༼༧༦༥༽
བརྗོད་པའི་ཡན་ལག་མེད་ན་ཞེས་གསུངས་པས་སོ། །བཞི་པ་གང་གིས་འཆབ་པའི་རྟེན་ནི། བར་ཆད་སྤང་བ་ལ་ལྟོས་པ་མ་ཡིན་པ་སྟེ། བདེ་བ་ལ་མི་རེག་པ་དང་དགེ་སྦྱོང་གི་ཚུལ་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་རང་དགར་འཆབ་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཆབ་པར་ཞུགས་པའོ། །མཐར་ཐུག་ནི་མཚན་མོ་མཐའི་སྐད་ཅིག་སྟེ། ཉིན་མཚན་གྱི་མཐར་རོ་ཞེས་པ་དང་། དེའི་ཊཱི་ཀ་ལས་སྐྱ་རེངས་འཆར་ཀ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །འོ་ན་སྐབས་འདིར་ལུང་རྣམ་འབྱེད་ལས་སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ཞེ་ན། དེའི་ཚེ་ན་ལྟུང་བྱེད་དུ་གྱུར་པ་ལ་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པའོ། །ཡན་ལག་གི་དོན་ནི་ཕམ་པར་འགྱུར་བ་དང་ཞེས་སོ། །ད་ནི་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཁྱིམ་པས་ཟན་འདྲེན་པ་དེ་དག་གི་རིག་བྱེད་ཀྱིས་ཟན་གཅོད་དུ་བཅུག་སྟེ། ཁྱིམ་པ་དེས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་བཞི་སྟེ། གང་གི་ཟན་གཅོད་དུ་འཇུག་པའི་ཡུལ་དང་། གང་ལ་གཅོད་དུ་འཇུག་པའི་ཡུལ་དང་། གང་གཅོད་དུ་འཇུག་པའི་དངོས་པོ་དང་། གང་གི་ཚེ་གཅོད་དུ་འཇུག་པའི་དུས་སོ། །དང་པོ་ནི་བདུན་ཏེ་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཟན་བཅད་པས་ཕན་པའི་ནད་དང་མི་ལྡན་པ་སྟེ། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཞེས་གསུངས་པས་སོ། །གཉིས་པ་ནི་བཞི་ལས། ཁྱིམ་པ་ཡིན་པ་དང་། དགེ་སློང་གཞན་དེ་ལ་བསམ་པ་ཐག་པ་ནས་ཟས་སྦྱིན་པར་བསྔོ་བ་པོ་ཡིན་པ་སྟེ། ཁྱིམ་པ་སྦྱིན་པ་པོ་ཞེས་གསུངས་པས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གཉིས་སྔར་བཤད་པ་དང་འདྲའོ། །གསུམ་པ་ལ་བཞི་སྟེ། དུས་སུ་རུང་བ་
༼༧༦༦༽
ཡིན་པ་སྟེ་ཟིན་གཅོད་དུ་ཞེས་པས་སོ། །དགེ་སློང་དེ་ལ་སྦྱིན་པར་བསྔོས་པ་སྟེ། སྦྱིན་པ་པོ་ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །བཞི་པ་ནི་དུས་ཉི་མ་ཕྱེད་མ་ཡོལ་བ་སྟེ། ཕྱི་དྲོ་ཕན་ཆད་ནི་དགེ་སློང་གི་ཟན་གཅོད་དུ་འཇུག་པ་ལ་མི་རིགས་པ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཟན་གཅོད་དུ་འཇུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཟན་གཅོད་དུ་འཇུག་པར་ཞུགས་པའོ། །མཐར་ཐུག་ནི་ཁྱིམ་པ་དེས་དོན་གོ་བའོ། །ཡན་ལག་གི་དོན་ནི་ནད་ཀྱི་ཞེས་པ་ནས་སོ། །ད་ནི་མེ་ལ་རེག་པའི་ལྟུང་བྱེད་འཆད་དེ། སྐབས་དང་འབྲེལ་བའི་བསླབ་བྱ་ནི་སེང་གེ་ལ་ཞེས་ཏེ་གླེང་གཞི་དང་འབྲེལ་ནས་གསུངས་པའོ། །དུས་བྱིན་གྱིས་བརླབས་ན་ལྟུང་བ་མེད་པ་ནི་སྟོན་པ་དང་ཞེས་སོ། །དུས་བྱིན་གྱིས་བརླབས་པ་འདིས་མཚོན་ནས། བྱིན་གྱིས་བརླབས་པ་སྤྱིར་བཤད་ན། འདུལ་བ་ལས་བྱིན་རླབས་བཅུ་གཅིག་གསུངས་ཏེ། གོས་དང་། ལྷུང་བཟེད། རིན་པོ་ཆེ། ལྟུང་བ། གསོ་སྦྱོང་དབྱར་དང་ནི། དགག་དབྱེ་སྨན་དང་རུང་ཁང་དང་། །རྙེད་པ་དུས་ཀྱི་བྱིན་རླབས་སོ། །དེའང་གཞན་རྣམས་སོ་སོའི་སྐབས་སུ་སྟོན་ལ། དུས་བྱིན་གྱིས་བརླབས་པ་འདིའི་སྤྱི་དོན་ལ་གཉིས་ཏེ། དགོས་དོན་དང་། བསྡུས་པའི་དོན་ཏོ། །དང་པོ་ལ་གཉིས་ལས་གཞན་ལུགས་དགག་པ་ནི་ཁ་ཅིག་ན་རེ། ཆོས་ལྡན་གྱི་བྱ་བ་ལ་མེ་ལ་རེག་པ་ལ་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ཀྱང་མེ་རེག་གི་ལྟུང་བ་མི་བསྐྱེད་དེ་ཆོས་ལྡན་གྱི་དོན་དུ་གནང་བའི་ཕྱིར་རོ། །དུས་བྱིན་གྱིས་མ་བརླབས་ན་དུས་དྲན་མི་བྱེད་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་བསྐྱེད་དེ་རྣམ་འབྱེད་འགྲེལ་ལས་དུས་ཡོད་བཞིན་དུ་བྱིན་གྱིས་མ་བརླབས་པར་མེ་སྤར་བར་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར་ཞེས་པ་དང་། འདི་ཉིད་ལས་ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ་ཞེས་ཉེས་བྱས་སུ་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས་གནོད་བྱེད་བརྗོད་པ་ནི་ཆོས་ལྡན་གྱི་བྱ་བ་ཡིན་ཙམ་གྱིས་མེ་རེག་གནང་ན། ལུང་དགེ་སློང་མའི་རྣམ་འབྱེད་ལས་སངས་རྒྱས་ཀྱི་
༼༧༦༧༽
