ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།

 

ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་
བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་སོ།།
 
རྒྱ་གར་གྱི་མཁན་པོ་ཤིནྟཾ་གརྦྷའི་འགྱུར།
 
ས་བཅད་དང་པོ།གླེང་གཞི།
 
   ༄༅།།རྒྱ་གར་སྐད་དུ།ཙ་ཤ་པེ་དུ་ཤི་ན་ར་ས་འཛྷ་ས་ར་ཨུ་པ་ནི་སྤར་ཏ་ན་ན་མ།བོད་སྐད་དུ།གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བ།བཅོམ་ལྡན་འདས་སྨན་གྱི་ལྷ་བེཌྰུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།རིགས་གསུམ་མགོན་པོ་སྨན་གྱི་ལྷ་མོར་བཅས།།མངོན་ཤེས་ལྡན་པ་དྲང་སྲོང་མཁས་རྣམས་ལ།།ལུས་ངག་ཡིག་གསུམ་དང་བས་གུས་པས་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་སྨན་གྱི་ལྷ་བེཌྰུརྱ་འོད་ཀྱི་རྒྱལ་པོ་ཉིད།གཞན་འཕྲུལ་དབང་བྱེད་ལྷའི་ཕོ་བྲང་ན།བདུད་རྩིའི་དོན་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་སོ་ཞེས་པའི་དཔེ་འདི་ནི་རྒྱ་གར་གྱི་མཁན་པོ་ཤིནྟཾ་གརྦྷའི་འགྱུར་ཡིན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེད་དེ།དཔེ་དེ་ཉིད་ཀྱི་མ་ཡིག་དབུ་ཤོག་སྟེང་གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བ་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཤནྟིང་གརྦྷའི་འགྱུར།སྒྲོལ་མ་སྔོ་འབུམ་དུ་གྲགས་པ་ས་རཱས་བརྟགས།ལེགས་ཆ་བེ་སྔོན་མ་བུར་བཀོད།ཅེས་ཕྱག་བྲིས་མཛད་འདུགདེའུ་དམར་བའི་གསོ་རིག་ཆོས་འབྱུང་དུ་ཡང༌།རྒྱ་གར་གྱི་སྨན་པ་ཤནྟི་གརྦྷས་སངས་རྒྱས་ཀྱིས་གསུངས་པར་གྲགས་པའི་བལ་སྒྲོམ་སྨུག་པོའི་རྒྱུད་དང༌།ཤོ་ལོ་ཀ་སྡེ་བཞི།བདུད་རྩི་ལྷུང་བཟེད་ཆེ་ཆུང༌།བདུད་རྩི་བུམ་པ།སྤྱན་རས་གཟིགས་ཀྱི་གསུང་དུ་འདོད་པ་སྤུང་བ་སྡེ་ལྔ།ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་མདོ་ལྔ།སྒྲོལ་མས་གསུངས་པར་གྲགས་པ་སྔོ་འབུམ་ལེའུ་བརྒྱ་ཉི་ཤུ་བ་རྣམས་བརྩམས་ཤིང་བསྒྱུར།ཞེས་གསུངས་པའི་སྔོ་འབུམ་ལེའུ་བརྒྱ་ཉི་ཤུ་བ་ནི་དཔེ་འདི་ཉིད་ལགས་ཀྱང་འདིར་བཞུགས་པའི་དཔེ་ལ་སྔོ་སྨན་དང་ཤིང་སྨན་སྐོར་ལས་ལེའུ་ཁ་ཚང་མ་འགྱུར་སྟེ།གཞུང་རང་གི་མཇུག་ཏུ་གསོ་དཔྱད་རིན་ཆེན་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་ཆེན་པོ་ལེའུ་བརྒྱ་དང་ཉི་ཤུའི་ནང་ནས་སྔོ་སྨན་སྣ་ཚོགས་དང༌།ཤིང་སྨན་སྣ་ཚོགས་ལེའུར་ཕྱུངས་ནས་འགྲོ་བའི་གཙོ་བོ་མི་རྣམས་ཀྱི་ཚེ་བསྲིང་བའི་ཕྱིར་དུ་བསྒྱུར་བ་རྫོགས་སོ།།ཞེས་གསུངས་པ་ལྟར་དང༌།གཞན་ཡང་གཞུང་རང་གི་དབུ་རུ།བོད་ཡུལ་དུ་སྐྱེས་པའི་སྔོ་སྨན་ཤིང་སྨན་བཤད།།གནས་མཆོག