའི་རྒྱུར་འགྱུར་བ་སྟེ། སྒྲ་མི་སྙན་དུ་ལྟུང་བ་མེད་པར་གསུངས་པ་དང་། ཟས་ལ་དཔང་པོར་འགྱུར་རོ་ཞེས་གསུངས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བྱིན་ལེན་འཇུག་པའི་ཟས་ལ་རང་ངམ་རང་དང་ཆོ་ག་གཅིག་པའི་བྱིན་ལེན་དང་མི་ལྡན་པ་ཁམ་གཅིག་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་དུ་ཟ་བའི་གནས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། ཆུ་དང་སོ་ཤིང་མ་གཏོགས་པ་ཞེས་དེ་གཉིས་དམིགས་ཀྱིས་བསལ་བས་ཤེས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་བྱིན་ལེན་བྱས་པ་མ་ཡིན་པ་སྟེ། བྱིན་ལེན་མ་བསྟབས་པ་ཉིད་ལའོ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པའི་ཚྭ་ཆུ་དང་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ཏེ་ལྔའོ། །གཉིས་པ་གང་དུ་ཟ་བའི་གནས་ནི་བྱང་སྒྲ་མི་སྙན་མ་ཡིན་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号