ཆེད་དུ་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ན་ལྟུང་བྱེད་དོ། །དགེ་འདུན་གྱི་ཕྱིར་མེ་སྤོར་ན་དུས་བྱིན་གྱིས་བརླབས་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པ་མེ་སྤོར་བར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ཞིང་། དགེ་སློང་གི་རྣམ་འབྱེད་ལས་ཀྱང་། དགེ་སློང་གི་མེ་སྤོར་བར་བྱེད་ན་དེས་དུས་བྱིན་གྱིས་བརླབས་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་སྤར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །དེ་ཡང་དུས་བྱིན་གྱིས་བརླབས་པར་བྱའོ་ཞེས་གསུངས་པས། ཆེད་དུ་བྱ་བ་ཆོས་ལྡན་ཡིན་པར་གྲུབ་སྟེ། ཆོས་དང་མི་ལྡན་པ་ལ་གནང་བའི་དུས་དག་ཡོད་པ་མི་སྲིད་པའི་ཕྱིར་རོ། །དུས་བྱིན་གྱིས་མ་བརླབས་པར་མེ་སྤར་བར་བྱེད་ན་ལྟུང་བྱེད་དུ་གསུངས་པས། དུས་བྱིན་གྱིས་རློབ་པ་དེ་ལྟུང་བྱེད་འགེགས་བྱེད་དུ་ཤེས་སོ། །རིགས་པའང་མི་འབྲལ་བའི་གནང་བ་འཆགས་པའི་གཞི་རྒན་པོ་དང་ནད་པ་ལ་མི་འབྲལ་བའི་གནང་བ་མ་བྱིན་པར་ཆོས་གོས་སྣམ་སྦྱར་དང་འབྲལ་བར་བྱེད་པ་ཆོས་ཅན། འབྲལ་བའི་ལྟུང་བ་རྣམ་གཞག་སྐྱེད་མི་སྲིད་དུ་ཐལ། མེ་རེག་གི་དུས་དྲན་འཆགས་པའི་གཞི་ལ་དུས་དྲན་མ་བྱས་པར་མེ་ལ་རེག་ཀྱང་མེ་རེག་གི་ལྟུང་བ་རྣམ་གཞག་མི་སྐྱེད་ཅིང་དེ་དང་འདི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རྟགས་ཟུར་སྔ་མ་ཁས་བླངས་སོ། །འདོད་ན་བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་སོ། །སྒྲུབ་བྱེད་གཞིག་པ་ནི། རྣམ་འབྱེད་འགྲེལ་བ་ལས་ཉེས་བྱས་སུ་བཤད་པ་དེ་དང་། མདོ་རྩ་བ་ལས་ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ནའོ་ཞེས་ཉེས་བྱས་སུ་གསུངས་པ་དེ་ནི་དུས་བྱིན་གྱིས་མ་བརླབས་པར་མེ་རེག་ལྟ་བུ་བྱས་ན། ལྟུང་བ་རྣམ་གཞག་གི་ཉེས་པ་བསྐྱེད་པར་མ་ཟད་ཀྱི། དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་ཀྱང་བསྐྱེད་པས་བསླབ་བྱའི་ཉེས་བྱས་བསྐྱེད་པ་དེའི་ཆ་ནས་ཉེས་བྱས་སུ་བསྟན་པ་ཡིན་ཏེ། ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་བག་ཡངས་སུ་བྱས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་དུས་བྱིན་གྱིས་བརླབས་པས་ཉེས་པ་བཞི་ཁེགས་ཏེ། མེ་རེག་ལྟ་བུའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོ་དང་སྦྱོར་བའི་ཉེས་བྱས་དང་དངོས་གཞིའི་ལྟུང་བ་
༼༧༦༨༽
སྟེ་ལྟུང་བ་རྣམ་གཞག་གི་ཉེས་པ་གསུམ་དང་དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་དང་བཞི་ཁེགས་པའོ། །དེ་ལྟར་ན་ཉེས་པ་དེ་དག་ཁེགས་པ་ནི་དངོས་ཀྱི་དགོས་པའོ། །བཅས་པའི་མཚམས་ཟིན་པ་ནི་བརྒྱུད་པའི་དགོས་པའོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས་དང་པོ། གཞི་གང་ལ་དུས་དྲན་བྱ་བ་ནི། སྔར་བཀག་པའི་བསྒྲུབ་པ་ལས་གནང་བར་གྱུར་པ་ཡིན། ངེས་པ་བཞི་ལས་གཞན་ཡིན་པ་སྟེ། སྲོག་གཅོད་པ་ལྟ་བུ་གནང་བར་འགྱུར་བ་མ་ཡིན་པ་ལ་དུས་དྲན་མི་འཆགས་ལ། ངེས་པ་བཞི་ལའང་སྤྱིར་བཏང་ལ་དུས་དྲན་མི་དགོས་ཏེ། ཊཱི་ཀ་ལས་ཞག་བཅོ་ལྔ་ལ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས། དེར་ཁྲུས་བྱ་བ་ལ་ནི་དུས་བྱིན་གྱིས་བརླབས་པར་བྱ་མི་དགོས་སོ་ཞེས་དུས་ངེས་པ་ལ་དུས་དྲན་མི་དགོས་པར་གསུངས་པས། དངོས་པོ་ངེས་པ་དང་། གང་ཟག་ངེས་པ་དང་། ཡུལ་ངེས་པ་ལའང་རྒྱུ་མཚན་མཚུངས་པའི་ཕྱིར་དུས་དྲན་མི་དགོས་པར་གནད་ཀྱིས་སྦྱར་རོ། །དམིགས་བསལ་ནི། ཡུལ་ངེས་པ་བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་དུས་བྱིན་གྱིས་རློབ་དགོས་པ་ལུང་ལས་གསུངས་པ་དང་། ཡུལ་ངེས་པ་ཨ་སྨ་པ་རན་ཏར་ཁྲུས་བྱེད་པ་ལའང་རང་གི་རྣམ་བཤད་ལས། འདིར་ཡུལ་དེ་ཉིད་དུ་དུས་རིག་པར་བྱའོ་ཞེས་པ་དང་། ཊཱི་ཀ་ལས་ཀྱང་དེར་ནི་བློས་ས་དེ་་་་་་ཨ་སྨ་པ་རནྟ་ཡིན་སྙམ་དུ། ཉེ་བར་བཞག་སྟེ་དུས་མ་ཡིན་པར་ཡང་ཁྲུས་བྱའོ་ཞེས་བཤད་པའོ། །གཉིས་པ་རྟེན་གང་གིས་དུས་དྲན་པར་བྱ་བ་ནི། རབ་བྱུང་སྡེ་ལྔ་གང་ཡང་རུང་བའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་གསུམ་དང་། འདིར་ནི་གནང་བའི་རྐྱེན་ཅན་ཡིན་པ་སྟེ། གནང་བའི་རྐྱེན་མེད་ན་དུས་དྲན་མི་འཆགས་སོ། །གསུམ་པ་ཆེད་དུ་བྱ་བ་གང་ལ་དུས་དྲན་བྱ་བ་ནི། ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཅེས་གསུངས་ལ། རང་གི་རྣམ་བཤད་ལས་ཆོས་དང་མི་ལྡན་པའི་དོན་གྱིས་ནི་འདིར་འཇུག་པར་རིགས་པ་མ་ཡིན་ཏེ་ཞེས་སོ། །བཞི་པ་དུས་གང་གི་ཚེ་དུས་དྲན་བྱ་བ་་་་་་མེ་ལ་རེག་པར་འདོད་པའམ་གནང་དུས་སུ་བྱིན་ལེན་མ་བྱས་པར་ཟ་བར་འདོད་པ་ལྟ་བུ། དེ་ལ་་་་་་འཇུག་པ་ནི་དེའི་