་ཁྱད་འཕགས་ཁ་བ་ཅན་འདི་ནི།།སྨན་མཆོག་ཟིལ་བ་ཅན་དུ་རབ་གྲགས་པ།།རྒྱ་གར་རྒྱ་ནག་བལ་པོ་གསེར་གླིང་ཡུལ།།དྲུ་གུ་དོལ་བོ་ཕྲུམ(ཁྲོམ)གྱི་ཡུལ་དག་ན།།སྨན་མཆོག་འདི་དག་མི་སྐྱེས་བོད་ཡུལ་སྐྱེས།།ཞེས་བོད་ཡུལ་དུ་སྐྱེས་པའི་སྨན་གྱི་མཚན་ཉིད་སྟོན་པའི་གཞུང་ཡིན་པས་བོད་དུ་བརྩམས་པའི་བསྟན་བཅོས་ཤིག་ཏུ་བརྩིས་ཀྱང་ཆོག་གམ་སྙམ། གཞུང་འདི་བརྩམས་པ་འམ་བསྒྱུར་བའི་དུས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཡིན་པས་ལོ་རྒྱུས་ཀྱི་ཡུན་རིང་བ་དང༌།སྨན་ངོ་རེ་རེའི་མཇུག་ཏུ་སྨན་དེ་ཉིད་གཙོ་ཡིན་པའི་སྦྱོར་སྡེ་ཁ་ཤས་ཀྱང་བསྟན་འདུག་པས་དུས་ཕྱིས་ཀྱི་འཁྲུངས་དཔེ་དང་མི་འདྲ་བར་ཞིབ་འཇུག་གི་རིན་ཐང་ཆེ་བ་མ་ཟད་ནད་ཐོག་ལག་ལེན་ལའང་ཅི་ནས་ཀྱང་མཁོ་བའི་ཡིག་ཆ་རིན་ཐང་བྲལ་བ་ཞིག་གོ།
ནས་བཞུགས་སོ།།ལྷ་དང་ལྷ་མོའི་ཚོགས་དཔག་ཏུ་མེད་པ་དང༌།ལྷའི་དབང་པོ་ཚངས་པ་དང༌།བརྒྱ་བྱིན་དང༌།དྲང་སྲོང་མངོན་ཤེས་པ་དང་ལྡན་པ་རྣམས་དང་སྨན་གྱི་ལྷ་མོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ།།དེའི་ཚེ་བཅོམ་ལྡན་འདས་ཀྱིས་བོད་ཡུལ་དུ་སྐྱེས་པའི་སྔོ་སྨན་བཤད།དེ་ནས་དྲང་སྲོང་མངོན་ཤེས་ལྡན་པའི་ལྷའི་རྒྱལ་ནས་བྱ་བ་འཁོར་དེར་འདུས་པར་གྱུར་པ་ན།བདེ་བར་གཤེགས་པ་རྣམས་ཐམས་ཅད་བྱིན་གྱིས་བརླབས།ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད།།ཡི་དམ་རྗེ་བཙུན་སྒྲོལ་མ་ཡིས།།ལུང་བསྟན་རྗེས་སུ་གནང་བ་བྱིན།།ལྷ་ཡི་དབང་པོ་ཁྱོད་ཉིད་ལ།།བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས།།གསོ་དཔྱད་རྒྱུད་སྡེ་ཐམས་ཅད་ཀྱི།།སྙིང་པོ་དོན་བསྡུས་ཟབ་མོ་ནི།།རིན་ཆེན་འཁྲུངས་དཔེའི་རྒྱུད་འདི་ཡིན།།གུས་པའི་ཚུལ་གྱིས་ཕྱག་བགྱིས་ལ།།སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།རིན་ཆེན་འཁྲུངས་དཔེའི་རྒྱུད་འདི་ཞུས།། བདག་གིས་ཁྱོད་ལ་ལུང་བསྟན་བྱ།།དེ་སྐད་བཀལ་བསྩལ་རྗེས་ཉིད་དུ།དྲང་སྲོང་ལྷ་ཡི་རྒྱལ་པོ་ཡིས།།ཡི་དམ་རྗེ་བཙུན་སྒྲོལ་མ་ལ།།གུས་པར་ཕྱག་བཙལ་འདི་ལྟར་ཞུས།།འགྲོ་བའི་ནད་སེལ་རྗེ་བཙུན་མ།།སེམས་ཅན་རེ་བ་བསྐོང་མཛད་ཕྱིར།རིན་ཆེན་འཁྲུངས་དཔེའི་རྒྱུད་གསུངས་ཤིག།བདག་ཅག་འཁོར་རྣམས་ཐམས་ཅད་ཉོན།།ཞེས་ཞུས་སོ།དེ་ནས་སངས་རྒྱས་སྨན་ལྷ་ཡིས།།རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས།།དུས་གསུམ་བྷུངྷ་སྐྱེས་མཛད་ཡུམ།།སེམས་ཅན་རྣམས་ཀྱི་ནད་སེལ་ཕྱིར།རིན་ཆེན་འཁྲུངས་དཔེའི་རྒྱུད་ཤོད་ཅིག།བདག་གིས་ཁྱོད་ལ་བྱིན་གྱིས་བརླབས།ཞེས་གསུངས་སོ།།རིན་ཆེན་འཁྲུངས་དཔེའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号