༼༧༦༩༽
སྔ་རོལ་ཏུ་སྟེ། རྩོམ་འདོད་གང་་་་་་བྱང་སྒྲ་མི་སྙན་དག་ན་གྲགས་པའི་ཡིད་ལ་བྱེད་པ་བྱའོ། །ཞེས་གསུངས་སོ། །ལྔ་པ་ཡུན་ཇི་སྲིད་དུ་དུས་དྲན་བྱ་བ་ནི། ཉིན་ཞག་གཅིག་གི་ཁོངས་སུ་གཏོགས་པའི་ཡུན་རིང་དུ་སྟེ། ལུང་རྣམ་འབྱེད་ལས་ཡང་དང་ཡང་དུ་བརྗེད་ངེས་པས་མེ་ལ་རེག་པའི་འགྱོད་པ་སྐྱེས་པའི་སྐབས་ལས་དུས་ཡུན་རིང་དུ་བྱིན་གྱིས་བརླབས་པར་བྱའོ་ཞེས་་་་་་པ་དང་ལུང་དགེ་སློང་མའི་རྣམ་འབྱེད་ལས་ཇི་ཙམ་དགོས་པ་མ་རྫོགས་ཀྱི་བར་དུ་དུས་རིང་པོར་བྱིན་གྱིས་བརླབས་པར་བྱའོ། །གསུངས་སོ། །དྲུག་པ་ཚུལ་ཇི་ལྟར་དུས་དྲན་བྱ་བ་ལ་གཉིས་ཏེ་དགག་བྱ་ཉེས་དམིགས་འགེགས་པའི་དུས་དྲན་དང་། བརྒྱུད་པ་རྒྱུར་འགྲོ་འགེགས་པའི་དུས་དྲན་ནོ། །དང་པོ་ལ་གསུམ་ལས། ནང་སེམས་ཅན་ལ་ཆགས་པའི་དགག་བྱ་ཉེས་དམིགས་འགེགས་པ་ནི་བུད་མེད་ཆུས་ཁྱེར་བ་འཛིན་པ་ན་མ་དང་སྲིང་མོའི་འདུ་ཤེས་ཉེ་བར་བཞག་པར་གསུངས་པ་ལྟ་བུའོ། །ཕྱི་ལོངས་སྤྱོད་ལ་ཆགས་པའི་དགག་བྱ་ཉེས་དམིགས་འགེགས་པ་ནི། ཆོས་འཆད་པ་པོ་རིན་པོ་ཆེའི་ཁྲི་ལ་འདུག་པ་ན་མི་རྟག་པས་ཉེན་པར་འགྱུར་པ་ཡིད་ལ་བྱ་བར་གསུངས་པ་ལྟ་བུའོ། །ཞེ་སྡང་གི་དགག་བྱ་ཉེས་དམིགས་འགེགས་པ་ནི། ཉེས་པ་གླེང་བ་དང་དྲན་པར་བྱེད་པ་ན། བྱམས་པའི་སེམས་ཉེ་བར་བཞག་པ་སྟེ། དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱའོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་བརྒྱུད་པ་རྒྱུར་འགྲོ་འགེགས་པའི་དུས་དྲན་ནི། དགེ་སློང་གིས་མེ་ལ་རེག་པ་ན། སྤྱིར་དགེ་སློང་གིས་མེ་ལ་རེག་པ་བཀག་ཀྱང་། ཆོས་ལྡན་གྱི་བྱ་བ་འདི་ལ་མེ་རེག་གནང་ངོ་སྙམ་དུ་སེམས་ཀྱི་རྟག་པ་བྱ་བ་ལྟ་བུའོ། །བདུན་པ་དུས་དྲན་བྱས་པ་འཇིག་པའི་རྒྱུ་ནི་རྟེན་བབས་པ་དང་། བྱ་བ་ཆོས་མི་ལྡན་དུ་གྱུར་པ་དང་།་་་་་ཚོན་གྱི་ལས་ལྟ་བུ་བྱ་བ་མ་ཟིན་གྱི་བར་དུ་བྱིན་གྱིས་བརླབས་པ་ལས། བྱ་བ་ཟིན་པ་དང་། ཞག་འདས་པས་ཀྱང་སྟེ། དགེ་སློང་མའི་འདུན་པ་ཞག་ལོན་པའི་གནད་ཀྱིས་ཤེས་སོ། །ཡན་ལག་གི་དོན་ནི། སྟོན་པ་དང་ཞེས་སོ། །ལྟུང་བ་རྣམ་པར་བཞག་པ་ནི། །རྩེ་བ་ཉིད་ནའོ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མེ་ལ་རྩེ་ཞིང་རེག་
༼༧༧༠༽
པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གིས་ཟས་ཀྱི་གཡོས་བྱེད་ལ་སོགས་ཞུགས་ན་རྣམ་པར་གཡེང་ཞིང་དོན་དང་བྱ་བ་མང་པ་སྟེ། དེའི་མཐའ་དགག་པའི་ཕྱིར་མེ་རེག་བཀག་པ་སྟེ་རྗེན་འཚོད་བཀག་པ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་ཤིང་གི་ཡུལ་ཅན་མེ་ཡོངས་སུ་རྫོགས་པ་ལ་དུས་དྲན་མ་བྱས་པར་རེག་གམ་རེག་ཏུ་བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་བཞི་ལས་འཇིག་རྟེན་ན་གྲགས་པའི་མེ་ཡིན་པ་སྟེ། མེས་སོ་ཞེས་སོ། །བུད་ཤིང་གི་ཡུལ་ཅན་ཡིན་པ་སྟེ། སྐྲ་དང་སྤུ་དང་རུས་པ་དང་། །སེན་མོ་དང་ཞེས་ཏེ་དེ་རྣམས་མེར་བསྲེགས་ཀྱང་ན་སྨད་དུ་གསུངས་པས་སོ། མེ་ཡོངས་སུ་རྫོགས་པ་ཡིན་པ་སྟེ། མེ་མ་མུར་ནི་ཁྱེད་ཤི་བ་ཉིད་དོ་ཞེས་གསུངས་པས་སོ། །མེའི་རྡུལ་ལྟ་བུ་མིན་གྱི།་་་་་ཐ་སྙད་དུ་བྱར་རུང་གི་ཚད་དང་ལྡན་པ་སྟེ། དགག་བྱའི་གནད་ཀྱིས་ཤེས་སོ། །མི་མ་ཡིན་གྱི་མེ་ལས་གཞན་པ་སྟེ། སེལ་བ་ནི་འདྲེ་མེ་ལ་སོགས་པ་མི་མ་ཡིན་པའི་མེ་ལ་དགེ་སློང་གིས་རེག་ན་ཉེས་བྱས་ཏེ། ལུང་ཞུ་བ་ལས། ལྷའི་རིན་པོ་ཆེ་ལ་རེག་ན་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དུས་བྱིན་གྱིས་བརླབས་པ་མ་ཡིན་པ་དང་། ནད་པ་མ་ཡིན་པ་སྟེ། དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མེ་ལ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རེག་པར་ཞུགས་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །ཡན་ལག་གི་དོན་ནི་རྩེ་བ་ཉིད་ནའོ་ཞེས་སོ། །འདིར་ཁ་ཅིག་ན་རེ་མེ་རེག་གི་ལྟུང་བྱེད་སྐྱེད་པ་ལ་རྩེ་བ་ཡན་ལག་ཏུ་དགོས་ཏེ། བམ་པོ་ལྔ་བཅུ་པ་ལས་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མེ་ཉིད་དང་མེས་རྩེ་བ་ཉིད་དང་དུས་བྱིན་གྱིས་མ་བརླབས་པ་དང་ན་བ་མ་ཡིན་པ་དང་རང་ངམ་བསྐོས་པས་རེག་པའོ། དེ་དག་ལས་
༼༧༧༡༽
ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨདདོ་ཞེས་བཤད་དོ་ཞེ་ན། རྩེ་བ་ཡན་ལག་ཏུ་བཤད་པ་དེའི་རྗེས་སུ་མི་འབྲང་སྟེ། སོ་སོར་ཐར་པ་དང་ལུང་རྣམ་འབྱེད་ལས། མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དུ་གྱུར་ཏོ་ཞེས་གསུངས་པ་དང་། འདི་ཉིད་ལས་སྤར་བ་དང་གསོད་པ་དང་རེག་པ་དང་ཞེས་གསུངས་པས་སོ། །བམ་པོ་ལྔ་བཅུ་པ་ལས་ཀྱང་རྩེ་བ་འབའ་ཞིག་ལས་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེ་འབའ་ཞིག་ཏུ་མ་ཟད་དེ། མེ་ལ་རེག་པར་བྱེད་པ་དག་ལ་ཡང་ན་སྨད་པ་མེད་དོ་ཞེས་བཤད་དོ། །རྩེ་བ་ཉིད་ནའོ་ཞེས་འདིར་གསུངས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། གྲུར་འགྲོ་བ་ལ་་་་་་མདོ་རྩ་བ་ལས། འཐམས་ནས་ཞེས་གསུངས་པ་བཞིན་ནོ། །གཞན་ཡང་སྐབས་འདིར་ཀ་ལྱ་མི་ཏྲ་ན་རེ་མེ་རེག་གི་ལྟུང་བྱེད་སྐྱེད་པ་ལ་རང་དོན་ཡན་ལག་ཏུ་དགོས་ཞེས་ཟེར་རོ། །དེའང་དེ་ཉིད་ཀྱིས་མཛད་པའི་དྲི་བ་རྒྱ་ཆེ་འགྲེལ་ལས། བདག་གི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །གཞན་གྱི་ཆེད་དུ་ནི་ཉེས་བྱས་སོ། །དེ་བཞིན་དུ་མདོ་བྱེད་པས་ཀྱང་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་བཤད་དོ། །ཞེས་མདོ་རྩ་བ་ཁུངས་སུ་དྲངས་སོ། །ལུང་ཁུངས་སུ་གཞན་ཡང་སོ་སོ་ཐར་པ་ལས། ཡང་དགེ་སློང་གང་མིན་པར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་གསུངས་པ་ལ། དེའི་སྐབས་ཀྱི་ལུང་དགེ་སློང་མའི་རྣམ་འབྱེད་ལས། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུའོ་ཞེས་གསུངས་སོ། །མེ་རེག་གི་སྐབས་ཀྱི་ལུང་ཞུ་བ་ལས་ཀྱང་བདག་གི་སླད་དུ་ཞུགས་བུས་སམ་འབུད་དུ་རྩལ་ན་ལྟུང་བར་འགྱུར་རོ། །དགེ་སློང་གིས་གཞན་གྱི་སླད་དུ་ཞུགས་འབུད་དུ་རྩལ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པས་སོ། །འོན་ཀྱང་བདག་གི་ཕྱིར་ཞེས་ལུང་ལས་གསུངས་པ་དེ་དག་ཐམས་ཅད་མཚོན་བྱེད་ཡིན་གྱི། རང་དོན་ངེས་གཟུང་གི་ཡན་ལག་མ་ཡིན་ཏེ། གཞན་དོན་དུ་མེ་ལ་རེག་ན་ཡང་ལྟུང་བྱེད་དུ་འགྱུར་བའི་ཕྱིར་ཏེ་ལུང་དགེ་སློང་མའི་རྣམ་འབྱེད་ལས། མཁན་པོའི་ཕྱིར་ཡང་དུ་མ་བྱིན་གྱིས་མ་བརླབས་པར་མེ་ལ་རེག་ན་ལྟུང་བྱེད་དོ་ཞེས་གསུངས་པས་དེ་གཙོ་
༼༧༧༢༽
བོར་གཟུང་ངོ་། །ཞུ་བ་ལས་གཞན་གྱི་དོན་དུ་ཉེས་བྱས་སུ་གསུངས་པ་དེ་ཡང་སྦྱོར་བའི་གནས་སྐབས་ཀྱི་ཉེས་བྱས་ལ་དགོངས་པའོ་ཞེས་རིགས་སོ། །རྣམ་པ་གང་གིས་མེ་ལ་རྩེ་ན་ལྟུང་བྱེད་དུ་འགྱུར་ཞེ་ན་་་་་་མེར་སྐྲ་ལ་སོགས་པ་འཛུད་པར་བྱེད་པ་ཉེས་བྱས་ཞེས་གསུངས་པ་ནི་རེག་པ་དང་རེག་ཏུ་འཇུག་པ་གཉིས་ཀྱིས་བཅུག་པ་མེད་པའི་ཕྱིར་ན་སྨད་དོ་ཞེས་སྦྱོར་བའི་སེལ་བ་ཡིན་པར་རྣམ་འབྱེད་འགྲེལ་ལས་བཤད་པ་དེ་མི་འཐད་དེ། འདི་ནི་གཞིའི་སེལ་བ་སྟེ། བུད་ཤིང་གི་ཡུལ་ཅན་ཡིན་པ་མ་ཚང་བའོ། །ཞེས་སྔ་མ་རྣམས་གསུང་པ་དེ་ལེགས་སོ། །གཞན་ལ་གཏོང་བས་ཞེས་སོ། །གཞན་གྱི་བྱ་བ་ཞེས་པ་་་་་་གཞན་ལ་བྱིན་གྱིས་བརླབས་པ། འདི་ལ་དུས་བྱིན་གྱིས་བརླབས་པ་ནི་འཆགས་ཏེ། ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ་ཞེས་གསུངས་་་་་་པ་དང་མཚུངས། པས་སོ། །འདི་ལ་དུས་བྱིན་གྱིས་བརླབས་པ་ཆགས་པས་མེ་རེག་གི་ལྟུང་བ་མི་སྐྱེད་ཀྱང་།་་་་་འདིར་ཉེས་བྱས་སུ་གསུངས་པ་ནི་ལོག་པར་བྱིན་གྱིས་བརླབས་པ་དེ་མི་རིགས་པས་བསླབ་བྱའི་ཉེས་བྱས་སོ། །ད་ནི་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་དགེ་འདུན་ལ་འདུན་པ་ཕུལ་ནས་ཕྱིར་བསྒྱུར་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་བསྒྲུབ་བྱ་དགེ་སློང་ལ་བསྒྲུབ་པ་ལ་རང་གིས་འདུན་པ་ཕུལ་ནས་ལས་དེ་བྱས་ཟིན་པའི་དུས་ན་རང་གིས་ཕུལ་བའི་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། གང་ལ་འདུན་པ་ཕུལ་བའི་ཡུལ་དང་། གང་དུ་འདུན་པ་འབུལ་བའི་ལས་དང་། གང་ཕྱིར་བསྒྱུར་བའི་དངོས་པོ་དང་། གང་གི་ཚེ་ཕྱིར་བསྒྱུར་བའི་དུས་དང་། ཕྱིར་བསྒྱུར་གྱི་ཚིག་དེ་གང་ལ་སྨྲ་བའི་ཡུལ་ལོ། །དང་པོ་ནི་དགེ་འདུན་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ། ལས་བྱས་པ་ལ་འདུན་པ་ཕུལ་ཞེས་གསུངས་པའི་ཤུགས་ཀྱིས་སོ། །གཉིས་པ་ལ་གསུམ་ལས་དགེ་འདུན་དང་འབྲེལ་བའི་ལས་ཀྱི་ཆོ་ག་ཡིན་པ་སྟེ། ལས་བྱས་པ་ལ་ཞེས་གསུངས་པས་སོ། །བསྒྲུབ་བྱ་དགེ་སློང་ལ་བསྒྲུབ་པ་སྟེ། དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་ཞེས་གསུངས་
༼༧༧༣༽
པས་སོ།་་་་་སེལ་བ་ནི་བམ་པོ་ལྔ་བཅུ་པ་ལས་དགེ་སློང་གི་དོན་གྱི་ཆེད་མ་ཡིན་པའི་ལས་གཞན་ལ་ནི་ཉེས་བྱས་སོ་གསུངས་སོ། །ལས་ཆོས་དང་ལྡན་པ་སྟེ། ལུང་རྣམ་འབྱེད་ལས། ལས་ཆོས་དང་ལྡན་པ་ལའོ་ཞེས་གསུངས་་་་་་ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་ཞེས་གསུངས་པས་ཀྱང་ངོ་། །པས་སོ། །གསུམ་པ་ནི་རང་གི་འདུན་པ་ཕུལ་བ་ཡིན་པ་སྟེ། འདུན་པ་ཕུལ་བའི་ཕྱིར་བསྒྱུར་ཞེས་གསུངས་པས་སོ། །བཞི་པ་ནི་ལས་དེ་བྱས་ཟིན་པ་སྟེ་ཕྱིར་བསྒྱུར་ཞེས་པའི་ཚིག་ཟུར་གྱིས་ཤེས་སོ་ཞེས་གསུངས་སོ། །ལྔ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་ལས་དེ་ལ་གཏོགས་པ་སྟེ་གཞན་དུ་་་་་་ལས་དེ་ལ་གཏན་ནས་མ་གཏོགས་པའི་དགེ་སློང་གློ་བུར་བ་འཁྱམས་པོ་ལ་འདུན་པ་ཕྱིར་བསྒྱུར་གྱི་ཚིག་སྨྲས། ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་འདུན་པ་ཕྱིར་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འདུན་པ་ཕྱིར་བསྒྱུར་གྱི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ལ་དགེ་སློང་གི་དོན་གྱི་ཆེད་ཅེས་གསུངས་པ་འདི་མཚོན་དོན་ཡིན་ནམ་ངེས་དོན་ཡིན་ཞེ་ན། འགྲེལ་ཆུང་ལས་དགེ་སློང་གི་དགེ་འདུན་གྱི་ལས་ཅི་བྱེད་ཀྱང་རུང་སྔར་དད་པ་ཕུལ་ལ་ཕྱིས་དད་པ་མི་འབུལ་ལོ་ཞེས་སྨྲ་ཞིང་ལྡོག་པ་ནི་ལྟུང་བའོ་ཞེས་མཚོན་དོན་ཡིན་པར་བཤད་ཀྱང་། དགེ་སློང་གི་དོན་གྱི་ཆེད་ངེས་དོན་དུ་བཟུང་སྟེ། བམ་པོ་ལྔ་བཅུ་པ་ལས་དགེ་སློང་གི་དོན་གྱི་ཆེད་མ་ཡིན་པ་ལས་གཞན་ལ་ཉེས་བྱས་སོ་ཞེས་བཤད་དོ། །ད་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་འཆད་དེ། བསླབ་བྱ་ནི་ཟླ་བ་དང་ཞེས་སོ། །སྣང་བ་དང་བཅས་པར་ཉལ་བ་འདི་ལ་ཁ་ཅིག་ནི་གླེང་གཞི་ལས་བྱུང་བ་བཞིན་དུ། དངོས་པོ་མར་མེའི་སྣང་བ་དང་གནས་གཙུག་ལག་ཁང་དང་དུས་མཚན་མོ་དང་གྲོགས་ཁྱིམ་པ་ཡོད་པ་དང་བཞི་ཡན་ལག་ཏུ་དགོས་ཞེས་ཟེར་བ་ནི་མི་རིགས་ཏེ། བཞི་ཚོགས་པ་དང་སྣང་བཅས་རྐྱང་པ་ལ་ལོངས་སྤྱོད་འཕེལ་བའི་དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཉི་ཟླ་སྤྱི་
༼༧༧༤༽
མཐུན་གྱི་བསོད་ནམས་ལས་བྱུང་བ་ཡིན་པར་དགག་བྱ་མེད་ལ། སྣང་བ་དང་བཅས་པ་སྟེ་མར་མེ་དང་རིན་པོ་ཆེའི་འོད་དང་སྨན་ལ་སོགས་པ་རྫས་གཞན་གྱི་འོད་ཀྱི་སྣང་བ་དང་བཅས་པའི་ཕྱོགས་སུ་ཉལ་བར་མི་བྱ་སྟེ། ལོངས་སྤྱོད་འཕེལ་བའི་དགག་བྱ་ཡོད་པའི་ཕྱིར་རོ།་་་་་འདི་ནི་ལོངས་སྤྱོད་ཅན་གྱི་ཡོ་ལང་སྤང་བའི་ཕྱིར་ཡིན་གྱི། ལྟ་བའི་ཕྱིར་བཀག་པ་ནི་མ་ཡིན་ནོ་ཞེས་ཊཱི་ཀ་ལས་བཤད་དོ། །འདིར་གླེང་གཞི་ནི་གཙོ་བོ་མ་ཡིན་ཏེ་ཞེས་རང་འགྲེལ་ལས་བཤད་དོ། །སྣང་བ་དང་བཅས་པའི་གནས་སུ་ཉལ་ཏེ་གཉིད་ལོག་ན་མཚན་མོའི་མཐར་ནི་བསླབ་བྱ་ལས་འདས་པའི་ཉེས་བྱས་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་་་་་་སྣང་བ་དང་བཅས་པ་ཉལ་བ། ལ་ཁ་ཅིག་ནི་ལྟུང་བྱེད་བསྐྱེད་ཅེས་སྨྲའོ། །དེ་དགག་པ་ནི་རང་གི་རྣམ་བཤད་ལས་འདི་ལ་ལྟུང་བྱེད་རྣམས་མི་རིགས་པས་ཞེས་སོ། །འགྲེལ་ཆུང་ལས་ལྟུང་བྱེད་དགུ་བཅུ་རྩ་གཅིག་ཏུ་མི་འབྱུང་བས་ལྟུང་བྱེད་མ་ཡིན་གྱི་ཉེས་བྱས་སོ་ཞེས་བཤད་དོ། །དེ་ཐལ་འགྱུར་དུ་སླང་ན་ཁྱེད་ལྟར་ན་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་རྩ་གཅིག་ཡོད་པར་ཐལ། བསྡོམས་ཀྱིས་བསྡུས་པའི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་སྟེང་དུ་སྣང་བ་དང་བཅས་པར་ཉལ་བ་འདི་ལ་ཡང་ལྟུང་བྱེད་བསྐྱེད་པའི་ཕྱིར་ཞེས་པའོ། །འོན་ཀྱང་དེས་མི་ཁེགས་ཏེ་བསྡོམས་ཀྱིས་བསྡུས་པ་དགུ་བཅུ་རྩ་གཅིག་ཡོད་པར་ཐལ་ཟེར་རམ། ངོ་བོ་དགུ་བཅུ་རྩ་གཅིག་ཡོད་པར་ཐལ་ཟེར། སྔ་མ་ལྟར་ན་མ་ངེས་ལ། ཕྱི་མ་ལྟར་ན་འདོད་པ་ཡིན་ཏེ། ལྟུང་བྱེད་འབའ་ཞིག་པ་བསྡོམས་ཀྱིས་བསྡུས་པའི་ཆ་ནས་དགུ་བཅུར་གྲངས་ངེས་ཀྱང་། ལྟུང་བྱེད་ངོ་བོའི་ཆ་ནས་དགུ་བཅུའི་གྲངས་ངེས་མེད་དེ། བསྡོམས་གཅིག་གིས་བསྡུས་ཀྱང་ས་བོན་སྐྱེ་འཇིག་གི་ལྟུང་བྱེད་གཉིས་ཡོད་པ་ལ་སོགས་པ་བཞིན་ནོ། །འོ་ན་དགག་པ་ཇི་ལྟར་བྱ་ཞེ་ན། འདི་ལ་དངོས་བཅས་ལས་འདས་པའི་ལྟུང་བྱེད་བསྐྱེད་དམ། མདོར་བསྡུས་ལས་འདས་པའི་ལྟུང་བྱེད་བསྐྱེད། དང་པོ་ལྟར་ན་འདི་ལ་ལྟུང་བྱེད་དུ་ལུང་ལས་དངོས་སུ་གསུངས་པ་མེད་ཅིང་། ཕྱི་མ་ལྟར་ན་ནུབ་ལྷག་པར་ཉལ་བ་དང་། མར་མེ་ལ་སོགས་པའི་འོད་ལ་ཉལ་བ་ཆོས་ཅན། ལྟུང་བྱེད་ཀྱི་བཅས་པ་དོད་ཐུབ་མི་འཐད་པར་ཐལ། དགག་བྱའི་རྒྱུ་མཚན་དོད་མི་ཐུབ་པའི་ཕྱིར་ཏེ། ནུབ་ལྷག་གི་དགག་བྱ་ནི་ཆགས་པའི་རྒྱུར
༼༧༧༥༽
འགྱུར་བ་དང་རྒོད་བག་འཕེལ་བ་གཉིས་ཀ་ཡིན་ལ། སྣང་བ་དང་བཅས་པར་ཉལ་བའི་དགག་བྱ་ནི་ལོངས་སྤྱོད་འཕེལ་བ་འབའ་ཞིག་ཡིན་པའི་ཕྱིར་རོ། །གཞན་ཡང་ཁ་ཅིག་འདི་སྙམ་དུ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་བསྐྱེད་པ་ལ། མར་མེ་ལ་སོགས་པའི་སྣང་བ་དང་བཅས་པ་ཡན་ལག་ཏུ་དགོས་ཏེ། རྣམ་འབྱེད་ལས་དགེ་སློང་གིས་སྣང་བ་དང་བཅས་པའི་ཁྱིམ་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་སོ་ཞེ་ན། ཊཱི་ཀ་ལས་་་་་་ལུང་གི་སྐབས་དེར་སྣང་བ་ཞེས་སྨོས་པ་ནི་གླེང་གཞིའི་དབང་གིས་མཛད་དེ། འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས་ཕྱིས་སྣང་བ་མེད་པར་ལྟུང་བྱེད་བཅའ་བ་མཛད་དེ། ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པ་དང་ཁྱིམ་གཅིག་གི་ནང་དུ་ནུབ་གཉིས་ལས་ལྷག་པར་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་ཀྱི་སྣང་བ་དང་བཅས་པ་ཞེས་པ་ནི་མ་གསུངས་སོ་ཞེས། ཊཱི་ཀ་ལས་དགག་པ་མཛད་དོ། །གཞན་ཡང་སྣང་བ་དང་བཅས་པ་ཆོས་ཅན། ནུབ་ལྷག་ལྟུང་བྱེད་ཀྱི་ཡན་ལག་མ་ཡིན་པར་ཐལ། ནུབ་ལྷག་པར་ཉལ་བ་དང་བཅས་པའི་རིགས་ཐ་དད་པའི་ཕྱིར་ཏེ།་་་་་ཊཱི་ཀ་ལས་འདི་གཉིས་ནི་རིགས་གཅིག་པ་ཉིད་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ་ཞེས་སོ། །བཅས་པ་རིགས་ཐ་དད་པའི་རྒྱུ་མཚན་ནི། སྣང་བ་དང་བཅས་པར་ཉལ་བའི་ཉེས་པ་ནི་ནུབ་དང་པོ་ལ་བསྐྱེད་པར་བཅས་ལ། ནུབ་ལྷག་པར་ཉལ་བའི་ཉེས་པ་ནི་མཚན་མོ་གསུམ་པ་ལ་བསྐྱེད་པར་བཅས་པའི་ཕྱིར་རོ། །གནས་ལས་གྱུར་པ་རྣམས་ཀྱི་ཐུན་མོང་བསྟན་པ་ནི་ཕལ་ཆེར་ཞེས་པ་ནས་སོ། །དེའི་སྒོའི་ངོས་དང་འབྲེལ་བ་ཞེས་པ་འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ནི་དབུ་རྩེ་དང་ཁྱམ་སྟོད་ལྟ་བུ་ལ་ནི་གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ། དེའི་སྒོའི་ངོས་དང་འབྲེལ་བ་དང་། ཉེ་འཁོར་གནས་སུ་གྱུར་པ་དང་། གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱིས་བར་དུ་མ་ཆད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བཅད་པ་དང་ལྔའོ། །དང་པོ་ནི་དེའི་་་་་་དབུ་རྩེ་ལྟ་བུ། སྒོའི་ངོས་དང་འབྲེལ་་་་་་ཁྱམས་སྟོད་ལྟ་བུ། བ་ཞེས་སོ། །སེལ་བ་ནི་་་་་་དབུ་རྩེའི་སྒོ་སྒོར་ཁང་རྒྱབ་ངོས་སུ་བསྟན་པ་ལྟ་བུ་སྟེ། དབུ་རྩེ་ལྟ་བུ། དེའི་སྒོའི་
༼༧༧༦༽
ངོས་དང་མ་འབྲེལ་བར་ནི་ལྟུང་བ་མེད་དོ།་་་་་དེའི་སྒོ་ངོས་དང་མ་འབྲལ་ན་ནི་དབུ་རྩེར་དགེ་སློང་ཉལ་ཞིང་ཁྱམས་སྟོད་དུ་དགེ་ཚུལ་ཉལ་བ་ལ་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་ནི་དབུ་རྩེའི་སྒོ་དྲུང་།་་་་་ཉེ་འཁོར་གནས་སུ་གྱུར་པ་ནི་གནས་་་་་་དེའི་ཁོངས་སུ་གཏོགས་ཞེས་སོ། །སེལ་བ་ནི་་་་་་དབུ་རྩེའི་སྒོ་དྲུང་། ཉེ་འཁོར་འདོམ་གང་་་་་་སྟེང་གཡོགས་མེད་ཅིང་མ་བསྐོར་བ། ལམ་སྲང་ལྟ་བུ་ཡིན་ན།་་་་་དགེ་སློང་དབུ་རྩེར་ཉལ་ཞིང་དགེ་ཚུལ་ཁྱམས་སྟོད་དུ་ཉལ་ན་དགེ་སློང་ལ་ཉེས་བྱས་དང་དབུ་རྩེའི་ཉེ་འཁོར་དུ་དགེ་ཚུལ་ཉལ་ན་ཡང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །གཞན་ཉེ་འཁོར་གྱི་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་སོ། །གསུམ་པ་ནི་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ཞེས་སོ། །སེལ་བ་་་་་་དབུ་རྩེ་དང་ཁྱམ་སྟོད་ལྟ་བུ། ནི་གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་མ་ཚང་སྟེ། དེ་གཉིས་གང་རུང་རེ་རེ་སྟེང་གཡོགས་མེད་ན་ཡང་དེར་ཉལ་ན་ཉེས་བྱས་སུ་འགྱུར་རོ། །བཞི་པ་ནི་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཞེས་སོ། །སེལ་བ་་་་་་ཁྲུ་ཕྱེད་དང་དགུའི་བར་དུ་བཅད་པ། ལ་ལྟུང་བ་མེད་དོ། །ལྔ་པ་ནི་རང་གི་ཆར་གཏོགས་པའི་སྒོ་བཅད་པས་ཞེས་དགེ་སློང་རང་གི་ཕྱོགས་སུ་བཅད་་་་་་དབུ་རྩེར་དགེ་སློང་ཉལ་ཞིང་དེའི་སྒོ་དྲུང་དུ་དགེ་ཚུལ་ཉལ་ཡང་། ན་ལྟུང་མེད་དུ་གསུངས་པས་སོ། །གཉིས་པ་ཡན་ལག་གི་དོན་ནི། དེའི་སྒོའི་ངོས་དང་ཞེས་པ་ནས་སོ། །ཁྱེར་གཞན་དུ་མ་ཆོད་པ་ཞེས་པ་འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་སྟེང་ཁང་དང་འོག་ཁང་ལྟ་བུ་ལ་ཡང་གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ། དེའི་་་་་་ཁྱེར་གཞན་ཡིན་ལ་ཁྱེར་གཞན་གྱིས་བར་དུ་མ་ཆོད་པ་ཡིན་པ་དང་། སྒོ་ངོས་དང་འབྲེལ་བ་དང་། གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་། ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱིས་ཡས་མན་དུ་མ་ཆོད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བཅད་དམ་སྐས་རང་གི་ཕྱོགས་སུ་མ་བརྟུལ་བ་དང་ལྔའོ། །དང་པོ་ནི་ཁྱེར་གཞན་བར་དུ་མ་ཆོད་པ་ཞེས་སོ། །སེལ་བ་ནི་ཁང་པ་སུམ་ཐོག་ཅན་གྱི་སྟེང་ཁང་དུ་དགེ་སློང་ཉལ་ཞིང་བར་ཁང་སྟོང་པར་བཞག་སྟེ་འོག་ཁང་དུ་དགེ་ཚུལ་ཉལ་བ་སྟེ།་་་་་ཁྱེར་གཞན་གྱིས་བར་དུ་ཆོད་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་་་་་་སྟེང་ཁང་གི ནི་སྒོ་དེ་འོག་ཁང་དང་འབྲེལ་བ་ཡང་ངོ་ཞེས་སོ། །སེལ་བ་ནི་སྟེང་ཁང་གི་་་་་སྒོ་དེ་དང་མ་འབྲེལ་བ་་་་་་ཡིན་ན་སྟེང་ཁང་དུ་དགེ་སློང་ཉལ་ཞིང་འོག་ཁང་དུ་དགེ་ཚུལ་
༼༧༧༧༽
ཉལ་བ་སྟེ། ལ་ནི་ལྟུང་བ་མེད་དོ། །གསུམ་པ་དང་བཞི་པ་་་་་་སྒྲུབ་བྱེད་ལ་སོགས་པ། ནི་སྔར་དང་འདྲ་བར་སྦྱར་རོ། །ལྔ་པ་ནི་རང་གི་ཆར་གཏོགས་པའི་་་་་་སྒོ་བཅད་ན་ལྟུང་བ་མེད་པ། ཞེས་པ་དང་རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་དོ་ཞེས་སྐས་སྟེང་དུ་བརྟུལ་ན་ལྟུང་མེད་དུ་གསུངས་པས་སོ། །གཉིས་པ་ཡན་ལག་གི་དོན་ནི་ཁྱེར་གཞན་ཞེས་པ་ནས་སོ། །ནང་གཅིག་ཏུ་རྒྱུ་ཞིང་ཞེས་པ་འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ནི་ཁང་པ་གསུམ་ཕན་ཚུན་འདབ་ཆགས་སུ་གྱུར་པའི་ཁང་པ་བརྒྱུད་མོའི་མཐའ་ཁང་གཉིས་ལ་ཡང་། གནས་གཅིག་པའི་ཆོས་ལྔ་ཚང་ན་གནས་གཅིག་པ་སྟེ། ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་དང་། ཉེ་འཁོར་གནས་སུ་གྱུར་པ་དང་གཉིས་ཀ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་། ཉེ་འཁོར་དང་བཅས་པ་ནས་གནས་ཙམ་གྱི་བར་དུ་མ་ཆོད་པ་དང་། སྒོ་རང་གི་ཕྱོགས་སུ་མ་བསྡམས་པ་དང་ལྔའོ། །དང་པོ་ནི་ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་ཞེས་སོ། །གཉིས་པ་ནས་ལྔ་པའི་བར་གྱི་སྒྲུབ་བྱེད་ཀྱི་གཞུང་ནི་སྔར་་་་་་དབུ་རྩེ་དང་ཁྱམས་སྟོད་ཀྱི་སྐབས། དང་འདྲའོ། །གཉིས་པ་ཡན་ལག་གི་དོན་ནི་ནང་གཅིག་ཏུ་རྒྱུ་ཞིང་ཞེས་པ་ནས་སོ། །བུད་མེད་བདག་པོས་བསྲུངས་པ་ཞེས་པའི་ཊཱི་ཀ་ལས། གནས་ཐ་དད་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་པ་ཡིན་གྱི། གནས་གཅིག་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ཡང་སྤྲོད་པ་ལས་བྱུང་བའི་ཆ་དང་ལྷན་ཅིག་ཉལ་བའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་པ་ནི། བདག་པོ་དེ་བུད་མེད་བསྟེན་པའི་དོན་དུ་ཉེ་བར་ཕྱོགས་ན་ཉལ་པོ་ཤོམ་པའི་གནས་སུ་གཉིད་ལོག་ན་ཉེས་བྱས་སུ་འགྱུར་བའོ། །སྟེང་ཁང་དང་འོག་ཁང་རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་་་་་་རང་གི་ཆར་གཏོགས་པའི་སྒོ་བཅད་པ་དེ་དང་འདྲ་བ་ཉིད། དོ་ཞེས་པ་ལུང་རྣམ་འབྱེད་ལས། དགེ་སློང་སྟེང་ཁང་ན་ཉལ་ཞིང་བུད་མེད་བར་ཁང་ན་ཉལ་ན་དགེ་སློང་དེས་སྐས་སྟེང་དུ་བསྡུས་ན་གནས་གཅིག་ཏུ་ཉལ་བའི་ཉེས་པ་མེད་པར་གསུངས་སོ། །འགྲེལ་ཆུང་ལས་ཀྱང་དགེ་སློང་ཡང་ཐོག་ཏུ་ཉལ་ན་བུད་མེད་དམ་དགེ་ཚུལ་
༼༧༧༨༽
འོག་ཁང་དུ་ཉལ་ལ་སྐས་སྟེང་དུ་དྲངས་ཏེ་ཉལ་ཀྱང་ཉེས་པ་མེད་ཅེས་བཤད་དོ། །གཞན་གནས་མ་ཡིན་པ་ཞེས་སྨོས་ན། དབྱེ་ཐང་ཀའི་སྟེང་ན་ཡོད་པའི་ཁང་བུ་སྒོ་མ་བཅད་པའི་ནང་ན་དགེ་སློང་ཉལ་ཏེ། དེའི་ཉེ་འཁོར་འདོམ་གང་དུ་དགེ་ཚུལ་ཉལ་ན་ཅིར་འགྱུར་ཞེ་ན། གཞན་གནས་པ་མ་ཡིན་པ་ཉིད་ལ་ན་སྨད་དོ་ཞེས་པ་འདི་ཉིད་ཀྱི་འབྲུ་སྣོན།་་་་་འགྲེལ་ཆུང་ལས་ཁང་བུའི་་་་་་ཉེ་འཁོར། སྒོའི་ཕྱི་རོལ་་་་་་གནས་ཕལ་ཆེར་གཡོགས་པ་མ་ཚང་བ་སྟེ། ཐོག་མེད་པ་ལ་འདོམ་གང་ཚུན་ཆད་དགེ་སློང་ཉལ་བའི་ཁང་བུ་དེའི་ཉེ་འཁོར་འདོམ་གང་ཚུན་ཆད་དེ་ནི་གཡོགས་པ་དང་བསྐོར་བ་མིན་པས། ཉེ་འཁོར་གྱི་ཚད།་་་་་ཐང་ངམ་དབྱེ་ལ་འདོམ་གང་ཚུན་ཆད་དུ། དགེ་ཚུལ་ཉལ་ན་ཉེས་བྱས་ཞེས་བཤད་དོ། །འགྲེལ་ཆུང་གི་ཚིག་འདི་ནི། གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་པའི་འབྲུ་སྣོན་ཡིན་ནོ།་་་་་ཉེ་འཁོར་འདོམ་གང་ཚུན་དུ་གདབ་པ་ལ། །ནུབ་ལྷག་དངོས་གཞིའི་ས་ཐག་འདོམ་གང་ཞེས། །མས་དར་འདུལ་འཛིན་ཕལ་ཆེར་འཁྲུལ་མོད་ཀྱང་། །སྐབས་འདིར་ཡང་དག་ངེས་པ་ཁོ་བོས་རྙེད། །ཊཱི་ཀ་ལས་དབྱེ་དགོན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ་ཞེས་པ་ནི་དངོས་གཞིའི་ཉེས་པར་མི་འགྱུར་བ་ཡིན་གྱི། ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ་ཞེས་གསུངས་སོ། །དངོས་གཞི་ན་སྨད་དང་བཅས་ཏེ་བསྟན་པ་ནི། བསྙེན་པར་མ་རྫོགས་པ་དང་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ལས་ལྷག་པར་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་། རྒོད་བག་གི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་གསུམ་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་ཉལ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་དང་། གང་གིས་ཉལ་བའི་རྟེན་ནོ། །དང་པོ་ལ་གསུམ་ལས་བསྙེན་པར་མ་རྫོགས་པའམ་ཕམ་པ་བྱུང་བ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཅེས་པ་དང་། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་གསུངས་པས། བསླབ་པ་སྦྱིན་
༼༧༧༩༽
རུང་དང་ཕམ་པ་འཆབ་བཅས་བྱུང་བ་ལ་ཡང་དེའི་གནད་ཀྱིས་སྦྱར་རོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གཉིས་སྔར་བཤད་པ་བཞིན་ནོ། །འདིར་ཁ་ཅིག་ན་རེ་ངོ་མ་སྤོས་པ་ཡན་ལག་ཏུ་དགོས་ཏེ།་་་་་ལུང་ཞུ་བ་ལས་དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས་དེས་དེ་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང་། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ནས་སོང་བ་སྟེ་དེ་ལྟར་ན་ཉེས་བྱས་སོ་ཞེས་ངོ་སྤོས་ན་ལྟུང་བ་མི་རྫོགས་པར་གསུངས་པ། བལ་ཁུར་བ་ལ་གསུངས་པའི་གནད་ཀྱིས་སྦྱར་ཟེར་ཡང་། གཞན་གྱི་གནད་སྦྱོར་བས་ཀྱང་རང་ལ་དངོས་སུ་གསུངས་པ་གཙོ་ཆེ་སྟེ།་་་་་རང་གི་རྣམ་བཤད་ཊཱི་ཀ་ལས་ལུང་ཞུ་བ་ཁུངས་སུ་དྲངས་ཏེ། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་གུང་གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ཉལ་བ་ལ་ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་གསུངས་སོ། །གཉིས་པ་གང་དུ་ཉལ་བའི་གནས་ལ་གསུམ་ལས། གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ཞེས་གསུངས་པས་སོ། །སེལ་བ་ནི་ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་སོ། །སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ། གཞན་དུ་ན་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ་གནས་གཅིག་ཏུ་ཞེས་གསུངས་པས་སོ། །གཞན་དུ་ན་ལྟུང་བ་མེད་དོ། །གསུམ་པ་གང་གིས་ཉལ་བའི་རྟེན་ནི་ནད་པ་དང་ནད་གཡོག་གི་དབང་གིས་གནས་པ་མ་ཡིན་པ་དང་། དབྱར་ཚུལ་ནང་ཟླ་བ་གཉིས་ཀྱི་ཚེ་ན་དགེ་སློང་སྡིག་ཅན་ཉེ་བར་གནས་པ་ན་དགེ་ཚུལ་དང་ལྡན་པའི་དགེ་སློང་མ་ཡིན་པ་སྟེ། ནད་པ་དང་ནད་གཡོག་ལ་ཡང་ངོ་ཞེས་པ་དང་། དེ་དང་ལྡན་པ་ལའོ་ཞེས་པ་ལ་སོགས་པ་གཞུང་འདི་ཉིད་ལས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཚན་ 4/9 མདུན་ངོས། 上一页 2 3 4 5 6 7 下一页 尾页 |